——ཀརྨ་བློ་གསལ།
དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པ་ནི་ཨ་མཆོག་བླ་མ་བོད་ལ་ངོ་ལོག་པ་དེ་རེད། གོང་ས་མཆོག་གིས་ཡུན་རིང་ཐུགས་རེ་དང་གོ་ས་ཡར་འཐེན་གནང་པའི་ཨ་མཆོག་བླ་མ་རྒྱ་དམར་འཐབ་ཕྱོགས་གཅིག་གྱུར་ཁང་བརྒྱུད་ནས་རྒྱ་ནག་གཞུང་གི་མི་སེར་ཆགས་པར་མ་ཟད། ཕ་ཡུལ་རྔ་བ་ནས་གཞིས་ཆགས་པ་ནི་རྣམ་ཤེས་དངུལ་དངོས་བརྗེ་བའི་བྱ་སྤྱོད་ཡ་མ་བརླ་ཞིག་ཆགས་ཡོད། རྔ་བ་དཔའ་བོ་དང་དཔའ་མོའི་ཡུལ་ལུང་གི་ཞབས་འདྲེན་ནག་པོ་དེའང་ཡིན།
སུས་ཀྱང་བསམ་བློ་དཔོག་ཐུབ་མེད་པ་ནི་བཙན་བྱོལ་ནང་རྒྱལ་བཙོང་པའི་ཆུ་སྣ་བརྡོལ་བའི་ཉེན་ཁ་དེ་འབྱུང་གིན་པ་ཨ་ཚོགས་ཀླུ་མཁར་བྱམས་ནས་ཤེས་རྟོགས་བྱུང་འདུག ཉེ་ཆར་ནོར་ཝེ་རླུང་འཕྲིན་ཁང་ནས་ཁོང་ལ་དྲི་བ་ལྔའི་བཅར་འདྲི་གནང་སྐབས། སྲིད་དོན་གྱི་ཆ་ནས་གོང་ས་མཆོག་རྒྱལ་བཙོང་བའི་ཕྱོགས་སུ་འགྲོ་བཞིན་འདུག་ཅེས་ཉེན་བརྡ་བཏང་བ་དེ་ནི་དུས་ཐོག་ཆར་བ་ཆགས་ཡོད།
བཙན་བྱོལ་ནང་གི་བླ་མ་དགེ་བཤེས་ཚོ་གཅིག་རྗེས་གཉིས་ལ་མཐུད་ནས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་ནང་འཚང་ཁ་རྒྱག་མི་སྲིད་པ་མིན། རྒྱལ་བཙོང་པ་གཅིག་གིས་གཅིག་ལ་ལམ་ཁ་འདིངས་པ་དང་། འདི་དག་ལ་བླ་སྲོག་མེད་པས་དངུལ་དངོས་རེག་ན་མི་རིགས་དང་རྒྱལ་ཁབ། ཐ་ན་ཆོས་ལུགས་ཀྱང་བཙོང་ཐུབ།
ད་དུང་རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་ཟེར་བ་ཁུར་ནས་བོད་ནང་འགྲོ་མཁན་ཚང་མའང་རྒྱལ་བཙོང་བའི་ཕྱོགས་སུ་འགྲོ་བཞིན་པའི་གྲས་ཡིན། རྒྱུ་མཚན་དེའི་དབང་གིས་མང་པོ་ཞིག་གིས་རང་ཉིད་ཀྱི་ནག་ཉེས་འགོག་ཆེད་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ནས་སྤེལ་བའི་ཉེན་བརྡ་ཐོས་འཕྲལ་དེར་ཁ་གཡར་ནས་བསྙོན་འཛུགས་མཁན་དང་སྡིགས་དམོད་བྱེད་མཁན་བྱུང་ཡོད། ཡིན་ནའང་། རྒྱལ་བཙོང་པའི་ལམ་ཁ་འགོག་དགོས་ན་ངེས་པར་དུ་དབུ་ཁྲིད་རིམ་པ་ནས་འགོག་དགོས་ལ། ཉེན་བརྡའང་གཏོང་དགོས། དེ་ལྟར་དགོས་དོན་ཡང་ཨ་མཆོག་བླ་མའི་བྱེད་སྟངས་ལས་ར་འཕྲོད་ཡོད།
*པར་དང་པོ། ཨ་མཆོག་བླ་མ།
*པར་གཉིས་པ། རྒྱ་ནག་གཞུང་ཚབ་ཁང་ནས་བོད་པར་སྤྲད་ཀྱིན་ཕྱི་བསྐྱོད་ལག་འཁྱེར།
ཧཧཧ ལམ་དབུ་མ་ཡིན་ཟེར་མཁན་ཨ་མདོ་བ་རེད་ལ་། རང་སྐྱོང་དགོས་ཟེར་མཁན་ཨ་མདོ་བ་རེད་། ཡང་རང་བཙན་དགོས་ཟེར་མཁན་ཨ་མདོ་བ་རེད་། ཡང་གང་ཡང་མ་རག་གོང་ནས་ལོག་འགྲོ་མཁན་ཨ་མདོ་བ་རེད་། སྙན་མངགས་བྲིས་མཁན་ཨ་མདོ་བ་རེད། གཞས་གཏང་མཁན་ཨ་མདོ་བ་རེད་། རང་ལུས་རང་གིས་སྲེག་མཁན་ཨ་མདོ་བ་རེད། དེ་འདྲའི་ཨ་མདོའི་བློ་ཁོག་།།།
ཨ་ཁུ་ནོར་བུ་ཁྱེད་གསན་ཨ། འོ་ན། སྲིད་སྐྱོང་བློ་བཟང་སེང་གེ་ཆོས་ཅན། རྒྱལ་འཚོང་བ་ཡིན་པར་ཐལ། རྒྱ་ནག་གི་ཕྱི་བསྐྱོད་འཁྱེར་སྟེང་ནས་བོད་དང་རྒྱ་ནག་ལ་སོང་བའི་ཕྱིར། མ་གྲུབ་ན། མངོན་སུམ་ལ་བསྙོན། མ་ཁྱབ་ན། རང་སྐད་དང་འགལ་ལོ།
འདི་ཡང་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱིན་པའི་དབུ་མའི་ལམ་གྱི་དགོས་དོན་དང་གྲུབ་དོན་ཞིག་ལོས་ཡིན། སྔོན་ཆད་སྲིད་སྐྱོང་བློ་སེང་ཡང་རྒྱ་ནག་གི་ལག་འཁྱེར་འདི་འདྲའི་ཐོག་ནས་རྒྱ་ནག་ལ་བསྐྱོད་པ་རེད་ལ། དེ་བཞིན་བཙན་བྱོལ་ནང་གི་ལས་སྣེ་དང་མི་མང་དཀྱུས་མ་མང་པོ་ཞིག་ཀྱང་རྒྱ་ནག་གི་ལག་འཁྱེར་འདིའི་ཐོག་ནས་ཕར་ཚུར་བསྐྱོད་དང་སྐྱོད་ཀྱིན་ཡོད་པ་རེད།
ལྷག་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་རྒྱ་ནག་གི་ལག་འཁྱེར་འདི་ཡོད་མཁན་གྱི་བོད་མི་མང་པོ་ཡོད་སྐད་འདུག ད་ཅི་བྱ། འདི་ཚོའི་རིགས་ནི་མི་རིགས་ཤིག་གི་ཆབ་སྲིད་འཐབ་རྩོད་ལ་མཚོན་ན་ཉེན་ཁ་ཆེ་ཤོས་ཀྱི་གྲས་ཡིན་པ་སྨོས་ཅི་དགོས།
ཕ་ཡུལ་ལ་འགྲོ་དོན་དུ་བྱོན་ནའང་རྒྱལ་འཚོང་གི་གྲས་སུ་འཇོག་པ་དེ་ནི་རྒྱུ་མཚན་དང་། བདེན་དཔང་མི་དགོས་མཁན་དང་། རང་གི་སྐད་ཆ་རང་གིས་འགན་མི་བཞེས་པ་དག་གི་བཤད་སྟངས་ཁོ་ན་རེད། ཕ་ཡུལ་ནས་རང་དགོན་པ་ཕན་ཐོག་བྱུང་ན་ཇི་ལྟར་བཤད་ཀྱང་བོད་རང་གི་ཡུལ་ལ་ཕན་ཐོག་པ་རེད། ས་མཐའ་ནས་འུར་ལབ་པ་དང་མི་འདྲ་ག་ལ་སྲིད།
ཀརྨ་བློ་གསལ་ཧམ་བཤད་ཆེ་དྲག་འདུག
དབུ་ལམ་པ་ཚོ་མཐའ་ཐུབ་ས་འདི་ལྟར་ལས་ཡོད་ནི་མ་རེད། དབུ་ལམ་གྱིས་ལས་སྟངས་ཡང་འདི་ནས་འགོ་འཛུགས་ནས་རྩོད་དགོས་རེད། རྒྱའི་རྩ་ཁྲིམས་འོག་ཏུ་སྡོད་ནས་དེར་རྩོད་དགོས་པ་ལས་ཕྱི་སྡོད་པ་ཡིས་ནང་སྲིད་ལ་ཐེར་ཇུས་མི་ཆོག་རྒྱུ་ནི་རྒྱ་དམར་གཞུང་གིས་རྩ་བའི་དམ་བཅའ་རེད།
སྐུ་ཞབས་རྫ་ཆུ་ལགས་ ངའི་ཆན་ལ་ཡག་པོ་བྱས་གཟིགས་རོགས་གནང་ རྒྱལ་འཚོང་པ་ཞེས་པའི་ཚིག་ཞིག་གང་ན་འདུག་གམ། ངས་ད་བར་ཚིག་འདི་བེད་སྤྱོད་བྱེད་མ་མྱོང།
http://in.reuters.com/article/2015/09/27/china-tibet-idINKCN0RR05720150927
གནས་ཚུལ་དེ་བདེན་པ་ཡིན་པར་འདུག་པས་ཡག་བྱུང་། དེ་ནི་དབུ་མའི་ལམ་གྱི་དགོས་དམིགས་དང་མཚུངས་ཤིང་། རིང་མིན་ཨ་མཆོག་སྤྲུལ་སྐུ་ནས་ད་དུང་བཙན་བྱོལ་བའི་ཁྲོད་ཀྱི་དབུ་མ་བ་གཅིག་སྟོང་ཞིག་བོད་ལ་ལེན་ནས་དབུ་མའི་ཚོད་ལྟ་དེ་གོ་བཙུགས་ན་གང་འདྲ་འདུག དེ་ནས་དབུ་མ་པ་ག་ཚོད་གཅིག་རྒྱའི་རྩ་ཁྲིམས་འོག་དབུ་མ་རྩོད་ནས་བསྡད་ཐུབ་མིན་ཤེས་ཐུབ་ལ། གལ་སྲིད་དབུ་མ་རྩོད་ས་ཞིག་ཡོད་ན་བོད་མིའི་སྒྲིག་བཙུགས་འདུ་སོག་རྒྱབ་ཆོག
དབུ་མའི་ལམ་པ་ཡིན་ཟེར་མཁན་གྱི་རྒྱལ་བཙོང་བ་ཚོ་རྒྱའི་རྩ་ཁྲིམས་འོག་ཏུ་ལོགས་འགྲོ་རོགས་བྱོས། ཨ་མཆོག་བླ་མས་བྱས་པ་ལྟར་ལོགས་རྒྱུགས་ཨ། ལོ་ཁ་ཤས་རྗེས་སུ་ཁྱོད་ཚོའི་རྐུབ་ལ་རྒྱ་དམར་ཉེན་རྟོག་པས་གློག་དབྱུག་གིས་རྡུང་གི་རེད། དེར་དུས་ཁྱོད་ཚོས་དབུ་མའི་ལམ་ཟེར་བ་དེ་སྐྱུག་མེར་ལངས་ཡའི་སྲིད་ཇུས་ཤིག་ཡིན་པར་ཤེས་འོང་གི་རེད། མ་གཏོགས་ང་ཚོས་ངོས་ནས་འགྲེལ་བཤད་ཅི་ཙམ་བརྒྱབ་ཀྱང་དབུ་མའི་ལམ་པ་བ་ཚོས་མཉན་གྱི་མི་འདུག་ག
ཀརྨ་ལགས།བོད་ལ་ངོ་ལོག་པ་རེད་དམ།རྒྱ་ལ་ངོ་ལོག་པ་རེད།
དགའ་ཁྲི་ལུང་རིགས་རྣམ་རྒྱལ་དང་གཅིག་ཨ་མཆོག་བླ་མ་དང་གཉིས་་་་་་་དེ་ནས་སུ་ཡིན་ནམ། ད་ཡིན་ན་གནས་ཚད་གང་འདྲ་ཅིག་ལ་སླེབས་འདུག་གམ།
རྒྱལ་འཚོང་བ་རང་རེད། གཞན་ཅི་ཡང་བཤད་རྒྱུ་མེད།
དེ་ནས་ཟམ་གདོང་བླ་མ་ཡིན་རྒྱུ་རེད། ཁོང་གི་ཐུགས་སྲས་སྤེན་ཚེ་རྒྱག་པ་ཡང་ཤོར་ཤོར་རེད། གུང་ཁྲན་བཀའ་དྲིན་ཆེ་རབས་མངོན་སུམ་འཛེམས་མེད་གྲོས་ཚོགས་ཀྱི་རྐུབ་སྟེགས་བེད་སྤྱད་དེས་བཤད་སོང་། ད་དུང་ཀྲུང་གོའི་ཁ་བྲལ་ལོག་སྤྱོད་པ་ངོ་མ་པ་དང་མཉམ་སྡོད་མཉམ་ལངས་མི་བྱེད་རྒྱུའི་དམ་བཅའ་འཇོགས་སྟངས་དེ་ལས་གསལ་པོར་རྟོགས་ཐུབ།
ལོ་རྒྱུས་ཀྱི་དཀྱོགས་མཚམས་འདི་ན་སྤོབས་པ་ཆེན་པོས་དཀའ་བ་དང་ལེན་བྱེད་མཁན་གྱི་བླ་མ་ཁྱེད་ལ་ནམ་ཡང་དད་དོ།། སེམས་དཔའ་ཁྱེད་མངོན་པར་བསྟོད་དོ།།???
ཀརྨ་བློ་གསལ་མིང་ཅན་འདིས་དོལ་རྒྱལ་བ་ཚོས་ཧམ་པ་ལྟར་དོན་དངོས་ལ་རྨོངས་པའི་སྐད་ཆ་བཤད་ལ་ལྟོས་ན་བསམ་བཞིན་དུ་ཆོལ་གསུམ་གཅིག་སྒྲིལ་གྱི་གོང་བུ་བྱ་སྤུ་གནམ་ལ་གཏོང་བ་ལྟར་གཏོར་ན་བསམ་མཁན་ཞེ་ནག་ཞིག་ཡིན་པ་བརྒྱ་ཆ་བརྒྱ་དཔོག་ཐུབ་ཀི།
དེ་ལས་ཅོ་རི་ཉི་མ་དང་ཀརྨ་བློ་གསལ་གཉིས་ཀླུ་བྱམས་ལ་རྒྱབ་སྐྱོར་བྱས་ཁུལ་གྱིས་མཆན་བྲིས་པ་ཚང་མ་བྱ་རོག་སོར་རྟོག་གི་བསྟན་བཅོས་ལྟར་བརྗོད་བྱའི་སྟོང་བ་ལས་ཅི་ཡང་མི་འདུག གཅིག་གིས་གཅིག་ལ་ཚིག་ངན་རྐྱང་བཤད་བསྡད་ན་ཆུ་ཚོད་འཕྲོ་ལག་རེད་བྱ།
དེ་ལས་ཁྱེད་གཉིས་ཀླུ་བྱམས་ལ་འབྲེལ་བ་བྱས་ཏེ། ཁོས་གསར་བཏོད་གནང་བའི་ཆབ་སྲིད་ཀྱི་གཏན་ཚིགས་རིགས་པའི་མཚན་ཉིད་དང་། དེའི་ཁྱབ་ཁོང་གི་ས་མཚམས། དབྱེ་བ་སོགས་འཇོག་ཐུབ་ན། ད་གཟོད་ང་ཚོ་བགྲོ་གླེང་གནང་ཚེ་ལག་པ་འཆང་ས་ཞིག་རག་གི་རེད། དེ་མིན་ཁྱེད་ཚོས་བཤད་པ་ཚང་མ་ཆུ་ནང་རྟུག་དྲི་བཏང་བ་དང་གཅིག་པ་རེད། ཆོས་དང་འཇིག་རྟེན་གཉིས་ཀྱི་མཚམས། ད་རུང་ཆོས་སྲིད་གཉིས་ཀྱི་ས་མཚམས། ཀླུ་བྱམས་འཁོར་བཅས་ཀྱི་དེ་བཞག་མ་ཐུབ་ན་ཁ་སྟོང་ནང་གི་ཚིག་སྟོང་ཡིན་པ་དོན་དངོས་ཆགས་པ་རེད། སྔོན་བྱོན་མཁས་པ་ཚང་མས་འཇིག་རྟེན་ཆོས་བརྒྱད་དང་། ནང་བའི་ཆོས་གཉིས་མཉམ་དུ་ཡོང་གི་མ་རེད། ཆབ་སྲིད་ནག་པོ་དང་། ནང་ཆོས་གཉིས་མཉམ་དུ་ཡོང་གི་མ་རེད་གསུངས་པ་ལས། ཆོས་དང་འཇིག་རྟེན་གཉིས་མཉམ་དུ་ཡོང་གི་མ་རེད། ཆོས་སྲིད་གཉིས་མཉམ་དུ་ཡོང་གི་མ་རེད་ཟེར་མཁན་ཁྱེད་ཚོ་མ་གཏོགས་གཅིག་ཀྱང་བྱུང་མྱོང་ཡོད་མ་རེད། གལ་སྲིད་དེ་འདྲའི་ཚིག་གཅིག་ཡོད་ན་གོང་གི་དེ་ལ་སྦྱོར་ཤེས་དགོས་པ་ལས། སྒྲ་ཇི་བཞིན་པ་མིན་པ་དེ་དག་གི་འགྲེལ་བ་ལ་ལྟོས་ན་གསལ་ལོ།།
རྟེན་འབྱུང་ཁྱོད་ཀྱི་རྗེས་དཔག་དེའི་གོ་རྟོགས་སྐྱོ་བ་ལ། ཀརྨ་བློ་གསལ་ལྟ་བུའི་རྒྱལ་གཅེས་ལྷག་བསམ་ཅན་ཞིག་ཁ་བརྡའི་ཐོག་ཏུ་མང་པོ་མེད། ཆོལ་གསུམ་ཆིག་སྒྲིལ་གཏོར་གྱི་ཕར་ཞོག ཆོལ་གསུམ་མཐུན་སྒྲིལ་གྱི་ལམ་དུ་དེད་ཨེ་ཐུབ་བལྟ་མཁན་ཞིག་རེད།
ཁྱོད་བརྒྱ་ཆ་བརྒྱ་དཔག་ཐུབ་མི་འདུག ལོག་རྟོག་རེད། ལོག་ཤེས་རེད། ཕར་ཆེར་མཁྲིས་ནད་ཕོག་པའི་མིག་ཤེས་ཡིན་པར་འདྲ། གཅིག་བྱས་ན་ཆང་བཟིའི་རྒྱུད་ཀྱི་སྨྱོན་ཤེས་ཡིན་སྲིད་པ་རེད།་་་་ཧཧཧ
ཞོལ་གཡག་འབྲོང་རྒྱུད་ལགས། སྤེན་ཚེས་གྲོས་ཚོགས་རྐུབ་སྟེགས་བེད་སྤྱད་ནས་རྒྱ་ནག་གཞུང་བཀའ་དྲིན་ཆེ་པོ་ཡིན་ཟེར་བ་དེ་ཁ་ནོར་ཤོར་སོང་ཟེར་ནས་གསལ་བཤད་བྱས་ཚར་སོང་། ཆང་གིས་བཟི་ནས་ཁོག་གི་སྐད་ཆ་ཁ་ནས་ཤོར་བ་རེད་ཟེར། ནོར་བ་མ་གཏོགས་དངོས་གནས་བྱས་ན་ཁ་ནས་བཤད་མི་རུང་བའི་སྐད་ཆ་རེད་ཟེར། སྤེན་ཚེ་ཆང་ལ་དགའ་དྲག་ནས་སྐབས་སྐབས་ལ་ནོར་ནས་ཁ་ཤོར་འགྲོ་མཁན་ཞིག་རེད་ཟེར།
ཀརྨ་བློ་གསལ་ལགས་་་་་་་ཉིད་ཀྱིས་རྒྱ་ནག་གིས་ཨ་མཆོག་རིན་པོ་ཆེའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ལ་གང་བཀོད་པ་ཚད་མར་བཟུང་ནས་་ཨ་མཆོག་བླ་མ་་བོད་ལ་ངོ་ལོག་ལོག་པ་རེད་ཅེས་བྲིས་འདུག་་་་་དོན་ངོ་མ་ཨ་མཆོག་རིན་པོ་ཆེས་རྒྱ་ནག་གིས་བྲིས་པ་ནང་བཞིན་བཤད་ཡོད་མེད་དཔྱད་ཞིབ་ཙམ་ཡང་མ་བྱས་པར་་་་རྩོམ་བཀོད་ན་་་་་རྒྱ་ནག་ལ་རྒྱབ་སྐྱོར་བྱས་པ་མ་རེད་དམ་་་གཉིས་ནས་་་་་ཨ་མཆོག་རིན་པོ་ཆེ་་་་བོད་ཀྱི་ཆོས་དང་ཤེས་ཡོན་གཉིས་ཀར་བྱས་རྗེས་ཆེ་བའི་བླ་མ་རྒན་རབས་པ་ཞིག་ཡིན་པ་མ་ཟད་་གོང་ས་མཆོག་དང་རང་གཞུང་ལ་མི་ཚེ་གང་པོར་ཞབས་ཞུ་མཁན་ཞིག་་་གོང་ས་མཆོག་བཀའ་འཁྲོལ་ཡོད་པའི་ཐོག་ནས་་་ཕ་ཡུལ་མི་མང་་དང་ཕ་ཡུལ་གྱི་དགོན་པའི་ཕན་བདེའི་ཆེད་དུ་བོད་ལ་བཞུགས་ན་་ཁོང་འདི་འདྲིའི་ནག་པོ་བཟོ་དོན་ཅི་ཡི་ནམ། མ་གཞི་ནས་་་་་བཙན་བྱོལ་ནས་་་་ཕ་ཡུལ་ལ་ཕེབས་མཁན་གྱི་སློབ་གྲྭ་བ་དང་་་་བླ་མ་་་་དགེ་བཤེས་་་སྟོང་ཕྲག་འགའ་ཡོད་པ་རེད་་་ཁོང་ཚོ་ཚང་མ་་་་བོད་ལ་ངོ་ལོག་པ་རེད་ཅེས་བརྗོད་ན་གནས་ལུགས་དང་མཐུན་ནམ། ངས་བལྟས་ན་་་་་ཨ་མཆོག་རིན་པོ་ཆེའི་སྐོར་ལ་རྒྱ་ནག་གཞུང་གིས་འདི་ལས་ལྷག་རྗེས་མ་རྫུན་བཟོ་བྱེད་གི་རེད་་གང་ཡིན་ཞེ་ན་་་ཨ་མཆོག་རིན་པོ་ཆེ་་་གོང་ས་མཆོག་དང་རང་གཞུང་ལ་འབྲེལ་བ་དམ་ཡོད་པས་རེད་་་་་རྗེས་མ་རྩོམ་འབྲི་སྐབས་རྒྱ་ནག་ཚད་མ་བཟུང་ནས་མ་འབྲི་རོགས་་་་དཔྱད་ཞིབ་བྱོས་་་་་་བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད།
ཨ་མཆོག་རིན་པོ་ཆེ་མཆོག་བོད་དུ་བཞུགས་པ་བདེན་པ་རེད། འོན་ཀྱང་རིན་པོ་ཆེ་མཆོག་འཁྲུས་ཁང་ནང་བརྡབས་ནས་ཞབས་ལ་རྨས་སྐྱོན་ལྕི་མོ་ཕོག་ཏེ་ཡུན་རིང་སྨན་ཁང་དུ་བཞུགས། ད་ལྟ་གཞི་ནས་ཏོག་ཙམ་དྲག་རྐྱེན་བྱུང་ནས་ཨ་མཆོག་དགོན་ལ་ཕེབས་ཐུབ་པའི་གནས་སྟངས་བྱུང་བ་སོགས་ཅི་ཡང་མི་གླེང་བར། དེ་ལ་རྒྱ་ནག་གི་བརྒྱུད་ལམ་ཁག་ན་ལོག་འགྲེལ་བྱས་བ་ཁྱེད་ཚོས་ཚད་མར་བཟུང་ནས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་ཡིན་ཁུལ་བྱས་ནས་གླེང་གཞིར་བཟོས་བཞིན་པའི་དམིགས་ཡུལ་འདི་དོན་ལ་རྒྱལ་བཙོང་བ་ལས་ཀྱང་ཐབས་སྡུག་པའི་བྱེད་སྟངས་ཅིག་རེད་འདོད།
ཨ་མཆོག་བླ་མ་བོད་ལ་ཕེབས་པ་དེ་ཁོང་ཚང་གི་རང་དབང་རེད། ༧གོང་ས་མཆོག་བོད་ལ་ཕེབས་རྒྱུར་རྒྱ་མིས་ཆོག་ཆན་མ་སྤྲད་པ་རེད་མ་གཏོགས་མ་ཕེབས་པ་མ་རེད། ཤེས་སོང་ངམ། དྲྭ་ཐོག་འདིར་ཡོད་པའི་མི་ཕལ་ཆེར་གྱིས་ཅི་ཡང་ཤེས་ཀྱིན་མེད་པ་འདྲ། །
མདོ་དབུས་ཁམས་གསུམ་དུ་བཙན་བྱོལ་ནང་གི་བླ་མ་སྤྲུལ་སྐུ་དང་དགེ་བཤེས་གང་མང་ཞིག་རིམ་བཞིན་ཏང་ཁྲན་ཇག་ཚོགས་ཀྱིས་བཙུགས་པའི་མེས་རྒྱལ་གྱི་པང་དུ་ལོག་མྱོང་མང་པོ་ཡོད་པ་རེད། དཔེར་ན།ཞིང་གཤེགས་དམ་པ་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གཉིས་ལྟ་བུ་ཡིན་ན་བོད་གཞུང་གི་ལས་སྣེ་ཆེན་པོ་གང་ཡང་འཁུར་མྱོང་པ་མེད།ཡིན་ན་ནའང་དམིགས་ཡུལ་དང་དགེ་བ་ཆེན་པོ་འཁུར་བོད་དུ་ཕེབས་པ་རེད།
ཡིན་ནའང་ཨ་མཆོག་བླ་མས་ཡུན་རིང་༸གོང་ས་མཆོག་དང་བོད་ཀྱི་དཔེ་མཛོད་ཁང་སོགས་ནང་ཕྱག་ལས་ལོ་མང་གནང་བ་ཡོད་སྟབས། བཙན་བྱོལ་སྤྱི་ཚོགས་ནང་དུ་གོ་གནས་དང་མིང་གྲགས་ཆེན་པོ་ཡོད་པ་རེད།
སྦྱིར་ཨ་མཆོག་གང་དུ་འགྲོ་མིན་རང་དབང་རེད།རང་གི་རང་དབང་དང་སྤྱི་དོན་བསྡུར་དགོས་དུས།ཨ་མཆོག་ལྟ་བུ་བོད་དུ་ལོག་པ་དེས་བོད་ཀྱི་འཐབ་རྩོད་ལ་ཤུགས་རྐྱེན་ངན་པ་བཞག་ཚར་རེད།གཞན།ཨ་མཆོག་གི་སྐུ་ཚེ་སྟོད་ཀྱི་ཕྱག་རྗེས་གང་ཡང་ཡོད་པ་དག་ལྡི་ལིའི་ཡ་མོ་ནའི་སྐྱག་ཆུ་ནང་བསྐུར་ཚར་བ་རེད།ངོ་མ་བློ་ཕམ་བྱུང་།རྒས་ཁ་ཤི་ཞིག་ལ་འདི་འདྲ་བྱས་པ་བློ་ཕམ་བྱུང་།
ཨ་མཆོག་ཕེབས་དུས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ལས་ཁུངས་སུ་བོད་དུ་འགྲོ་རྒྱུ་ཡིན་པའི་སྙན་གསེང་ཞུས་ཡོད་ཀྱི་རེད།སྙན་གསེང་ཞུ་མེད་ཚེ་ཨ་མཆོག་གི་མི་ཚེ་ལོ་རྒྱུའི་ནང་དུ་ཞབས་འདྲེན་ལུང་པ་གང་དང་ནག་ཐིགས་ཆེན་པོ་བཟོས་ཚར་བ་རེད།
ད་དབུ་མ་ཚང་གཅིག་མཇུག་གཉིས་མཐུད་དུ་བོད་དང་ཕྱི་རྒྱལ་དུ་སོང་རྫོགས་ཚར་དུས། ཐ་མ་སྔ་མ་༸གོང་ས་མཆོག་གི་ཉེ་འཁོར་རུ་རང་བཙན་རྩོད་ཚོ་མ་གཏོགས་ལྷག་ས་མ་རེད།
ཨ་མཆོག་བླ་མ་བོད་ལ་ཕེབས་པ་དེ་ཁོ་རང་གི་སྒེར་དོན་རེད་ལ་་་་་་་་་
གོང་ས་༧མཆོག་བོད་ལ་ཕེབས་དགོས་དོན་བོད་མི་ས་ཡ་དྲུག་གི་ཆེད་དུ་ཡིན་པ་ཡོངས་གྲགས་རེད། འོན་པས་གོ་ཚོད་དང་ལོང་བས་མཐོང་ཚོད་མ་རེད་དམ་རྟ་བདུན་དབང་པོའམ་ཚ་ཟེར་ཅན་ལགས།
ཨ་རོགས། ལྷ།བྱ་འཕུར་མ། ལྡི་ལིའི་ཡ་མོས་ན་སྐྱག་ཆུ་དང་དེའི་འགྲམ་གྱི་སྐྱག་ཁྲོམ་བཀའ་དྲིན་ལ་བརྟེན་ནས་ཕྱི་བྱོལ་བོད་པ་ཚང་ལྡི་ལི་ལ་ཡར་འགྲོ་མར་འོང་བྱེད་ས་ཞིག་ཡོད་པ་མ་བརྗེད།
ཨ་མཆོག་བླ་མས་ཚེ་སྟོད་ལ་་་་༧གོང་ས་མཆོག་དང་བཙལ་བྱོལ་གཞུང་ལ་ཞབས་ཞུ་བྱས་་་་་ཚེ་སྨད་ལ་་་་གཞིས་ལུས་ཕ་ཡུལ་མི་མང་དང་་་་་ཕན་བདེ་བསྒྲུབ་ན་་་་དེ་མི་འགྲིགས་པའི་རྒྱུ་མཚན་ཅི་རེད་་་་་་་་་
སྐྱག་ཕྲུག་ཚོ། ང་ཚོ་དང་པོ་བོད་ནས་ཡོང་དུས་རང་བཙན་མ་ཐོབ་ན་བོད་ལ་མི་ལོག་པའི་དམ་བཅའ་ཅན་གཅིག་ལ་མེད་མོ། ང་ཚོས་ཆོས་སྤྱང་བ་དང་དབྱིན་སྐད་སོགས་སློབ་སྤྱོང་མཐར་ཕྱིན་པ་བྱས་ནས། མཐའ་མར་བོད་ནང་ལ་ལོག་སྟེ་བོད་རིགས་སྤུན་ཟླ་ལ་ཕན་པའི་ཞབས་ཞུ་ཞུ་འདོད་ཡོད་པ་རྐྱང་རྐྱང་ཡིན་པ་ཨ།
ཡིན་ན་ཡང་སྐྱག་ཕྲུག་ཁྱེད་ཚོ་ལ། བོད་དགོས་འི་མེད་པ་ཨ། ཡོ་རོབ་དང་དབྱིན་ཡུལ་སོགས་ལ་རང་དོན་གཅིག་པོ་ཁྱེར་ནས་སྒོར་མོ་ས་ཡ་མང་པོ་འམ་སྐྱག་རྫུན་གནམ་སར་མི་ཤོང་བ་རེ་བཤད་ནས་བོད་གཡུག་དེ་མང་ཆེ་བ་ཕྱིན་ཡོད་པ་ཨ། འདི་ཚོའི་རིགས་ལ་རྒྱལ་བཙོང་བའི་མིང་བྱང་ཞིག་མི་འབྱོར་ན། ཆོས་དང་ཆབ་སྲིད་ཀྱི་སློབ་སྤྱོང་ཡང་དག་ཡོད་པའི་བོད་མི་ཚོ། བོད་པའི་ཁ་དང་མགོན་བྱེད་དུ་བོད་ལ་ཕྱིན་ན། དེ་རྒྱལ་བཙོང་བ་ཞིག་ཡིན་པ་ཅི་ལྟར་ཆགས་སོང་བ་རེད།
རྣམ་པ་ཚོས་ཚིག་གི་ཉོག་གཏམ་གྱིས་ཞབས་མཆན་བཀང་པར་བྱས་འདུག་ཀྱང་། ཚིག་གི་བར་གསེང་ན་སྨན་རྩྭ་ཁ་ཤས་འཐུ་རྒྱུ་ཡོད་པ་དེས་ངའི་ཚོུད་ཀྱི་གོ་རིམ་ལ་ཚེ་སྲོག་རྟ་རྔ་ཙམ་ཕྱིན་སོང་། འོན་ཀྱང་། བོད་ཀྱི་སྐོར་མཐའ་དག་ན་སོས་དལ་བག་ཕེབས་ངང་ཁ་བརྡ་ཅལ་ཅོལ་ལ་དགའ་བའི་ལོ་ལོན་དག་གི་བཤད་ཡམས་དེ་ནི་ཅོ་རི་ཉི་མ་གཙོས་ནམ་རྒྱུན་འདུག་པ་འདིས། བོད་པའི་ཁ་དང་ཁོག་པ་འདི་ནམ་ཡང་རིག་གནས་ཡོད་མེད་ཀྱི་ཁྱད་པར་ཙམ་མ་ཡིན་པར། སྟོང་བཤད་བོའུ་རྡེའུ་འདྲ་མོ་རྒྱབ་ནས་འདུག་དགོས་ས་རེད། ལས་དབང་གི་བཤད་ཡམས་འདིས་ད་རུང་བོད་པའི་རིག་གཞུང་གི་མ་རྩ་ད་རུང་རྣག་གིས་ཟིན་གྱི་རེད།
ངས་བསམ་ན་ཨ་མཆོག་རིན་པོ་ཆེ་བོད་ལ་ཕེབས་པ་ཁོ་རང་གི་དགོས་དབང་རེད། ཀྲུང་གོས་དེ་བེད་སྤྱད་ནས་གལ་ཆེ་མདོག་གི་གསར་འགྱུར་སྤེལ་བ་དང་གཙན་བྱོལ་ནང་མི་སྣ་གལ་ཆེན་ཡིན་སྐོར་བཤད་པ་ཆབ་སྲིད་རེད། ཁོང་བླ་མ་ཞིག་རེད། དེ་མིན་དཔེ་མཛོད་ཁང་ཞིག་གི་འགན་འཛིན་རེད་མ་གཏོགས། བོད་གཞུང་གི་ཆོས་དང་ཆབ་སྲིད་གང་ཐད་ནས་མི་སྣ་གལ་ཆེན་ཅང་འེ་ཡིན།
ལུང་རིགས་རྣམ་རྒྱལ་དང་བསྡུར་ས་མི་འགྲོ་གི ལུང་རིགས་རྣམ་རྒྱལ་དེ་ཆོས་ལུགས་བྱེ་བྲག་པ་ཞིག་གི་མགོ་བ་ཡོད་ན་མེད་ན་ཞིག་ལ་བསྡད་མྱོང་ཡོད་པ་རེད། དགའ་ལྡན་ཁྲི་ཟུར་ཟེར་ནས་མིང་ཡང་ཡོད་པ་རེད། ཨ་མཆོག་བླ་མ་ལ་དེ་འདྲའི་གཞུང་དང་ཚོགས་པ་གང་ཞིག་གི་མིང་མེད་ཀ དཔེ་མཛོད་གཉེར་བ་ཞིག་ཡིན་པ་ཙམ་རེད། དཔེ་མཛོད་ལས་བྱེད་དེ་ཡང་རྒྱུན་རིང་ཐུང་གིས་བཤད་ན་ཨ་མདོ་སྦྱིན་པ་རྒྱ་མཚོ་དུས་ཡུན་ལྟ་བུ་ཡང་བྱས་ཡོད་ན་མེད་ན།
ང་ལ་དགག་པ་རྒྱག་མཁན་ཚོས་ཉོན་ཨ། ཨ་མཆོག་བླ་མ་དང་བླ་མ་གཞན་དག་རྒྱ་ནག་ནང་ལོག་པ་ནི་ས་དང་གནམ་གྱི་བར་ཁྱད་ཡོད། ཨ་མཆོག་བླ་མ་ནི་གོང་ས་མཆོག་གི་མཛད་རྣམ་གཙོ་སྒྲིག་པ་བྱེད་མྱོང་པས་གསང་བ་ཡོད་ན་མེད་ན་གང་མང་མཐོང་མྱོང་ཀློག་མྱོང་། གཅིག་བྱས་ན་པར་ལོག་བརྒྱབ་ནས་ཉར་ཡོད། རྒྱ་ནག་གཞུང་ལ་དགོས་ཡ་དེ་རེད། ད་དུང་ཨ་མཆོག་བླ་མས་མེས་རྒྱལ་ནང་ལོག་ན་སྐྱིད་པོ་འདུག་ལབ་ཀྱིན་འདུག ཨ་མཆོག་བླ་མ་བོད་ལ་ངོ་ལོག་ཟེར་དོན་ཡང་དེ་ཡིན།
འདིར་སྐད་རྒྱག་མཁན་ཁྲོད་ཨ་མདོ་ནས་ཡིན་པ་རེ་གཉིས་ཤིག་ཡོད་ས་རེད། ཡག་པོ་བྱུང་། ད་རེས་ཨ་མདོའི་སྐྱིད་སྡུག་ངོས་ནས་ཨ་མཆོག་བླ་མར་འཛིན་པའི་ལངས་ཕྱོགས་གསལ་བསྒྲགས་སྤེལ་རོགས། བོད་དོན་ལ་གྲུབ་འབྲས་གང་ཡང་མ་ཐོན་པའི་ཡར་སྔོན་སྔ་དེང་གང་རུང་ལ་བཙན་བྱོལ་སྒྲིག་འཛུགས་ནང་འགན་བཞེས་མྱོང་པའི་གནད་ཡོད་མི་སྣ་སུ་ཞིག་བོད་ལ་ལོག་ན་དེ་རྒྱལ་བཙོང་བ་ཡིན་ད་ཡིན། དེ་མ་རེད་ཟེར་མཁན་ཚང་མ་རྒྱ་གཞུང་ནས་དངུལ་དངོས་ཏོག་ཙམ་རེག་གིན་པའི་ཨབ་སོ་ཡིན་ཟེར་ཆོག
ཨེ་གྲོགས་པོ་ཚོ། མི་རྒས་པ་ཕ་ཡུལ་དྲན།།ཟེར་སྲོལ་ཡོད་ཨ། མི་སུ་ཡིན་ན་ཡང་ལོ་ན་ཡར་སླེབས་ཡོང་དུས་ཕ་ཡུལ་དྲན་ཡོང་གི་རེད། ཁོང་ཕ་ཡུལ་དུ་ལོག་པ་དེ་རྒྱལ་བཙོང་བར་བརྩིས་ན་མི་འགྲིགས་གི་བསམ་གི། བོད་དུ་ལོག་ནས་བཞུགས་བསམ་ན་རྒྱ་གུང་ཁྲན་གྱི་ལག་པ་མ་བརྒྱུད་ནས་འགྲོ་ས་མེད་པ་ང་ཚོ་ཚང་མས་གསལ་གསལ་ཐིངས་ཐིངས་ཤེས་བཞིན་པ་རེད། དགའ་ཁྲི་ལུང་རྣམ་བོད་ལ་གཟིས་ཆགས་པར་ཕྱིན་པ་མ་རེད། ཁོང་རང་རྒྱ་དམར་ལ་འབྲེལ་བྱེད་པར་ཕྱིན་པ་རེད།་དེ་གཉིས་བསྡུར་ཐབས་མེད་གི། ཨ་མཆོག་སྤྲུལ་སྐུས་བོད་ལ་ལོག་རྗེས་སུ་སྐད་ཆ་གང་བཤད་དང་ལས་ཀ་ལས་སྟངས་ཀྱིས་བོད་མི་ང་དང་དེའི་འདོད་འདུན་ལ་ངོ་ལོག་བྱས་པ་ཡིན་པའི་དཔང་རྟགས་ཡོད་ན་མ་གཏོགས་དེ་ཀ་ཙམ་དུ་བླ་མ་ཆེན་པོ་ཞིག་རྒྱལ་བཙོང་བ་རེད་ཅེས་འུད་སྒྲོགས་བྱས་ན་གྱོང་རག་མཁན་དེ་ང་ཚོ་རེད་ད། ང་རང་ཡིན་ན་ཡང་། མི་ཡུལ་དུ་ཤི་འདོད་མི་འདུག རྒྱ་དམར་ལ་ཆོག་མཆན་ཞུས་ནས་བོད་དུ་གཞིས་ཆགས་ན་དེ་ལ་སྐྱོན་ཞིག་གང་ཡང་མཐོང་གིན་མེད།
ཀརྨ་བློ་གསལ། ༧ གོང་ས་མཆོག་གི་མཛད་རྣམ་གསང་བ་ཞིག་མ་རེད། ཨ་མཆོག་བླ་མ་ཙམ་དུ་མ་ཟད་ང་ཚོ་སུས་བལྟས་ན་ཡང་བལྟ་ཆོག་ཆོག་རེད། དེབ་རྒན་མང་པོ་ཞིག་ཨེ་སྦོ་ཁི་བྱས་ནས་བཟོས་ཡོད་རེད། དེ་གསང་བ་གང་ཡང་མ་རེད།
ཡང་ཁྱེད་ཀྱིས་༼ད་རེས་ཨ་མདོའི་སྐྱིད་སྡུག་ངོས་ནས་ཨ་མཆོག་བླ་མར་འཛིན་པའི་ལངས་ཕྱོགས་གསལ་བསྒྲགས་སྤེལ་རོགས།༽ ཟེར་འདུག ཨ་མཆོག་བླ་མའི་སྔོན་ལ་བོད་ལ་ཕེབས་པའི་ཆོལ་ཁ་གཞན་གྱི་བླ་མ་མང་པོ་ཡོད་ལ། དེ་ཚོར་དང་པོ་ཆོལ་ཁ་གང་གི་ཁུངས་ཡིན་ན་དེ་ཚོས་ལངས་ཕྱོགས་གསལ་བསྒྲགས་སྤེལ་དགོས་ན་དེ་ནས་སྐད་ཆ་འདི་འདྲ་བཤད་ན་འགྲིག་གི་ཡོད་པ་རེད།
མ་གཞི་རྒྱ་གཞུང་གི་གསར་འགོད་པའི་སྐད་ཆ་དང་ཨ་མཆོག་བླ་མའི་སྐད་ཅ་སོ་སོར་ཕྱེས་མ་ཐུབ་པར་སྐད་རྒྱབ་ནས་ཡོང་ན་བོང་བུ་རེད།
རྒད་པོ་ཞིག་ཕ་ཡུལ་དྲན་ནས་ཕྱིན་པ་ཙམ་མ་རེད། ལྟོས་དང་གསར་འགྱུར་གྱི་ནང་དུ་ཨ་མཆོག་གིས་སྐད་ཆ་དང་པོ་དེ་ལ། ང་དངོས་སུ་ཀྲུང་གོའི་སྤྱི་དམངས་ཀྱི་མི་སེར་དུ་གྱུར་བར་དགའ་ཚོར་ཆེན་པོ་སྐྱེས་རབས་བཤད་མི་འདུག་གམ། རང་ཕྱོགས་ཀྱི་མི་བུ་ཚོས་གང་ཞིག་འཁྲབ་ཀྱང་དག་སྣང་དང་དྲང་དོན་དུ་བཀྲལ་ནས་བྱི་ལས་རང་གི་སྐྱག་པར་ཐལ་བས་སྐུངས་ཚུལ་དང་གཅིག་པ་རད།
ད་མང་བོ་ཞུ་རྒྱུ་མི་འདུག སྟབས་ལེགས་ནས་ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་ལངས་ཡོད་པ་མ་གཏོགས་བཙན་བྱོལ་ནང་གི་ཨ་མདོ་བ་ཚང་མས་རྒྱལ་བཙོང་བའི་ཞྭ་ཆེན་འདི་མི་གྱོན་རང་གྱོན་ཐུག་ཡོད།
ཨ་མཆོག་རིན་པོ་ཆེ་ཡི་བྱེད་སྟངས་འདི་ལ་རྒྱལ་བཙོང་བ་བཏགས་ན་ཚོར་བའི་ཐོག་ནས་དང་ལེན་བྱེད་དཀའ་ནའང་། དོན་དངོས་ཐོག་ནས་ཁ་བརྒྱ་ཡོད་ཀྱང་སྒྲུབ་དཀའ་བ་ཆགས་ཡོད། རེ་བ་ཡིན་ན་ཚང་མས་ཚིག་རྩུབ་དོར་ནས་དོན་རྐྱེན་འདིས་བོད་ཕྱི་ནང་གཉིས་ལ་ཤུགས་རྐྱེན་ག་རེ་བསྐྲུན་པར་དབྱེ་ཞིབ་གནང་གལ་ཤིན་ཏུ་ཆེ།
ཀརྨ་ལགས་་་་་་དང་པོ་ཁྱེད་ཀྱིས་རྒྱ་ནག་གིས་་་་་གང་བཀོད་པ་དེ་ཚད་མར་བཟུང་དགོས་དོན་ཅི་རེད་་་་དེ་རྒྱ་ནག་གི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་དང་གཅིག་མཚུངས་མ་རེད་དམ་། ཨ་མཆོག་བླ་མ་བོད་ཡུལ་སོང་བའི་རྒྱལ་ཚོང་བ་ཡིན་ན་་་་་དེང་སང་་་་རྒྱ་ནག་གཞུང་འཚབ་སྒོ་ལ་ཉིན་རེར་རྒྱལ་ཚོང་བ་བརྒྱ་སྐོར་རེ་འདུག་་་འཚང་ཁ་རེད་་་་ཁྱེད་རང་ཡང་གཅིག་མཚུངས་ཡིན་རྒྱུ་རེད་་་་་་
ངས་བསམ་ན་ང་ཚོས་ཕྱི་ལོག་ནས་་འུར་སྟོང་སྒྲོག་པ་ལས་ཨ་མཆོག་སྤྲུལ་སྐུས་བོད་ནང་ནས་ཁོར་ཡུག་སྲུང་སྐྱོབས་བྱེད་བཞིན་པ་དེ་བོད་ལ་ཕན་ཆེ་བར་འདུག་གོ
xxཨ་མཆོག་བླ་མ་བོད་ལ་སོང་བ་དེ། ལམ་དབུ་མའི་སྲིད་ཇུས་དང་འགལ་གྱི་ཡོད་མེད་སྐོར་ལ་དགོངས་ཚུལ་བྲི་རོགས།
ཀར་མ་བློ་གསལ་གྱིས་ཕྱི་ལོག་ནས་བོད་པའི་སྤྱི་ཚོགས་དཀྲུག་ཅི་ཐུབ་བྱས་པ་དང་ཨ་མཆོག་བླ་མས་བོད་ནང་ནས་རྒྱ་ནག་གི་མི་སེར་ཆགས་པར་སྤོབས་པ་ཡོད་བས་བཤད་པ་གཉིས་རྣམ་པ་མ་འདྲ་བ་ཙམ་ལས་ངོ་བོ་གཅིག་པ་རེད། གང་ལྟར་གཉིས་ཀས་བོད་མི་རིགས་པ་གནོད་བསྐྱལ་གྱི་ཡོད་པ་རེད།
ཨ་མཆོག་བླ་མ་ཕ་ཡུལ་དུ་སོང་བ་འདིས་ང་ལ་ནི་ཚོར་བ་གང་ཡང་སྦྱིན་མ་སོང་། རྒྱུ་མཚན་ནི། དེང་སྐབས་ལྡི་ལིར་བཅར་སྡོད་རྒྱ་མིའི་གཞུང་ཚབ་ཁང་མདུན་དུ་བོད་པ་ཚོས་འཚང་ཁ་ཤིག་ཤིག་བྱེད་པ་འདི་ཚོ་ཞལ་ཚོར་མ་ཚོར་ཙམ་ལས་གནད་གཅིག་པ་རེད། གཅིག་བྱས་ན་དྲྭ་འབུ་འདི་དག་ཀྱང་དེའི་ཁྲོད་ཀྱི་གཅིག་ཡིན་རྒྱུ་རེད་འདོད།
འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མི་ལ་ཐུག་པ་ཙམ་གྱིས་རྒྱ་མིར་མགོ་བཏགས་པ་ཡིན་ན། རྒྱ་མིའི་ཐོང་མཆན་ཐོབ་སྟེ་ཕ་ཡུལ་དུ་ཕེབས་མཁན་ཚང་མ་ཆེ་ཆུང་ལ་མ་ལྟོས་པའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མི་ལ་ངེས་པར་དུ་ཐུག་དགོས་པ་རེད།
དེང་སྐབས་ཕ་ཡུལ་དུ་ཕེབས་མཁན་ཚོའི་ཁྲོད་ནས་ཡར་ཕེབས་མཁན་ག་ཚོད་འདུག མཛུབ་མོ་ལྔ་ལ་གྲངས་ཁ་བརྒྱབ་ན་མ་ཐེ་བ་མི་འདུག གཞན་ཚང་མ་གཏན་བཞུགས་གནང་གི་ཡོད་པ་རེད། འོན་ཀྱང་དེ་ཚོ་བོད་ལ་ཕྱིར་ལོག་པ་རེད་མ་གཏོགས་བོད་ལ་ངོ་ལོག་པ་མ་རེད།
ཨ་མཆོག་བླ་མ་ཕྱིར་རྔ་བར་ཆས་ནས་གཞིས་ཆགས་པ་ནི་རྔ་བའི་མེར་བསྲེག་ངོ་རྒོལ་ནི་ཁ་བྲལ་བས་བརྒྱུད་བསྐུལ་ལས་དེ་གར་དཀའ་ངལ་ཡོད་པ་མ་ཡིན་པའི་སྒྲུབ་བྱེད་ཆགས་ཡོད། ལུང་རྟོགས་སོགས་ཀྱིས་ཅི་གང་ཡང་མགོ་མ་ཚོས་བསྡད་ཡོད་དམ། འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཕྱི་ལོགས་སུ་ཆེད་དུ་བསྐོ་འཇོག་བྱས་པའི་དྲ་མཆན་པ་ཡིན་ནམ།
ད་ཡིན་ན་མི་བྱེད་དགུ་བྱེད་ཚང་མ། xxབླ་རྒན་དེ་ཚོའི་བྱེད་ཀྱི་འདུག དགྲ་དགའ་གཉེན་སྡུག་གི་བྱ་བ་ཞིག་བྱས་པ་མ་ཡིན་ནམ།
བཙན་བྱོལ་ནང་དུ་ལྡི་ལི་རྒྱ་ནག་གཞུང་ཚབ་ལ་མགོ་བཏགས་ནས་བོད་ནང་འཐབ་ཕྱོགས་གཅིག་གྱུར་རྒྱ་དམར་གསང་བའི་ལས་ཁུང་གི་འགན་བསྒྲུབ་མཁན་མི་མང་བོ་ཡོད་རེད། མཚམས་རེར་བོད་ནང་ནང་མི་ཐུག་གི་ཡོད་མདོག་མདོག་གི་མི་ཧ་ཅང་མང་། ང་ནི་དེ་རིགས་ཚང་མར་དོགས་པ་ཡོད།
ཨ་མཆོག་བླ་མས་ཞབས་འདྲེན་བྱས་སོང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་སྙིང་རྗེ། ཁོང་ཚོས་ཨ་མཆོག་གི་ཡུལ་གྲུ་སོགས་ནས་བོད་སྤྱི་བའི་ལ་རྒྱ་ཐུགས་ལ་བཟུང་སྟེ་སྐུ་སྲོག་བཏང་བ་རེད། ཁོང་ཚོས་ཨ་མཆོག་བླ་མ་གཤིན་ལམ་སྐྱ་མོའི་ནང་ནས་སྒུག་ཡོད་ངེས་རེད། དེ་དུས་ཁོའི་རྐང་ལག་ཚང་མ་བཅགས་ཏེ་ལས་མཁན་ཨ་ཝ་གླག་མགོ་སོགས་རྩིས་སྤྲོད་བྱེད་པར་ཐེ་ཚོམ་མེད། ངས་ཀྱང་དེ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།
ད་ཨ་མཆོག་བླ་མས་བོད་དོན་བློས་བཏང་། བླ་མ་བློས་བཏང་། ཕྱི་མ་བློས་བཏང་། འདི་མེད་ཕྱི་མེད་གཉིས་བྱས་ཏེ་རྒྱ་དམར་གྱི་རྒྱུགས་ཁྱིའི་གྲལ་དུ་སོང་བ་རེད། ཨ་ཧོ་་་་ད་ཅི་བྱེད།
རང་གི་མི་རིགས་ལ་གདོང་གཏད་ནས་ཕེབས་ན་ངོ་ལོག་པ་རེད་ཟེར་ན་ཧ་ཅང་ཐལ་དྲགས་པའི་སྨྱོ་གཏམ་རེད། ཕྱི་ལོག་ནས་ལབ་རྒྱག་པ་ལས་རང་གི་མི་རིགས་ཚོའི་འཁྲེས་ལ་གཅར་ནས་བྱ་བཞག་རེ་སྒྲུབ་གང་ཐུབ་བྱས་ན་མ་འགྲིག་པ་གང་ཡང་མི་འདུག མདོ་དོན་བོད་དོན་འཐད་རྩོད་ཟེར་བ་དེ་ཕྱི་ལོག་གི་སྐྱིད་ས་བདེ་ས་ཞིག་ནས་སྟོང་སྐད་རྒྱག་རྒྱུ་གཅིག་པུ་རེད་བསམ་ན་གོ་རྟོགས་གང་ཡང་མེད་པའི་གླེན་པ་རེད།
དུ་བ་ལས་ནི་མེ་ཤེས་དང་། ཆུ་སྐྱར་ལས་ནི་ཆུ་ཤེས། ཞེས་པ་ལྟར་བོད་མིའི་དབུ་ཁྲིད་གོང་ས་མཆོག་དང་བོད་མིའི་སྐུ་ཚབ་བཙན་བྱོལ་སྒྲིག་འཛུགས་ལ་རྟག་པར་ཁ་གཏོང་མཁན་དེ་ཚོ་ནི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བཙན་བྱོལ་ནང་ཆེད་དུ་མངག་པའི་དྲ་མཆན་པ་རེད། དེས་ན་འཐབ་ཕྱོགས་གཅིག་གྱུར་གྱིས་མངག་པའི་དྲ་མཆན་པ་སུ་ཡིན་ཁ་བརྡའི་ནང་ལ་ཞིབ་འཇུག་གཅིག་བྱས་ན་གསལ་ཐིང་ངེར་ཆགས་འགྲོ་ཡི་རེད།
ཨ་མཆོག་རིན་པོ་ཆེ་ཕ་ཡུལ་བོད་དུ་གཏན་བཞུགས་ཐུབ་ཡོད་པའི་གནས་ཚུལ་དེ་གོ་དུས་ཧ་ཅང་དགའ་བོ་བྱུང་སོང་། ཁོང་ནི་གནའ་དེང་གི་ཤེས་རིག་ལ་མཁྱེན་རྒྱ་ཧ་ཅང་མཐོ་ཞིང་ཕ་ཡུལ་མི་མང་གིས་གུས་བཀུར་བྱེད་ཡུལ་གྱི་བླ་ཆེན་ཞིག་དང་། ཀུན་གཟིགས་པཎ་ཆེན་བཅུ་པ་ཆེན་པོ་མཆོག་གིས་ཐུགས་རེ་ཆེན་པོ་བྱེད་ཡུལ་ཞིག་ཀྱང་། ཉེ་འཆར་ཁོང་ཕ་ཡུལ་ལ་ཕེབས་ནས་ཕ་ཡུལ་གྱི་མི་མང་ལ་འཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་དང་བོད་རིགས་གཞོན་སྐྱེས་ཚོས་དེང་རབས་ཤེས་ཡོན་སྦྱང་དགོས་པའི་ལམ་སྟོན་དང་ཐ་ན་ཟ་མ་ཟ་སྟངས་སོགས་བག་མེད་ལོངས་སྤྱོད་མི་བྱེད་པར་ཡ་རབས་བཟང་སྤྱོད་བྱེད་དགོས་པའི་སློབ་སྟོན་གནང་བའི་སྒྲ་དང་བརྙན་མང་པོ་མཐོང་རྒྱུ་འདུག་པ་མ་ཟད་ཕ་ཡུལ་མི་མང་ལའང་ཕན་འབྲས་ཐོན་གྱིན་པའི་གནས་ཚུལ་འདུག
ཨ་མཆོག་བླ་མ་ཁུ་སིམ་མེར་བོད་ནང་ལོག་ཏེས་གཞིས་ལ་ཕན་པའི་ལས་སྒྲུབ་ཀྱིན་པ་ཞིག་ཡིན་ཚོད་མི་འདུག། རྒྱུ་མཚན་ཕྱི་ཕྱོགས་སུ་དམིགས་པའི་འཇིགས་སུ་རུང་བའི་ཀྲུང་གོའི་དྲ་བར་ཐོན་ཏེས། ཀྲུང་གོའི་མི་སེར་ལག་ལག་འཁྱེར་བླངས་བར་སྤོབས་སེམས་ཀྱིས་ཁ་ཕོ་གདངས་སྟངས་དེས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཏཱ་ལའི་བླ་མ་དང་བོད་ཐོག་འཛིན་པའི་སྲིད་ཇུས་ནི་ཡང་དག་ཅིག་ཡིན་པ་རང་བཞིན་གྱིས་ངོས་ལེན་ཆགས་པ་རེད་ལ། ཨ་མཆོག་ལོག་ཡུལ་གྱི་ས་ཁུལ་དེ་རང་གི་མེར་སྲེག་དོན་རྐྱེན་དེ་ཚོ་ནི་ཀྲུང་གོས་སེམས་རྩ་མི་བརྟན་པ་ཚོས་ནང་ཁུལ་གྱི་རྙོག་དྲ་ཞིག་ཡིན་ཚུལ་བཤད་པ་དེར་ངོས་ལེན་བྱས་ཟིན་པ་རེད། ད་ནི་ཨ་མཆོག་དཀར་འདོན་ག་ཚོད་བྱས་ཀྱང་དག་ཐབས་མེད་པས་ནག་ཉེས་དེ་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་རིན་ཆོག་པ་རེད།
ཧ་ཧ་ཧ་ཧ་ ད་ཡིན་ན་འདུག་ ཁ་བརྡ་ཐོག་ལ་སྔར་མཐོང་མ་མྱོང་བའི་གད་སྙིགས་འདྲ་བའི་ཡིག་ཚོགས་ཀྱི་ཕྱུགས་པའི་རྩོམ་ཞིག་ཀརྨ་བློ་གསལ་ཞེས་པས་བྲིས་འདུག་ ངོ་མ་སྙིང་རྗེ་སོང་ ཁྱེད་དང་ཅོ་རོ་ཉི་མ་ ད་དུང་ཁ་ཤས་འདུག་ ད་རྨོངས་གཉིད་ལས་སད་རན་འདུག་ག་ ཐབས་ཕྱོགས་གཅིག་འགྱུར་པུད་ནས་ཡིན་ན་ ངའི་ལན་དེ་ཡིན་ཅིག་བསྐྱལ་རོགས་ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ནི་དྭངས་གཙང་ལྷད་མེད་ཀྱི་གཉིས་ཕན་ཆབ་སྲིད་ཀྱི་ལྟ་བ་མཐར་ཐུག་དེ་ཡིན་འདུག་ ང་ཚོས་བོད་མིའི་རང་དབང་དང་རང་གི་རིག་གཞུང་སྲུང་སྐྱོབས་ ཁོར་ཡུག་སྲུང་སྐྱོབས་ སྐད་ཡིག་སྲུང་སྐྱོབས་སོགས་ཆེད་དུ་མེས་རྒྱལ་ཆེན་པོའི་མངའ་ཁོངས་སུ་བསྡད་ནས་རང་སྲིད་རང་སྐྱོང་ལ་རེ་བ་བྱེད་པ་ལས་ཁ་བྲལ་དུ་སོང་ནས་རང་བཙན་ནམ་ཡང་རྩོད་ཀྱི་མེད་ རང་གཞན་ཚང་མ་བདེ་བའི་ཆེ་དུ་ཡིན་། ལན་དེ་གཙང་མ་བྱས་ནས་བསྐྱལ་རོགས་ དེ་ནི་ད་བར་ཀརྨ་དང་ཅོ་རོ་རང་ཚོས་བསགས་པའི་ནག་ཉེས་དེ་ཚོ་ཕལ་ཆེར་དག་པའི་རེ་བ་ཡོད་ཀྱི་རེད་དོ།
དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་བསྐུར་རྒྱུའི་ལན་དེ་ཁུ་བྱུག་གིས་མི་འགྲོ་ངོ་ཨ་མཆོག་ལ་མི་བསྐུར་བར་ཀརྨ་ཅོ་ལ་བསྐུར་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ཁྱད་མཚར་ཡ་མཚན་རེད་ཡ། ད་ལན་གོ་སྐབས་ཡག་ཤོས་དེ་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་སྐུ་མགྲོན་ཨ་མཆོག་མི་འགྲོ་ངོ་མར་བསྐུར་བ་ལས་ལྷག་ཅིག་ཡོད་རྒྱུ་མ་རེད།
འོན་ཀྱང་ངས་གསལ་པོ་དག་པོ་བཤད་འདོད་པ་ནི་དབུས་འཐབ་ཕྱོགས་ཅིག་གྱུར་པུའུ་ལ་དགོས་ངེས་དེ།ཁྱོད་ཚོས་བཤད་བསྡད་པའི་རྒྱལ་གཅེས་ཆོས་གཅེས་དང་ཏང་རྒྱལ་ཁབ་ལ་བརྩི་བསྐུར། ལྷག་བསམ་རྣམ་དག་གིས་མེས་རྒྱལ་ལ་དགའ་ཞེན་གྱི་ལམ་དབུ་མ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་སྲོག་གྲོན་བཏང་བའི་རང་བཙན་དེ་མིན་པ་ནི་ཨ་ཅང་ཅང་། འོ་ན་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་དོན་དམ་གྱི་དགོས་མཁོ་ག་རེ་རེད་ཞུས་ན། ཨ་མཆོག་དང་གངས་ཅན་བླ་མ་ལྟ་བུའི་རང་འགུལ་གྱིས་ནག་ཉེས་ངོས་ལེན་གཙང་མ་ཞུས་ཏེས་མགོ་འབུལ་ལུས་འབུལ་ངང་ལོག་འགྲོ་རྒྱུ་དེ་རེད་དོ།
༼ཨ་མཆོག་སྤྲུལ་སྐུ་རྒྱལ་ནང་དུ་ལོག་ཐེངས་རེར། མེས་རྒྱལ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་ཕ་ཡུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་མཐོང་དུས་སེམས་གཏིང་ནས་གཟི་བརྗིད་ཀྱི་ཚོར་བ་སྐྱེས་ཡོང་གི་ཡོད། ཁོང་གིས། ཀྲུང་གོའི་མི་རིགས་ཆོས་ལུགས་སྲིད་ཇུས་ཧ་ཅང་ཡག་པོ་འདུག དགོན་པ་དང་རིག་དངོས། མི་རིགས་རིག་གནས་སྲུང་སྐྱོང་ཡག་པོ་བྱུང་འདུག རྒྱལ་ནང་གི་འཚོ་བའི་ཆུ་ཚད་མཐོ་བ་དང་སྤྱི་ཚོགས་འགན་སྲུང་སྣ་ཚོགས་ཡོད་པ་དེ་ལྟ་བུ་ནི་རྒྱ་གར་རྡ་ལམ་ས་ལའི་གྲོང་ཁྱེར་དུ་བསམས་ཀྱང་མི་ཕོད་པ་ཞིག་རེད། དེ་ལས་མེས་རྒྱལ་ཡག་པོ་འདུག ཕ་ཡུལ་ཡག་པོ་འདུག མེས་རྒྱལ་ནི་དེ་བས་དྲོ་སྐྱིད་ལྡན་པ་ཞིག་རེད། ད་ལྟ་ཀྲུང་གོར་འཛམ་གླིང་ཐོག་གི་རྒྱལ་ཁབ་སུས་ཀྱང་མཐོང་ཆུང་བྱེད་མི་ཕོད་ལ། མངའ་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླའི་རེ་བ་དང་མདུན་ལམ་ཀྱང་ཀྲུང་གོ་རེད་འདུག༽
རྟ་བདུན་དབང་པོ་ལགས་མི་དངོས་ཀྱིས་རང་ཉིད་བོད་ལ་ལོག་དགོས་པའི་རྒྱུ་མཚན་བྲིས་པར་གཟིགས་རོགས་་་་དག་སྣང་དང་དད་པའི་སྐད་ཆ་ཁ་ཁ་རེད།
སོ་སོའི་མི་ལ་ཡིད་ཆེས་མི་བྱེད་པར་རྒྱ་ནག་གི་བཤད་པའི་སྐད་་ཆ་ལ་ཚད་མར་འཛིན་མཁན་དག་་་་་རྒྱ་ཁྱི་ངོ་མ་དེ་ཚོ་རེད་་་་ཨ་མཆོག་བླ་མས་གཞིས་ལུས་མི་མང་གི་ཕན་བདེའི་ཆེད་དུ་་་རང་སྲོག་བློས་བཏང་གི་ངང་ནས་བོད་ལ་་་བཞུགས་པ་དེ་གཟི་བརྗིད་རེད་་་་དེ་ལ་མ་དགའ་རུང་སྡུག་གྱོང་རེད་ལོ་་་་་
ལོ་རབས་བརྒྱད་ཅུ་བའི་ནང་ལ་་་པན་ཆེན་རིན་པོ་ཆེ་ལ་་་་་བོད་ནང་གི་ལྷ་སའི་མི་ངན་ཁ་ཤས་ཀྱིས་རྒྱལ་ཚོང་པ་རེད་བཤད་པ་རེད།་་་་་ད་ལོ་བཙན་ནང་གི་སྲིད་འོས་མི་ཀླུ་བྱམས་ཀྱིས་་་༧གོང་ས་མཆོག་རྒྱལ་ཚོང་པ་རེད་ཅེས་བཤད་པ་རེད་་་་ཉེ་ཆར་ཨ་མཆོག་བླ་མ་ལ་་་་བཙན་བྱོལ་ནང་དཀྲུགས་མཁན་གྱི་ཀརྨ་བློ་གསལ་་་དང་དྲ་འབུ་འགས་རྒྱལ་ཚོང་པ་རེད་ཅེས་བཤད་པ་རེད་་་་་འདྲི་འདྲའི་རྒྱལ་ཚོང་པ་ཡོད་ན་བོད་མི་མང་གིས་གཟི་བརྗིད་རེད་་་
༼ཨ་མཆོག་སྤྲུལ་སྐུ་རྒྱལ་ནང་དུ་ལོག་ཐེངས་རེར། མེས་རྒྱལ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་ཕ་ཡུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་མཐོང་དུས་སེམས་གཏིང་ནས་གཟི་བརྗིད་ཀྱི་ཚོར་བ་སྐྱེས་ཡོང་གི་ཡོད། ཁོང་གིས། ཀྲུང་གོའི་མི་རིགས་ཆོས་ལུགས་སྲིད་ཇུས་ཧ་ཅང་ཡག་པོ་འདུག དགོན་པ་དང་རིག་དངོས། མི་རིགས་རིག་གནས་སྲུང་སྐྱོང་ཡག་པོ་བྱུང་འདུག རྒྱལ་ནང་གི་འཚོ་བའི་ཆུ་ཚད་མཐོ་བ་དང་སྤྱི་ཚོགས་འགན་སྲུང་སྣ་ཚོགས་ཡོད་པ་དེ་ལྟ་བུ་ནི་རྒྱ་གར་རྡ་ལམ་ས་ལའི་གྲོང་ཁྱེར་དུ་བསམས་ཀྱང་མི་ཕོད་པ་ཞིག་རེད། དེ་ལས་མེས་རྒྱལ་ཡག་པོ་འདུག ཕ་ཡུལ་ཡག་པོ་འདུག མེས་རྒྱལ་ནི་དེ་བས་དྲོ་སྐྱིད་ལྡན་པ་ཞིག་རེད། ད་ལྟ་ཀྲུང་གོར་འཛམ་གླིང་ཐོག་གི་རྒྱལ་ཁབ་སུས་ཀྱང་མཐོང་ཆུང་བྱེད་མི་ཕོད་ལ། མངའ་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླའི་རེ་བ་དང་མདུན་ལམ་ཀྱང་ཀྲུང་གོ་རེད་འདུག༽
གལ་སྲིད་ཨ་མཆོག་ནས་བཤད་པ་འདི་ལྟར་ཡིན་ན། རྔ་བའི་ནང་མེར་བསྲེག་ངོ་རྒོལ་ཛ་དྲག་བྱུང་དོན་ཅི། དེ་དག་མེས་རྒྱལ་ལ་རྒྱབ་གཏོད་དང་དུས་བདེ་གནས་འཇམ་ལ་ཟིང་ཆ་བསླངས་པ་མ་རེད་དམ། ༼མངའ་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླའི་རེ་བ་དང་མདུན་ལམ་ཀྱང་ཀྲུང་གོ་རེད་འདུག༽པ་རྣམས་ད་གསུང་ཞོག
ཀརྨ་བློ་གསལ་དེ་་་་་་རྒྱ་ནག་གིས་གསར་འགོད་་པ་དང་་་བོད་ལྗོངས་དྲྭ་བའི་བཀོད་པའི་ཚིག་རེད་་་་ནམ་རྒྱུན་ཁྱེད་ཀྱིས་རྒྱ་ནག་གསར་འགྱུར་རྫུན་མ་བལྟ་མཁན་ཞིག་ཁོབ་ཏེ་་་་་རྒྱ་ནག་གི་ཚིག་་་བདེན་པ་དང་ཚད་མ་་་ཡིན་པ་བཟུང་དགོས་རྒྱུ་མཚན་ཅི་རེད་་་ཁྱེད་རྒྱ་ནག་གི་མགྲིན་འཚབ་པ་ནི་ཡིན་རྒྱུ་མ་རེད་་་་་ཨ་མཆོག་བླ་མས་བཤད་པ་ཡིན་པའི་རྒྱུ་མཚན་་་ཅི་ཡོད་་་་བདེན་དབང་་་ཅི་ཡོད་་་་་ད་ཤོད་དང་་་་འདིའི་རྩོམ་སྤེལ་མཁན་རང་ཡིན་པ་་་་སོ་སོའི་རྩོམ་སྤེལ་བ་ལ་འགན་ཁྱེད་རང་གིས་ཁུར་དགོས།
ཕྱོགས་གཅིག་ནས་རྒྱ་ནག་གཞུང་དེ་དགྲ་བོ་དང་ཡིད་ཆེས་བྱ་ཡུལ་མིན་ཚུལ་བཤད། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་ཆེད་དུ་བསྒྲགས་པའི་གསར་འགྱུར་ལ་ཡིད་རྟོན་བྱེད་ཀྱིན་འདུག མི་འགའ་ཞིག་ནི་ལངས་ཕྱོགས་གང་ཡང་མེད་པའི་བླུན་པོ་ཆུ་སྣ་གར་ཁྲིད་རེད། ཁོ་ཚོའི་ཀླད་པའི་ནང་ལ་དབྱེ་ཞིབ་ཟེར་བའི་བསམ་བློ་ཞིག་འཁོར་ཡོད་ཚོད་མི་འདུག་པ་མ་ཟད་ཐ་སྙད་དེ་རྣ་བས་ཀྱང་ཧ་ལམ་གོ་མེད་ཚོད་རེད།
མིག་ལོང་བ་མིན་ན་ལྟོས་དང་། ཨ་མཆོག་དང་སུ་ལྷན་དུ་འདུག་གམ། ག་རེ་བྱེད་ཀྱིན་འདུག་གམ། གང་དུ་འདུག་གམ། བོད་ཕྱི་ནང་གཉིས་ཀར་གནོད་པ་ག་རེ་ཐེབས་ཀྱིན་འདུག་གམ། ཅིའི་ཕྱིར་རྒྱལ་གཅེས་ལ་སྔ་ཕྱི་མེད་པའི་དཔེར་མཚོན་དུ་གྱུར་པ་རེད་དམ། གངས་ཅན་བླ་མ་དང་དགེ་བཤེས་སུ་ཞིག་ཨ་མཆོག་བླ་མར་ཁྱད་པར་གང་འདུག་གམ། ལན་ཞིབ་ཏུ་ཕུལ་ཤོག
ཨ་མཆོག་རིན་པོ་ཆེས་་་ལོ་བདུན་ཅུའི་རིང་ལ་༧ གོང་ས་མཆོག་དང་བཙན་བྱོལ་གཞུང་བཅས་ལ་ཞབས་ཞུ་ལེགས་པར་བསྒྲུབས་ནས་ཐ་མར་་་༧གོང་ས་མཆོག་གི་བཀའ་འཁྲོལ་དང་གཞིས་ལུས་་ཕ་ཡུལ་མི་མང་གི་རེ་བ་བཞིན་་་གཞིས་ལུས་སློབ་འབངས་ས་ཡ་གཅིག་ཙམ་གྱི་་་ཕན་བདེའི་ཆེད་དུ་་་ཕྱིར་བོད་ཡུལ་ལ་ཕེབས་ན་་་རྒྱལ་ཚོང་པ་ཡིན་པའི་རྒྱུ་ཅི་རེད་་་་འདི་འདྲའི་རྒྱ་ནག་གི་ལུང་ཚད་མར་བཟུང་ནག་པོ་བཟོ་དགོས་པའི་རྒྱུ་ཅི་ཡིན་་་་སོ་སོའི་མི་ལ་་་་དཀྲུགས་ཤིང་རྒྱག་དགོས་པའི་རྒྱུ་མཚན་ཅི་རེད་་་་་
ང་རང་གིས་མཆོག་ངོ་མི་ཤེས། མི་སྒེར་ལ་སྡང་དོན་མེད། ཁ་སང་ཨ་ིས་གོང་ས་མཆོག་གི་སྐུ་ཚབ་ལ་སྐད་ཆ་བཤད་རོགས་ལབ་རྗེས། རྒྱ་གཞུང་གིས་ཨ་མཆོག་ཕྱི་ལ་ཁྲོམ་བསྒྲགས་བྱས་པ་དང་རྒྱལ་གཅེས་ལ་སྔ་ཕྱི་མེད་པ་བསྐྱར་དུ་གླེང་བ་རེད། དེ་ནས་ཨ་རི་སོགས་ཁ་བཙུམས་ནས་སྡོད་ཡ་རང་རེད། ད་ཅིག་ལབ་ད། ཨ་མཆོག་གིས་གནོད་པ་ག་རེ་བཟོས་འདུག ད་དུང་གོང་ས་མཆོག་གི་བཀའ་འཁྲོལ་ཡོད་མདོག་མདོག་མ་གནང་ལོ།
ཀ་རྨ་བློ་གསལ་་་་་ཁྱོད་དང་ཁྱོད་ལྟ་བུའི་རྒྱ་ནག་གི་མགྲིན་འཚབ་པ་ཚོས་་་་བོད་གཞིས་དང་བྱེས་ཀྱི་བར་དང་་ཆོས་བརྒྱུད་ཀྱི་བར་་་་་ཆོལ་ཁའི་བར་་་སོགས་དཀྲུགས་ནས་་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདི་ཁ་འཐོར་གཏོང་གང་ཐུབ་བྱེད་ཀྱི་ཡོད་པ་ནམ་རྒྱུན་ཁྱེད་ཀྱི་རྩོམ་དང་མཆན་སོགས་ཤེས་ཐུབ་་་་་ད་ཤོད་རྒྱ་ནག་གི་མགྲིན་འཚབ་པ།
ད་གནས་ལུགས་ཁུར་ཤོག ཁྱོད་དང་ཁྱོད་ལྟ་བུ་ཚོས་ཨ་མཆོག་བླ་མའི་ནག་ཉེས་འགེབས་ཐུབ་ཀྱི་མ་རེད། རྫུན་ལབ་ནས་གོང་སས་ཆོག་མཆན་ཡོད་མདོག་མདོག་མ་གནང་། གོང་ས་མཆོག་གི་དབུ་མའི་ལམ་ལའང་དོ་ཕོག་ཤོར་འདུག་པ་གོང་ཞུས་ལྟར་ཡིན། བོད་ལ་ངོ་ལོག་པའང་རྩོམ་ནང་བཀོད་པ་ལྟར་ཡིན།
ཁ་བརྡ་རྩོམ་སྒྲིག་པ་ལགས། ཀརྨ་བློ་གསལ་ཟེར་བ་འདིས་ཆེད་དུ་ནང་ཁུལ་དཀྲུག་ཤིང་དང་མི་གཞི་ལ་དམའ་འབེབས། རྒྱ་ནག་ལ་ཡིད་རྟོན་སོགས་དགྲ་དགའ་གཉེན་སྡུག་གི་རྩོམ་ཡིག་སྤེལ་ཅིང་ལོག་འགྲེལ་གྱི་ཞབས་མཆན་བཏབ་སྟེ་སོ་ཉུལ་བ་ཞིག་གི་ལས་ཀ་ཆ་ཚང་བྱེད་ཀྱི་འདུག་པས། དྲྭ་ཚིགས་འདིའི་རྩ་འཛིན་གཞིར་བཟུང་གིས་རྩོམ་ཡིག་ཕྱིར་བསྡུ་གནང་རོགས་ཞུ། གཞན་རྒྱ་ནག་གིས་ཆེད་དུ་བཟོས་པའི་དྲྭ་ཚིགས་ལྟ་བུར་གྱུར་ན་ང་ཚོར་གནོད་པ་ཆེན་པོ་ཐེབས་སྲིད།
ཀརྨ་བློ་གསལ་ཁྱེད་ཀྱིས་ཨ་མཆོག་རིན་པོ་ཆེ་ངོ་་མི་ཤེས་་་་རྒྱུས་ཙམ་ཡང་མེད་ན་་་་རྒྱལ་ཚོང་བ་རེད་འབྲི་དགོས་དོན་ཅི་ཡིན་ནམ། ཁོང་གིས་སློབ་འབངས་ས་ཡ་གཅིག་ཙམ་ལ་སེམས་ལ་རྨ་ཁ་བཟོ་དགོས་པའི་རྒྱུ་ཅི་ཡིན་ནམ་་་་་མ་ཤེས་ན་འབྲི་དགོས་ནི་མ་རེད་་་་་ཁ་སང་བང་ཆེན་གསར་འགོད་པས་རང་གཞུང་་གི་ལུང་ཁུང་ཁག་ལ་བཅར་ནས་་་་དེའི་སྐོར་ལ་་ལན་གང་ཡང་བརྒྱབ་མི་འདུག་་་ཁོང་ཚོས་ཨ་མཆོག་བླ་མ་ལ་་རྒྱུས་ཡོད་རེད་་་་་་རྗེས་མ་འབྲི་ན་་་་མདུང་ཁ་དགྲ་པོ་ལ་སྐོར་མི་ཐུབ་རུང་་་བོད་མི་ནང་ཁུལ་མ་བསྐོར་རོགས་་་་་་་་
གྲོགས་པོ་ཀརྨ་བློ་གསལ་་་་ཁྱེད་གྱིས་རྩོམ་རྫུན་སྤེལ་ཚར་ན་ཚང་་མ་ཁུངས་འཁྱོལ་ནི་ཡིན་མ་བསམ་་་་གདོང་དང་གདོང་ཐུག་ནས་་་གནས་ལུགས་བཤད་ཆོག་་་་་
རྩོམ་འདིའི་མཐའ་བསྡོམས་སུ། བོད་ནང་རྒྱ་མིའི་འཁྱེར་ནས་འོག་མཁན་ཚང་མ་རྒྱ་དགའ་དང་། རྒྱ་མིར་མགོ་བཏགས་ཞུ་མཁན་ཞེ་ཅིག་རེད་ཟེར་ནས་བཀོད་འདུག་པས། རྩོམ་ཡིག་འདིའི་མདའ་མོ་འཕེན་སའི་འབེན་དེ་བོད་མི་མང་ཚོགས་ཡིན་པའང་བརྗེད་མི་ཉེན།
* * * རྒྱ་མིའི་ལག་འཁྱེར་ལ་བཅོས།
ད་སྐད་ཤོར་འདུག་ག ཁག་མེད། ཨ་མཆོག་བླ་མ་ལས་ལྷག་གི་སོ་བ་ཞིག་བཙན་བྱོལ་ནང་བཙལ་ནའང་བརྙེད་ཡ་ཁག་པོ་རེད། སོ་བ་མྱུལ་མ་ལབ་ན་རྡ་སའི་མཐོ་རིམ་མི་སྣའི་ཁྲོད་ཡོག་རེད་མ་གཏོགས་མང་ཚོགས་ཉམས་ཆུང་ཁྲོད་ཡོད་མ་རེད། ཐ་ན་བོད་ནང་གི་འཐབ་རྩོད་ཀྱང་ཆུ་ལ་བསྐྱུར་བསམ་གྱི་ཡོད་མོད། ལམ་འགྲོ་བྱུང་གི་མ་རེད་དོ།
ཁ་བརྡ་རྩོམ་སྒྲིག་པས་བླང་དོར་ཤེས་བཞིན་ཡོད་པས་ཁྱེད་ཚོའི་སྣང་ངོར་མི་འགྲོ་བ་ཐམས་ཅད་འགོག་དགོས་པའི་བསམ་འཆར་ཤོད་པ་ནི་ཡ་མཚན་རེད། ཀརྨ་བློ་གསལ་ནི་མཁྱེན རྒྱ་ཆེ་བའི་མི་བུ་ཞིག་ལས་ཕྱོགས་རིས་ཀྱིས་བཟི་དད་པ་ཞིག་མ་ཡིན།
ཀར་བློ་ཟེར་བ་འདིས་ཨ་མཆོག་བླ་མར་སྐྱོན་བརྗོད་བྱེད་དགོས་པའི་རྒྱུ་མཚན་མཆན་ཐ་མ་དེའི་ནང་ནས་གསལ་པོ་མཐོང་ཐུབ། ཁོས་མདུང་རྩེ་གཏོད་ས་ནི་གོང་ས་མཆོག་གཙོས་པའི་རྡ་སར་ཡོད་པའི་བོད་མིའི་དབུ་ཁྲིད་ཚོ་རེད། འདི་ལྟར་བྱེད་དགོས་དོན་ཡང་བོད་མི་མང་ཚོས་རང་གི་གཞུང་དང་དབུ་ཁྲིད་ལ་ཡིད་ཆེས་མེད་པ་བཟོས་ཏེ་བོད་མི་རིགས་ཀྱི་གོང་བུའི་ནུས་པ་མཐོར་ཞིག་བཏང་བའི་གུང་ཕྲན་གྱི་མངོན་འདོད་སྒྲུབ་ཀྱི་ཡོད་པ་གསལ་པོ་གསལ་རྐྱང་རེད། ད་དུང་ཁ་བརྡའི་ནང་ལ་འདི་དང་འདི་ལྟ་བུའི་ལས་འགུལ་སྤེལ་མཁན་ཁག་གཅིག་ཡོད་པས་དེ་དག་ལ་ང་ཚོས་ངེས་པར་དུ་དོག་ཟོན་བྱེད་དགོས་ཤིང་། ཁ་བརྡ་ཚང་གིས་ཀྱང་རང་ཉིད་ཀྱི་སྤྱི་ཚོགས་ལ་འགན་ཁུར་ནས་འདི་རིགས་ལ་བསྟང་འཛིན་གནང་བའི་རེ་ཡོད།
བོད་ལ་ཕྱིན་པ་ཙམ་ལ་ཧ་ལས་རྒྱུ་མེད་ཀྱང་། ཁོ་འཐབ་ཕྱོགས་གཅིག་འགྱུར་གྱི་འགོ་ཁྲིད་ལ་ཐུག་པ་དང་། རྒྱ་ནག་གི་མི་སེར་ཆགས་པ་སྤོབས་པ་སྐྱེ་བྱུང་ཟེར་བ། ད་དུང་དོལ་རྒྱལ་མི་བསྟེན་པ་མནའ་སྐྱེལ་བ་གྲྭ་ཚང་གི་མིང་ཙམ་ཆེད་ཡིན་ཟེར་བ་ལ་ལྟོས་དང་། རྒྱལ་འཚོང་བ་ཡིན་མིན། ངོ་ལོག་པ་ཡིན་མིན་ཤེས་ཡོང་།
ལོང་རྟོགས། ཁྱོད་རང་ཡང་ལོགས་རྒྱུགས། བཙན་བྱོལ་བོད་མི་ཉམ་ཐག་ཚོའི་སྐྱོབ་གསོ་ལ་ཧམ་ཐོབ་བརྒྱབ་ནས་བསྡད་པ་ལས་ལོགས་རྒྱུགས། བོད་རང་བཙན་ནི་ཁྱོད་ལ་མི་མཁོ། དམངས་གཙོ་ནི་ཁྱོད་ལ་མི་མཁོ། རྒྱ་དམར་པོའི་རྩ་ཁྲིམས་འོག་ཏུ་ལོགས་རྒྱུགས། རྒྱལ་བཙོང་བ་ཁྱོད་ཚོའི་གྲལ་བཙན་བྱོལ་ནང་དུ་མེད་ན་ཡག་བ་འདུག ཉམ་ཐག་བོད་མིའི་སྐྱོབ་གསོ་ཡང་ཧམ་ཐོབ་བརྒྱབ་འགྲོ་གི་འདུག ལོགས་རྒྱུགས་་་ཨ་་་རྒྱལ་བཙོང་བ་ཚོ།
བོད་ལ་ཁུ་སིམ་སིམ་ལོག་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་རེད། དེ་ནི་ཡ་མཚན་གང་ཡང་མིན་པར་བཙན་བྱོལ་སྲིད་གཞུང་གི་བྱེད་རྣམ་གཞག་གི་གྲས་གཅིག་རེད། འོན་ཀྱང་ཨ་མཆོག་བླ་མ་དང་གངས་ཅན་བླ་མ་སོགས་ནི་ཀྲུང་གོའི་དྲ་ལམ་དུ་ཐོན་ཏེས་འཛམ་གླིང་ལ་བོད་ཀྱི་གནས་དོན་ནི་ཀྲུང་གོས་བཤད་པ་དེ་བདེན་སྒྲུབ་ཀྱི་དཔང་རྫུན་ཞིག་ཐོན་བཞིན་པ་དེ་རེད། མི་ངན་འདི་རིགས་དང་བྱ་སྤྱོད་འདི་རིགས་ཀྱིས་བོད་ཀྱི་གནད་དོན་ཐམས་ཅད་ཆུ་ནང་དུ་བསྐྱུར་གྱི་ཡོད་པ་རེད་ལ། ཀྲུང་གོས་སྤོབས་པ་ཆེན་པོས་སྦོ་བགྱེར་བགྱེར་བྱེད་པའི་གནས་དོན་ཡང་འདི་ལ་འཐུག་ཡོད་པ་རེད།
བྱེད་སྒོ་རྣམ་གཞག་ལ་བཅོས།
༥༩ ལོར་༧རྒྱལ་བ་རིན་པོ་ཆེ་བཙན་བྱོལ་ལ་ཕེབས་སྐབས་མའོ་ཀྲུའུ་ཞིས་འདི་ལྟར་བཤད་པ་རེད། ཏཱ་ལའི་བླ་མ་ཕྱི་ལ་བྲོས་བྱོལ་ཕྱིན་པར་ག་རེ་ཡོད་པ་མ་རེད་འགྲོ་ན་བཏང་བཞོག། བདུན་བཅུ་བརྒྱད་བཅུའི་རྒད་པོ་ཆགས་དུས་རང་འགུལ་གྱིས་ལོག་ཡོང་གི་རེད་ཟེར་བ་དེ་ད་ལྟ་མངོན་འགྱུར་ཡོང་གིན་པ་འདྲ།
ཅོ་རི། ང་ཚོ་སྐྱབས་གཅོལ་བོད་མི་ཉམ་ཐག་ཚོ་སྐྱོབ་གསོ་ལ་རྟེན་ནས་འཚོ་དགོས་པ་ལས་སྟོབས་ཆེན་རྒྱལ་ཁབ་ཀྱིས་གསོ་སྐྱོང་བྱེད་མཁན་མེད། འོན་ཀྱང་རྒྱལ་བཙོང་བ་ཁྱོད་དང་ཁྱོད་ལྟ་བུ་དག་ནི་དྲ་ཐོག་ལ་ཡིག་འཁྱམ་ཁོ་ན་བྲིས་ནས་སྡད་ན་དངུལ་དམར་གྱི་ཆར་པ་འབབ་ཡོང་གི་ཡོད་པ་མིན་ནམ། ང་ཚོ་ལོག་འདོད་ཀྱང་རྒྱ་གཞུང་གིས་ཏ་ལའི་ཁ་བྲལ་རུ་ཚོགས་རེད་ཅེས་ལོག་གཅུག་གི་མེད་པ་རེད། དེ་ལས་ཁྱེད་རང་སོགས་གོང་ས་མཆོག་དང་བཙན་བྱོལ་སྒྲིགས་འཛུགས་ལ་རྒོལ་མཁན་ཚོ་བཙན་བྱོལ་ནང་ལ་ཕུང་དཀྲུག་སླངས་ནས་སྡད་པ་ལས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ལ་ལོག་སོང་དང་ཁོ་ཚོས་སྣེ་ལེན་ཟབ་རྒྱས་ཞུ་ངེས་ཅན་རེད།
མའོའི་སྐད་ཆ་དངོས་གནས་ནི་འདི་རེད། བོད་བཙན་བཟུང་བྱེད་ཟིན་ནས་མའོ་ལ་སྙན་གསེང་ཞུས་སྐབས་མའོས་ཏ་ལའི་བླ་མ་ད་ལྟ་གང་དུ་ཡོད་ལབ་པ་རེད། དེའི་ལན་དུ་ཏ་ལའི་བླ་མ་བྲོས་ཤོར་སོང་ཞེས་ལབ་པས། མའོས་དེ་ལྟར་ན་བོད་ང་ཚོས་ལེན་ཐུབ་ཡོད་པ་མ་རེད་ཤོར་ཚར་བ་རེད་ཅེས་ལབ་པ་རེད།
ལོང་རྟོགས། ང་ཚོ་རང་གི་རྐང་པའི་ཐོག་ཏུ་རང་ལངས་ནས་ལྟོ་བཟའ་གི་ཡོད། ནུབ་ཕྱོགས་ཡུལ་དུ་ཟས་ཁང་ལག་གཡོག་བྱས་ནས་མི་ཚེ་བསྐྱེལ་གྱི་ཡོད། བོད་རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱེད་བཞིན་ཡོད། དམངས་གཙོ་ཡི་ཆེད་དུ་སྒེར་གཅོད་པ་ལ་གྱེན་ལོག་བྱེད་ཀྱི་ཡོད། མི་ཚེ་དོན་ལྡན་ཡིན།
རྒྱལ་བཙོང་བ་ཁྱོད་ཚོ་ག་རེ་ཡིན་ཟེར་དགོས་རེད། རང་བཙན་མི་མཁོ། དམངས་གཙོ་མི་མཁོ། དབུ་མའི་ལམ་ཡིན་ན་ཅིག་ལ་འགྲོ་ཡི་ཡོད་པར་མིན་ནམ། ཏང་གི་རྩ་ཁྲིམས་འོག་ཏུ་འགྲོ་ཡི་ཡོད་པ་མིན་ནམ། རྒྱ་བཙོང་བ་ཁྱོད་ཚོས་ཁ་བྲལ་བ་མིན་པའི་དག་འབུལ་ག་ཚོད་བྱེད་བཞིན་མེད་དམ། ལོགས་རྒྱུགས་་་ཨ
རྒྱ་གུན་ཁྲན་གྱི་རྩ་ཁྲིམས་འོག་ཏུ་རང་སྐྱོང་དང་རང་དབང་ཡོད་ཟེར་མཁན་ཁྱོད་ཚོ་ལོགས་འགྲོ་རོགས་བྱོས། ལོ་ཤས་རྗེས་སུ་རྒྱ་དམར་ཉེན་རྟོག་པས་རྐུབ་ལ་གློག་དབྱིག་གིས་རྡུང་དུས་རང་ངོ་ཤེས་འོང་གི་རེད། གཞན་ཁྱོད་ཚོས་རང་རློམ་དང་ལྟ་བ་མཁྲེགས་འཛིན་མ་གཏོགས་བྱེད་ཀྱི་མ་རེད། ལོགས་རྒྱུགས་་་་རྒྱལ་བཙོང་བ་ཚོ།
རང་བཙན་པ་རྣམས་རྒྱལ་བཙོང་པ། དབུ་ལམ་པ་ཡང་རྒྱལ་བཙོང་པ། རྒྱ་ལ་ངོ་རྒོལ་བྱེད་མཁན་རྒྱལ་བཙོང་པ། རྒྱ་དང་མཐུན་ལམ་བཟོ་མཁན་ཡང་རྒྱལ་བཙོང་པ། བཙན་བྱོལ་བོད་མི་ཡོངས་རྫོགས་རྒྱལ་བཙོང་པ་ཡིན་ན་བསམ། ཡང་ཅིག་བྱས་དུས་དོལ་རྒྱལ་པ་རྣམས་རྒྱའི་རྒྱུགས་ཁྱི། དོལ་རྒོལ་བ་རྣམས་རྒྱའི་རྒྱུགས་ཁྱི། དབུ་ལམ་པ་ཚོ་རྒྱའི་རྒྱགས་ཁྱི། རང་བཙན་པ་ཡང་རྒྱའི་རྒྱུགས་ཁྱི་ད་བྱས་ན་བོད་མི་ཡོངས་རྫོགས་རྒྱའི་རྒྱུགས་ཁྱི་ཡིན་ཚད་འདུག།
བོད་པའི་གྲྭ་པ་དང་། བླ་མ་འགའ་ཤས་ལ། འདོད་ཆུང་ཆོག་ཤེས་མེད་པའི་རྟགས་གསལ་པོ་བརྟན་པ་རེད།
ལུང་རྟོགས་ཟེར་བ་འདི་གང་ན་རྒྱལ་བཙོང་པ་ཡོད་ན་དེའི་རྒྱབ་བསྐྱོར་པ་ཆགས་འདུག མི་འདི་དག་ནི་དོན་གྱི༼བོད་བཏང་པ༽རེད་དོ།
བོད་རིག་གཞུང་ལ་བསྟུན་ན། དམངས་ཞེས་པ་དམན་པ་དང་། མངས་ཞེས་པ་མང་པོ་ལ་འཇུག་དགོས་་སྙམ། ལོག་ཅེས་པ་དང་། ལོགས་ཞེས་པའི་སྒྲ་གཉིས་ལ་གོ་དོན་མི་འདྲ་བ་ཡོད་དགོས། ལོག་ཅེས་པ་ཕར་སོང་ནས། ཚུར་འོང་བ་ལ་ལོག་ཟེར། ལོགས་ཞེས་པ་ངོས་ཀྱི་དོན་ལ་འཇུག དཔེར་ན། ནང་ལོགས་དང་། ཕྱི་ལོགས་ཞེས་པ་ལྟ་བུ། དེ་དག་ལ་ས་ཡང་འཇུག་ཡོད་པ་ཁ་ནས་མ་འཐོན་པའི་དབང་གིས་ནང་ལོག་དང་། ཕྱི་ལོག་ཅེས་འབྲི་ན། བོད་སྐད་དག་ཆ་རླུག་པ་པོར་འགྱུར་རོ།
ཅོ་རི། ཁྱོད་ཚོ་རང་གི་རྐང་པའི་ཐོག་ཏུ་ལང་ནས་ལྟོ་ཟ་ཡི་ཡོད་མེད་ཐེ་ཚོམས་རེད། ནུབ་ཕྱོགས་ཡུལ་དུ་ཟ་ཁང་ལག་གཡོག་བྱེད་མཁན་ཚོ་དྲ་ཐོག་ལ་རྟག་པར་ཡི་གེ་འབྲི་རྒྱུ་ཕར་ཞོགས། ཟ་མ་ཡང་འགྲོ་ཞོར་འདུག་ཞོར་ལ་ཟ་དགོས་པའི་བྲེལ་ཟིང་ཅན་ཞིག་ཡིན་རབས་ཡོད། འོན་ཀྱང་ཁྱོད་དང་ཁྱོད་ལྟ་བུ་དག་ནི་རྟག་པར་ཁ་བརྡའི་ནང་དུ་ཡིག་ཉོག་འབྲི་ནས་སྡད་སྟངས་ལ་ལྟས་ན། དྲ་ཐོག་ལ་ཡི་གེ་བྲིས་ནས་འཚོ་བ་སྐྱལ་མཁན་ཞིག་ལས་ཟ་ཁང་ལག་གཡོག་བྱེད་མཁན་ཞིག་མིན་པ་གསལ་པོ་རེད། དེས་ན་ཁྱོད་ཀྱིས་རྟག་པར་གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ལ་རྒོལ་སྟངས་ལ་ལྟས་ན་སུ་ཞིག་གི་ཆེད་དུ་འབྲི་མཁན་ཡིན་པ་ཡང་གསལ་པོ་རེད། དམངས་གཙོ་ཡི་ཆེད་དུ་དམངས་གཙོ་གསོལ་རས་གནང་མཁན་ལ་རྒོལ་གྱི་ཡོད་ན་དེ་ནི་རྩ་མ་ཚང་བའི་ལས་ཀ་ཞིག་གམ། ཁེ་ཕན་དོན་གཉེར་ཅན་གྱི་བྱེད་སྟངས་ལས་སྟངས་ཤིག་ལས་སེམས་རྣལ་དུ་གནས་པའི་མིའི་བྱེད་སྟངས་ཤིག་ལར་ནས་མིན་ནོ། རྒྱལ་བཙོང་བ་སུ་ཡིན་མིན་ནི་བཤད་མི་དགོས་པར་གཤམ་ནས་བཞག་འདུག་པས་གསལ་བཤད་དགོས་པ་ཅི་ཡང་མེད་དོ།
ཨ་མཆོག་རིན་པོ་ཆེ་ནི་ཤེས་རྒྱ་ཆེ། རང་ཚུགས་ཐུབ་མཁན། བྱ་བ་གང་ཡིན་ཡང་བགས་ཀྱིས་སྒྲུབ་མཁན་ཞིག་རེད། ཁོང་གིས་བོད་ནས་ཁྲིད་ཏེ་གྲྭ་ས་ཁག་ཏུ་དགེ་བཤེས་ལྷ་རམ་པ་ཐོན་པ་20་སྐོར་ཞིག་ཡོད། བོད་ནས་ཀྱང་འཁོར་ཡུག་སྲུང་སྐྱོབ་སོགས་བོད་ཀྱི་བསྟན་སྲིད་ཀྱི་དོན་སྒྲུབ་ངེས་སྙམ། ༡༽ད་རེས་སྐུའི་སྙུན་གཞི། ཕ་ཡུལ་གྱི་ལས་དོན་སོགས་ཀྱི་ཆེད་དུ་བོད་དུ་ལོག་པ་རེད། དབང་མི་ལག་ལ་ཡོད་དུས་ཁ་སེམས་མི་མཚུངས་པའི་སྐད་ཅ་རེ་བཤད་དགོས་བྱུང་བ་ཡང་སྤྱིར་བཏང་པ་རེད། གོང་ས་མཆོག་དང་བོད་གཞུང་ལ་དམིགས་བཙུག་པའི་སྐད་ཆ་ངན་པ་གང་ཡང་གསུང་མི་འདུག རྒྱ་གར་ནས་ད་བར་གྲྭ་རྐྱང་དཀྱུས་མ་བྱས་ན་བཞུགས་ཚུལ་ལ་བསམ་ན་བོད་ཀྱི་གོ་གནས་མ་བཞེས་པར་རྒྱའི་ལས་གནས་བཞེས་རྒྱུ་མ་རེད་སྙམ། འོན་ཀྱང་ཕྲན་ལྟ་་བུའི་བཤད་ག་ལ་ཐུབ། རང་དང་གཞན་གྱི་དོན་འགྲུབ་ན། །ཐབས་མཁས་སྤྱོད་པ་ཅི་ཡང་འོས། །༢༽རྒྱལ་བ་རིན་པོ་ཆེའི་ཉིན་ཐོ་ལ་གསང་བ་རྒྱ་ཆེན་པོ་ཡོད་པ་ནི་སྨྲོས་མ་དགོས། ད་ལྟའི་རྣམ་ཐར་ནི་ཕན་བདེའི་མཛད་པ་གཙོ་བོར་བྱས་ནས་སྤེལ་བ་རེད། འཛམ་གླིང་མི་སྣ་གལ་ཆེན་ཚོའི་བོད་དོན་ལ་བསམ་འཆར། གསང་གྲོས་བྱུང་བའི་སྐོར་བྲིས་མི་འདུག འབྲི་ཡང་མི་རུང་། བྲིས་ན་ད་ཡོད་ཀྱི་མི་དེ་དག་དང་རྒྱལ་ཁབ་ཚོར་གནོད་པ་གླེང་མོ་མི་ཉུང་བ་བྱུང་ངེས་པས་སོ། །དེ་སྐོར་ཨ་མཆོག་རིན་པོ་ཆེས་ཀྱང་མཇལ་ཡོད་མེད་བཤད་དཀའ་བས། ཁོང་གིས་གསང་བ་རྒྱ་ཆེན་པོ་ཞིག་ཕར་སྐྱེལ་རྒྱུ་མེད་སྙམ། །སྐབས་འདིར་ཨ་མཆོག་རིན་པོ་ཆེའི་སྐོར་ལ་གླེང་མོ་ཐལ་མི་ཆེ་མི་རུང་སྙམ། །
དོལ་འབངས་ཚོས་་ཨ་མཆོག་གི་སྐོར་ལ་ངན་རབས་སྡུག་ཚད་ལབ་ནས་གསངབ་འདྲ་སྔོགས་ཀ་བྱསའདུག ཕོ་རྒོད་ཟེར་བས་གྲོགས་པོ་ཡིན་རབ་ཡང་བཤད་འདུག དོལ་འབངས་ཚོས་ཉོན། རྒྱུས་མེད་རྒྱུས་གཏམ་མ་ཤོད། ༧རྒྱལ་བ་རིན་པོ་ཆེར་གསང་བ་འདྲ་མེད། ཏོག་ཙམ་ཡོད་པ་དེ་དོལ་འབངས་ཚོ་ལས་ལྷག་པ་སུ་གང་གིས་ཤེས་ཀི་མ་རེད། ཤ་ཁྲི་ལུང་རིག་ལས་ལྷག་པའི་གསང་བ་ཤེས་མཁན་གངས་རྒྱ་རེད། ལུང་རྟོགས་ཀྱིས་ཅོ་ཀར་བལྟ་ཚུལ་གླེང་བ་དེར་རྒྱབ་སྐྱོར་ཡོད། ཅོ་ཀར་རིག་བུ་ཟེར་བ་ཚོས་རྒྱ་བཤང་བཞེས་ཀི་ཡོད་རེད་ད།
རྒྱ་ནག་གི་དེང་སང་གི་བོད་སྐོར་ལ་བཟོས་པའི་གློག་བརྙན་དག་གི་ནང་དུ་ཏཱ་ལའི་ག་བ་འགྲོ་ན་འགྲོ་ཞེས་པ་བཟོས་འདུག མའོ་ཡི་སྡུག་སྐད་ཤོར་བར་བཟོ་བཅོས་མ་བྱས་ན། བོད་པ་ཚོའི་སེམས་ཤུགས་གཅོག་ནུས་ཀྱི་མི་འདུག བསམས་ཡོད་པའི་འདྲའོ། དྲང་ཚུགས་ཐུབ་པའི་ཁ་བརྡའི་དྲྭ་མཆན་པ་ལུང་རྟོགས་ཀྱིས་གསུངས་པ་བཞིན་མའོ་ཚེ་ཐང་གི་སྡུག་སྐད་ཤོར་བ་སྔ་མོར་ཡངས་གྲགས་རེད་ད།
མའོ་ཚེ་ཐང་ལ་ལྷ་ས་བླངས་པ་ཡར་ཞུ་བྱས་པར་ནམ་སང་ཏཱ་ལའི་བླ་མ་གང་དུ་ཡོད་མེད་དྲིས། ཏཱ་ལའི་བླ་མ་བོད་ཆེས་མཐོའི་ལོག་སྤྱོད་པས་བཙན་ཁྲིད་ཟིན་པ་རེད་ཅེས་བཤད། མའོ་ཚེ་ཐང་གི་རྐུབ་ལ་ཟ་འཁྲིགས་བྱུང་སྟེ་ཡར་ལངས་ཤིང་། ཁོང་ཁྲོ་ཆེན་པོས་ཁྱེད་ཚོས་བོད་བླངས་པ་མ་རེད་ཅེས་བཤད། འོ་འདི་ཚོ་ཨ་ཞང་ཚང་གི་གསང་བ་རེད་ད། གཏམ་འདི་དེང་སང་རྒྱ་ནག་གིས་ཞིམ་སྐྱག་སྦས་སྦས་བྱེད་ཀྱི་ཡོད།
དྲན་དཀར་ཅན་ཉོན། གོང་ས་མཆོག་གིས་མའོ་ཙེ་ཏུང་ལ་ཕ་ཡི་འདུ་ཤེས་ཡོད་ཅེས་གསུངས་ཡོད་པས། ཁྱོད་རང་ཚོས་མཚན་སྨད་ཞུ་རྐྱང་བྱེད་ཀྱི་འདུག་ག ད་རེའི་ཞབས་བརྡོལ་སོང་བ།
བོད་འབངས་ཀརྨ་ཅན་གྱི་གསན་རོགས།
མའོ་ཚེ་ཐང་ལ་ཕ་ཡི་འདུ་ཤེས་ཆི་གང་ཡོད་མྱོང་མེད།
རྒྱ་ཆེན་དོལ་རྒྱལ་བསྟེན་མྱོང་ཡོད་རེད།
ཁྱེད་རང་གི་བལྟ་ཚུལ་ལ་མའོ་ཚེ་ཐང་དང་དོལ་རྒྱལ་གཉིས་ཀས་སུ་སྡིག་རྐྱལ་རེད་དམ། སུ་ཡག་པི་རེད། ཁྱེད་རང་དོལ་རྒྱལ་ལ་ཕ་ཡི་འདུ་ཤེས་ཡོད་ན་ང་གཉིས་ཡག་སྡིག་རིགས་པས་འབྱེད་ཆོག།
ཁྱེད་རང་བོད་མི་ཞིག་ཏུ་བརྩིས་ཆོག་ཀྱང་། ཅོ་རི་ཉ་མ་ནང་བཞིན་དཔྱ་ཁྲལ་འཇལ་གི་ཡོད་མེད་ང་ལ་དོགས་པ་ཡོད་ཨ།
ཨ་མཆོག་བླ་མ་ནི། དགེ་ལུགས་པའི་བླ་མ་ཙམ་དུ་མ་ཟད། བོད་མིའི་ཆོས་རིག་ཐོག་བྱས་རྗེས་ཡོད་མཁན་ཞིག་དང་། གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་ཐད་མི་ཚེ་ཧྲིལ་པོར་ཤར་སྐྱོད་གནང་མཁན་ཞིག་ཆགས་ཡོད་ལ། ཁོང་རྒས་ཁར་བོད་དུ་ལོག་ཏུ་ལོག་པ་དེ་ཕུགས་རྒྱང་རིང་པོའི་བོད་མིའི་མདུན་ལམ་དང་གནས་སྟངས་ལ་མནོ་བསམ་བཏང་སྟེ་ཕེབས་པ་ཞིག་ལས་ཁོང་སྒེར་གྱི་གནད་དོན་ཞིག་ཆགས་མེད། ལྷག་པར་དུ་ཁོང་བོད་ལ་ཕེབས་པ་དེ་བཙན་བྱོལ་ནང་བསྡད་པ་ལས་ཀྱང་ལྷག་པའི་བོད་མིའི་གནས་བབ་ཐད་ཕན་ཐོགས་ཆེ་བ་ཡོད། ཁོང་ཕེབས་པ་དེ་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་མོས་མཐུན་ཐོབ་ཡོད་སྲིད། ད་ལྟའི་བོད་ནང་གི་གནས་སྟངས་ལ་བལྟས་ན།རིན་པོ་ཆེ་བོད་ལ་ཕེབས་པ་དེ་དུས་ཐོག་ཆར་པ་རང་རེད།
ཨ་མཆོག་བླ་མར་བཙན་བྱོལ་ནང་གྲུབ་འབྲས་ཐོན་པའི་ལས་ཀ་གང་ཡང་བྱེད་ཐུབ་མེད།་་་་་་་་བོད་ལ་ལོག་པ་དེ་ཁོང་གི་མ་འོངས་ཡང་སྲིད་ཆེད་དུ་ཡིན་སྲིད།