མུ་ལ།
སྟག་གཟིག་པགས་པ་གོན་ན་གདོན་དུ་
ར་ལུག་པགས་པ་གོན་ན་རྒྱན་དུ་རྩི
འདི་གཉིས་ཚེ་སྲོག་བཅད་ནས་བྱུང་
ཁྱད་པར་གང་ཡང་མེད་པས་བསམ་གཞིག་
གྱེར་ལ་ལྟ་ལོག་བཤད་ན་མཁས་པར་རྩི
རང་ལ་སྨ་འབེབས་བྱས་ན་དམ་ཉམས་ཟེ
འདི་གཉིས་ནང་པ་སངས་རྒྱས་ཡིན་པ་
ཁྱད་པར་གང་ཡང་མེད་པས་བསམ་གཞིག་
ཉམ་ཆུང་སེམས་ཅན་བསད་ན་སྣང་མེད་
རང་གི་གཉེན་ཉེ་གྲོངས་དུས་ཡིད་སེ
འདི་གཉིས་མ་གྱུར་སེམས་ཅན་ཡིན་པ་
ཁྱད་པར་གང་ཡང་མེད་པས་བསམ་གཞིག་
རང་གི་བསྟན་པ་དར་ན་ཡིད་སེམས་
གྱེར་གྱི་བསྟན་པ་རྒྱས་ན་ཕྲག་དོ
འདི་གཉིས་ནང་བའི་བསྟན་པ་ཡིན་པ་
ཁྱད་པར་གང་ཡང་མེད་པས་བསམ་གཞིག་
ཤ་ཁྲག་ཕུལ་ན་ཁ་ཟས་བཟང་པོར་རྩིས། །
ནས་ཆང་སྔོན་མོ་འཐུང་ན་ཞབས་འདྲེ
རང་གི་སྡོམ་པར་ལྟུང་བ་བྱུང་བ་ལ། །
ཁྱད་པར་གང་ཡང་མེད་པས་བསམ་གཞིག་
སྟག་པགས་གོས་སྐོར་གྱོན་པའི་ལུགས་སྲོལ་འདི།
ཆོས་རྒྱལ་མེས་དབོན་རྣམས་ཀྱི་དཔའ་རྟགས་རེད།
ཆེན་པོ་བོད་ཀྱི་རྒྱལ་པོའི་རིག་གཞུང་རེད།
འདི་ལ་རྒོལ་གཏམ་བཏང་ན་ནང་རྒོལ་རེད།
སུམ་གཉིས་ས་ལ་དབང་སྒྱུར་བྱས་སྐབས་སུ།
དཔའ་བོའི་བུ་ལ་སྟག་གི་ཐོག་བུ་དང་།
སྡར་མའི་བུ་ལ་ཝ་མོའི་མཇུག་མ་གཉིས།
དཔའ་རྟགས་སྡར་རྟགས་བོད་ཀྱི་ལུགས་སྲོལ་རེད།
གནའ་རབས་ཆེན་པོ་བོད་ཀྱི་ལོ་རྒྱུས་སུ།
གོང་ན་སེང་གེ་འདྲ་བའི་རྒྱལ་པོ་ཡོད།
དེ་ལ་སྔོན་པོ་གཡུ་ཡི་རལ་པ་ཡོད།
བར་ན་རྒྱ་སྟག་འདྲ་བའི་དམག་པོ་ཡོད།
དེ་ལ་སྟག་གི་པགས་པའི་ཐོག་བུ་ཡོད།
འོག་ན་རྫ་རི་འདྲ་བའི་དམག་དཔུང་ཡོད།
དེ་ལ་ནག་པོ་ལྕགས་ཀྱི་གོ་ཁྲབ་ཡོད།
དེར་དུས་མེས་དབོན་རྣམ་གསུམ་བཞུགས་དུས་རེད།
སུམ་གཉིས་ས་ལ་དབང་སྒྱུར་བྱས་དུས་རེད།
བཙན་པོའི་རྒྱལ་ཁབ་འདི་ཡི་དབང་ཐང་ལ།
ནག་པོ་རྒྱ་ཡིས་མཐོང་ན་ཁྲི་ནས་ལྷུངས།
ཆེན་པོ་ཧོར་གྱིས་མཐོང་ན་སྙིང་རྩ་འདར།
དེ་ནི་མི་རིགས་ཤིག་གི་་ལོ་རྒྱུས་རེད།
དེ་ནི་མི་རིགས་ཤིག་གི་སྤོབས་པ་རེད།
དེ་ནི་མི་རིགས་ཤིག་གི་ང་རྒྱལ་རེད།
དེ་སང་གི་དུས་ཀྱི་དངོས་ཡོད་གནས་ཚུལ་ལ།
གོང་ན་སེང་གེ་འདྲ་བའི་རྒྱལ་པོ་མེད།
མགོ་ལ་གཡུ་ཡི་རལ་པའི་རྒྱུན་ཆ་མེད།
བར་ན་རྒྱ་སྟག་འདྲ་བའི་དམག་དཔོན་མེད།
དེ་ལ་སྟག་གི་པགས་པའི་ཐོག་བུ་མེད།
འོག་ན་རྫ་རི་འདྲ་བའི་དམག་དཔུང་མེད།
ལུས་ལ་ནག་པོ་ལྕགས་ཀྱི་གོ་ཁྲབ་མེད།
སུམ་གཉིས་ས་དེ་དགྲ་ལ་ཤོར་དུས་རེད།
ནག་པོ་རྒྱ་ཡིས་མཐོང་ན་རྡོག་བརྫིས་གཏོང་།
ཆེན་པོ་ཧོར་གྱིས་མཐོང་ན་དགོད་མོ་ཤོར།
འདི་ནི་མི་རིགས་ཤིག་གི་སྐྱོ་གདུང་རེད།
འདི་ནི་མི་རིགས་ཤིག་གི་ཉམས་རྒུད་རེད།
འདི་ནི་མི་རིགས་ཤིག་གི་མིག་ཆུ་རེད།
ཡག་པོ་བྲིས་ཤག
སྐྱེས་མའི་ཚོགས་ལ་ལྷག་བསམ་རྣམ་དག་གིས།།
གུས་བཀུར་ཡིད་རང་བྱེད་ཞོར་འཚམས་འདྲི་ཞུ།།
ཁྱེད་ཅག་མེད་ན་ཁྱིམ་ཚང་སྤྲོ་སྐྱིད་དབེན།།
ཕོ་སྐྱེས་རྣམས་ཀྱིས་རྫིག་མདོག་བཤད་ན་ཡང་།།
ཁྱེད་ཅག་མེད་ན་འཚོ་ཐབས་མི་ཡོང་བའི།།
གནད་འགག་རྟོགས་ཀྱང་ཁ་ཕོ་ཆེ་བ་དེ།།
རང་སྣང་མཐོ་བའི་རང་ཚུགས་འཛིན་པ་ཙམ།།
ཁུ་སིམ་གནས་ནས་ཁ་ཡག་ངོ་དགའ་བྱེད།།
སྐྱེས་མ་མེད་པའི་རྒད་པོ་ཁེར་འདུག་དག།
རྒས་དུས་རང་ཁྱིམ་ནང་ན་ཁ་བརྡ་ཞིག།།
བྱེད་ས་མེད་པར་ལྷག་པའི་རྣམ་པ་དེ།།
མངོན་སུམ་མཐོང་ན་མགྱོགས་མྱུར་འཆི་འདོད་སྐྱེས།།
ཅོ་ཉི་རྩུབ་ཤིང་བརྡར་ནས་མེ་ཁ་གསོས།།
ཅོ་ཉི་འདོམ་ལ་ལྕང་ལོ་བཀབ་ནས་ཕེབས།།
ཅོ་ཉི་རི་དྭགས་བརྔོས་ནས་ནགས་ལ་བཞུགས།།
ཅོ་ཉི་མེས་པོས་གང་གནང་བརྒྱུད་འཛིན་མཛོད།།