བསོད་ནམས་ནོར་བུ།
མིང་། དབྲ་ཙ་བསོད་ནམས་ནོར་བུ།
སྐྱེས་ཡུལ། བོན་གཞིས་ཐོབ་རྒྱལ་གསར་པ།
ལས་གནས། ལྡི་ལི་བཅའ་སྡོད་ཁ་ན་ཊའི་དངུལ་ཁང་།
སྡོད་གནས། ལྡི་ལི་གསར་པ།
ངོ་སྤྲོད་གནད་བསྡུས།
ཕ་དམ་པ་དབྲ་ཙ་བསྟན་པ་ཆོས་རྒྱལ་དང་མ་ཉུང་མེད་གཉིས་ཀྱི་བུ་བསོད་ནམས་ནོར་བུ་ནི་སིམ་ལའི་མངའ་ཁོངས་ཊོ་ལན་ཇིར་སྐྱེས། ཁོང་གི་ཡབ་ནི་ཆུ་བཞི་སྒང་དྲུག་ནང་འཛུལ་ཞུགས་ཀྱི་ཕྱག་ལས་གནང་མྱོང་ཡོད་པ་དང། བསོད་ནམས་ནོར་བུ་ནི་སིམ་ལའི་གཏན་འཇགས་སློབ་གྲྭར་སློབ་གཉེར་དང་རྩེད་འགྲན་གང་ཅིའི་ཐད་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་ཡོད་པ་མ་ཟད། ཁོང་གི་སྟངས་འཛིན་དང་འགན་འཛིན་གྱི་རང་གཤིས་ལ་གཞིགས་ཏེ་སློབ་གྲྭའི་འགན་བདག་ཏུ་བསྐོ་བཞག་ཀྱང་གནང། འཛིན་རིམ་བཅུ་གཉིས་ཀྱི་བསླབ་པ་མཐར་སོན་རྗེས་ཅན་དྷི་སྒར་གྱི་པཱན་ཇབ་མཐོ་སློབ་ཆེན་མོར་འཛུལ་ཞུགས་བྱས་ཏེ་དེ་གར་མུ་མཐུད་ནས་བསླབ་པ་སློབ་གཉེར་དང་མཐོ་སློབ་ཀྱི་བྱེད་སྒོ་སྣ་མིན་ཐད་སྦྱང་པ་མཐར་སོན་བྱུང་ཡོད།
མཐོ་སློབ་ནས་བཟུང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་གནང་ཡོད་ལ། བོད་ནང་གི་རྒྱ་མིའི་གདུག་རྩུབ་ཀྱི་དབང་གནོན་དང་རྒྱ་མིའི་ལས་སྣེ་ཁག་ལ་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་པའི་རྐྱེན་གྱིས་ཁོང་བཙོན་ཁང་ནང་ལའང་ལན་གྲངས་དུ་མར་བཅུག་མྱོང་།
ད་ཆར་བསོད་ནམས་ནོར་བུ་ལྡི་ལིར་བཅའ་སྡོད་གནང་གི་ཡོད། ༢༠༡༠ ནས་བཟུང་ཁེ་ན་ཌའི་དངུལ་ཁང་ (Royal Bank of Canada) ལ་ཞུ་གཏུགས་ཀྱི་ལས་སྣེ་རྒན་པའི་མཚན་རྟགས་བཞེས་ཏེ་ཕྱག་ལས་གནང་གི་ཡོད། དེའི་གོང་ལོ་ངོ་བཞི་རིང་ཨ་རིའི་དཔལ་འབྱོར་གྱི་ཚོགས་པར་(FMFC) ཕྱག་ལས་གནང་། དེ་བཞིན་ཁོང་རྒྱ་གར་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་སྣ་མིན་དང་འབྲེལ་བ་ཡོད་ལ། དེ་དག་གི་བརྒྱུད་ཁོང་གིས་ཉམས་ཐག་གི་ཕྲུ་གུ་དང་རྒན་གྲས་རྣམས་ལ་དངས་བླངས་ཀྱི་ཐོག་ནས་ཤེས་ཡོན་གྱི་སློབ་འཁྲིད་འབུལ་གྱི་ཡོད། ཁོང་གི་ཤེས་ཡོན་དང་ཉམས་མྱོང་ཕུན་སུམ་ཚོགས་པར་བརྟེན་བོད་པ་དང་རྒྱ་གར་དང་ཕྱི་རྒྱལ་གྱི་ཁོར་ཡུག་འདྲ་མིན་ནང་དཀའ་ཚེགས་མེད་པར་ཕྱག་ལས་གནང་ཐུབ་ཀྱི་ཡོད་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་སུ།
མདོ་སྨད་ལ་ཕོ་རྒོད་གཅིག་ཐོན་འདུག་ད་དུང་ལོ་གཞོན་མང་ཙམ་ཆོལ་ཁ་གསུམ་ནས་སྤྱི་འཐུས་ནང་སླེབས་ན་སྤྱི་འཐུས་ཀྱི་སྤུས་ཚད་ཡག་ཏུ་ཕྱིན་ བོད་མི་ནང་ཁུལ་དམ་གཙང་ཆགས་ཐུབ་ན་བོད་དོན་བདེན་མཐའ་གསལ་རྒྱུར་མཐུན་པའི་རྐྱེན་དུ་སྒྲུབ་ཐུབ་
དེ་མིན་དབུས་གཙང་དང་མདོ་སྟོདཆོས་ཁག་བཅས་ཀྱི་ནང་ཀླད་རྙིངཚོའི་རྟ་ལམ་བོང་བུའི་བཀག་ནས་བོད་ཀྱི་དཀའ་ད་ལྟ་བར་ལྷག་པ་དེ་མི་མང་ཤེས་ན་དགེ་ཚན་ཡོད་རེད་བསམ་ནས་བྲིས་པ་ཡིན་།།
ཨ་ལ་ལ་་་་་མདོ་སྨད་ཀྱི་ཕོ་རྒོད་སྟག་འདྲ་བ་ཞིག་ཐོན་འདུག་ད་་་་་་། བུ་རྒོད་པོ་ངོ་སོ་བསྟོད།
བུ་རྒོད་པོ་རེད། སློབ་སྦྱོང་གི་བརྒྱུད་རིམ་ཡང་ཡག་པོ་འདུག ལོ་གཞོན་ཚོ་ཤུགས་རྒྱོབས་ཤོག
ཨ་མདོའི་ཕོ་རྒོད་འདིར་བཀྲ་ཤིས་བདེ་ལེགས་ཡོད། བཙན་བྱོལ་སྤྱི་ཚོགས་ལ་དགོས་པ་ནི་ཁྱེད་རང་ལྟ་བུ་རེད། བོད་དོན་ཞུ་གཏུགས་ལ་དགོས་པའང་ཁྱེད་རང་ལྟ་བུ་རེད། ད་ལོ་ཁམས་དང་ཨ་མདོའི་སྤྱི་འཐུས་ཆ་ཚང་ན་གཞོན་ཡོང་པར་འབད་པ་དང་། དབུས་གཙང་ནས་ཀྱང་བརྒྱ་ཆའི་བདུན་བརྗེ་བསྒྱུར་ཡོང་པར་ཤུགས་རྒྱག་དགོས་སོ།
ཡག་པོ་འདུག ཡག་པོ་ཞིག་ཡིན་པའི་རྟགས་འདུག བཀྲ་ཤིས་བདེ་ལེགས། རྒྱལ་གཅེས་པ་ཡིན་པའི་རེ་བ་ཡོད།
དངོས་གནས་ཨ་མདོ་བ་གཞོན་སྐྱེས་ཤེས་འཇོན་ཅན་འདི་འདྲ་འཐོན་དགོས་ཀྱིན་འདུག་མ་གཏོགས།ནམ་རྒྱུན་རང་འགོ་ཐོན་ལ་མ་ཐོན་གྱི་རྩོམ་ཡིག་འཁྱལ་འཁྱོར་འབྲི་ཤེས་མཁན་ཙམ་ཞེ་གཅིག་སྤྱི་འཐུས་ནང་བཅུག་བཞག་ན།རྟ་ལམ་བོང་བུས་བཀག་པ་རང་རེད་དོ།།
བོད་མི་རིགས་ལ་ཤ་ཚ་དང་རིགས་ཞེན་ཡོད་པའི་རིགས་བཟང་བོད་པའི་བུ་རྒོད་དབྲ་ཙ་བསོད་ནམས་ལ་བཀྲིས་བདེ་ལེགས་ཞུས་
དགའ་བསུ་ཡོད།ད་རུང་འདི་ཤེས་ཚད་ཡག་པོ་ཡོད་མཁན་རེ་ཡོད་ཚེ་སྤྱི་འཐུས་ལ་བཞེངས་རོགས་ཞུ།སེར་མོ་བ་མི་དགོས།
དེང་སང་ར་དང་ལུག ཁྱི་དང་ཕག་པ་ཚང་མ་སྤྱི་འཐུས་ལ་ལངས་ཀི་འདུག་ག
བཀྲ་ཤིས་བདེ་ལེགས་ཞུ། དངོས་ནས་ཨ་མདོ་བུ་རང་རེད་འདུག་ཡག་གི།
ཨ་མདོ་ཚོར་བུ་འདི་འདྲ་ཡོད་པ་ཤེས་མ་སོང་ཡག་པོ་འདུག
ཕོ་གསར་གཟུགས་པོ། སློབ་སྦྱོང་ཡོད་པ། འབྲེལ་ལམ་མཁས་པ། སྤྱི་ཚབ་གནང་བ། དགའ་བསུ་ཡོད་དོ།
སེམས་ཚབ་ཆེ་ཤོས་དེ་ཁོང་གིས་བོད་ཡིག་ཡག་པོ་ཤེས་མིན་དེ་རེད། བོད་ཡིག་ཡག་པོ་མ་ཤེས་ན་ཅུང་ཁག་པོ་རེད། དེ་མིན་དབྱིན་ཧིན་སྐད་སོགས་ལ་ཐོགས་ཆགས་མེད་པ་ཐག་ཆོད་རེད། དེ་ཡང་ཆ་རྐྱེན་ཞིག་རེད། ད་རུང་ཆབ་སྲིད་སྐོར་ལ་སློབ་སྦྱོང་ཏོག་ཙམ་དགོས། མདོ་སྨད་ཚང་གི་ཕོ་རྒོད།
རེ་བ་ཞིག་ལ་ཁྱེད་དང་འདྲ་བའི་གཞོན་སྐྱེས་འདབ་ཤོག་གཉིས་ལྡན་གཞན་ཡང་བུ་ཞིག་དང་བུ་མོ་ཞིག་ཡོད་པའི་ཚོར་སྣང་བྱུང་། ཁྱེད་ཚོ་འདབ་གཤོག་གཉིས་ལྡན་ཡིན་པས་རིམ་པས་གྲོས་ཚོགས་ནས་སྤྱི་བའི་སྡིས་ཆའི་སྟེང་ལས་དོན་བྱེད་ཐུབ་པའི་རེ་བ་ཡོད། གཞོན་སྐྱེས་ཁྱེད་ཚོ་ཁ་འཐོར་དུ་མ་བསྡད་པར་མཉམ་རུབ་ཀྱིས་འོས་མིའི་ས་བོན་ཞིག་བསྒྲིགས་ཏེ་བཀྲམས་ན། མ་ཤེས་པ་རྣམས་ཀྱིས་ཤེས་ཐུབ། ཁྱེད་ཚོ་སྤྱི་བའི་སྡིང་ཆའི་སྟེང་སླེབས་ཉིན་ནས་སྤྱི་བའི་མི་ཞིག་ལས་ཆོལ་ཁའི་མི་ཞྀག་མིན་སྟབས། ནམ་ཡང་ཆོལ་ཁའི་ཕྱོགས་འཛྀན་མི་བྱེད་པར་ཞར་ལ་ཞུ་བ།།
ཧཧཧ་་་་
ཨ་མདོའི་བུ་འདི་འདྲ་སྤྱི་འཐུས་ལ་ལངས་པར་ངས་ནི་ངོས་ལེན་མེད། གང་ཡིན་ཟེར་ན་མི་འདི་ཆོས་ལུགས་ཀྱི་ཕྱོགས་སུ་ལྷུང་བ་ཞིག་ཡིན་པ་རེད་འདུག
གང་ཡིན་ཟེར་ན་ཁོས་ཨ་ཚོགས་ཀླུ་དཀར་བྱམས་ལ་རྒྱབ་སྐྱོར་བྱེད་པ་ཡིན་མདོག་གིས༧་གོང་ས་མཆོག་་ལ་ཟུར་ཟ་མང་བོ་བྱས་པ་མཐོང་སོང་། གོང་་ས་མཆོག་གིས་ཧིན་སྐད་མི་ཤེས་པ་དང་་དབྱིན་ཇི་མི་ཤེས་པས་སྐད་བསྒྱུར་བ་དགོས་པས་༧་གོང་ས་མཆོག་་ཀླུ་དཀར་བྱམས་དང་གཅིག་མཚུངས་ཡིན་ཚུལ་བཤད་ཡོད། མི་འདིའི་ཀུན་སློང་ཡག་པོ་མེད་པ་རྟོགས་སོང་་བས་ངོ་མ་ཡིད་ཆད་སོང་།
དགེ་འདུན་རྒྱ་མཚོ་ཟེར་བ་ཉོན་ཞིག གཞི་མེད་ཀྱི་བསྙོན་འཛུགས་མ་གནང་ཞིག མི་འདིས་༧གོང་ས་མཆོག་ལ་ཟུར་ཟ་མང་པོ་བྱས་པ་མཐོང་སོང་བ་ལ་ཁུངས་བསྐྱེལ་གནང་རོགས། དེ་མིན་མི་འདིས་སྤྱི་ཚོགས་ལ་གོང་ས་མཆོག་གིས་དབྱིན་ཧིན་མི་ཤེས་ཞེས་གང་དུ་བསྒྲགས་འདུག
ད་ལན་ཁྱོད་ལ་གཏམ་ལན་ཁུངས་བསྐྱེལ་སྟོན་རྒྱུ་མེད་ན་རྫུན་རྟགས་ཡིན། ཡོད་ན་དྲ་ལམ་གང་དུ་ཡོད་པ་དྲ་བྱང་སོགས་འདིར་འཇོག་རོགས། དེ་མིན་མདོ་སྨད་ཀྱི་ཕོ་རྒོད་ཤེས་འཇོན་ལྡན་པ་ཚོ་ལ་ཕྲག་དོག་མ་བྱེད་ཅིག མཆུ་བཙུམ།
དགེ་འདུན་རྒྱ་མཚོ་ལགས། ཁྱེད་རང་གི་བཤད་པ་གནས་ཚུལ་འདི་དངོས་བདེན་རེད་མིན་འདུག
གཞོན་སྐྱེས་དབྲ་ཙ་བསོད་ནམས་ནོར་བུ་་གི་རྒྱུད་རིམ་དང་། ཆབ་སྲིད་ཀྱི་གོ་རྟོགས། དུས་རབ་ཀྱི་བསམ་བློ། སྐད་ཡིག་གི་མཐུན་རྐྱེན། དེ་བཞིན་ལྷག་བསམ་གྱི་ཁ་ཕྱོགས་་ཡག་པོ་ཡོད་པའི་ཆ་ནས་བོད་སྤྱི་བའི་འཐུས་མིར་འོས་ཤིང་འཚམས་པ་འདུག་གོ། །
དགེ་འདུན་རྒྱ་མཚོ་ལགས། ༧གོང་ས་མཆོག་གིས་ཧིན་སྐད་དང་དབྱིན་སྐད་ཡག་པོ་མཁྱེན་གྱི་མེད་ནའང་སྐད་རིགས་ལ་ཐོགས་པ་མེད་པ་རེད་ཅེས་ཟེར་དགོས་པ་ཡིན་ནམ། ༧གོང་ས་མཆོག་གིས་ཧིན་སྐད་གསུངས་པ་ཞིག་གོ་མ་མྱོང་། ༧གོང་ས་མཆོག་གིས་དབྱིན་སྐད་བོད་ན་ཡོད་དུས་ནས་སྦྱངས་འགོ་བརྩམས་པ་རེད། འོན་ཀྱང་དབྱིན་སྐད་ལ་ནི་སྒྲ་གདངས་དང་གང་ཇི་ཐད་ནས་ཡག་པོ་མི་འདུག་བསམ་བྱུང་། །
སྐད་རིགས་གཙོ་བོ་མ་རེད། དེང་སྐབས་འཛམ་བུའི་གླིང་གི་སུམ་གཉིས་ས་ལ་འཕྲིན་ལས་ཀྱིས་མངའ་དབང་སྒྱུར་མཁན་དེ་བོད་ཀྱི་ལོ་རྒྱུས་ནང་ད་བར་བྱུང་མ་ཉུང་བའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རེད། ཁྱེད་དང་ང་ཡིས་གཙོས་རང་རིགས་བོད་རིགས་རྣམས་ཀྱང་། གཞན་ཡུལ་ཁག་ཏུ་དབུགས་ལྷབ་ལྷུབ་ཏུ་ངང་གནས་ཐུབ་པ་འདིའང་༸སྐྱབས་མགོན་ཁོང་གི་ཐུགས་རྗེ་ཉག་གཅིག་ལོས་ཡིན། བསོད་ནམས་ཉམས་པའི་སྐད་ཆ་དེ་འདྲ་མ་ཤོད།
དགེ་འདུན་རྒྱ་མཚོ་ལ་ཁུངས་སྐྱེལ་རྒྱུ་ཡོད་ན་སྐྱེལ་རོགས།
ཨ་མདོའི་བུ་རྒོད་བོད་མི་རིགས་ལ་ཤ་ཞེན་དང་ གོང་ས་མཆོག་ལ་དད་བཀུར་ཅན་ དབྲ་ཙ་ནོར་བུ་ཁྱེད་འདྲ་སྤྱི་འཐུས་ལངས་པར་བཀའ་དྲིན་ཆེ་
འོ་ལགས་་སོ
བསོད་ནམས་ནོར་བུ་ལགས
དགོངས་དག་ཞུ
ངས་མི་ནོར་འདུག
བསོད་ནམས་ནོར་བུ་རེད་མི་འདུག
བསོད་ནམས་རིག་པའི་བུ་རེད་འདུག
བསོད་ནམས རིག་པའི་བུ shared Nima Kulla’s video.
August 15 at 8:02pm • Edited •
བླ་བྲང་སྐལ་བཟང་གིས་ཀླུ་མཁར་བྱམས་གླེང་སྐབས་ལམ་ནོར་ལྡོག་ཤེས་དགོས་རེད་ཟེར། ཀླུ་མཁར་བྱམས་ཀྱིས་ལམ་ཀ་གང་ཞིག་ནོར་སོང་ཡིན་ནམ། ཁོས་དབྱིན་སྐད་དང་ཧིན་སྐད་ཡག་པོ་ཞིག་མི་ཤེས་བས་སྲིད་སྐྱོང་ལ་ལངས་བའི་འཇོན་ཐང་མེད་ཚུལ་གླེང་གི་འདུག་པས། དེ་ན་སྐུ་མདུན་གྱིས་ཧིན་སྐད་དང་དབྱིན་སྐད་ཡག་པོ་མཁྱེན་ནམ། ཧིན་དྷིའི་ལྟ་ཅི་ལོ་མང་གི་རིང་ལ་དབྱིན་སྐད་ཀྱི་ཐོག་ནས་སྐད་སྒྱུར་དགོས་བའི་གནས་སྟངས་བྱུང་བ་ཡོངས་གྲགས་རེད། གོང་གི་ཞན་ཆ་དེ་དག་ཞན་ཆ་ཡང་དག་ཏུ་མི་འགྱུར་བས་དེ་ལས་གཞན་པའི་ཀླུ་མཁར་བྱམས་ལ་ཞན་ཆ་ཅི་ཞིག་ཡོད་དམ??
དགེ་རྒྱམ་ལགས། གོང་ས་མཆོག་གིས་ཧིན་ཨིན་ཡག་པོ་མ་མཁྱེན་ནས་ཕྱིར་ཕྱོགས་གར་པར་འཕེབས་ན་སྐད་སྒྱུར་མེད་པར་འཕེབས་པའི་ལོ་རྒྱུས་མེད་པ། ཁོང་གིས་སྐད་སྒྱུར་མི་དགོས་པར་གཙོ་དོན་གནང་གི་འདུག་ཀྱང་སྐད་སྒྱུར་ལ་ཡང་སེང་དྲིས་ཀྱི་ཡོད་པར་མིག་ལོང་དང་རྣ་འོན་མིན་ན་འགྲེལ་བཤད་ག་ལ་དགོས། དེ་ཡང་མི་ཤེས་ནས་དྲིས་པ་ལས་ཤེས་བཞིན་དུ་དྲིས་བ་མ་རེད། མི་སུ་དང་སུ་ལའང་ཡིན་ལུགས་བཤད་མི་ཆོག་རྒྱུ་དེ་ནི་ཚུལ་མཐུན་མ་རེད་ལོ།
བུ་འདི་འདྲ་སྤྱི་འཐུས་ལ་རན་ཤོས་རེད། དྲང་མོ་བཤད་ན་ཆོལ་ཁའི་ཕྱོགས་རིས་བོད་ནས་ཡོང་བ་དེ་ཚོ་ཆེ་བ་འདུག
བོད་ནས་ཡོང་མཁན་གསར་འབྱོར་བ་ཚོར་བཙན་བྱོལ་དུ་ཡོད་པའི་ཆོལ་ཁ་དང་ཆོས་ལུགས་ཀྱིས་སྐབས་འཚོལ་བ་དེ་ཚོས་ཆོལ་ཞེན་གྱི་གཟུང་འཇུགས་སྤྲོད་ཀྱི་རེད། དེ་ཡང་ཆོལ་ཁ་དང་ཆོས་ལུགས་གྲངས་ཉུང་ཚོ་སྡུག་བ་ཡོད། དྲང་པོ་ཞུ་ན། སྟོད་པ་ཚོར་ཆོལ་ཞེན་དེ་ཙམ་མེད།
xxxx མི་འདིའི་ཕ་མ་མདོ་སྨད་གང་ནས་ཡིན་གསལ་བོར་གསུངས་རོགས རྒྱུས་མེད་ན་འོས་བླུགས་རྒྱུ་མིན།
ཀླུ་མཁར་བྱམས་ལགས་རྒྱ་དང་ཐུག་ན་རྒྱ་སྐད་རྒྱབ་ཆོག་ཆོག་ཡིན་པར་འདྲ། རྒྱ་དམར་པོའི་ཆབ་སྲིད་སྐད་ཡིག་དང་བཅས་པ་ལག་མཐིལ་ནང་དུ་བལྟ་བལྟ་ཡིན་དུས་སྲིད་སྐྱོང་འོས་མི་གཞན་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་ཚང་ཡོད། རྒྱ་དཔོན་སུ་དང་ཐུག་ནའང་སྐད་སྒྱུར་དགོས་དོན་མེད་པར་འདྲ། མི་དམངས་དུང་ཕྱུར་༡༣་དང་གོ་བརྡ་མི་འཕྲད་པའི་དཀའ་ངལ་ཀླུ་བྱམས་ལ་མེད། རྒྱ་བོད་ཉམས་ཞིབ་པ་ཟེར་ནས་ཟུར་དུ་ཚོགས་པ་བཙུགས་དགོས་ཀྱི་ཡོད་ས་མ་རེད། ཁོ་རང་རང་རྒྱ་བོད་ཉམས་ཞིབ་པ་ཞིག་རེད་འདུག་ག བཙན་བྱོལ་ནང་གི་འུར་མགོ་སྟོང་གིས་དོ་ཟླ་ཡོད་མདོག་མི་འདུག་ག ཞེན་ཆ་ཟེར་ན་མི་ཤེས་ཏེ་བཟང་ཆ་ཟེར་ན་དེ་འདྲ་འདུག་ག
དགེ་འདུན་རྒྱ་མཚོ་ཁྱོད་ཆོས་ཞེན་དང་ཆོལ་ཞེན་གཉིས་ཀ་ཚང་ཡོད་པའི་ངན་པ་དགུ་འཛོམ་ཞིག་རེད་ག
དགེ་རྒྱམ། བོན་རྒན་གྱིས་ག་རེ་མ་འགྲིག་པ་རེད། ཞེན་ཁོག་རྐྱང་གིས་བཤད་མ་འདུག།
སྔར་བླ་རྒན་ཟེར་ན་མ་འགྲིག་མ་འཐུས་ཚུལ་དང་། ད་སྐབས་བོན་རྒན་ཟེར་ཆོག་ཆོག་ཅིག་བཤད་ཀྱིན་འདུག ཨ་མདོ་བ་ཚོ་དགོངས་པ་ཡག་པོ་བཞེས་རོགས།
ལྷག་བསམ་དང་སེམས་ཤུགས་ ཤེས་ཡོན་དང་གཤིས་སྤྱོད་ལྡན་པའི་ཨ་མདོའི་ཕོ་རྒོད་དབྲ་ཙ་བསོད་ནམས་ནོར་བུ་ལ་རྒྱབ་སྐྱོར་ཡོད་
ཕོ་སར་འདི་ཕྱི་ཡིའི་རྣམ་པ་ཡག་པོ་འདུག་ནང་གི་གཟུངས་འཇུག་ག་འདྲ་ཡིན་མིན་མི་ཤེས་མོད་གང་ལྟར་ཡང་ཤེས་ཡོན་གྱི་ཕྱོགས་ནས་མི་དམན་པ་ཞིག་ཡིན་ཚོད་འདུག་ང་ཚོར་དགོས་པ་ནི་ཆོལ་ག་ཆོས་ལུགས་ཀྱི་ཕྱོགས་ཞེན་མེད་ཅིང་བོད་མི་རིགས་ཀྱི་ལ་རྒྱ་ལྡན་ཁར་ལྐུག་པའི་ངང་ཚུལ་འཛིན་པའི་མི་བུ་ཞིག་མིན་པའི་རེ་བ་ཤིན་ཏུ་ཆེ།
ཆོལ་གསུམ་སུ་ཡིན་ན་ཁོང་དང་ཁོང་ལྟ་བུ་གཞོན་སྐྱེས་མང་པོ་ཞིག་སྤྱི་འཐུས་འོས་མི་ལང་དགོས་ཀྱིན་འདུག དེ་ལྟར་ལང་པ་ཡིན་ན་ང་ཚོའི་ཕྱིའི་དཀའ་རྙོག་སེལ་མ་ཐུབ་ཀྱང་ནང་གི་དཀའ་རྙོག་སེལ་ངེས་རེད། ལང་ཤོག་བུ་རྒོད་ཚོ།
དགེ་འདུན་རྒྱ་མཚོ་ཟེར་བ་ཉོན་ཞིག ཁྱེད་རང་ཕྱོགས་ཞེན་གྱིས་བཟི་བསྡད་མཁན་ཞིག་རེད་འདུག་བ། སྙིང་རྗེ་ཡ་རང་རེད། ཁྱོད་ཙམ་གྱིས་འོས་མ་བླུགས་ན་དབྲ་ཙ་ལ་གནོད་ཀྱི་མ་རེད་ལོ། དང་པོ་བསྙོན་འཛུགས་བྱས་ནས་དེ་ཁུངས་མ་འཁྱོལ། དཔང་རྟགས་སྟོན་ཡ་མ་རག ད་ཡང་བོན་པོ་རེད་ལབ་ནས་སྐྱོན་འཛུགས་དམའ་འབེབས་ལྟ་བུ་བྱེད་ཀྱི་འདུག་བ། བོན་པོ་ཡིན་མིན་མི་ཤེས་ཏེ་ཁོང་བོན་པོ་ཡིན་ན་ཅི་མ་རུང་བསམ་གྱི་འདུག རྒྱུ་མཚན་ནི་བོན་པོའི་ཆོས་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་རེད། དེ་ཉམས་སུ་ལེན་མཁན་དེ་ཚོ་བོན་པོ་རེད། དེ་ཙམ་ཡང་མ་ཤེས་ན་ཁྱོད་རང་ཁ་བྱང་ལྟོས་ཀྱི་བྲག་ཕུགས་ལ་བཞུགས་ཡོད་པ་དང་གཅིག་མཚུངས་ལྟ་བུ་རེད་ལོ།
ཨ་མདོ་བ་མང་ཆེ་བར་སྐྱོན་ཆེན་པོ་ཞིག་ཡོད་པ་ནི་ཆོས་ལུགས་ཀྱི་ཕྱོགས་ཞེན་དེ་རེད། དགེ་རྒྱམ་ཡང་དེ་གྲས་ཀྱི་གཅིག་རེད་འདུག ཧ་ཧ་ཧ
རང་ཉིད་ཀྱིས་་ཕྱོགས་ཞེན་ཅི་ཞིག་བྱེད་ཀྱི་ཡོད་པར་མི་ཤེས་པ་འགས་གཞན་ལ་ལྟ་བ་ལས་རང་ལ་ལྟ་ཤེས་ཀྱི་མེད་པའི་མདུན་སར་ང་ཚོས་ཀྱང་རྣམ་འགྱུར་འདི་ལྟར་མ་བསྟན་ཐབས་མེད་རེད།
སོ་སོས་རང་ཉིད་ནས་ཆོས་ལུགས་དང་ལུང་ཚན་གྱི་ཕྱོགས་ཞེན་ཉུང་དུ་གཏོང་ཐུབ་ན་གཞན་གྱིས་ཀྱང་སྤང་བའི་ཐབས་ལམ་ཞིག་རྙེད་སྲིད་པ་རེད།
ནམ་རྒྱུན་ང་ཚོས་ཅི་ཞིག་བཤད་ཀྱིན་ཡོད་པ་དང་ཅི་ཞིག་བཤད་མྱོང་བ་ཚང་མར་རྒྱུས་ཡོད་ཡིན་པས་རྒྱབ་མདུན་གཉིས་ཀར་གཟིགས་ནས་རང་ཉིད་ཀྱི་ལྟ་སྤྱོད་ལ་ཞིབ་འཇུག་བྱེད་པ་ནི་ཆོས་པ་ཞིག་གི་རིན་ཐང་མཚོན་པ་རེད།
བོན་གཞིས་ཐོབ་རྒྱལ་གསར་པ་ལ་ཨ་མདོ་དེ་འདྲ་མང་པོ་ཡོད་ན། གཡང་དྲུང་བོན་གྱི་འོས་དེ་དགྲ་ལ་བླུགས་བཞིན་ཡོད་དམ། ཡ་མཚན་པོ་རེད།
སྤྱིར་མི་ལ་སྐྱོན་མེད་པ་ཡོད་མ་རེད་དེ། ཨ་མདོ་བ་ཚོ་ལ་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེན་པོ་རེད། ཕྱོགས་ཞེན་བྱས་ནས་སྨད་ར་གཏོང་འདོད་ན་ཡང་གཏོང་ལུགས་ཤེས་དགོས་རེད། དང་པོར་གཞི་མེད་ཀྱིས་བསྙོན་འཛུགས་བྱས། བར་དུ་ཁུངས་མ་འཁྱོལ་ནས་དགོངས་དག་ཞུས། དེ་ནས་ཁ་གསེང་ནས་བོན་པོ་རེད་ལབ་པ་སོགས་རང་མཚང་རང་མཚང་གིས་སྟོན་པ་ལས་གང་ཡང་མེད་པ་ལྟ་བུ་རེད།
ད་རུང་མི་ལ་ཕྱོགས་ཞེན་ཅིག་ཅིག་མུག་མུག་ཟེར་གྱི་འདུག དགེ་རྒྱམ་ཟེར་བ་དེ་མ་གཞི་ཁྱོད་རང་གི་མཆན་བུ་གཉིས་གསུམ་ཙམ་དེས་ཁྱོད་རང་ལ་ཡོན་ཏན་ག་ཚོད་ཡོད་པ་དང་མི་གཞི་ག་འདྲ་ཡིན་པ་བསྟན་འདུག
མི་ཆ་མེད་ཅིག་ལ་དོན་མེད་བསྙོན་འཛུགས་བྱས། བོན་པོ་རེད་ལབ་ནས་ཕྱོགས་ཞེན་བྱས། སྨད་ར་གཏོང་འདོད་ན་གཏོང་སྟངས་མ་ཤེས་པ་འདྲ་བོ་རེད། ཁོང་བོན་པོ་རེད་ཟེར་བ་དེ་ངས་བལྟས་ན་ཁོང་ལ་བསྟོད་པ་ལྟ་བུ་རེད་འདུག་ད། དེང་སང་བོན་པོའི་གྲས་ལ་ཚུད་ཐབས་མ་འགྲིག་ནས་ཡོད་པ་མང་པོ་ཡོད་རེད། ཚུད་པ་ཙམ་དེ་ཚོ་སྐད་གྲགས་ག་ཚད་མི་འདུག་འ་་་་ཧ་ཧ་་་་
ཁ་བའི་འདབ་མ་ཟེར་བ་ཉོན་ཞིག མ་གཞི་ཁྱོད་ཀྱིས་ཡིག་རྐང་བཅུ་ཙམ་ལས་བྲིས་མི་འདུག་སྟེ། དག་ཆ་ག་ཚོད་ནོར་འདུག ཡི་གེ་ལ་དག་ཆ་མེད་ན་གོ་བརྡ་འཕྲོད་ཀྱི་མེད་པ་ཤེས་པར་གྱིས། དེ་ནས་བོན་གཞིས་ལ་ཨ་མདོ་དེ་འདྲ་མང་པོ་ཡོད་ན་་་་་ཞེས་གཞན་ཞིག་གིས་མང་པོ་ཡོད་པ་འདྲ་བོ་གསུངས་འདུག་འདྲ་བོ་ལབ་འདུག་བ། དེ་ཡང་ཁུངས་བསྐྱེལ་མེད་པའི་གཏམ་ལྟ་བུ་རེད་འདུག དབྲ་ཙ་བུས་དེ་འདྲ་གསུངས་མི་འདུག་བ་དེ་ནས་སུས་གསུངས་འདུག
གཡུང་དྲུང་བོན་གྱི་འོས་མ་རེད། མདོ་སྨད་ཆོལ་ཁའི་འོས་རེད། དེ་ཙམ་ཡང་ཤེས་ཀྱི་མི་འདུག་བ། ཡ་མཚན་པ་མང་པོ་ཡོད་རེད། དབྲ་ཙ་བུ་ཡི་འཇོན་ཐང་དང་ཡོན་ཏན་ལ་ཡ་མཚན་གྱི་འདུག་གམ། ཁྱོད་རང་གིས་འཛུབ་མོ་གཅིག་ཕར་བཙུགས་ཀྱི་འདུག་སྟེ། འཛུབ་མོ་གསུམ་རང་ལ་བཙུགས་འདུག་བ་་་་་ཧ་ཧ་ཧ་་་་་
ཆོལ་ཁའི་ཕྱོགས་ཞེན་ནི་ཨ་མདོ་བ་གསར་འབྱོར་དེ་ཚོ་ལས་ཆེ་བ་ཞིག་མི་འདུག། དེ་ཡང་ཉེར་དགའ་ཆགས་སྡང་དབང་གི་ཡིན་པས་ཁོ་ཚོས་བོད་མི་སྤྱིར་དང་ཁྱད་པར་དུ་བོད་ཀྱི་རྒྱལ་རབས་དང་བོད་ཀྱི་མི་རིགས་ལས་ཨ་མདོ་བ་མི་གྲགས་ག་གེ་མོ་ཚོ་མཆོག་ཏུ་འཛིན་གྱི་རེད། དེས་ནི་མི་རིགས་ཞིག་དང་རྒྱལ་ཁབ་ཤིག་ལས་རང་ཕྱོགས་ཀྱི་མི་སྣ་ག་གེ་མོ་འགའ་ལ་གལ་ཆེ་འཛིན་སོང་བ་རེད།
མ་འོངས་པའི་སོན་རྩ་འདི་འདྲ་ནི་ང་ཚོའི་རེ་བ་བཅོལ་ས་ཡིན། སྤྱི་ཚོགས་ཀྱི་ཟ་ཟུར་ནས་ཕྲག་དོག་ཅན་གྱི་མི་དག་གིས་ཟུར་ཟ་དང་དམའ་འབེབས་སོགས་གཏོང་སྲིད་ཀྱང་གདོང་ལེན་བྱེད་དགོས། ཤུགས་རྒྱོབས་མདོ་སྨད་ཀྱི་ཕོ་རྒོད།
བོད་འི་སོན་རྩ་རྣམས་ཀྱིས་དཔེ་བལྟ་ས་ཞིག་དང་རང་རྒྱལ་གྱི་མི་རིགས་རྣམས་ཀྱིས་རེ་བ་རྒྱག་ས་ཞིག་རེད་འདུག་་་་་་་སྙིང་ནས་དགའ་ཡོད།
མ་འོངས་པའི་སོན་རྩ་འདི་འདྲ་ནི་ང་ཚོའི་རེ་བ་བཅོལ་ས་ཡིན། སྤྱི་ཚོགས་ཀྱི་ཟ་ཟུར་ནས་ཕྲག་དོག་ཅན་གྱི་མི་དག་གིས་ཟུར་ཟ་དང་དམའ་འབེབས་སོགས་གཏོང་སྲིད་ཀྱང་གདོང་ལེན་བྱེད་དགོས། ཤུགས་རྒྱོབས་མདོ་སྨད་ཀྱི་ཕོ་རྒོད།
ཟུར་ས་དང་དམའ་འབེབས་གཏོང་མཁན་རྣམས་ཀྱིས་གཏོང་དང་། ཕོ་རྒོད་དེའི་ཡོན་ཏན་སློབ་སྦྱོང་གི་བརྒྱུད་རིམ་ཙམ་ལ་ཞིབ་གཟིགས་གནང་དང་ཕྲག་དོག་བྱེད་པ་རང་རེད། མདོ་སྨད་ཀྱི་ཕོ་རྒོད་རེད།་སེམས་ཤུགས་མ་ཉམས་ཤུགས་རྒྱོབས་ཤོག མི་ངན་རེ་གཉིས་ཀྱི་ཁ་ལ་ཉན་ཡ་ཡོད་པ་མ་རེད། མདོ་སྨད་པ་ཚོས་ངེས་པར་དུ་འདི་འདྲ་བའི་ཕོ་རྒོད་ཤེས་ཡོན་ལྡན་པ་ཚོ་བདམས་དགོས་རེད།
བོད་མི་རིགས་སྤྱི་ལ་ལ་རྒྱ་དང་ ལྷག་བསམ་ ཤེས་སྤྱོང་བཟང་ལྡན་རིགས་བཟང་དབྲ་ཙའི་བུ་ལ་རྒྱབ་སྐྱོར་ངང་བཀྲིས་བདེ་ལེགས་གྲང་མང་
བོད་མི་མང་སྤྱི་འཐུས་ལ་དགོས་པའི་ཤེས་འཇོན་ནི་ཆབ་སྲིད་རེད། མི་གཡོག་ལོ་ཤས་མྱོང་བ་ཙམ་གྱིས་བོད་མའི་བདེན་དོན་སྒྲུབ་ཡའི་ཉམ་མྱོང་ཨི་ཡོད་ན། མི་འདིས་ཆབ་སྲིད་ཤེས་པའི་ཡིད་ཆེས་མེད་ལ། མི་འདི་ནམ་རྒྱུན་སྒོར་མོ་དོན་གཉེར་མཁན་ལས་བོད་དོན་སེམས་མཁན་ཞིག་ཡིན་པའི་ཡིད་ཆེས་མེད་དོ།
ཤི་འདྲེ། ཆབ་སྲིད་ཅེས་པ་ཅི་རེད། ཁོང་གིས་ཆབ་སྲིད་མི་ཤེས་པ་ཅིས་ཤེས། མིའི་གཡོག་ཟེར་ན་ཞབས་ཞུ་རེད། སྤྱི་འཐུས་ཐོབ་ན་ཡང་སྤྱི་ཚོགས་ཞབས་ཞུ་རེེད། ཤི་འདྲེ་ཤི་འདྲེ་རང་རེད་འདུག་བ།
སྟག་སེང་ཁྱུང་འབྲུག་ལགས། མི་འདི་ལས་ཀའི་རྒྱུད་རིམ་དང་གནས་ཡུལ་ཁོར་ཡུག་ལ་ལྟ་དུས་སྒོར་མོ་དོན་གཉེར་ལས་ཆབ་སྲིད་ཀྱི་ལངས་ཕྱོགས་བཟུང་ནས་མི་བཅུ་གྲངས་ཞིག་དང་སྐད་བརྡ་ཙམ་ཡང་བྱས་པའི་ལོ་རྒྱུས་མི་འདུག་གོ། ཧཧཧཧ
མདོ་སྨད་ནང་ཕོ་རྒོད་དེ་འདྲ་ཡོད་པ་དགའ་སུ་ཡོད། ཁོང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་གནང་ཡོད་པ་མ་ཟད་ཉམས་ཐག་གི་ཕྲུ་གུ་དང་རྒན་གྲས་རྣམས་ལ་ཡང་དངས་བླངས་ཀྱི་ཞབས་ཞུ་ཡང་བྱེད་འདུག་པ་མདོ་སྨད་ཀྱི་ཕོ་རྒོད་ངོ་མ་རེད་འདུག། བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།
ཤི་འདྲེ་ལགས། དབྲ་ཙ་བུ་ལ་ཆབ་སྲིད་ཀྱི་ཉམས་མྱོང་མེད་པ་ཇི་ལྟར་ཤེས་སོང་། ཁོང་མཐོ་སློབ་སྐབས་བོད་དོན་ཕྱིར་ལས་གུལ་ཧ་ཅང་མང་པོ་གནང་ཡོད་པ་དངོས་སུ་མཐོང་བྱུང་། རྟོག་ཞིབ་མ་བྱེད་པ་ཕྲག་དོག་གི་ཚོད་དཔག་བྱེད་མ་རུང་།
ཕ་ཨ་མདོ་ཤར་ཁོག་དང་མ་ཨ་མདོ་བླ་བྲང་གི་ཨ་མདོ་ཚང་གི་ཕ་མ་བཟང་པོའི་བུ་རྒོད་ཁོང་ལ་ཨ་མདོ་མངས་མོས་ཀྱིས་མདོ་སྨད་སྤྱི་འཐུས་ལ་འོས་འདེམས་གནང་བ་ཡིན་ན་ཨ་མདོ་ཚང་གི་རྒྱལ་ཁ་ལོས་ཡིན་ལ་བོད་གངས་ཅན་ཡོངས་ཀྱི་རྒྱལ་ཁ་ཡང་དེ་བས་བཟང་བ་མེད། བཀྲ་ཤིས་བདེ་ལེགས། ཨ་མདོ་ཚོས་ཁོང་ལ་འོས་ཤོག་ངེས་པར་དུ་བླུགས་རོགས་གནོངས། དཀའ་དྲིན་ཆེ། ད་བདེ་མོ། །
ཨ་ཁུ་པད་མ་ཡེེེ།
སྟག་ཤ་ར་དུང་གི་སོ་སྒོ་ཅན་ན་ཡེ། ཕར་སོང་ན་སྡེ་བའི་རྒྱན་ཙིག་རེད། །
ཨ་ཁུ་པད་མ་ཡེེེ།
ཚུར་ཡོང་ན་ན་ཟླའི་སྐྱིད་ཙིག་རེད། ཁྱོད་མེད་ན་ཡིད་སེམས་སྟོང་ང་རེད།
ཨ་ཁུ་པད་མ་ཡེེེ།
འོས་བླུགས་ན་བོད་མིའི་གཟི་བརྫིད་རེད། ཁྱོད་མེད་ན་སྤྱི་འཐུས་སྟོང་ང་རེད། །
ཨ་ཁུ་པད་མ་ཡེེེ།
སྟག་ཤ་ར་དུང་གི་སོ་སྒོ་ཅན་ན་ཡེ། ཕར་སོང་ན་སྡེ་བའི་རྒྱན་ཙིག་རེད། །
ཨ་ཁུ་པད་མ་ཡེེེ།
ཚུར་ཡོང་ན་ན་ཟླའི་སྐྱིད་ཙིག་རེད། ཁྱོད་མེད་ན་ཡིད་སེམས་སྟོང་ང་རེད།
ཨ་ཁུ་པད་མ་ཡེེེ།
བུ་དབྲ་ཙ་བསོད་ནམས་ནོར་བུ་ཅན་ན་ཡེ། ཡར་ལངས་ན་ཨ་མདོའི་རྒྱན་ཙིག་རེད།
ཨ་ཁུ་པད་མ་ཡེེེ།
འོས་ཐོབ་ན་བོད་མིའི་གཟི་བརྫིད་རེད། ཁྱོད་མེད་ན་སྤྱི་འཐུས་སྟོང་ང་རེད། །