བོད ལྷ་ཀླུ་གཉན་གསུམ།
དེང་སང་དྲ་ངོས་གང་སར་བོད་ཀྱི་སྤྲུལ་སྐུ་དང་འབྲེལ་བའི་སྐད་ཆ་ནི་བོད་ཕྱི་ནང་གཉིས་སུ་མི་ཉུང་བ་ཞིག་ཡོང་དང་ཡོང་བཞིན་པ་ཡོད་པ་དེ་ནི་བཟང་ངན་གཉིས་ཀའི་ཆ་ཡོད་ཀྱང་། དོན་དངོས་ཐོག བོད་གངས་ཅན་གྱི་ཞིང་འདི་ལ་སྤྲུལ་སྐུའི་ལམ་ལུགས་འདི་དགོས་མིན་དེ་རེད།
དེ་འདྲ་ཡིན་ན་ངེད་ཅག་གིས་སྤྲུལ་སྐུའི་ལམ་ལུགས་འདི་མེད་པ་བཟོས་པ་ཡིན་ན། བོད་མི་དམངས་ཀྱི་མ་འོངས་པའི་ལོངས་ཕྱོགས་དང་། བོད་མི་རིགས་ཀྱི་བདེན་མཐའ་སེལ་བ་བཅས་ལ་ཕན་ཐོག་གི་རེད་དམ། ཕྱོགས་གཅིག་གིས་དེ་ནི་ཕན་ཐོག་ངེད་ཡིན་པར་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱི་འདུག དེས་ན་ཕན་ཐོག་པའི་རྒྱུད་རིམ་ཞིབ་མོ་ཞིག་གསུང་ན་ག་འདྲ་འདུག
ཕྱོགས་ཁག་གཞན་དག་གིས་བོད་མི་རིགས་ལ་སྤྲུལ་སྐུའི་ལམ་ལུགས་ནི་གཏན་ནས་མེད་དུ་མི་རིང་བ་ཞིག་ཡིན་པར་འདོད་ཀྱི་ཡོད་ལ། དེ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞིག་དང་མི་རིགས་གཞན་དག་གི་ཆོས་ལུགས་ཁྲོད་དུ་གཏན་ནས་དར་མྱོང་མེད་པ་ཞིག་ཡིན་པ་དེ་ཡིན་ལ། དེ་ནི་མི་རིགས་གཞན་ལ་མེད་པའི་འུ་ཅག་བོད་མི་རིགས་ཀྱི་རིན་ཆེན་ནོར་བུ་ཞིག་ཡིན་པར་བསྒྲགས་བཞིན་ཡོད།
ཕྱོགས་ངོས་གཞན་དག་གིས་དེ་ལྟར་མི་འདོད་ལ། མི་རིགས་གཞན་ལ་མེད་པ་དེ་ནི་ངེད་ཅག་ལ་ཡོད་དགོས་དོན་མེད་ལ། དེ་ཡི་ཕན་པ་ཡང་མེད་པར་འདོད་ཀྱི་ཡོད་པ་མ་ཟད། དེ་ལ་བརྟེན་ནས་མི་རིགས་འདི་ཉིད་རྨོངས་དད་ཀྱི་ཤུལ་འཛིན་ཞིག་ལས། རང་ཉིད་ལ་བརྟེན་པའི་མི་བུ་ཞིག་མི་ཆགས་པར་འདོད་ཀྱི་ཡོད།
དོན་དངོས་ཐོག བོད་ལ་སྤྲུལ་སྐུའི་ཡང་སྲིད་མི་དགོས་པར་འདོད་པ་དེ་དག་ལ་གསལ་འདེབས་ཤིག་ཞུ་རྒྱུ་ཞིག་ལ། དེ་ནི་དངོས་ནས་ཁྱེད་ཅག་གི་སེམས་གཏིང་གི་སྐད་ཆ་དངོས་དེ་ཡིན་ནམ། ཡིན་ན་ནི། ད་ནས་བཟུང་འུ་ཅག་གིས་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་བ་ཟེར་བ་ཞིག་མིག་གིས་མཐོང་མི་ཐུབ་ལ། ཡོད་ཀྱང་། དེ་ལ་བདག་པོ་རྒྱག་འདོད་མེད་པ་ཡིན་ནམ། དེ་མ་རེད། ༧རྒྱལ་དབང་ཚང་དེ་དང་མི་འདྲ་ཟེར་ན། གཏན་ནས་ནོར་བ་རེད། ༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་ཡང་སྤྲུལ་སྐུའི་ལམ་ལུགས་འདི་བརྒྱུད་དེ། ང་ཚོ་དེ་རིང་གི་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་འདི་ཐོབ་པ་རེད།
དེ་ཡི་མཚོན་པའི་དེང་སང་འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་སྤྲུལ་སྐུ་རྣམ་པའི་སྙན་གྲགས་ཀྱི་ཞོར་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་མཚོན་པའི་བོད་ཟེར་བའི་མིང་ཚིག་དེ་དར་སྤེལ་དུ་འགྲོ་བཞིན་ཡོད་ལ། སྤྲུལ་སྐུའི་ལམ་ལུགས་འདི་མེད་པ་བཟོས་པ་ཡིན་ན། སྤྲུལ་སྐུའི་ལམ་ལུགས་ནས་ཕེབས་པའི༧གོང་ས་རྒྱལ་བའི་དབང་བོ་འདི་ཚང་ནས་འགོ་བཙུགས་དེ་སྤྲུལ་སྐུའི་ལམ་ལུགས་མེད་པ་ཆགས་དགོས་ཀྱི་ཡོད་དུས། སྤྲུལ་སྐུའི་ལམ་ལུགས་མེད་ཉིན་ནས་བོད་མི་དམངས་ལ་དེ་ལས་གཞན་པའི་བོད་གངས་ཅན་པ་ཡོངས་ལ་གསུང་གཅིག་གིས་རྡོག་རྩ་གཅིག་དུ་སྒྲིལ་བར་བྱེད་ཐུབ་པའི་ཚབ་མཚོན་གཞན་ཞིག་གང་བྱེད་ཐུབ་ཀྱི་རེད་དམ།
འདི་ཡང་ངས་ཁྱེད་ཅག་ལ་རང་གི་རྨོངས་འཆར་ལས་ཉིན་འགའི་རིང་དུ་དྲ་ངོས་གང་ས་ནས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་རྒོལ་མཁན་གྱི་བོད་ཕྱི་ནང་གཉིས་སུ་རྩོམ་པ་པོ་དང་སྨྱུག་ཐོག་པའི་མིང་འཛིན་པ་མི་ཉུང་བ་ཞིག་གིས་གང་ས་ནས་འུར་ཆེན་པོ་སྒྲོག་བཞིན་པ་དེར་མ་གཟོད་པར་ལས་ཀའི་བར་གསེང་ནས་དུས་ཚོད་དམ་འཛིན་གྱིས་བོད་རིགས་སྤུན་ཟླ་དག་ལ་གསལ་འདེབས་ཀྱི་ཚུལ་དུ་བསམ་ཚུལ་དང་འབྲེལ་བའི་དྲི་བ་འདི་བཀོད་པ་ཡིན།
སེང་རྡོར་དྲ་བའི་ཁ་འབྱེད་ཨེ་ཐུབ་ཀི
ངས་བལྟས་ན་སྤྲུལ་སྐུའི་ལུགས་སྲོལ་གྱི་དུས་ཚོད་རྫོགས་ལ་ཉེ། སྤྱིར་ཕྲན་གྱི་རིག་གནས་ཆུ་ཚད་དམན་པས་བོད་ལ་སྤྲུལ་སྐུའི་ལུགས་སྲོལ་ག་དུས་ཞིག་ནས་བྱུུང་བ་དང་རྒྱུ་མཚན་གང་ལས་བྱུང་བ་ཡིན་པ་མི་ཤེས། གང་ལྟར་རྗེ་བཙོང་ཁ་བའི་སློབ་མ་གཉིས་ནས་རྒྱལ་བ་དང་པཎ་ཆེན་སྤྲུལ་སྐུ་བྱུང་ཚུར་ཡོད་པ་འདིར་གཞི་བྱས་ན་ལོ་༦༠༠་ཟིན་མེད་པ་རེད། དེའི་སྔོན་ལ་བོད་ཀྱི་སྤྲུལ་སྐུའི་ལུགས་སྲོལ་ཡོད་མེད་ཕྲན་གྱིས་མི་ཤེས།
གང་ལྟར་སྤྲུལ་སྐུའི་ལམ་ལུགས་འདི་འདས་བའི་ལོ་རྒྱུས་ནང་སྐབས་དེར་ཆོས་ལུགས་དང་སྲིད་དོན་གཉིས་ལ་ཕན་ཐོག་ཡོད་པ་ནི་མངོན་གསལ་རེད། ཕན་ཐོག་མ་བྱུང་ཟེར་མཁན་ཡོད་ན་ཡང་དེ་ཚོ་ལ་རྩོད་གླེང་བྱེད་འདོད་མེད་པས་འདིར་མི་འབྲི།
སྐབས་དེའི་སྤྱི་ཚོགས་ནང་དབང་སྒྱུར་གྱི་ལག་ཆའི་ཆེད་སྤྲུལ་སྐུ་ལམ་ལུགས་འདི་བྱུང་བ་ཡིན་པར་ངོས་འཛིན་བྱེད་མཁན་ཞིག་ཡིན། ད་ནི་དུས་རབ་གསར་བ་དང་འཁོར་ཡུག་གསར་བ་ཞིག་ཡིན་པས་སྔོན་གྱི་ལུགས་སྲོལ་དེ་རང་བཞིན་གྱིས་སྒྱུར་བ་ཞིག་བྱུང་གི་རེད་བསམ།
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཡུན་གནས་སམ་རྒྱུན་སྐྱོང་གི་དགོས་མཁོ་ཡོད་མེད་ཀྱི་གནད་དོན་ཐད་དེང་སང་བོད་ཕྱི་ནང་གི་ན་གཞོན་ཤེས་ཡོན་ཅན་གང་མང་་ཞིག་གིས་དཔྱོད་གླེང་བྱེད་བཞིན་པ་ནི་ངའི་བསམ་ན་གནས་ཚུལ་ཡག་པོ་ཞིག་རེད།
ཕྲན་གྱི་ལྟ་ཚུལ་ལ་ལམ་ལུགས་དེ་དང་ལམ་ལུགས་དེ་བེད་སྤྱད་ནས་རང་དང་སྡེར་གཏོགས་ཀྱི་ཁེ་ཕན་ཁོ་ན་ལས་བསམ་རྒྱུ་སྒྲུབ་རྒྱུ་མེད་པའི་སྤྲུལ་སྐུའི་རིགས་ལ་དགག་རྒྱག་ཐེར་འདོན་དང་མཐར་སྐྲོད་མ་བྱས་ཕྱིན་རང་ཅག་གི་ཆབ་དཔལ་རིག་གསུམ་གསར་འཛུགས་དང་འཕེལ་རྒྱས་གཏོང་པར་འགོག་རྡོ་ཆེན་པོར་ཆགས་རྒྱུ་གདོན་མི་ཟ།
༡་ལོ་རྒྱུས་ཀྱི་ངོས་ནས་བཤད་ན་སྤྲུལ་སྐུའི་ལམ་ལུགས་ནི་ཆོས་རྒྱུད་སོ་སོའ་དཔལ་འབྱོར་གྱི་ཁེ་ཕན་སྲུང་སྐྱོང་དང་ཆབ་སྲིད་ཀྱི་ཁེ་ཕན་རྒྱུན་ཉར་ཆེད་དུ་གསར་གཏོད་བྱས་པ་ཞིག་ལས་སངས་རྒྱས་ཀྱི་ཆོས་འཛིན་སྐྱོང་སྤེལ་གསུམ་སླད་མིན་པ་གསལ་པོ་རེད།
༢་རིག་གནས་ཀྱི་ངོས་ནས་བཤད་ན་སྤྲུལ་སྐུའི་ལམ་ལུགས་ནི་བོད་ཀྱིས་གསར་གཏོད་བྱས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་རེད་ལ། ཆོས་ལུགས་ཀྱི་མཁའ་དབུགས་ཧ་ཅང་སྟུག་པའི་བོད་མིའི་སེམས་ཁམས་འདུ་ཤེས་དང་འཕྲོད་པོ་བྱུང་པར་བརྟེན་ད་བར་ཡུན་གནས་ཐུབ་པ་བྱུང་བ་རེད། འོན་ཀྱང་རིག་གནས་ཞེས་པ་འདི་ལ་སྙིགས་དོར་བཅུད་ལེན་བྱ་དགོས་པ་མ་ཟད། དགོས་ཕན་མེད་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་ཕྱིན་སྲོལ་རྒྱུན་ཙམ་ཡིན་དུ་ཆུགས་ཀྱང་འདོར་དགོས་པ་རེད། སྤྲུལ་སྐུའི་ལམ་ལུགས་ཀྱི་རིག་གནས་སྣང་ཚུལ་ནི་དེའི་གྲས་སུ་གཏོགས་སོ།
༣སངས་རྒྱས་ཀྱི་ཆོས་འཛིན་སྐྱོང་བྱ་བར་སྤྲུལ་སྐུའི་ལམ་ལུགས་དགོས་མཁོ་མེད། སྤྲུལ་སྐུའི་ལམ་ལུགས་སྲུང་སྐྱོབ་བྱེད་མཁན་ཚོའི་རྒྱུ་མཚན་གཙོ་བོ་ཞིག་འདི་བགྲང་གི་ཡོད། བོད་དུ་དར་འཕེལ་བྱུང་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་སངས་རྒྱས་ཀྱི་ཆོས་ལུགས་རིན་ཐང་ཅན་འདི་གསར་གཏོད་དང་རྒྱུན་འཛིན་བྱ་མཁན་དག་གི་ཁྲོད་དུ་སྤྲུལ་སྐུའི་མིང་ཅན་གང་མང་བྱུང་ཡོད་ནའང། དེ་ཚོ་སྤྲུལ་སྐུ་ཡིན་པའི་རྒྱུ་མཚན་གྱིས་མིན་པར་སངས་རྒྱས་ཀྱི་ཆོས་ལ་མཁས་པ་དང་དགེ་བཤེས་ཡིན་པས་རེད། བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་སོགས་ཆོས་རྒྱུད་གྲུབ་མཐའ་ཁག་གི་གྲགས་ཅན་བླ་མ་མང་པོོ་ཞིག་སྤྲུལ་སྐུ་མིན་པར་མ་ཟད། སྤྲུལ་སྐུའི་ལམ་ལུགས་ལ་དགག་རྒྱག་བྱེད་མཁན་ཡང་མང་པོ་བྱུང་ཡོད། སངས་རྒྱས་ཀྱི་ཆོས་འཛིན་སྐྱོང་དངོས་གནས་བྱེད་ཐུབ་མཁན་ནི་བླ་མ་དགེ་བཤེས་ཚོ་ཡིན་པ་ལས་ལམ་ལུགས་ཤིག་གིས་བཟོས་པའི་སྤྲུལ་སྐུ་ཚོ་མིན། འོན་ཀྱང་ང་ཚོའི་སྤྱི་ཚོགས་ཁྲོད་དགེ་བཤེས་སམ་བླ་མ་མཁས་པ་ཞིག་ལས་སྤྲུལ་སྐུ་ཙར་ཙོར་ཅི་ཡང་མ་ཤེས་མཁན་ཞིག་ཡིན་ཡང་རྩ་ཆེན་ལྟ་བུར་བལྟ་བ་ནི་གསེར་དང་བུང་བ་ནོར་པ་རེད
༤བོད་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་མདུན་ལམ་ནི་དམངས་གཙོའི་ལམ་དུ་འགྲོ་རྒྱུ་ཧ་ལམ་ཐག་ཆོད་པ་རེད། འོན་ཀྱང་སྤྲུལ་སྐུའི་ལམ་ལུགས་འདིས་དམངས་གཙོ་ལེགས་ལམ་དུ་འགྲོ་བར་འགོག་རྡོ་ཆེན་པོ་བྱས་དང་བྱེད་་སྲིད་པ་རེད། དཔེ་མཚོན་ཆུང་ཆུང་ཞིག་གིས་བཤད་ན།་ཉེ་ལམ་འབྱུང་འགྱུར་གྱི་བཀའ་ཁྲིའི་འོས་དམིགས་བཏོན་པ་ཁག་ལ་ལྟོས་དང་། མིག་གོག་ཙམ་ལས་ཅི་ཤེས་འཇོན་ཅི་ཡང་མེད་པའི་སྤྲུལ་སྐུའི་མིང་ཅན་ག་ཚད་ཅིག་འདུག།
༥ ད་སྐབས་མི་རིགས་ཆག་འཇིག་གི་མཚམས་སུ་ཡོད་ཙང། གཅིག་གྱུར་གྱི་འདུ་ཤེས་ནི་ཧ་ཅང་གལ་ལོས་ཆེ། གཅིག་གྱུར་ཡོང་པར་མི་སྒེར་སོ་སོ་ནས་འགོ་བཙུགས་་རིག་པ་སྒྲིམ་པ་དང་ལས་འགུལ་སྤེལ་དགོས་པ་ཞིག་རེད། ད་ལྟའི་ཆར་རང་རེའི་གཅིག་གྱུར་གྱི་འདུ་ཤེས་ནི་ཧ་ཅང་ཚད་མཐོན་པོ་རེད་བསམ་གྱི་འདུག་ལ། དེ་ཡང་མི་རིགས་ཀྱི་ངོ་རྟགས་གཅིག་གྱུར་ཀྱི་རྨང་གཞི་དང་། ༧གོང་ས་མཆོག་གི་རླབས་ཆེན་དབུ་ཁྲིད་མཛད་བྱུས་ཀྱི་ཤུགས་རྐྱེན། ཕྱི་རྐྱེན་དཀའ་ངལ་གྱི་གནས་བབ་གཅིག་མཚུངས་ཡིན་པ་སོགས་ལས་བྱུང་པ་ལས་སྤྲུལ་སྐུ་ཚོས་བཟོས་པ་ཞིག་མ་རེད། ལོ་རྒྱུས་ཀྱི་དོན་རྐྱེན་ཁག་གི་རྩ་རྐྱེན་སྔོག་དང་སྤྲུལ་སྐུ་ཚོའི་ཕྱག་ཞབས་ཀྱི་རྗེས་ངེས་ཅན་རེ་མ་ཐེབས་ས་མེད་ལ། དེང་སང་ད་དུང་བོད་སྤྱི་ཚོགས་ཁྲོད་ངེས་ཅན་ཞིག་ལྷག་བསྡད་ཡོད་པའི་ས་གནས་ཆུང་ངུའི་འདུ་ཤེས་སོགས་ནི་སྤྲུལ་སྐུ་དང་དེའི་ལམ་ལུགས་སྲུང་སྐྱོང་གི་སྒར་ས་སྟེ་བླ་བྲང་ཚོས་ཆེད་དུ་བཟོས་པ་རེད། མི་རིགས་གཅིག་གྱུར་གྱི་འདུ་ཤེས་ཆགས་པར་ས་གནས་དང་དགོན་ཁག་ཕྱོགས་རེ་བའི་ཕྱོགས་རེས་འདུ་ཤེས་གཙང་ཕྱགས་བྱེད་དགོས་ལ། སྤྲུལ་སྐུ་ཕལ་མོ་ཆེའི་དམིགས་ཡུལ་བསྒྲུབ་བྱ་ནི་རང་འབྲེལ་གྱི་དགོན་སྡེ་བྱེ་བྲག་པ་དང་དེའི་དཔལ་འབྱོར་རྟེན་ས་ཚོ་བ་ཁག་སྲུང་སྐྱོང་རྒྱ་སྐྱེད་གཏོང་བཞིན་པ་དེ་རེད། དེ་ལྟར་བྱ་བར་ཆེད་དུ་འགལ་བ་བསླངས་ནས་ཤེས་རྨོངས་མང་ཚོགས་ཚོ་ལ་ངར་སློང་སྐུལ་འདེད་བྱེད་ཀི་ཡོད་པ་རེད།
སྐྱེས་བུ་དམ་པའི་ཡང་སྲིད་ངོས་འཛིན་རིང་ལུགས་འདི་ཐོག་མར་བསྟན་པ་སྔ་དར་གྱི་དུས་ནས་དར་བ་མངོན་ཏེ། དཔེར་ན་གུ་རུ་རིན་པོ་ཆེས་ལོ་ཆེན་བེ་རོ་ཙ་ན། ཡབ་བ་གོ་ཧེ་འདེབ་དང་། ཡུམ་འབྲང་བཟའ་བྱང་སྒྲོན་གཉིས་ཀྱི་སྲས་སུ་བུ་གད་འཇག་ཐང་རྟ་ཞེས་པར་བདག་ཅག་གི་སྟོན་པའི་ཉེ་གནས་ཀུན་དགའ་བོའི་ཡང་སྲིད་ངོས་འཛིན་གནང་བ་ལོ་རྒྱུས་དག་ཏུ་གསལ་བོ་འདུག་པས་སོ། འོན་ཀྱང་སྐུ་གོང་མིའི་གོ་ས་དང་བདག་དབང་ཆ་ཚང་ཡང་སྲིད་དུ་ངོས་འཛིན་བྱས་པ་ལ་སྤྲད་པའི་ལུགས་སྲོལ་དེ་རྒྱལ་བ་ཀརྨ་པ་ནས་དར་བ་ཡོངས་གྲགས་རེད།
ཡང་སྲིད་ངོས་འཛིན་རིང་ལུགས་འདི་ལ་སྡང་མཁན་མི་ཉུང་བ་ཞིག་དེང་སང་ཡོང་གིན་འདུག་པ་འདི་ལ་རྒྱུ་མཚན་མང་པོ་ཞིག་འདུག་ཀྱང་། གུས་པས་བསམ་ན། རང་རེའི་བོད་ཀྱི་གནས་ཚུལ་དང། བོད་ཀྱི་ལོ་རྒྱུས་རྣམས་ལ་གཟུ་བོའི་བློས་ཞིབ་ཏུ་བལྟས་ན། ཡང་སྲིད་ངོས་འཛིན་རིང་ལུགས་འདི་དར་མེད་ན། བོད་འདི་མིང་མེད་པར་ཆགས་ཟིན་པའི་ཐོག་ཏུ། དེང་སང་འཛམ་གླིང་འདིའི་གོང་དུ། བོད་ཀྱི་ནང་ཆོས་ཞེས་པའི་མིང་ཀུན་ལ་གོ་རྒྱུ་ཡོད་པ་ཞིག་ཆགས་ཡོད་པ་འདི་ཡང་མེད་པ་སྨོས་མེད་ཆགས་འདུག
ཡང་སྲིད་ངོས་འཛིན་རིང་ལུགས་འདི་དང། དཔེ་ཁྲིད་དགེ་རྒན་ལ་མཁན་པོ་ཟེར་མིང་འདོགས་རིང་ལུགས་དང་། ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་རབ་འབྱམས་པའི་དམ་བཅའ་བཞག་ནས་ལྷ་རམས་པའི་མིང་འདོགས་གནང་བའི་རིང་ལུགས་འདི་དག བོད་དུ་གསར་བཏོད་གནང་བ་ཡིན་པ་གཅིག་མཚུངས་དང། དེ་དག་ཁུངས་ཡོད་མེད་གཅིག་མཚུངས་ཡིན་པ་ཀུན་གྱིས་ཤེས་དགོས།
སྐྱེས་བུ་དམ་པའི་ཡང་སྲིད་ངོས་འཛིན་རིང་ལུགས་འདི་ཐོག་མར་བསྟན་པ་སྔ་དར་གྱི་དུས་ནས་དར་བ་མངོན་ཏེ།
དཔེར་ན་གུ་རུ་རིན་པོ་ཆེས་ལོ་ཆེན་བེ་རོ་ཙ་ན། ཡབ་བ་གོ་ཧེ་འདེབ་དང་། ཡུམ་འབྲང་བཟའ་བྱང་སྒྲོན་གཉིས་ཀྱི་སྲས་སུ་བུ་གད་འཇག་ཐང་རྟ་ཞེས་པར་བདག་ཅག་གི་སྟོན་པའི་ཉེ་གནས་ཀུན་དགའ་བོའི་ཡང་སྲིད་ངོས་འཛིན་གནང་བ་ལོ་རྒྱུས་དག་ཏུ་གསལ་བོ་འདུག་པས་སོ། འོན་ཀྱང་སྐུ་གོང་མིའི་གོ་ས་དང་བདག་དབང་ཆ་ཚང་ཡང་སྲིད་དུ་ངོས་འཛིན་བྱས་པ་ལ་སྤྲད་པའི་ལུགས་སྲོལ་དེ་རྒྱལ་བ་ཀརྨ་པ་ནས་དར་བ་ཡོངས་གྲགས་རེད།
ཡང་སྲིད་ངོས་འཛིན་རིང་ལུགས་འདི་ལ་སྡང་མཁན་མི་ཉུང་བ་ཞིག་དེང་སང་ཡོང་གིན་འདུག་པ་འདི་ལ་རྒྱུ་མཚན་མང་པོ་ཞིག་འདུག་ཀྱང་།
གུས་པས་བསམ་ན། རང་རེའི་བོད་ཀྱི་གནས་ཚུལ་དང། བོད་ཀྱི་ལོ་རྒྱུས་རྣམས་ལ་གཟུ་བོའི་བློས་ཞིབ་ཏུ་བལྟས་ན། ཡང་སྲིད་ངོས་འཛིན་རིང་ལུགས་འདི་དར་མེད་ན། བོད་འདི་མིང་མེད་པར་ཆགས་ཟིན་པའི་ཐོག་ཏུ། དེང་སང་འཛམ་གླིང་འདིའི་གོང་དུ། བོད་ཀྱི་ནང་ཆོས་ཞེས་པའི་མིང་ཀུན་ལ་གོ་རྒྱུ་ཡོད་པ་ཞིག་ཆགས་ཡོད་པ་འདི་ཡང་མེད་པ་སྨོས་མེད་ཆགས་འདུག
ཡང་སྲིད་ངོས་འཛིན་རིང་ལུགས་འདི་དང། དཔེ་ཁྲིད་དགེ་རྒན་ལ་མཁན་པོ་ཟེར་མིང་འདོགས་རིང་ལུགས་དང་། ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་རབ་འབྱམས་པའི་དམ་བཅའ་བཞག་ནས་ལྷ་རམས་པའི་མིང་འདོགས་གནང་བའི་རིང་ལུགས་འདི་དག བོད་དུ་གསར་བཏོད་གནང་བ་ཡིན་པ་གཅིག་མཚུངས་དང། དེ་དག་ཁུངས་ཡོད་མེད་གཅིག་མཚུངས་ཡིན་པ་ཀུན་གྱིས་ཤེས་དགོས།
ཡང་སྲིད་ངོས་འཛིན་བྱས་པའི་དམ་པའི་མིང་འཆང་རྣམས་ལ་ཆོག་དང་མི་ཆོག་བཅས་པ་གང་ཡང་མེད་པས། བུ་སྨད་དང་བཅས་ནའང་ཐང་། འོན་ཀྱང་བུ་སྨད་དང་བཅས་པ་དང་། རལ་བ་ཅན་གྱི་མཁན་པོའི་མིང་ཅན། ལྷ་རམས་པའི་མིང་ཅན་འདི་དག། སངས་རྒྱས་ཀྱི་བསྟན་པའི་ཆོམ་རྐུན་དངོས་ཡིན་པ་དམ་པ་གོང་མས་ཞལ་གྱི་དྲོད་མ་ཡལ་བ་བཞུགས་འདུག་པས། གཟབ་གཟབ་གནང་དགོས་པ་འདུག་གོ
སྤྲུལ་སྐུའི་ལམ་ལུགས་ནི་ངེས་པར་དུ་དགོས་པ་མེད་པའི་ཞབས་འདྲེན་རང་རེད། བོད་སྤྲུལ་སྐུས་ཕུང་བའི་ལོ་རྒྱུས་བཤད་ན་རྫོགས་རྒྱུ་མེད་ནི་ཞིག་ཡོད་རེད། རིག་པའི་རལ་གྲིས་ཅང་མི་ཤེས། སངས་རྒྱས་ཀྱི་བསྟན་པ་བཤིག་ན་སྤྲུལ་སྐུས་བཤིག་གི་རེད། ནང་པའི་འདུལ་བ་དང་ཡོངས་སུ་འགལ་བའི་ལམ་ལུགས་ཙོར་པོ་་འདི་མེད་པ་བཟོས་དགོས་ཀྱི་འདུག ཉེ་ཆར་ཏཱ་ལའི་བླ་མས་འབར་མའི་དགེ་སློང་ཞིག་དང་བགྲོ་གླེང་བྱས་པའི་སྒྲུང་ཐུང་ཞིག་ཡང་ཡང་གསུང་གིན་ཡོད་པ་འདི་ཡང་ཆོས་འདུལ་བ་དང་མཐུན་མིན་གྱི་སྐད་ཆ་ཞིག་མ་རེད་པས། དེ་ཡིན་ན་ངེས་པར་འདུལ་བ་དང་འགལ་བའི་མི་ཆོས་བླ་མའི་ལམ་ལུགས་སམ་སྤྲུལ་སྐུས་ལམ་ལུགས་མེད་བཟོ་དགོས་ཀྱི་འདུག
རིག་པའི་རལ་གྲིས་༼༼འོན་ཀྱང་བུ་སྨད་དང་བཅས་པ་དང་། རལ་བ་ཅན་གྱི་མཁན་པོའི་མིང་ཅན།༽༽ཟེར་བ་འདི་ལ་ངོས་ལེན་མེད་པ་ཟད་དགག་པ་ཡོད། མཁན་པོ་ཟེར་བ་སངས་རྒྱས་ཀྱི་སྐབས་ནས་ཡོད་རེད། ན་ལེཎྜའི་མཁན་རབས་གོ་ཨེ་མྱོང་། རལ་བ་ཅན་ཡང་ཆོས་འབྱུང་ལོ་རྒྱུས་རྙིང་པ་རྣམས་སུ་ཕུར་པ་མཁན་པོ་དང་གཤིན་རྗེ་མཁན་པོ་ཟེར་བ་མང་པོ་ཡོད་རེད། མ་ཟད་ཕྱི་པ་ལ་ཡང་མཁན་པོ་ཡོད་རེད་དཱ། ཝེ་བླུན་གཏམ་མ་བཤད་ལོ། རྒྱལ་ཁབ་འཛིན་སྐྱོང་བྱེད་པ་ལ་སྤྲུལ་སྐུ་ནང་བཞིན་ཙོར་པོ་ག་བ་ཡོད་རེད་ཡོད་མ་རེད། ཏཱ་ལའི་བླ་མ་ལ་མཚོན་ན་ཡབ་གཞིས་སྔ་ཕྱི་དང་རྒྱབ་ཚབ་སྔ་ཕྱི་བར་གྱི་རྩོད་རྙོག་ག་ཚོད་ཡོད་རེད། མདོར་བསྡུས་ནས་བཤད་ནབོད་སྤྲུལ་སྐུས་ཕོང་ཡོད་རེད། བཤད་ཚོད་མི་འདུག ཐ་ན་རྙིང་མའི་དགོན་པ་ཆུང་ཆུང་ཚོ་ལ་ལྟོས་དང་སྤུལ་སྐུ་ཟེར་བའི་ཁྱིམ་ཐབས་པ་དེ་ཚོས་ནེ་པ་ལའི་སྤྲང་པོ་ཆ་རེ་ལ་འབྲས་རྡ་ལི་རེ་སྤྲད་ནས་བསྟན་བདག་ཡིན་མདོག་མདོག་བཤད་ནས་བསྟན་པ་བཤིག་གིན་བཤིག་གིན་ཡོད་པ་ངོ་ཤེས་ཀྱི་ཨེ་ཡོད། སྡེ་སྣོད་འཛིན་པ་ཆེན་པོ་ཚོ་ལ་ཟུར་ཟ་བྱེད་ཀྱིན་ཡོད་རེད་དཱ།
དེང་སང་སྤྲུལ་སྐུ་ངོས་བྱེད་མཁན་ཡིན་ན་མི་ཆོས་བླ་མའི་རྫུན་བཤད་མཁན་་ཡིན་པས་ཁྱབ ཅེས་བརྗོད་ཆོག་ཡོད་། སྡོམ་པ་ཤོར་ཡིན་མིན་མི་ཤེས་ལསྤྲུལ་སྐུའི་འདུལ་འདི་ཤཱཀྱ་ཐུབ་འདུལ་བ་ཡིན་མིན་མི་ཤེས།
སྤྲུལ་སྐུ་སྤུས་དག་ལ་བརྩོན་དགོས་བགྱིད་རེད་མ་གཏོགས་སྤྲུལ་སྐུ་ལམ་ལུགས་མེད་པ་ལ་བརྩོན་ན་བསོད་བདེ་སྐམ་པོའི་ལམ་ནོར་བཞུགས་པ་རེད།
བོད་ལ་སྤྲུལ་སྐུ་དགོས་མིན་གྱི་སྐད་ཆ་ཐོག་དང་པོ་བཤད་མཁན་དེ་རྒྱ་དམར་དང་།དེ་ནས་བོད་ནང་གི་དམར་སྲུང་དམག་རྣམས་དང།དེ་ནས་དེང་སང་མི་ཚང་མས་ཁ་ནང་དུ་གླེང་གིན་ཡོད་པ་ཞིག་མཐོང་།ངས་སྐད་ཆ་རྡོག་རྡོག་འགའ་ཤས་བཤད།
ཚང་མས་དཔྱད་པ་ཐོངས།
གཅིག།བོད་ལ་སྤྲུལ་དགོས་མིན་གྱི་སྐད་ཆ་བོད་མི་དད་ལྡན་རྣམས་དང་།དགོན་པ་དག།ས་གནས་རང་གི་མི་རྣམས་ཀྱི་ཐག་གཅོད་རྒྱུ་ཤིག་ལས་།སྲིད་གཞུང་དང་།ལྷག་པར་ཏུ།དད་མེད་ཀྱི་དམར་སྲུང་དམག་རྣམས་ལ་དེའི་ཐོག་ཏུ་སྐད་ཆ་གླེང་རྒྱུའི་དབང་ཆ་མེད།
གཉིས།རྒྱ་ཆེ་ས་ནས་བཤད་ན།སྤྲུལ་སྐུའི་ལམ་ལུགས་ཀྱི་བོད་ལ་ཤིན་ཏུ་ནས་ཕན་ཆེན་པོ་ཐོགས་ཡོད་པ་དང།རྒྱལ་བོ་ལམ་ལུགས་དང།སྒེར་གཅོད་ལུགས་གང་ལས་དམངས་གཙོ་ཤིག་ཆགས་བསྡད་འདུག།
གསུམ།མི་མང་མ་འཐད་ན།གཞུང་གང་ཡིན་ཀྱང་ལམ་ལུགས་མེད་པར་གཏོང་བའི་དབང་ཆ་མེད།དེ་ལྟར་བྱ་འདོད་ན་།དེ་ནི་དམར་པོའི་ཤན་ཞུགས་པ་ཤིག་རེད།
བཞི།མི་མང་གིས་འདེམས་པ་ཡིན་ན།སྤྲུལ་སྐུས་སྲིད་ཀྱི་དབང་ཆ་འཛིན་མི་ཆོག་ཟེར་བ་དེ་ཡང་དམར་པོའི་ལྟ་བ་ཡིན།
འདི་ལྟ་བ་ཤིན་ཏུ་ནས་མང་པོ་འདུག།
༡༽ སྤྲུལ་སྐུ་རྫུན་མ་བཟོ་མཁན་སྤྲུལ་སྐུ་རེད། ༢
༢༽ སྤྲུལ་སྐུ་ངོས་འཛིན་བྱེད་མཁན་སྤྲུལ་སྐུ་རེད།
༣༽ མི་ཆོས་བླ་མའི་རྫུན་གྱི་འབྱུང་ཁུངས་སྤྲུལ་སྐུ་རེད།
༤༽ རྒྱ་དམག་བོད་དུ་ཁྲིད་མཁན་སྤྲུལ་སྐུ་རེད།
༥༽ སོག་དམག་བོད་ལ་འདྲེན་མཁན་སྤྲུལ་སྐུ་རེད།
༦༽ འདུལ་བ་རྨངས་ནས་བཤིག་མཁན་སྤྲུལ་སྐུ་རེད།
༧༽ ཆོས་སྲིད་གཉིས་ཀ་སྲེ་སླད་གཏོང་མཁན་སྤྲུལ་སྐུ་རེད།
༨༽ བསྟན་པ་སྒོར་མོར་བརྗེ་མཁན་སྤྲུལ་སྐུ་རེད།
༩༽ སྐྱ་མིན་སེར་མིན་བྱེད་མཁན་སྤྲུལ་སྐུ་རེད།
༡༠༽ འདུལ་བའི་གཞུང་དང་འགལ་ན་སྤྲུལ་སྐུ་འགལ།
༡༡༽ བོད་པའི་ལུང་པ་ཤོར་དོན་སྤྲུལ་སྐུར་ཐུག
༡༢༽ ཆོས་ལུགས་ནང་དམེ་རྒྱག་མཁན་སྤྲུལ་རེད།
༡༣༽ མདོར་ན་བོད་འདི་སྤྲུལ་སྐུས་ཕུང་ནི་རེད།
རྒྱ་ནག་ཉམས་ཞིབ་པ་ལགས། བོད་སྤྲུལ་སྐུས་ཕུང་བའི་ལོ་རྒྱུས་གནད་དུ་ཕོག་པ་ཤོད་ཐུབ་མཁན་ཞོགས་དུང་ངམ་བཀྲ་རྒྱལ་དུ་གྲགས་པ་དེ་རེད། དེ་ལ་མཁན་སྤྲུལ་མང་པོ་དགག་པ་རྒྱག་ཁུལ་བྱས་པ་རེད་དེ་དོན་ངོ་མ་ཞོགས་དུང་གིས་ཅི་ཞིག་ཤོད་ཀྱིན་ཡོད་ཁོང་ཚོས་ཤེས་མེད། ཞོགས་དུང་གིས་དགོངས་གཞི་ངོ་མ་ང་ཚོས་བོད་པས་ཆོས་ལ་དད་པ་བྱེད་ས་ནས་ཆོས་མིན་གྱི་སྤྱོད་པ་མང་པོ་བྱས་ཡོད་པ་དང་སྤྲུལ་སྐུས་ཆོས་དང་སྲིད་གཉིས་ཀའི་ཆ་ནས་ཞབས་འདྲེན་ཞུས་རྣམས་ཐེར་འདོན་བྱས་ཡོད། དེ་དངོས་གནས་ཡག་པོ་ཞེ་དྲག་རེད། བོད་པས་སྤྲུལ་སྐུ་ལ་དད་པ་བྱེད་པ་འདི་ལ་ཉེ་ཆར་ལྷམ་ཀོག་གིས་༼བླ་མ་དབང་ཤུགས་ཆེ་ས་ན་དམངས་གཙོ་མེད༽ཟེར་བའི་རྩོམ་དེ་ཡག་པོ་ཞེ་དྲག་བྲིས་འདུག ངས་བལྟས་ན་རྒྱལ་ཁབ་ཅིག་འཛིན་དགོས་ན་སྤྲུལ་སྐུས་ལམ་ལུགས་འདི་ལས་བཙོག་པ་ཞིག་མཐོང་གིན་མེད། ཧ་ལས་པའི་རྗེས་ལུས་དང་ཞབས་འདྲེན་རང་རེད། ཤཱཀྱ་ཐུབ་པའི་ཆོས་ལུགས་ནང་འདུལ་བ་ཟེར་བ་ཞིག་བཤད་ཡོད་པ་དེ་བོད་པའི་བླ་མ་མང་པོས་ཉམས་བཞེས་གནང་ཡོད། སྤྲལ་སྐུ་འདུལ་བ་དང་མཐུན་ནི་མ་རེད། དེ་ཚོ་ཆ་ཚང་བཤད་ཚོད་མི་འདུག
རྒྱ་ནག་ཉམས་ཞིབ་པ་ཁྱོད་ཀྱིས་་་༼༼གཅིག།བོད་ལ་སྤྲུལ་དགོས་ མིན་གྱི་སྐད་ཆ་བོད་མི་དད་ལྡན་རྣམས་དང་།དགོན་པ་དག།ས་གནས་རང་གི་མི་རྣམས་ཀྱི་ ཐག་གཅོད་རྒྱུ་ཤིག་ལས་།སྲིད་གཞུང་དང་།ལྷག་པར་ཏུ།དད་མེད་ཀྱི་དམར་སྲུང་དམག་ རྣམས་ལ་དེའི་ཐོག་ཏུ་སྐད་ཆ་གླེང་རྒྱུའི་དབང་ཆ་མེད།༽༽ཟེར་བ་འགྲིག་གི་མི་འདུག་ཟེར་གྱི་ཡིན། བོད་ལ་སྤྲུལ་དགོས་མིན་ཤཱཀྱ་ཐུབ་པའི་ཆོས་ལུགས་གཞིར་བཟུང་བྱས་ན་བཤད་ན་ཤཱཀྱ་ཐུབ་པ་ལ་དབང་ཆ་ཆ་ཚང་ཡོད་རེད། ཁོང་བསྟན་པའི་བདག་པོ་རེད། ཤཱཀྱ་ཐུབ་པས་མི་ཆོས་བླ་མ་མ་བཤད་གསུང་ཡོད་རེད། མི་ཆོས་བླ་མའི་རྫུན་བཤད་ན་སྡོམ་པ་ཤོར་གྱི་ཡིན་པར་གསུང་ཡོད་རེད། ཡིན་ན་ཡང་བོད་པའི་སྤྲུལ་སྐུ་ཟེར་བ་འདི་ཚོ་ཡིན་ན་མི་ཆོས་བླ་མའི་རྫུན་བཤད་མཁན་ཡིན་པས་ཁྱབ་ནི་རེད།
གཉིས། ཁྱོད་ཀྱིས་་་༼༼ གཉིས།རྒྱ་ཆེ་ས་ནས་བཤད་ན། སྤྲུལ་སྐུའི་ལམ་ལུགས་ཀྱི་བོད་ལ་ཤིན་ཏུ་ནས་ཕན་ཆེན་པོ་ཐོགས་ཡོད་པ་དང།རྒྱལ་བོ་ ལམ་ལུགས་དང།སྒེར་གཅོད་ལུགས་གང་ལས་དམངས་གཙོ་ཤིག་ཆགས་བསྡད་འདུག ༽༽ ཟེར་བ་འདི་ནོར་བ་རེད། སྤྲུལ་སྐུ་ལས་ལྷག་གི་སྒེར་གཅོད་ཅིག་ཡོད་ནི་མ་རེད། ལམ་ལུགས་འདི་ལས་རྒྱལ་པོའི་ལམ་ལུགས་ཡག་ནི་རེད། རྒྱལ་པོའི་ལམ་ལུགས་ཡིན་ན་བོད་རང་བཙན་ཤོར་མེད་ངེས་ཡིན།
གསུམ་པ། ཁྱོད་ཀྱིས་་་་༼༼ གསུམ།མི་མང་མ་འཐད་ན།གཞུང་གང་ཡིན་ཀྱང་ལམ་ལུགས་མེད་པར་གཏོང་བའི་དབང་ཆ་མེད།དེ་ལྟར་བྱ་འདོད་ན་།དེ་ནི་དམར་པོའི་ཤན་ཞུགས་པ་ཤིག་རེད། ༽༽ མི་མང་གིས་ཀྱང་ད་ཚོད་གཉིད་སད་ཡོང་གི་ཡོད་རེད། དཔེར་མཚོན་ཞིག་བཤད་ན་ཞོགས་དུང་དང་། ལྷམ་ཀོག ཀླ་མཁར་བྱམས་སོགས་ཀྱིས་རྩོམ་ཡིག་གནད་དུ་ཕོག་མང་པོ་བྲིས་ཡོད། མཁན་པོ་རེ་ཟུང་གིས་དེ་ལ་དགག་པ་རྒྱག་གི་འདུག་པ་བླ་མ་རྣམ་པ་ཚོ་མགོ་རྣམ་གཅིག་པའི་རྒྱུ་མཚན་གྱིས་ཡིན་གྱི་རེད་མ་གཏོགས་གནས་ལུགས་ཀྱི་ཐོག་ནས་བལྟས་ན་སྤྲུལ་སྐུ་ཚོས་ཆོས་བརྒྱད་འཁྲབ་ས་ནས་བོད་ཕུང་དུ་བཅུག་པའི་ཉེས་སྐྱོན་ཐེར་འདོན་ངེས་པར་དུ་དགོས་པ་རེད།
བཞི་པ་ཁྱོད་ཀྱིས་་་་༼༼ བཞི།མི་མང་གིས་འདེམས་པ་ཡིན་ན།སྤྲུལ་སྐུས་སྲིད་ཀྱི་དབང་ཆ་འཛིན་མི་ཆོག་ཟེར་བ་དེ་ཡང་དམར་པོའི་ལྟ་བ་ཡིན ༽༽ དེ་ཡང་འགྲིག་གིན་མི་འདུག དེ་རིང་སྤྲུལ་སྐུས་ལམ་ལུགས་ཐོག་ནས་དབང་ཆ་འཛིན་པ་དེ་ཡག་པོ་ཡོད་མེད་ཤོད་ཀྱིན་ཡོད་རེད་མ་གཏོགས། སྤྲུལ་སྐུ་ཞིག་མི་མང་གིས་འདམས་མ་འདམས་ཤོད་ཀྱི་མི་འདུག་པས། ཁྱོད་ཀྱིས་གོ་བ་ནོར་འདུག་ལགས། །
བཀྲ་ཤིས་ཀྱིས༼ཟེར་བ་འགྲིག་གི་མི་འདུག་ཟེར་གྱི་ཡིན། བོད་ལ་སྤྲུལ་དགོས་མིན་ཤཱཀྱ་ཐུབ་པའི་ཆོས་ལུགས་གཞིར་བཟུང་བྱས་ན་བཤད་ན་ཤཱཀྱ་ཐུབ་པ་ལ་དབང་ཆ་ཆ་ཚང་ཡོད་རེད། ཁོང་བསྟན་པའི་བདག་པོ་རེད། ཤཱཀྱ་ཐུབ་པས་མི་ཆོས་བླ་མ་མ་བཤད་གསུང་ཡོད་རེད། མི་ཆོས་བླ་མའི་རྫུན་བཤད་ན་སྡོམ་པ་ཤོར་གྱི་ཡིན་པར་གསུང་ཡོད་རེད། ཡིན་ན་ཡང་བོད་པའི་སྤྲུལ་སྐུ་ཟེར་བ་འདི་ཚོ་ཡིན་ན་མི་ཆོས་བླ་མའི་རྫུན་བཤད་མཁན་ཡིན་པས་ཁྱབ་ནི་རེད།”
ཁྱོད་སངས་རྒྱས་མ་རེད།ཞོགས་དུང་ཡང་སངས་རྒྱས་མ་རེད་།ཁྱོད་ཚོ་ལ་སངས་རྒྱས་ཀྱིས་གསུང་ལ་འགྲེལ་རྒྱག་རྒྱུའི་དབང་ཆ་ཡོད་པ་དེ་བཞིན་དུ།སྤྲུལ་སྐུའི་དགོས་བའི་འདོད་པའི་བོད་མི་མང་ལའང་དེ་ལྟར་འགྲེལ་བཤད་རྒྱག་རྒྱུའི་དབང་ཆ་ཡོད་པ་ཟད་།སྤྲུལ་སྐུའི་བཙལ་རྒྱུའི་དབང་ཆའང་ཡོད་པ་རེད།
བཀྲ་ཤིས་ཀྱིས་༼ཟེར་བ་འདི་ནོར་བ་རེད། སྤྲུལ་སྐུ་ལས་ལྷག་གི་སྒེར་གཅོད་ཅིག་ཡོད་ནི་མ་རེད། ལམ་ལུགས་འདི་ལས་རྒྱལ་པོའི་ལམ་ལུགས་ཡག་ནི་རེད། རྒྱལ་པོའི་ལམ་ལུགས་ཡིན་ན་བོད་རང་བཙན་ཤོར་མེད་ངེས་ཡིན།༽
དེ་ལྟར་ཡིན་པར་ཁྱོད་ལ་རྒྱུ་མཚན་ཅི་ཡོད་།རྒྱ་དམར་གྱིས་དེ་ལྟར་བཤད་གིན་འདུག་གམ།བོད་ལ་རྒྱལ་བོ་ལམ་ལུགས་ཡོད་ན།རྒྱ་མིས་བཙན་འཛུལ་བྱེད་མེད་སྒྲུབ་གིན་འདུག་།རྒྱ་མི་བོད་ལ་བཙན་འཛུལ་བྱས་པ་དེ་བོད་ཀྱིས་སྤྲུལ་སྐུ་ཚོས་བྱས་པ་རེད་དམ་།ཁྱད་པར་འདི་ཙམ་ཡང་ཤེས་གིན་མི་འདུག་གམ།
བཀྲ་ཤིས་༼ མི་མང་གིས་ཀྱང་ད་ཚོད་གཉིད་སད་ཡོང་གི་ཡོད་རེད། དཔེར་མཚོན་ཞིག་བཤད་ན་ཞོགས་དུང་དང་། ལྷམ་ཀོག ཀླ་མཁར་བྱམས་སོགས་ཀྱིས་རྩོམ་ཡིག་གནད་དུ་ཕོག་མང་པོ་བྲིས་ཡོད། མཁན་པོ་རེ་ཟུང་གིས་དེ་ལ་དགག་པ་རྒྱག་གི་འདུག་པ་བླ་མ་རྣམ་པ་ཚོ་མགོ་རྣམ་གཅིག་པའི་རྒྱུ་མཚན་གྱིས་ཡིན་གྱི་རེད་མ་གཏོགས་གནས་ལུགས་ཀྱི་ཐོག་ནས་བལྟས་ན་སྤྲུལ་སྐུ་ཚོས་ཆོས་བརྒྱད་འཁྲབ་ས་ནས་བོད་ཕུང་དུ་བཅུག་པའི་ཉེས་སྐྱོན་ཐེར་འདོན་ངེས་པར་དུ་དགོས་པ་རེད།༽
ཐོག་དང་པོ་ནས་གཉིད་བསྡད་ཡོད་པ་ཧ་གོ་སོང་།རྒྱ་གཞུང་གིས་ལོ་སུམ་བཅུ་ཙམ་ཞིག་ལ་སྤྲུལ་སྐུ་ལམ་ལུགས་འདི་རྨོངས་དད་རེད།ཁྱིམ་ཕྱགས་རེད་ཟེར་ནས་།བླ་མ་མང་ཆེ་བ་བསད་།བཙོན་དུ་བཟུང་།ལ་ལ་གསོན་པོ་བསྲེགས་།བོད་མི་རྣམས་ཀྱིས་ད་དུང་སྤྲུལ་སྐུ་རྣམས་ལ་དད་པ་ལྡོག་མེད་དུ་འདུག་པ་མ་ཟད་།ད་ལྟ་སྤྲུལ་སྐུ་ལོ་རེ་ནས་ལོ་རེ་བསྡད་ནས་ཇེ་མང་རེད།གནས་ལུགས་ཟེར་བ་གང་ལ་ཟེར་གྱིན་ཡོད་།ཁྱོད་ཀྱི་རྒྱ་དམར་གྱི་སློབ་གསོ་འོག་ནས་བྱུང་བའི་དམར་བོ་ལྟ་བ་དེ་ལ་གནས་ལུགས་ཟེར་གྱིན་ཡོད་དམ།
བཀྲ་ཤིས་ཀྱི༼ དེ་ཡང་འགྲིག་གིན་མི་འདུག དེ་རིང་སྤྲུལ་སྐུས་ལམ་ལུགས་ཐོག་ནས་དབང་ཆ་འཛིན་པ་དེ་ཡག་པོ་ཡོད་མེད་ཤོད་ཀྱིན་ཡོད་རེད་མ་གཏོགས། སྤྲུལ་སྐུ་ཞིག་མི་མང་གིས་འདམས་མ་འདམས་ཤོད་ཀྱི་མི་འདུག་པས། ཁྱོད་ཀྱིས་གོ་བ་ནོར་འདུག་ལགས།༽
འགྲིག་མིན་དེ་སུས་ཐག་གཅོད་དགོས་ནི་རེད།སུས་སྤྲུལ་སྐུ་ལམ་ལུགས་ཐོག་ནས་སྲིད་ཀྱི་དབང་ཆ་འཛིན་བསམ་གྱིན་འདུག།ཚང་མས་དམངས་གཙོ་དགོས་བ་རེད་ཟེར་གྱིན་མི་འདུག་གམ།ཟམ་གདོང་བླ་མ་འདེམས་ནས་བྱུང་བ་མ་རེད་དམ་།
སྤྲུལ་སྐུ་དགོས་མིན་རྩོད་ནས་འདུག་ཚོད་ཡོད་ས་མ་རེད། ཡུའུ་ཤུལ་ལ་ས་འགུལ་བྱུང་འདུག ངས་ད་ལྟ་cctvཐད་གཏོང་ལ་བལྟས་མ་ཁད་ཡིན། ཕལ་ཆེར་གནས་ཚུལ་ཚབས་ཆེན་ཡིན་ས་རེད། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།
བཀྲ་ཤིས་ལགས་།
རེད་ལགས་།ཞོགས་དུང་གིས་ནུབ་ཀྱི་ལྟ་གྲུབ་ཡིན་མདོག་མདོག་གིས་སྐད་ཆ་ཆེན་པོ་འགའ་བཤད་པ་རེད།དེ་བཞིན་མཁན་མིང་བཏགས་པ་འགའ་ཤས་ཀྱིས་དེ་ལ་ལན་འདེབས་ཁུལ་བྱས་པ་རེད།སྤྱིར་བཏང་དམར་སྲུང་དམག་གི་ལྟ་བ་ཞིག་ལ་ལན་འདེབས་དགོས་བའི་རྒྱུ་མཚན་ཅི་ཡང་མ་མཐུང་བར་བསྡད་བསྡད་པ་ཡིན།དམར་སྲུང་དམག་ཚོ་ལ་གནས་ལུགས་དང་།བདེན་པ་ཡང་དག་ཟེར་བ་དག་མི་དགོས་།འབོད་སྒྲ་སྒྲོག་པ་ལས་གཞན་ཅི་ཡང་མི་དགོས་བ་རེད།
སྐད་ཆ་འདོར་བསྡུས་ན་འདི་འདྲ་རེད།
གཅིག་།ཞོགས་དུང་གིས་ནང་ཆོས་ལ་འདྲིས་ཆ་ཅུང་ཙམ་ཡང་མེད་པས་།ནང་ཆོས་ཀྱི་དགོངས་གཞི་ངོ་མ་ཞིག་ག་ལ་ཤེས་།
གཉིས།ཞོགས་དུང་གིས་དམར་སྲུང་དམག་གི་ལྟ་བ་ལས་ནུབ་གྱི་ལྟ་བ་དང་།ལོ་རྒྱུས་ལ་འབྲེལ་བ་ཅུང་ཙམ་ཡང་མེད་།ནུབ་ཀྱི་ལྟ་གྲུབ་ག་ལ་ཤེས།
གསུམ།ཞོགས་དུང་སྲིད་དབང་སྒེར་གཅོད་པའི་ལས་ཁུངས་ལ་ལས་ཀ་བྱས་ཏེ་།ཐ་ན་བོད་ཀྱི་དཔེ་དེབ་གང་ཤིག་དཔར་ཆོག་མིན་གྱི་ཐ་མའི་ཐག་གཅོད་ལས་ཁུངས་དེའི་དོ་དམ་བྱ་བཞིན་ཡོད་པ་རེད་།རྒྱ་ནག་མ་ཡོང་བའི་སྔོན་དུ་བོད་དུ་དཔེ་ཆ་དཔར་ཆོག་མིན་གྱི་སྐད་ཆ་གང་དུའང་མི་འདུག་
བཞི།ཁྱོད་ཚོས་རྒྱལ་ཁབ་ཟེར་བའི་ནང་དོན་གསལ་བོ་ཤིག་ཧ་གོ་མི་འདུག་།ནུབ་དུ་རྒྱལ་ཁབ་ཟེར་བ་འདི་ལོ་མང་པོ་ཤིག་གིས་སྔོན་ནས་བྱུང་བ་མ་རེད།ཕལ་ཆེར་དུས་བཅོ་བརྒྱད་དང་བཅུ་དགུའི་རྗེས་སུ་བྱུང་བ་ཤིག་རེད།
བཞི།
ཁྱོད་ཚོས་སྐད་ཆ་གང་ཤིག་བཤད་ཀྱང་དམར་པོའི་སྐད་ཆ་ཤིག་མ་འདྲེས་བར་མི་ཐུབ་པའི་རྒྱུ་མཚན་ག་རེ་ཡིན་ནམ།འདི་ལ་བསམ་བློ་གཏོང་རྒྱུ་མི་འདུག་གམ།་ལྟོས་དང་
༼ངས་བལྟས་ན་རྒྱལ་ཁབ་ཅིག་འཛིན་དགོས་ན་སྤྲུལ་སྐུས་ལམ་ལུགས་འདི་ལས་བཙོག་པ་ཞིག་མཐོང་གིན་མེད། ཧ་ལས་པའི་རྗེས་ལུས་དང་ཞབས་འདྲེན་རང་རེད།༽
སྤྲུལ་སྐུའི་ལམ་ལུགས་ལ་རྒྱབ་སྐྱོར་མེད།
ྸཨ་མའི་བུ་ལ་འཇོན་ཐང་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་འདིས་ཕལ་ཆེར་རྩོད་རྙོག་འདི་ལ་སྤྱི་སྡོམ་རྒྱག་ཐུབ། ང་ཚོ་འཇོན་ཐང་ཅན་དགོས་པ་ལ་ཟ་འདྲེ་མང་པོ་མི་དགོས།
སྤྲུལ་སྐུའི་ལོ་རྒྱུས་དང་རྒྱབ་ལྗོངས་ལ་ཉན་འདོད་གཏན་ནས་མེད། སྤྲུལ་སྐུ་ཡ་རབས་ཚོས་ཐུགས་བསམ་བཞེས་ནས་སོ་སོ་སྤྲུལ་སྐུ་ཐ་མ་ཡིན་པའི་གསལ་བསྒྲགས་བསྐྱངས་ན་ལེགས། ཆོས་སྲིད་གང་ཐད་ནས་བལྟས་ན་ད་ནི་སྒྲུང་འདི་ལ་རྫོགས་ཚིག་འབྲི་བའི་དུས་ལ་བབས་འདུག་གོ།
ལུང་རྟོགས་ལགས།
དེ་དགོས་བ་རེད་ཅེས་བཙན་འགེལ་བྱེད་མཁན་སུ་ཡང་བྱུང་ཡོད་པ་མ་རེད་།ཁྱེད་རང་གིས་བླ་མ་ལ་མ་དད་ན་འགྲིག་གི་རེད་།ཡིནའང་དད་མཁན་དག་ལ་དེ་ལྟར་བྱེད་མི་ཆོག་ཅེས་འགོག་པའི་རྩོལ་བ་མི་བྱེད་པར་མངོན།བོད་ཀྱི་ལོ་རྒྱུས་ཐོག་ཏུ་བླ་མ་ལ་མ་དད་པར་བསད་པ་ཤིག་ད་བར་ཏུ་གོ་མྱོང་མེད་།དད་མེད་མི་རང་རང་གིས་ཐག་གཅོད་རྒྱུ་ཤིག་རེད།ང་ཚོའི་ཡུལ་དེ་ན་ང་ཆུང་དུས་མི་རྒན་པོ་ལོ་ལོན་འདི་འདྲ་ཞིག་ཡོད།ཁོས་སེམས་དང་བསམ་པའི་ཐོག་ནས་དད་པ་མེད་མཁན་ཞིག་རེད་།དེ་བཞིན་གཞན་ལའང་བླ་མ་དང་དགོན་པ་སོང་ནས་མི་ཚེ་བསྐྱལ་བ་ཤིག་རེད་།ཡིན་ནའང་ཁོ་ལ་བླ་མ་ངོ་ཤེས་འགའ་ཡོད་ཟེར་།ཁོ་རྩ་བ་ཉིད་ནས་རྣམ་ཤེས་ཟེར་བ་དང་།སྐྱེ་བ་ཕྱི་མ་སོགས་ལ་ཡིད་ཆེས་ཤིག་མེད་ཕྱིར་།བླ་མ་སོགས་ལ་སྐད་ཆ་ཅི་ཡང་བཤད་ཕོད་པ་ཤིག་ཡོད་པས་བླ་མ་དང་གྲ་བ་དེ་ཚོ་ཁོ་ལ་ཤིན་ཏུན་དགའ་བོ་ཡོད་ཟེར།ང་ཚོའི་ཡུལ་མི་དད་པ་ཆེ་བ་དག་གིས་”བདུད”ཅེས་རྩེད་མིང་འདྲ་བཏགས་ནས་།བཞག་ཡོད་པ་ལས་།ཁོ་ལ་བཙན་པོ་བྱས་པ་དང་།ཁྲིམས་ཆད་བྱས་བ་སོགས་ནམ་ཡང་མ་བྱུང་ཞེས་ཕྲན་ལ་མང་པོ་བཤད་སོང་།སྤྱིར་བཏང་ང་ཚོའི་བོད་ཀྱི་ལོ་རྒྱུས་དེ་འདྲ་རེད།དད་པ་མ་བྱས་པར་ལུས་ལ་ཁྲིམས་ཐག་བཅད་པ་དང་།གནོད་བྱས་བ་ཤིག་རྩ་བ་ཉིད་ནས་མི་འདུག།དེ་བས་དམར་བོའི་སྐད་ཆ་འདི་འདྲ་ཁྱེར་ཡོང་ནས་།སྤྲུལ་སྐུ་དགོས་ཟེར་བ་དག་གི་ཐོབ་ཐང་མ་འཕྲོག་།ང་ཚོ་ཚང་མ་རྒྱ་དམར་གྱི་འོག་ཏུ་སྐྱེས་བ་ཡིན་ཕྱིར་།ཞིབ་དུ་བསམ་ན།དོན་གྱི་དམར་པོའི་ཤུགས་རྐྱེན་མང་པོ་འདུག།འདི་དག་ལ་བསམ་བློ་ཞིབ་ཏུ་ཐོངས།
སྤུལ་སྐུའི་རྙོག་འདྲ་གཙོ་བོ་དེ་སྤྲུལ་སྐུ་མིན་པ་དེ་སྒྲུབ་དཀའ་བའི་རྐྱེན་གྱིས་རེད། སྤྲུལ་སྐུ་དེ་ལ་ཚད་དང་ཚད་གཞི། གཏན་འབེབ་ཞིབ་ཕྲ་མེད་པའི་རྐྱེན་གྱིས་སྤྱི་ཚོགས་ཐོག་མི་གསོད་ཁྲག་སྦྱོར་གྱི་ཡོང་གཞི་གཙོ་བོ་ཞིག་ལ་ཐུག རྒྱུ་མཚན་ནི་ལམ་ལུགས་འདི་དབང་ཤུགས་དང་། བླུ་བྲིད། གླེན་རྟགས་བཅས་ལ་བརྟེན་པས་སོ།
དབང་ཤུགས་ཀྱི་འཚོལ་སྟངས།
ཞྭ་དམར་དང་སི་ཏུའི་ཀརྨ་པའི་ཡང་སྲིད་ལྟ་བུ་རེད། གཉིས་ཀར་འཚོལ་བའི་ཐོབ་ཐང་ཡོད་སྟབས། ཁོང་གཉིས་ཀྱི་རྒྱབ་རྟགས་མཐོ་ལོས་ལས་སྐུལ་སྐུའི་ཡོན་ཏན་ཆེ་ལོས་ལ་ཁྱད་པར་མེད། སི་ཏུ་ལ་རྒྱལ་བ་རིན་པོ་ཆེས་རྒྱབ་སྐྱོར་གནང་སྟབས། ཨུ་རྒྱན་འཕྲིན་ལས་རིན་པོ་ཆེ་བོད་པ་མང་ཆེ་བས་ཀརྨ་པར་ངོས་འཛིན་བྱེད་ཀྱང་། གལ་ཏེ། རྒྱལ་བ་རིན་པོ་ཆེའི་རྒྱབ་སྐྱོར་དེ་ཞ་དམར་ལ་སྤྲད་ན། དེ་བཞིན་ཁོང་གིས་བཙལ་བའི་ཡང་སྲིད་དེ་ལ་བོད་པ་མང་ཆེ་བས་ཀརྨ་པར་ངོས་འཛིན་བྱེད་སྲིད། སྐབས་དེ་དུས་གཙོ་བོ་དབང་ལ་ཐུག་པ་ལས་སྤྲུལ་སྐུའི་ཡོན་ཏན་ལ་ཐུག་མེད། དེ་བཞིན་རྒྱ་མིས་པན་ཆེན་སྤྲུལ་སྐུར་བསྐོས་པ་བཞིན་དབང་ཤུགས་བེད་སྤྱད་པས་སོ། དཔེར་ན་པན་ཆེན་སྐུ་གོང་མ་བཅུ་པ་དེ་ཡང་རྒྱ་མིས་ཐག་བཅས་པའི་སྤུལ་སྐུ་ལས་བོད་པའི་འདེམ་ག་ཐོག་མ་དེ་མ་རེད།
བླུ་བྲིད་ཀྱི་འཚོལ་སྟངས།
སྤྲུལ་སྐུ་འཚོལ་སྟངས་གཞན་ཞིག་ནི་བླུ་བྲིད་ལ་བརྟེན་པ་དེ་རེད། རང་ཉིད་ཀྱིས་མོས་པའི་སྤྲུལ་སྐུ་དེ་ལ་ཡོང་མི་སྲིད་པའི་ཡོན་ཏན་མང་པོ་ཞིག་སྦྱར་ནས་གཞན་ལ་བླུ་བྲིད་བྱེད་པ་དེ་རེད། ཐབས་ཤེས་དེ་སྔོན་མ་བོད་ལ་ཤེས་ཡོན་མ་དར་བའི་གོང་ལ་འགྲོ་རྒྱུག་ཆེ་ཡང་དེ་སང་དེ་ཙམ་འཚམ་པོ་མེད་པ་གསལ་པོ་རེད། དཔེར་ན་སྤྲུལ་སྐུ་ག་གེ་མོ་འཁྲུངས་མ་ཐག་མེ་ཏོག་གི་ཆར་འབབ་ཟེར་བ་ལྟ་བུ་རེད།
གླེན་རྟགས་ཀྱི་འཚོལ་སྟངས།
ཐབས་གཞན་ཞིག་ནི་གླེན་པའི་ཐབས་ལ་བརྟེན་ནས་བསམ་བློ་དང་ཤེས་བྱ། རྒྱུ་མཚན་དང་ཚན་རིག་སོགས་ལས་ཡོངས་སུ་ཁ་བྲལ་ནས་བླ་མ་གཅིག་གི་ངག་ལ་བརྟེན་ནས་སྤུལ་སྐུར་ཐག་གཅོད་བྱེད་པ་འདི་རེད། དཔེར་ན་ཞང་པོ་བླ་མས་ཚ་བོ་སྤྲུལ་སྐུར་ངོས་འཛིན་བྱེད་པ་ལྟ་བུ།
ད་དབང་ཤུགས་དང་བླུ་བྲིད། གླེན་རྟགས་བཅས་ལ་བརྟེན་པའི་ལམ་ལུགས་འདི་བདག་པོ་རྒྱབ་དགོས་མིན་ལ་བརྩོད་པ་མང་པོ་རྒྱག་པ་འདི་ང་ཚོ་བོད་པ་ཚོའི་བསམ་བློའི་ཆུ་ཚད་ཇི་ཙམ་ལ་སླེབས་ཡོད་མིན་གྱི་རྟགས་གསལ་པོ་ཞིག་རེད་སྙམས།
དེས་ན་སྤུན་ཟླ་ཚོ། བོད་ཀྱི་སྲོལ་རྒྱུན་གྱི་གཏམ་དཔེ་ལ། བླ་མ་ཕལ་ཆེར་ཕྱུག་པོའི་ཁྱིམ་དུ་འཁྲུངས། མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་དུ་སྐྱེ་ཟེར་སྲོལ་ཡོད་པ་དེ་ཡི་ག་རེ་སྟོན་གྱི་འདུག་སྙམ་གྱི་ཡོད་དམ་ལགས།
ཁྱེད་ཅག་གིས་དངོས་ནས་བགྲོ་གླེང་ལྷུག་པོ་གནང་གི་འདུག ངས་ཞིབ་དུ་ཀློག་བཞིན་ཡོད། མུ་མཐུད་དུ་རང་རང་གི་བསམ་ཚུལ་དེ་ཀུ་ཡངས་པོ་དང་ཁྱོད་བཙོག་ང་བདེན་སོགས་མེད་པར་མངོན་ལྐོག་མེད་པར་དགོས་པ་རྒྱུ་མཚན་སྐོར་ལ་བོད་ཀྱི་ལས་དབང་དང་འབྲེལ་ནས་གསུང་རོགས་ཞུ།
སྤྱིར་བཏང་ང་རང་གྲུབ་རྟགས་ཟེར་བ་དང་།རྫུ་འཕྲུལ་ཟེར་བ་དེ་ཚོ་ལ་ཡིད་ཆེས་མེད་།དེ་བས་བླ་མ་ཞིག་ཡིན་ཟེར་བ་ཙམ་ལ་དད་པའང་ཟེར་བ་མེད་།ཡིན་ནའང་ངས་ལམ་ལུགས་འདི་དེ་འདྲའི་སྡུག་པ་ཤིག་ཏུ་མཐོང་མ་སོང།རྒྱ་གཞུང་གིས་ག་འདྲ་མེད་པར་བཏང་ཡང་།བོད་མི་མང་གིས་དེ་ཙམ་གྱི་སྤྲུལ་སྐུ་འཚོལ་བཞིན་འདུག་།འདི་སུས་ཀྱང་བཙན་ཤེད་བྱས་བ་མ་རེད་།རང་བཞིན་གྱི་བྱུང་བ་ཞིག་རེད།དད་པ་ཡོད་མཁན་ཚོ་ཡང་བླུན་པོ་མ་རེད་།ཁྱོད་དང་ང་འདྲ་བའི་བློ་གསལ་བ་དག་རེད་།དེ་ན་མི་གཞན་ཞིག་གིས་སྤྲུལ་སྐུ་བཙལ་ན།ཁྱོད་འདུག་མི་ཐུབ་པ་ཤིག་གང་ནས་ཡོང་གི་འདུག་།ང་ཚོས་ཁ་ནས་རང་དབང་དང་།དམངས་གཙོ་ལབ་བཞིན་ཡོད་པ་མ་རེད་དམ་།འདིའི་ཁྱད་པར་ཙམ་ཡང་ཤེས་གིན་མི་འདུག་གམ།འདོར་ན་ཁྱོད་སྤྲུལ་སྐུ་ལ་མི་དད་པའི་རང་དབང་ཡོད་ཆོག་ན་།མི་གཞན་ལ་སྤྲུལ་སྐུ་ལ་དད་པ་བྱེད་མི་ཆོག་པའི་རྒྱུ་མཚན་ཅི་ཡོད་།བོད་ཀྱི་རྩ་ཁྲིམས་ནང་དུ་བོད་ཀྱི་སྲིད་དབང་ཐམས་ཅད་ངེས་པར་ཏུ་སྤྲུལ་སྐུའི་མིང་བཏགས་པ་ཤིག་གིས་འཛིན་དགོས་ཞེས་ལབ་མི་འདུག་།སྤྲུལ་མིང་འཛིན་པ་ཤིག་ལ་དམངས་གཙོ་ལམ་ནས་སྲིད་དབང་ཐོབ་ན་།དེའི་སྲིད་འཛིན་མི་ཆོག་པའི་གཏན་ཁེལ་སུས་བྱས་པ་རེད་།
ཁྱོད་ཀྱིས་དཔེར་ཚང་མ་དཔེ་ལ་འགྲོ་བཞིན་མི་འདུག།ཁྱོད་ལྟར་ངས་ཀྱང་གོང་ས་སྐྱབས་མགོན་ཆེན་མོ།པན་ཆེན་རིན་པོ་ཆེ།ཚེ་ཏན་ཞབས་དྲུང་རིན་པོ་ཆེ།དུང་དཀར་སོགས་ནས་མི་བརྩིས་ན་འགྲིག་གི་རེད་དམ།
ང་ཚོས་རྩོད་དགོས་པ་ཞིག་ནི་ངེས་པར་དུ་རྩོད་དགོས་འདུག་པས། ས་འགུལ་དང་དུས་འགྱུར་ལ་ཁ་གཡར་ཏེ་མཚམས་འཇོག་ག་ལ་རུང་། འོན་ཀྱང་གནས་ལུགས་ཀྱི་རྩོད་གླེང་ནི་འཕེལ་རྒྱས་ཀྱི་རྩ་བར་མཐོང་བས་གྲོགས་པོ་ཚོ་ཁ་བརྡའི་རྩོད་གླེང་ལ་ཕེབས་ཤོག ངེད་རང་ཐེངས་དང་བོར་ཁ་བརྡའི་དྲ་བར་ཞུགས་པ་ཡིན་སྟབས་མི་འགྲིག་ས་ཡོད་ན་སློབ་སྟོན་དང་དགོངས་འཆར་གནང་རོགས་ཞུ། གཞན་སྤྲུལ་སྐུའི་ལམ་ལུགས་ཐད་ཁོ་བོས་སྔ་མོ་སྟེ་ལོ་རབས་དགུ་བཅུ་བའི་སྨད་ཙམ་ནས་ལྟ་ཚུལ་གང་མང་བོད་ཕྱི་ནང་ཉིས་ཆའི་ཁོར་ཡུག་ནས་བཏོན་མྱོང་ཞིང་། འུ་ཚོས ༧ གོང་ས་མཆོག་གི་ཡང་སྲིད་བཅོ་ལྔ་བ་འབྱུང་མིན་ཐད་ནས་ཐུགས་བསམ་གཏོང་རེ་མི་འདུག རྒྱུ་མཚན་མྱི་འཁྱོངས་སོང་ན་སྤྲུལ་སྐུའི་ལམ་ལུགས་ནང་སྤོས་ཏེ་མ་བྱོན་ནའང་འགྲིག་གི་རེད།
༅། །གཟུ་བོར་གནས་ན་འདི་ལྟར།
ནང་ཆོས་མདོ་སྔགས་གཉིས་ནང་སྐྱེ་བ་སྔ་ཕྱི་གསུང་ཡོད་དེ་བོད་ནང་དར་བ་མིན།
བླ་མའི་སྐྱེ་བ་ལ་ཡང་སྲི་ཟེར་། ཡིན་ན་ཡང་སྤྲུལ་རྫུན་ཡོད་། དེ་ནི་ཆོས་ཉིད་རེད།
འོན་ཀྱང་དེང་སང་སྤྲུལ་སྐུ་རྒྱ་ཆ་དགུ་བཅུ་གོ་རྒྱད་ཡན་རྫུན་མ་རེད། འདས་བའི་ལོ་རྒྱུས་ནང་རྫུན་མ་གྲངས་ལས་འདས་བ་བྱུང་ཡོད། དེ་ཡང་འཁོར་བའི་ཆོས་ཉིད་རེད། སྤྲུལ་སྐུ་སྤུས་དག་པོ་ཡོང་བ་དང་སྤྲུལ་སྐུ་རྫུན་མ་ཐེར་འདོན་བྱེད་དགོས། སྤྲུལ་སྐུ་མེད་ན་ནང་ཆོས་ལས་སྐྱེ་བ་སྔ་ཕྱི་ཡོད་པར་གསུངས་པ་ལ་སྐུར་བ་འདེབས་པ་རེད། རྟེན་འབྲེལ་ཁས་ལེན་ན་སྤྲུལ་སྐུ་ལ་སྤྲུལ་སྐུའི་རྟེན་འབྲེལ་འཛོམ་དགོས། མིང་གཅིག་བུ་ལ་རྟེན་འབྲེལ་མི་ཟེར། ནང་ཆོས་མི་ཤེས་པའི་ཞོག་དུང་སེང་རྡོར་སོགས་དམར་པོས་འཁོར་ཡུག་གི་ལྟ་བ་ལས་རྨིན་པའི་གསར་རྗེ་བ་ཚོས། བཙན་དབང་དང་ཧམ་བཤད་ཆེན་པོས་རིང་ལུགས་ལ་ཡིད་ཁྲོ་བར་མི་བྱ། ཆབ་སྲིད་ནང་བྱུང་བའི་སྤུལ་རྫུན་ཚོའི་གདོན་རིས་ནི་སྤྲུལ་སྐུ་མེད་བ་མ་རེད་ལ་སྤྲུལ་སྐུ་དེ་ཚོ་ཚད་ལྡན་མིན་པའི་བདེན་དཔང་ཞིག་ཏུ་ཤེས་དགོས
རྒྱ་ནག་ཉམས་ཞིབ་པ་ལགས། ཁྱོད་རྫུ་འཕྲུལ་དང་གྲུབ་རྟགས་ལ་ཡིད་ཆེས་མེད་ན་དམར་ཤོག་པ་ཞིག་ཡིན་གྱི་རེད། དེ་མིན་ཐེག་པ་ཆེན་པོ་ཁས་ལེན་མཁན་ཞིག་ཡིན་ཚེ་གྲུབ་རྟགས་དང་རྫུ་འཕྲུལ་ནི་སངས་ཀྱིས་གསུངས་ཡོད་ནི་རེད། ཤཱཀྱ་ཐུབ་པའི་ཆོས་ལུགས་གཞི་བཟུང་བྱས་ན་བླ་མ་ཟེར་བ་འདི་སོར་བྱང་སྔགས་གསུམ་རང་རང་གི་གཞུང་ལུགས་ནང་བཤད་ཡོད་ནི་རེད་མ་གཏོགས་བླ་མ་གཤེགས་སོང་དུས་འཚོལ་དགོས་པ་དང་། སྐུ་གོང་མའི་ཡང་སྲིད་ལ་བླ་མར་བརྩི་དགོས་པར་བཤད་མེད། བྱས་ཙང་མི་མང་ལ་མགོ་སྐོར་གཏོང་གིན་གཏོང་གིན་གཡོ་སྒྱུའི་གར་སྟེགས་ཞིག་ལ་འཛེགས་ཅི་ཐུབ་བྱེད་མཁན་གྱི་སྤྲུལ་སྐུ་འདི་ད་ནས་བཟུང་མཚམས་བཞག་ན་ཡག་གི་རེད།
ཁྱོད་ཀྱིས་༼མཁན་མིང་འཛིན་པ་༽ཞེས་ཟུར་ཟ་དང་ཕྲག་དོགས་ཀྱི་སྐད་ཆ་བཤད་ལུགས་ལ་བལྟས་ན་ཁྱོད་བླུན་པོ་ཕྱོགས་རིས་ཅན་ཞིག་རེད་འདུག ཁྱོད་ཀྱིས་མཁན་མིང་འཛིན་པ་ཟེར་ས་དེ་སུ་ཡིན་ངས་མི་ཤེས་མོད། སྟོན་པ་སངས་རྒྱས། བསྟན་གཏད་རབས་བདུན། རྒྱན་དྲུག་རྗེས་འབྲང་དང་བཅས་པ། དེ་བཞིན་དགའ་ལྡན་ཁྲི་པ་རིམ་བྱོན་གྱི་འགྲོ་སྟངས། རྙིང་མའི་རྗེས་འབང་དང་གྲུབ་ཐོབ་རྣམས་ཀྱི་གཙོས་མཁས་གྲུབ་དམ་པ་སྤྱི་ཡི་འགྲོ་སྟངས་ཤིག་ཡིན་པ་དང་། སངས་རྒྱས་རང་གི་ཆོས་ལུགས་ནང་སྡོམ་བརྩོམ་སྡེ་སྣོད་འཛིན་ཆེན་པོ་རྣམས་ལ་བླ་མའི་ཚད་གཞི་གསུངས་ཡོད་རེད། ཁྱོད་མི་ཤེས་ན་ཤེས་མདོག་མ་སྟོན།
དྲ་གྲོགས་དཔྱོད་ལྡན་རྣམ་པའི་དགོངས་ཚུལ་གསུང་པ་འགྲིག་འདུག སྤྲུལ་སྐུ་ཟེར་བའི་མི་ཆོས་བླ་མའི་ལམ་ལུགས་སམ། གཡོ་རྫུན་ལམ་ལུགས། མགོ་སྐོར་ལམ་ལུགས། སྐྱགས་རྫུན་ལམ་ལུགས་འདི་ད་མཚམས་འཇོག་རན་འདུག ལུང་རྟོགས་ཀྱིས་བཤད་པ་བཞིན་སྤྲུལ་སྐུ་བསམ་ཤེས་ཡོད་ན་སྤྲུལ་སྐུའི་ཐ་མ་ཡིན་པའི་ཁྱབ་བསྒྲགས་བྱེད་རན་འདུག འདི་སྤྲུལ་རྣམས་ཀྱིས་ཡིད་ལ་ཟུངས་ཤིག
དྲ་གྲོགས Gonpo ལགས་ཀྱིས། ༼༼སྤྲུལ་སྐུ་མེད་ན་ནང་ཆོས་ལས་སྐྱེ་བ་སྔ་ཕྱི་ཡོད་པར་གསུངས་པ་ལ་སྐུར་བ་འདེབས་པ་རེད།༽༽ཟེར་བ་འདི་ལ་ངས་ལམ་ཐུང་ཐུང་ཞིག་འདེབས། དཔལ་ན་ལེཎྜའི་དགོན་པ་ན་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ལུགས་སྲོལ་མེད་པ་རེད། དགོན་པ་འདིས་ཀྱང་སྐྱེ་བ་སྔ་ཕྱི་ལ་སྐུར་བ་འདེབས་པ་ཨེ་རེད། དེ་བཞིན་ཉན་ཐོས་ཀྱི་བསྟན་པ་དར་ཁྱབ་ཆེ་སའི་རྒྱབ་ཁག་དཔེར་ན། ཤྲི་ལིངྐ་། འབར་མ། ཐ་ལེན་སོགས་མང་ནི་རེད། ཁྱོད་ད་རུང་བྱིས་པ་རེད་འདུག
བཀྲ་ཤིས་ལགས།
ལྷ་བུ་དམ་པ་ཏོག་དཀར་པོའི་སྤྲུལ་པ་གོའུ་ཏམ་རེད།
དེ་ན་དཔལ་ན་ལེཎྜའི་དགོན་པའི་སྔོན་ལ་ཡིན་པ་འདྲ། སྤྲུལ་སྐུ་ངོས་འཛིན་ཡོད་ན་ཡོད་པ་དང་།
ངོས་འཛིན་མ་བྱུང་ན་མེད་པ་ག་ལག་ལ་འགྱུར་། མདོར་ན་སངས་རྒྱས་ནས་སེམས་ཅན་བར་ཡེ་ཤེས་དང་ལས་ཉོན་གྱི་སྤྲུལ་ཙམ་གྱི་ཁྱད་པར་རེད་རྒན་པོ་ལགས།
སྤུན་ཟླ་ཁྱེད་ཅག་ལ་ངས་འདི་ནས་སྤྲུལ་སྐུའི་སྐོར་གྱི་དམངས་ཁྲོད་གཏམ་རྒྱུད་དངོས་ཤིག་ངོ་སྤྲོད་བྱེད་ཆོག དེ་ལ་བསམ་གཞིགས་ནན་ཏན་བྱེད་རྒྱུ་ཡོད་འདུག
སྔོན་ཆད་སྤྲུལ་སྐུ་ཞིག་གྲོངས་རྗེས་སུ། ལུང་བ་ཕྱོགས་པས་བླ་ཆེན་མངོན་ཤེས་ཅན་ཞིག་གི་དྲུང་དུ་བཅར་ནས། ད་ངེད་ཅག་ལ་སྐུ་ཕྲེང་སྔོན་མའི་ཡང་སྲིད་འཁྲུལ་མེད་ཅིག་ངེས་འཛིན་བྱེད་རོགས་ཟེར་ནས་ཞུས་དུས།
བླ་ཆེན་ངོ་ཤེས་ཅན་དེས། ངས་བལྟས་པ་ཡིན་ན། བསྟན་པ་དང་འགྲོ་བའི་དོན་སྤྱི་ལ་ཕན་པ་ཞིག་ངེས་འཛིན་བྱས་པ་ཡིན་ན་ཡག་པོ་མེད་འགྲོ་ཟེར་ནས་གསུངས་དུས།
མི་མང་གིས། ཡིན་གཅིག་མིན་གཅིག་སྤྲུལ་སྐུ་འཁྲུལ་མེད་དེ་དགོས་ཀྱི་འདུག་ཟེར་ནས་ཨུ་ཚུགས་བྱས་སྟབས། བླ་མ་དེས་ངེས་འཛིན་བྱས་པ་བཙལ་འཚོལ་རྙེད་དུས། བྱིས་པ་དེ་ནི་ཁ་ཆུ་སྣ་ཆུ་ལ་བདག་པོ་མི་ཐུབ་པའི་དབང་བོ་རྣམ་ཤེས་མི་ཚང་བ་ལྟ་བུ་ཞིག་ཡིན་དུས། ཁོང་ཚོ་ཕྱིར་བླ་མའི་དྲུང་དུ་བཅར་ནས། བླ་མ་ལགས། སྐུ་མཁྱེན། བྱིས་པ་དེ་འདྲ་ཞིག་དངོས་ནས་ཁྲི་ལ་འགོད་རྒྱུ་ཡང་དཀའ་མོ་རེད་ཅེས་ཞུས་དུས། ད་ནི་ང་རང་ལ་ཐབས་ཤེས་ཡོད་པ་མ་རེད། ཁྱེད་ཅག་གིས་འཁྲུལ་མེད་ཅིག་དགོས་ཟེར་བ་མ་ཡིན་ནམ་ཟེར་ནས་དགད་མོ་དགོད་ཞོར་དུ་ལན་སྤྲད་པ་རེད
མི་མང་གིས། བླ་མ་ལགས། དེས་ན་ངེད་ཅག་ལ་ཡང་སྲིད་འཁྲུལ་མེད་ཡིན་ན། སྐྱེ་བ་གོང་མ་ནི་དེ་འདྲའི་རྣམ་རིག་དཔྱོད་ལྡན་ཞིང་མི་མང་ལ་དབང་ལུང་ཁྲིད་གསུམ་མི་ཉུང་བ་ཞིག་གནང་མྱོང་མཁན་ཞིག་ཡིན་ན། ཁོང་གིས་ཡང་སྲིད་འདི་འདྲ་ཞིག་གི་སྐྱེ་བ་ལེན་དོན་གང་རེད་ཅེས་ཞུས་པ་རེད།
བླ་མས། དེ་ནི་སྐྱེ་བ་སྔོན་མའི་དཀོར་མ་གཤེགས་པའི་རྣམ་སྨིན་རེད།
Gonpo ལགས། ལྷའི་བུ་དམ་པ་ཏོག་དཀར་དང་བོད་པའི་སྤྲུལ་སྐུ་འདྲ་ནི་མ་རེད། ལས་ཉོན་གྱི་སྤྲུལ་པ་སྤྲུལ་སྐུ་ཡིན་ན་སེམས་ཙན་ཐམས་ཅད་སྤྲུལ་སྐུ་ཅིའི་ཕྱིར་མིན། བོད་པའི་སྤྲུལ་སྐུ་འདི་ཚོ་ལས་ཉོན་གྱི་སྤྲུལ་སྐུ་འདྲ་ཡིན་ན་ཡང་ཐང་།
བཀྲ་ཤིས་ལགས།
བཟང་ངན་དང་བདེན་རྫུན་གཉིས་ཡོད་ན་ཡོད་མཉམ་མེད་ན་མེད་མཉམ་རྟེན་འབྲེལ་གྱི་རིག་པ་མ་ཤེས་ན་
མཐའ་གཉིས་སུ་ལྷུང་ཟེར་བ་དེ་ལ་ཟེར་རེད། བཀྲ་ཤིས་རྣ་ནག་མ་དང་ལྷན་གཅིག་ཏུ་ཟེར་བ་དབུ་མ་འཇུག་པའི་ནང་ཡོད་རེད་། དེའི་དོན་ཤེས་ན་ཁྱོད་ལ་འཕྲད་པའི་དཀའ་ངར་དེ་སེལ་ཐུབ་པ་རེད། ཡང་འཁོར་བའི་རང་བཞིན་འམ་ཁྱད་ཆོས་ཤེས་ན་ཡང་དཀའ་ངར་དེ་སེལ་ཐུབ་པར་ཕན་པ་རེད། གཞན་དུ་མའོ་པའི་བསམ་ཚུལ་ཡང་དེ་འདྲ་ཞིག་རེད། བརྒྱུར་བཅོས་དང་རིག་གནས་གསར་རྗེ་ཟེར་བ་ཡང་ལྟ་བ་དེ་ག་རང་རེད། མའོ་ལ་ཡང་ལྷག་བསམ་མེད་པ་མ་རེད། འཁོར་བའི་ཁྱད་ཆོས་མ་ཤེས། རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པ་རེད། མི་ས་ཡ་མང་པོའི་སྲོག་འཕྲོག་རིག་གནས་ཚང་མ་གཏོར་བ་རེད།
གང་ལྟར་བོད་ལ་སྤྲུལ་སྐུ་མེད་ཟེར་བ་དེས་རྒྱ་དམར་ལ་རྒྱབ་སྐྱོར་བྱེད་བ་རེད། བོད་དོན་ལ་གནོད་དེ་ལས་ཆེ་བ་ཡོད་མ་རེད། དོན་དུ་ད་ལྟའི་འཛམ་བུའི་དེད་དཔོན་ཆེན་པོ་སྤྲུལ་སྐུ་མ་རེད་། ཡང་རྫུན་མ་རེད་ཟེར་བ་རེད། དེ་ན་བག་ཡོད་གལ་ཆེ། བོད་རྒྱུད་ནང་ཆོས་ཀྱི་ཁྱད་ཆོས་རྫུན་མ་རེད་ཟེར་བ་དང་གཅིག་པ་རེད། བོད་རྒྱུད་ནང་ཆོས་ལས། རིམ་གཉིས་ཀྱི་གནས་འབྱོར་ལ་རྟེན་ནས་བྱུང་བའི་སྔག་གི་ཁྱད་ཆོས་ཞིག་རེད། འཇམ་དཔལ་མཚན་བརྗོ་འདི་རྒྱུད་རེད་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུང་བ་གསལ་པོ་རེད། རྒྱུད་སྡེའི་ནང་གསར་པོ་ཡོད་པ་རེད། བོད་ནང་དམིགས་གསལ་གསང་སྔགས་ཉམས་ལེན་ཁ་ཡོད་ལག་ཡོད་བྱུང་བའི་བདེན་སྤང་སྤྲུལ་སྐུ་ཟེར་བ་འདི་རེད་ཁྱད་ཆོས་ཡང་རེད། དེང་སང་བོད་ལ་རྒྱལ་ཁབ་མེད། ལུང་པ་དགྲ་ལག་ཤོར། ཉམ་རྒུད་ཚབ་ཆེན་འདི་ལ་རྟེན། སྤྲུལ་སྐུ་རྫུན་མ་ལུང་པ་གང་བྱུང་བ་འདི་ལ་ཞུ་དག་ཡང་དག་བ་བྱེད་ན་བོད་རྒྱུད་ནང་ཆོས་ལ་ལེགས་སྐྱེས་ངོ་མ་རེད། སྤྲུལ་སྐུ་ཟེར་བ་མེད་པ་རེད་ཟེར་བ་འདི་ང་ལ་ནང་ཆོས་ཀྱི་ཡོན་ཏན་ཅི་ཡང་མི་ཤེས་ཟེར་ཁས་བླང་པ་རེད།
gonpoལགས། ངས་བཤད་ན་མི་ཚར་གི ངས་སྐྱེ་བ་སྔ་ཕྱི་ཡོད་མེད་ཤོད་ཀྱིན་མེད། ངས་བོད་ཀྱི་ལུང་པ་ཤོར་བ་སྤྲུལ་སྐུས་ལན་ཟེར་གྱི་ཡོད། ད་ང་ཉལ་རན་སོང་མང་པོ་བཤད་མི་ཁོམ་གི
དཔལ་ན་ལེནྜ་ཡང་དམར་ཤོག་པ་ཡིན་གྱི་རེད། ཧ་ཧ་ཧ་ཧ་ཧ་ཧ་
མངའ་རིས་པཎ་ཆེན་གྱི་རང་རྣམ་དུ།
རང་ལུགས་ལ་མི་ཆོས་བླ་མ་ཡི། །
ཟོལ་ཟོག་གིས་ཐུབ་བསྟན་མི་ཟིན་པས། །
གཞུང་བཞིན་དུ་དམ་ཆོས་སྤྱོད་པ་དང་། །
ཚེ་འདི་ཡང་རླུང་ལ་འཕྱར་བར་འཚལ། །
གསུངས་པ་འདི་ཡང་དམར་ཤོག་པ་ཡིན་གྱི་རེད། ཨོ་རེད་ད་སྤྲུལ་སྐུ་ཚོའི་ཆོས་ལུགས་དེ་ངས་ཤེས་ཀྱི་འདུག
སྤུན་ཟླ་ཚོ། དྲང་མོ་ཤོད་དང་། བོད་ཀྱི་སྤྲུལ་སྐུ་གང་བྱོན་དེ་དག་གིས་བོད་དུ་བཞག་པའི་བྱས་རྗེས་ཆེ་བསམ། ཡང་ན། གཏོར་བཤིག་ཐེབས་པ་དང་བོད་མི་རིགས་ཀྱི་བདེན་དོན་ལ་འགན་མ་བླངས་པ་ཤུགས་ཆེན་པོ་བྱུང་འདུག དེ་ནི་རང་རང་སོ་སོའི་ངོས་ནས་སེམས་བསམ་པ་རྣམ་དག་གིས་ད་ལྟའི་བར་རང་གི་ཉམ་མྱོང་དང་ལོ་རྒྱུས་སོགས་ལ་ཁུངས་ཐུག་ནས་གསུང་རོགས་ཞུ།
སྤྲུལ་སྐུ་དང་སྤྲུལ་སྐུའི་ལམ་ལུགས་ནི་རང་གི་ཁེ་ཕན་གཙོ་གཉེར་བྱེད་མཁན་དག་གིས་བསླངས་པའི་ལམ་ལུགས་དམིགས་བསལ་བ་ཞིག་དང་དབང་ཤུགས་ཆེ་བའི་མི་ཞིག་གི་འདུ་ཤེས་ཅན་དག་ལ་བསྒྱུར་བའི་མི་ཞིག་གི་འདུ་ཤེས་མེད་པའི་སྲོག་ཆགས་གཞན་ཞིག་གི་ཁོངས་སུ་དེད་པ་ལྟ་བུ་རེད། གང་ལྟར། འདི་འདྲའི་ལམ་ལུགས་ཀྱིས་བོད་མི་རིགས་ཀྱི་ནུས་པ་དང་སྟོབས་ཤུགས་ཉམས་ཆགས་སུ་འགྲོ་སྤྱད་ཀྱི་རྒྱུ་རྐྱེན་ཐལ་ཤ་བ་ཞིག་རེད། དེའི་དབང་གིས་ད་ནས་བཟུང་ལམ་ལུགས་དམིགས་བསལ་བ་མི་རེ་ཤས་ཀྱི་ཁེ་ཕན་གྱི་ཆེད་དུ་བཟོས་བཞག་པའི་ལམ་ལུགས་ནི་དུས་ནམ་ཡང་རྒྱུན་སྐྱོང་དང་བདག་གཅེས་བྱེད་མི་ཉན་པ་ཀུན་གྱི་མཁྱེན་གསལ་ལྟར་ལགས།
ཨོ་སྙིང་རྗེ་ཁྱེད་ཚོས་བོད་ཀྱི་སྤྲུལ་སྐུའི་དོན་དུ་ལབ་ལབ་མང་པོ་ཞིག་བྱེད་གི་འདུག་པས་དངོས་གནས་དོན་ཐོག་ལ་ཁེལ་བས་ལན་གསལ་པོ་ཞིག་སུ་གཅིག་གི་རྒྱབ་ཐུབ་པ་ངོས་ཀྱིས་མཐོང་མ་སོང་། སྤྲུལ་སྐུའི་རྒྱུ་མཚན་ཤེས་པར་མདོད་ན་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་བ་རིན་པོ་ཆེ་ལ་གོམ་མྱོང་རྟོག་གསུམ་ཡང་དག་པ་ཞིག་དགོས་པ་རེད་མིན་པས་གཞན་སྤྲུལ་སྐུ་ཟེར་བ་དེ་ཧ་གོ་ཡ་ལ་དཀའ་ལས་ཁག་པོ་རེད། དྲ་གྲོགས་བཀྲ་ཤིས་ལགས་ཁྱོད་ཀྱིས་དོན་མེད་ལ་སྐད་ཆ་དེ་འདྲ་བཤད་ན་དམྱལ་བ་མནར་མེད་ལ་སྐྱེ་བར་ཐེ་ཚོམས་མེད་དོ། ཡིན་ནའང་ཁྱོད་ལ་ངོས་ཀྱིས་རྒྱབ་སྐྱོར་གཅིག་ཡོད་པ་ནི་ད་ལྟའི་སྐབས་སུ་སྤྲུལ་རྫུན་མང་པོ་ཞིག་གི་ས་སྟེང་ཁྱབ་ནས་འདུག་པས་དེ་ལ་རྟེན་ནས་སྤྲུལ་སྐུ་ངོ་མ་དེ་སུ་ཡིན་ཤེས་མི་ཐུབ་པའི་དཀའ་ངར་དེ་འདུག དེ་མིན་ཁྱོད་ཀྱིས་སྤྲུལ་སྐུ་མེད་ཟེར་བ་དེ་ཁྱེད་རང་ཅི་གང་ཡང་མི་ཤེས་པའི་རྨོངས་པ་གཅིག་ལ་ངོས་འཛིན་ཡོད། མ་ཚད་ལས་ངན་ཁྱོད་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་བ་རིན་པོ་ཆེའི་ཁྱད་ཆོས་ཐུན་མོངས་མ་ཡིན་པ་ལ་ལས་དང་སྨོན་ལམ་གྱི་འབྲེལ་བ་གང་ཡང་མེད་པའི་ལས་ངན་ལྟ་བ་རྟག་ཆད་ཀྱི་ཕྱོགས་སུ་ཤོར་བ་ཁྱོད་ཚོ་ལ་རྒྱུ་མཚན་གང་འདྲ་བཤད་ན་གོ་བ་ལོན་ཐུབ་པ་མ་རེད། སྙིང་རྗེ་དགེ་སློང་ལེགས་སྐར་ལྟ་བུ་རེད།
ཝེ། དྲ་གྲོགས་ལྷུན་གྲུབ་རྡོ་རྗེ། ཁྱེད་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། ཁྱོད་ཀྱིས་སྤྲུལ་སྐུའི་ལམ་ལུགས་སམ་མི་ཆོས་བླ་མའི་ལམ་ལུགས་འདི་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཁ་གཡར་ནས་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་པར་བཤད་འདོད་པ་མ་ཡིན་ནམ། གསང་སྔགས་ཀྱི་ཆོས་ནི་ནཱ་ལེཎྜའི་དགོན་པ་ལ་ཡང་དར་མྱོང་ཡོད་རེད་ལ། བོད་ལ་ཡང་སྔ་མོ་ནས་དར་ཡོད་རེད། བརྒྱ་རབས་ ༨ པའི་ནང་ནས་དར་ཡོད་རེད། བོད་པའི་སྤྲུལ་སྐུའི་ལམ་ལུགས་སམ་མི་ཆོས་བླ་མའི་རྫུན་བཤད་ཡ་འདི་ཀརྨ་པ་སྐུ་ཐོག་གཉིས་པ་བརྒྱ་རབས་ ༡༢ པ་ཙམ་ནས་མགོ་བཙུགས་པར་བཤད་དེ། བོད་ཀྱི་སྤྲུལ་སྐུའི་ཐོག་ཀརྨ་པ་ཞེས་ལོ་རྒྱུས་ཆོས་འབྱུང་རྣམས་སུ་རླུང་ལྟར་དུ་གྲགས་ཡོད་རེད།
དེང་སང་བོད་ཀྱི་བླ་ཆེན་ཚོས་གསུང་ཡག་ལ་ལུས་ལ་རབ་བྱུང་གི་ན་བཟའ་གྱོན་ནས་སྐྱེ་དམན་ཉར་ན་ཡག་པོ་མི་འདུག་གསུང་གིན་ཡོད་རེད། ངས་བལྟ་ཚུལ་ལ་དེ་ག་རང་རེད་དེ་ཡིན་ན་ཡང་། ད་རུང་བཤད་དགོས་ཡག་ལ་བོད་པའི་རབ་བྱུང་ཚོས་ལུས་ལ་རབ་བྱུང་གི་ན་བཟའ་གྱོན་ནས་ཁ་ནས་མི་ཆོས་བླ་མའི་རྫུན་ཤོད་ཀྱིན་ཡོད་པ་འདི་ཡང་ཡག་པོ་མི་འདུག་ཟེར་གྱི་ཡིན། བདེན་པ་རེད་ངེད་ཚོས་འདུལ་བའི་བཅས་ཁྲིམས་སྲུང་དགོས་ན་ཚང་མས་སྲུང་དགོས་རེད་ལ། བཅས་ཁྲིམས་ཚང་མ་སྲུང་དགོས་རེད་མ་གཏོགས་སྐྱེ་དམན་ཉར་ན་མི་ཚང་སྤྱོད་ཡིན་པས་མི་འགྲིག་པ་དང་། མི་ཆོས་བླ་བཤད་ན་འགྲིག་པའི་རྒྱུ་མཚན་གཏན་ནས་མཐོང་གི་མི་འདུག བྱས་ཙང་བོད་པའི་སྤྲུལ་ཡིན་ན་སྡོམ་པ་མེད་པས་ཁྱབ་ཟེར་བའི་རྒྱུ་མཚན་དེ་ག་རང་ཡིན། སྤྲུལ་སྐུ་ཚོ་ལ་སྡོམ་པ་མེད་པ་དང་མི་ཆོས་བླ་མའི་རྫུན་ཕམ་བྱུང་ཚར་ཡོད་ན་བླ་གྲྭ་གཞན་པ་ཚོས་སྐྱེ་དམན་ཉར་མི་ཆོག་པའི་རྒྱུ་མཚན་མི་འདུག་ཟེར་གྱི་ཡིན།
ལྷུན་གྲུབ་རྡོ་རྗེས་ང་ལ་དམྱལ་བ་རྡོ་རྗེ་གདན་ལ་འགྲོ་ཡི་རེད་ཟེར་ནས་འཇིགས་སྐུལ་བྱས་འདུག དམྱལ་འགྲོ་ན་མི་ཆོས་བླ་མིའི་རྫུན་རྒྱལ་སྤྲུལ་སྐུ་དེ་ཚོ་འགྲོ་དགོས་ཀྱི་རེད། གང་ཡིན་ཟེར་སངས་རྒྱས་ཀྱིས་ཕམ་པ་བྱུང་ན་དམྱལ་ལ་འགྲོ་དགོས་པར་གསུངས་ཡོད་རེད། བྱས་ཙང་ལབ་ཡིན། སྤྲུལ་སྐུའི་མི་ཆོས་བླ་བཤད་ཆོག་སངས་རྒྱས་ཀྱིས་གསུངས་ཡོད་ནི་མ་རེད། བྱས་ཙང་ལབ་ཡིན།
ད་དེ་རིང་སང་ཉིན་ཞོགས་དུང་ལ་སྐདགྲགས་ག་ཚོད་འདུག འཛམ་བུ་གླིང་ལ་འབྲུག་ལྟར་དུ་གྲགས་ཡོང་གི་འདུག ངས་ཁ་སང་ནས་ཞོགས་དུང་མཁས་པ་རེད་ལབ་ཡིན། ཞོགས་དུང་གིས་སངས་རྒྱས་ཆོས་ལུགས་དགག་གི་མི་འདུག་ལབ་ཡིན། བོད་པའི་བླ་རྫུན་སྤུལ་སྐུ་ཟེར་བ་དེ་ཚོས་རྒྱ་སོག་གི་དམག་བོད་ལ་འདྲེན་པ་དང། དེ་བཞིན་བོད་ནང་ཁུལ་དུ་མཆོད་གཞིས་འཐབ་རྩོད་བྱས་ཏེ་བོད་མི་མང་ལ་དཀའ་ངལ་སྤྲད་བསྡད་ཡོད་པ་དེ་ཚོ་ཞོགས་དུང་གིས་བཤད་འདུག ལོ་རྒྱུ་གསོན་པོ་རེད། དགོས་གནས་རེད། བདེན་པ་རེད། ཞོགས་དུང་གིས་རྒྱ་གར་གྱིས་མི་ཞིག་བོད་ལ་ཡོང་དུས་བོད་པའི་གཏོར་མ་བཟོ་སྟངས་ལ་ངོ་མཚར་དུ་བརྩིས་རབས་བྲིས་འདུག བོད་ལ་གཏོམ་མ་བཟོ་ཟེར་བའི་ཁྱད་མཚར་ཞིག་འདུག་ཚུལ་འདི་དགེ་ཆོས་ཀྱི་ཀྱང་བཤད་ཡོད། དེ་བཞིན་ཞོགས་དུང་གིས་གལ་ཏེ་རྒྱ་གར་བའི་མི་དེས་བོད་པའི་སྤྲུལ་སྐུ་ངོས་འཛིན་མཐོང་ན་ཡང་གད་མོ་འཆོད་ངེས་ཡིན་ཚུལ་ཞིག་བྲིས་འདུག དེ་བདེན་པ་རེད། གལ་སྲིད་བོད་ལ་རྒྱན་དྲུག་མཆོག་གཉིས་དང་བསྟན་པའི་གཏད་རབས་བདུན་དེ་ཚོ་ཕེབས་ན་ཡང་གད་མོ་འཆོར་ས་རེད།
ཨ་ཙེ་དྲ་གྲོགས་བཀྲ་ཤིས་ལགས།
དེ་འདྲའི་གང་ཡང་རྒྱུ་མཚན་མེད་པའི་སྐད་ཆ་ཧམ་ཤེད་མ་གནང་རོགས་ཞུ། ག་རེ་ཁྱོད་ཀྱིས་བོད་པས་སྤྲུལ་སྐུ་ཡིན་ན་སྡོམ་པ་མེད་པས་ཁྱབ་ཟེར་བ་དེ་དངོས་གནས་ཧམ་པ་ཚ་བོ་དང་གང་ཡང་མི་ཤེས་མཁན་ཡང་རེད་འདུག ཨོ་ཨོ་དེ་འདྲའི་ཐབས་སྐྱོ་བ་ལ་ད་༧གོང་ས་ལྷ་མིའི་རྣམས་འདྲེན་མཆོག་ཡང་སྤྲུལ་སྐུ་ཡིན་པས་དེ་ལ་ཡང་སྡོམ་པ་མེད་པས་ཁོངས་སུ་འཇོག་འདུག་པས་ཁྱོད་དེ་འདྲའི་ལས་ངན་པ་ལ་ཨ། མ་ཚད་སྔོན་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་སྐབས་སུ་རབ་བྱུང་ངུར་སྨུག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་གཉིས་སུ་བཞག་ཡོད་པ་ཁྱོད་ཀྱིས་མ་མཐོང་སམ། མི་ཤེས་པའི་བླུན་པ་ཟོག་ནང་བཞིན་ལ་མང་པོ་བཤད་འདོད་མི་འདུག་པས་དེ་ཙམ་བྱེད། ད་ངས་ཁྱོད་ལ་ཡོན་ཏན་ག་ཚོད་ཡོད་ཧ་གོ་སོང་སྙིང་རྗེ་ཨ།
ཁོ་རེ། ལྷུན་གྲུབ་རྡོ་རྗེ། མི་ཆོས་བླ་མའི་རྫུན་ཧ་གོ་ཡི་ཡོད་པས། ང་སྤྲུལ་སྐུ་ཡིན་ཟེར་ན་མི་ཆོས་བླ་མ་རེད། ཁྱོད་སྤྲུལ་རེད་ཟེར་ན་ཡང་མི་ཆོས་བླ་མ་རེད། འོན་ཀྱང་མི་ཆོས་བླ་མ་ལ་བདེན་རྫུན་གཉིས་ཡོད་རེད། མི་ཆོས་བླ་མའི་རྫུན་བཤད་ན་ཕམ་པ་རེད། སྡོམ་པ་ཤོར་ནི་རེད། མི་ཆོས་བླ་མ་བདེན་སྨྲ་ཡིན་ན་ལྟུང་བྱེད་རེད། བྱས་ཙང་་དེང་སང་ང་སྤྲུལ་ཡིན་ཟེར་མཁན་དང་གཅིག ཁྱོད་སྤྲུལ་རེད་མཁན་ཟེར་མཁན་དང་གཉིས་ཀའི་ངོས་ནས་རྫུན་ཤོད་ཀྱི་འདུག་ཟེར་གྱི་ཡོད། དེ་ག་རང་ཡིན། སངས་རྒྱས་ཀྱི་གསུང་རེད། དེ་ལ་བོད་པས་བཟོ་བཅོས་རྒྱག་གྱི་ཡོད་ནི་མ་རེད། བོད་པའི་བྱ་བ་དང་འགལ་ཡོང་དུས་འདུལ་བ་ལྕེ་འོག་ཏུ་འཐེན་རྒྱུ་ཡོད་ནི་མ་རེད། སོ་སོའི་ལས་ཀ་དང་མ་མཐུན་དུས་སངས་རྒྱས་ཀྱི་འདུལ་བ་ཡང་ལྐུང་འཇོག་གྱི་ཡོད་ནི་མ་རེད། གྲོགས་པོ།
རབ་བྱུང་གི་ན་བཟའ་གྱོན་ནས་ཨ་ཅ་ཉར་མི་ཆོག་པ་བཞིན། རབ་བྱུང་གི་ན་བཟའ་གྱོན་ནས་མི་ཆོས་བླ་མ་ཡང་བཤད་མི་ཆོག་པ་སངས་རྒྱས་ཀྱི་བཀའ་རེད། ག་རེ་བྱེད། བྱེད་ཡ་ཡོད་མ་རེད་ལོ།
ཞོགས་དུང་ཁོས་སངས་རྒྱས་གི་ལྟ་བ་དང་མི་མཐུན་པའི་ཚིག་སྣ་ཚོགས་དང་དགོས་སུ་བོད་ཁ་བ་གངས་ཅན་ལྗོངས་ཀྱིས་ཆོས་རྒྱལ་མེས་དཔོན་རྣམས་ཀྱིས་ལུགས་སྲོལ་བཟང་པོ་དེ་ལ་སྐྱོན་བརྗོད་དང་ལྟ་བ་རྟག་ཆད་ཀྱིས་ཚིག་མ་རུང་བ་མང་པོ་ཞིག་བེད་སྤྱོད་བྱས་པས་འབྲས་བུ་གི་ད་ལྟ་ཁོ་རང་ག་འདྲ་ཞིག་རེད་འདུག སྙིང་རྗེ་ཁོ་ཡི་རྗེས་འབྲང་བ་ཁྱོད་ཚོ་མུ་མཐུད་ནས་དེ་འདྲ་བྱས་དང་ཚེ་འདི་ཕྱི་གཉིས་ལ་འོང་རྒྱུ་སྡུག་བསྔལ་ཁོ་ན་མ་རྟོག་གང་ཡང་ཡོད་པ་མ་རེད། ད་ལྟ་གངས་ཅན་བོད་ན་བཞུགས་པའི་སྤྲུལ་བའི་སྐུ་རིན་པོ་ཆེ་རྣམས་པ་འདི་ཚོ་ལ་རྣམ་པ་མི་འདྲ་བ་རིགས་གསུམ་ཡོད། མཆོག་གི་སྤྲུལ་སྐུ་དང་སྨོན་ལམ་གྱི་སྤྲུལ་སྐུ་དང་ཏིང་ངེ་འཛིན་གྱི་སྤྲུལ་སྐུ་ཞེས་གསུམ་དུ་འདོད། མ་རུང་ཁྱོད་ཀྱིས་ཟེར་བ་ནང་བཞིན་བྱས་པ་ཡིན་ན་ང་ཚོ་བོད་གངས་ལྗོངས་ཀྱི་རབ་བྱུང་ངུར་སྨུག་གི་སྡེ་ཡོངས་ལ་སྡོམ་པ་མེད་པའི་ཁུངས་སུ་སྐྱེལ་འདུག་པས་དེ་ནི་དུས་ནམ་ཡང་ཁས་ལེན་མེད་དོ། ཨ་ཁ་ཁ་ད་ནི་སྤྲུལ་བའི་སྐུ་རིན་པོ་ཆེ་༧་གོང་ས་མཆོག་ལ་ཡང་སྡོམ་པ་མེད་པ་འདྲ་བོ་ལབ་གི་འདུག་དེ་འདྲའི་ལས་ངན་པ་ཨ། ཁྱོད་གྱི་ཧ་ཨེ་གོ་༧གོང་ས་མཆོག་སྤྲུལ་སྐུ་ཡང་རེད་དགེ་སློང་ཡང་རེད་ཨི་གོ་དམ་ཉམས།
སངས་རྒྱས་ཀྱིས་ཕམ་བཞི་གསུངས་ཡོད་ཀྱང་། བོད་པའི་སྤྲུལ་སྐུ་ཚོ་ལ་ཕམ་གཅིག་གམ། གཉིས་སམ། ཡང་གསུམ་ལས་མང་བ་མི་འདུག ཁ་ཤས་ལ་བཞི་ཀ་ཡང་མི་འདུག་པ་འདིའི་རྒྱུ་མཚན་གང་རེད། ལྷུན་གྲུབ་ཁྱོད་ཀྱིས་གཅིག་ཤོད་དང་།
ཨོ་ན་ཁྱོད་ཀྱིས་ལབ་པ་ནང་བཞིན་བྱས་ན་སངས་རྒྱས་ཀྱིས་ཀྱང་མི་ཆོས་བླ་མ་གསུང་གི་ཡོད་པ་འདྲ། གང་ཡིན་ཟེར་ན་ཁོང་གི་འཁོར་རྣམས་ལ་ཁྱོད་ཀྱིས་སྐྱེ་བ་སྔོན་མ་དེ་དེ་རེད་སོགས་དང་རྗེས་མ་དེ་འདྲ་གཅིག་ལ་སྐྱེ་རྒྱུ་རེད་སོགས་མང་པོ་གསུངས་འདུག དེ་བཞིན་སངས་རྒྱས་ཀྱི་ལུང་བསྟན་དེ་ཚོ་ཡང་མི་ཆོས་བླ་མ་ཡིན་རྒྱུ་རེད་ཧ་ཧ་ཧཁྱོད་སྙིང་རྗེ་གང་ཡང་ཤེས་གི་མི་འདུག་པའི་སྡིག་པ་མ་བྱེད་ཨེ་གོ་ལོ་ལོ
ཨ་རོགས་ལྷུན་གྲུག། ཁྱོད་ཀྱིས་ང་ལ་༼༼༼ང་ཚོ་བོད་གངས་ལྗོངས་ཀྱི་རབ་བྱུང་ངུར་སྨུག་གི་སྡེ་ཡོངས་ལ་སྡོམ་པ་མེད་པའི་ཁུངས་སུ་སྐྱེལ་འདུག་པས་དེ་ནི་དུས་ནམ་ཡང་ཁས་ལེན་མེད་དོ།༽༽༽་བྲིས་འདུག་ག རབ་བྱུང་ངུར་སྨུག་གི་སྡེ་ཡོངས་ལ་སྡོམ་པ་མེད་སུས་ཟེར། བོད་པའི་རབ་བྱུང་སྤྲུལ་སྐུ་རེད་སུས་ཟེར། ཧ་ཧ་ཧ་ཧ་ཧ་ཧ་ཧ་་ཧ་་ད་ལུང་རིག་མེད་དུས་དམ་ཉམས་འདྲ་ཟེར་ནས་སྡོད་སྡོད་ལོ།
ཨ་རོགས་ལྷུན་གྲུག། ཁྱོད་ཀྱིས་ང་ལ་༼༼༼ང་ཚོ་བོད་གངས་ལྗོངས་ཀྱི་རབ་བྱུང་ངུར་སྨུག་གི་སྡེ་ཡོངས་ལ་སྡོམ་པ་མེད་པའི་ཁུངས་སུ་སྐྱེལ་འདུག་པས་དེ་ནི་དུས་ནམ་ཡང་ཁས་ལེན་མེད་དོ།༽༽༽་བྲིས་འདུག་ག རབ་བྱུང་ངུར་སྨུག་གི་སྡེ་ཡོངས་ལ་སྡོམ་པ་མེད་སུས་ཟེར། བོད་པའི་རབ་བྱུང་ཚང་མ་སྤྲུལ་སྐུ་རེད་སུས་ཟེར། ཧ་ཧ་ཧ་ཧ་ཧ་ཧ་ཧ་་ཧ་་ད་ལུང་རིག་མེད་དུས་དམ་ཉམས་འདྲ་ཟེར་ནས་སྡོད་སྡོད་ལོ།
བོད་མི་རིགས་ཀྱི་དཔའ་བོ་ཞོགས་དུང་བཀག་ཉར་བྱས་པ་ཡང་སྤྲུལ་སྐུ་ལ་དགག་པ་བརྒྱབ་པའི་འབྲས་བུར་ཁས་ལེན་གྱི་ཡིན་ནམ། ཨོ་ཧ་བོ། ཞབས་འདྲེན་མ་བྱེད་ལོ། སྤྲུལ་སྐུ་བརྒྱས་ལས་ཞོགས་དུང་གཅིག་གི་དགའ་ངེས་རེད་ལོ།
ཨོ་ཨོ་ཁྱོད་ཀྱིས་མ་གོ་ནི་ཡིན་པ་འདྲ་གཏེར་སྟོན་ལས་རབ་གླིང་བའི་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་དུས་རྟག་དུ་ཕམ་བཞིའི་ཆོས་འཁོར་བསྐོར་བ་དེ་ཚོས་སྒྲ་ཐག་ལ་ཉན་རོགས་ཁྱོད་ལ་མེད་ན་ངའི་སྐུར་ཆོག་རྟོག་གེ་བ་ཁྱོད་ཚོ་ལ་གཅིག་ཕན་ན་ཡག་པོ་རེད་
ཨོ་ཨོ་ད་ལྟའི་དུས་རབ་འདི་ལ་དཔལ་རི་བོ་དགའ་ལྡན་པའི་དགེ་སློང་གི་སྡོམ་པ་ཡོངས་སུ་རྫོགས་པ་༧གོང་ས་མཆོག་གི་གནང་གི་ཡོད་རེད། ༧གོང་ས་མཆོག་ནི་སྤྲུལ་སྐུ་རེད་ཁྱོད་ཀྱི་སྤྲུལ་སྐུ་ཡིན་ན་སྡོམ་པ་མེད་ཟེར་ནས་དམ་བཅའ་འཇོག་ཚར་བ་ལ་སྐྱལ་ལོག་མ་བྱེད་ཨེ་གོ་ལོ་ལོ་
ག་རེ་བོད་རིགས་ཀྱི་དཔའ་བོ་མི་དེ་ཡིན་ན་བོད་རིགས་ཀྱི་ཞབས་འདྲེན་རེད་ལོ་རབ་བརྒྱ་ཕྲག་རིང་ལ་འོང་མ་མྱོང་བའི་ལྟ་ན་ཆད་ལྟ་བ་སྙིང་རེ་རྗེ
ལྷུན་གྲུབ་རྡོ་རྗེ། སངས་རྒྱས་ལ་རྣམ་མཁྱེན་ཡོད་རེད། བོད་པའི་སྤྲུལ་སྐུ་ལ་ག་རེ་ཡོད་རེད། སངས་རྒྱས་ཀྱིས་སྐྱེ་བ་སྔ་ཕྱི་གསུངས་པ་དང་བོད་པའི་སྤྲུལ་སྐུས་མི་ཆོས་བླ་མ་བཤད་པ་གཉིས་འདྲ་ནི་མ་རེད། ཨ་རོགས། ངས་ཁྱོད་ཚར་བཅད་ཡོད། འཁོར་གསུམ་བསྐོར་ཡོད། ཞོགས་དུང་མི་རིགས་ཀྱི་ཆེད་དུ་བཀག་ཉར་བྱས་པ་ལ་སྙིང་ཚིམ་མ་གཏོང་ལོ། ཞོགས་དུང་དགོངས་པ་གང་མདའ་ཚན་པས་གསལ་བོ་བྲིས་འདུག་པས་ངོ་བཤུས་འདི་རེད།
བདེན་པ་ཟེར་བ་དེ་ནི་ ངོས་དུ་མ་དང་ལྡན་པའི་དངོས་པོ་ཞིག་དང་འདྲ། ང་ཚོས་རང་གིས་མཐོང་ཐུབ་པའི་ངོས་དེ་ཁོ་ན་བདེན་པ་ཡིན་ཟེར་ནས་རྩོད་བསྡད་པ་ལས། ངོས་གཞན་པ་དག་གི་་བདེན་པ་དེ་ཤེས་ཐབས་བྱས་ན་ཁྱེད་རང་ལ་བདེན་པ་ཁ་ཤས་ཐོབ་པ་མ་ རེད་དམ།
མའོ་ཡིས་ཆོས་ལུགས་དུག་ རེད་ཟེར་བ་དེ་བདེན་པའི་ངོས་གཅིག་རེད་ལ། རང་རེས་ཆོས་སྨན་རེད་ཟེར་བ་དེའང་བདེན་པའི་ངོས་གཞན་ཞིག་རེད། དེ་གཉིས་ཀར་ཡང་བདེན་པའི་ཆ་རེ་ཡོད་པ་རེད།
ང་ཚོས་ཤེས་དགོས་པ་དེ་ སྐབས་ག་འདྲ་ཞིག་གི་སྐབས། ཆོས་དེ་དུག་ཡིན་པ་དང་། སྐབས་ག་འདྲ་ཞིག་གི་སྐབས་ཆོས་དེ་སྨན་ཡིན་པ་དེ་ཤེས་དགོས་པ་རེད། སྨན་སྨན་ཡིན་པ་གང་ཞིག་ལ། སྨན་མང་དྲགས་ན་དུག་ཡིན་པ་རེད།
འཇིག་རྟེན་གྱི་ཁྱིམ་སྲིད་ སྐྱོང་ནས། སྲིད་ཀྱི་ཕུན་ཚོགས་དོན་དུ་གཉེར་བ། འདོད་པའི་དཔལ་ལ་རོལ་བ། ལོངས་སྤྱོད་འཚོལ་སྒྲུབ། དགྲ་འདུལ་གཉེན་སྐྱོང་། གཞན་སྡེ་ཟིལ་གྱིས་གནོན་དགོས་པའི་བྱ་བ་སོགས་ལ། མཚམས་རེར་ཆོས་ཀྱིས་བར་ཆད་དང་བཀག་རྒྱ་བྱེད་གི་ཡོད་པ་རེད།
ཡང་། ཚར་དུ་མེད་པའི་འཇིག་རྟེན་པའི་བྱ་ལས་ཁོ་ན་དོན་དུ་གཉེར་ནས། མི་ཤི་རྟ་འགྱེལ་སོགས་ཀྱི་ཆག་སྒོ་ཆུ་གཉེར་བཞིན་གཅིག་རྗེས་གཅིག་གིས་ནོན་ཡོང་ སྟེ། དབུགས་ལྷོད་ལྷོད་ཅིག་གཏོང་བའི་གོ་སྐབས་མེད་པའི་སྐབས་ཤིག་ལ་མཚོན་ན། ཆོས་ཀྱི་བསླབ་བྱ་དེ་ཚོའང་མེད་དུ་མི་རུང་བའི་ཇི་འདྲའི་སྨན་ཐུན་རྩ་ཆེན་ཞིག་མ་ ཡིན་ནམ།
བོད་རྒྱ་འོག་ལ་ཤོར་བ་ དེར་རྒྱུ་རྐྱེན་དུ་མ་ཞིག་ཡོད་ངེས་ཀྱང་། ཆོས་ཁོ་ན་དོན་དུ་གཉེར་བ་གཙོ་བོར་བཟུང་བས་འཇིག་རྟེན་སྲིད་ཐབས་གཉེར་བར་རང་ བཞིན་གྱིས་དེ་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། སྣང་མེད་ལ་སོང་ཡོད་པ་ཏན་ཏན་རེད། རྒྱལ་དབང་བཅུ་གསུམ་པའི་སྐབས། རྒྱལ་ཁབ་གཞན་དང་གཞན་གྱི་གནས་སྟངས་ལས་གོ་རྟོགས་སད་ཅིང་བསྒྱུར་བཅོས་རིམ་པར་ བྱེད་རྒྱུའི་འཆར་གཞི་དེ་ཚོར་སེ་འབྲས་དགེ་གསུམ་གྱིས་གཙོས་པའི་མང་པོ་ཞིག་ནས་ དེ་ལ་འགོག་རྐྱེན་བཟོས་ཡོད་པ་ལྟར་རེད།
ལྷག་པར་དུ། དམག་ལས་དང་། དེ་ལ་དགོས་ངེས་ཀྱི་ཁྲལ་སྡུད་པར་འགོག་རྐྱེན་ཕྲད་པ། པཎ་ཆེན་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་དགོས་བྱུང་བ་འདི་ཚོ་ལོ་རྒྱུས་ཀྱི་མེ་ལོང་ རེད།
ཞོགས་དུང་གིས་མི་རིགས་ཤིག་གི་ཞན་སྐྱོན་དང་མ་འགྲིགས་སར་སྐྱོན་བརྗོད་ཐད་ཀར་ བྱེད་གི་ཡོད་པ་རེད། དེ་འདྲ་ཡིན་ཙང་། རང་ཉིད་སྤྱི་ཚོགས་ནང་ནག་པོ་ཆགས་འགྲོ་གི་ཡོད་པ་རེད།
རྒྱལ་བ་རིན་པོ་ཆེས། ང་ཚོར་རིག་གནས་རྩ་ཆེན་པོ་ཞིག་ཡོད། ཆོས་ལུགས་རྩ་ཆེན་པོ་ཞིག་ཡོད་གསུངས་ནས། ཚང་མར་རང་གི་རིག་གནས་ལ་དགའ་ཞེན་དང་སྤོབས་པ་ཞིག་སྟེར་གི་ཡོད་པ་རེད། དེ་དང་མཉམ་གཅིག་ཏུ། གྲྭ་པ་ཚོས་སྲིད་ལ་དོ་སྣང་བྱེད་དགོས་ཀྱི་འདུག ཚན་རིག་གི་ལྟ་བ་སློབ་སྦྱོང་བྱེད་དགོས་ཀྱི་འདུག རིགས་གཅིག་རྐང་འཛིན་མང་ཞིག་གསོ་སྐྱོང་བྱེད་དགོས་ཀྱི་འདུག་ཟེར་ནས་ཡང་དང་ཡང་ དུ་གསུངས་གི་ཡོད་པ་རེད། ག་རེ་བྱས་ནས་དེ་ལྟར་གསུངས་དགོས་པ་རེད། དེ་ན་མ་འདང་ས་དང་ཞན་སྐྱོན་མང་པོ་ཞིག་ཡོད་པས་དེ་ལྟར་མ་གསུང་རང་གསུང་ཆགས་ཀྱི་ ཡོད་པ་རེད།
ཞོགས་དུང་གིས་ཁ་འཛིན་མ་ཐུབ་པར་མང་པོ་ཞིག་བཤད་དགོས་པ་དེའང་གནད་འགག་དེ་ལ་ཐུག་ཡོད་པ་རེད།
སྔོན་མ་ཞིག་ལ། དྲུང་ཡིག་ལྷ་མོ་ཚེ་རིང་ལགས་རྒྱ་གར་གྱི་མི་ཞིག་མཉམ་རི་ལི་ནང་འགྲོ་སྐབས་ཤིག ཁ་བརྡ་བྱས་སོང་བར། ཁྱེད་རང་གི་ཆོས་ལུགས་ག་རེ་རེད་དྲིས་འདུག ངའི་ཆོས་ལུགས་ནང་པ་རེད་ལབ་པར། ཨོ། ད་དེས་ན་རང་བཙན་རེག་གི་མ་རེད་ལབ་འདུག རྒྱ་གར་ཡང་སྔོན་མ་ནང་པོ་རེད། རྒྱལ་ཁབ་ཉམས་རྒུད་ལ་ཕྱིན་པ་རེད་ལྟ་བུ་ཞིག་ལབ་སྐད།
གཅིག་བྱས་ན། སྐད་ཆ་དེ་ཆོས་ལུགས་ཀྱི་དགའ་མ་དགའ་དེ་འདྲ་ཡིན་སྲིད། ཡིན་ནའང་། དེ་ཆོས་ལུགས་དང་རིག་གནས་ལའང་ཏན་ཏན་འབྲེལ་བ་ཞིག་ཡོད་པ་རེད།
དེ་ཡོད་པའི་རྒྱུ་མཚན་གཞན་ཞིག་དྲངས། སྐུ་ངོ་མདའ་དཔོན་གྱིས། རྒྱ་མི་མ་ཡོང་སྔོན། མི་རྒན་པ་ཚོར། རྒྱ་མིའི་གནས་སྟངས་འགྲེལ་བརྗོད་བྱས་ནས། ཉི་མ་ཞིག་རྒྱ་མི་བོད་ལའང་ཡོང་སྲིད་པའི་སྐོར་བཤད་སྐབས་ཤིག ཁོ་ལ་རེག་པའི་ལན་ནི། བོད་ནི་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་གིས་སྐྱོང་བའི་ཡུལ་ཞིག་ཡིན་པས་ རྒྱ་མི་ཡོང་ཐུབ་གི་མ་རེད་འདྲ་ཞིག་ལབ་ནས་ཁོའི་སྐད་ཆ་ལ་དོ་སྣང་ཁོ་རང་མ་བྱས་པ་ མ་རེད་དམ།
བག་ཆགས་དོང་སྤྲུགས་ཟེར་ ནའང་། འདི་དང་འདི་འདྲ་བ་དོང་ནས་སྤྲུགས་དགོས་པ་མང་པོ་ཞིག་ཡོད་པ་རེད་འདོད། འདི་དག་དོང་ནས་སྤྲུགས་དགོས་ན། ལྟ་བ་འདྲ་མིན་ལ་སློབ་དགོས་པ་རེད། རྒྱལ་ཁབ་དང་མི་རིགས་འདྲ་མིན་ལ་བལྟ་དགོས་པ་རེད། རང་གི་ལེགས་ཆ་རྒྱུན་འཛིན་དང་གཞན་གྱི་ལེགས་ཆ་ཚུར་བསྡུ་བྱ་དགོས་པ་རེད།
ངས་བལྟས་ན། ཞོགས་དུང་གིས་ཆོས་དགག་པ་མ་རེད། ཆོས་བཀག་པ་མ་རེད། ཆོས་ལས་སྲིད་གཙོ་བོ་བྱེད་དགོས་པ་དང་། ཆོས་ལས་སྲིད་གཙོ་བོ་བྱེད་དགོས་ན། བག་ཆགས་མཐུག་པོ་རྙིང་དྲི་ཁ་བ་མང་པོ་ཞིག་འདོར་དགོས་པར་བསྟན་པ་མ་རེད་དམ།
དྲང་པོར་བཤད་ན། ང་རང་གིས་ཞོགས་དུང་གི་དེབ་དེ་ཚོ་ཀློག་མེད། གནམ་ས་གོ་འབྱེད་ཀྱི་མགོ་ནས་མར་གང་འཚམས་ཤིག་ཀློག་པ་ཡིན། རྩ་བའི་ཆ་ནས་ཁོས་བཤད་བཞིན་པ་དེ་ཚོ་བདེན་པར་མཐོང་སོང་།
འདི་ལ་ཞིབ་ཏུ་གཟིགས་ལོ
ལས་རབ་གླིང་པའི་ཆོས་འཁོར་ཡིན་ན་རེད། གང་ལྟར་འདུལ་བ་གཅིག་མ་གཏོགས་ཡོད་ནི་མ་རེད། སོར་མདོ་གཅིག་མ་གཏོགས་ཡོད་ནི་མ་རེད། ཕམ་པ་བཞི་གསུངས་ཡོད་རེད། ལག་ལེན་ལ་ཐེབས་མ་ཐེབས་གནས་ཚུལ་ཁ་ཁ་རེད། གྲོགས་པོ། འདུལ་བ་མཚོ་ལ་གཏུགས་ཟེར་ནི་རེད་དེ་སྤྲུལ་སྐུ་ལ་དམིགས་བསལ་གསུངས་ཡོད་་ནི་མ་རེད། ཆོས་གྲོགས།
ཨ་རོགས་ལྷུན་གྲུབ་རྡོ་རྗེ། ཁྱོད་ལ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་ཆོས་འཁོར་གསར་བ་ཞིག་ཡོད་ན་ང་ལ་གཅིག་སྐུ་ཤོག གཏེར་སྟོན་གྱི་འདུལ་བ་དེ་མ་འདྲ་བ་ཟིག་ཡིན་ན་མི་ཤེས། གཅིག་ཉན་དགོས་ཀྱི་འདུག ཁོང་དངོས་ནས་མཁས་པ་ཆེན་པོ་རེད། གོ་རྒྱུ་གསར་བ་རེ་ཡོད་ངེས་ཡིན། ངའི་མྱུང་འཕྲིན་ཁ་བྱང་འདི་ཡིན། ltashi85@yahoo.com
གཏེར་སྟོན་གྱི་འདུལ་བ་ཡིན་ན་ཡང་རེད། མཁན་པོའི་འདུལ་ཡིན་ན་ཡང་རེད། མདོར་བསྡུས་ནས་བཤད་ན་མི་ཆོས་བླ་མའི་དོགས་པ་ཆེན་པོ་ཞིག་ང་ལ་ཡོང་གི་འདུག བྱས་ཙང་དྲ་གྲོགས་ཚོ་ལ་བགྲོ་གླེང་བྱས་པ་ཡིན། ད་སྒྲ་ཐག་ལ་ཉན་ན་ཡང་འདྲ། མ་ཉན་ཡང་རེད་གང་ལྟར་ཡང་སངས་རྒྱས་ཀྱིས་བཀས་བཅད་ཟིན་པ་ཡིན་་ལ་དེ་ལ་བཅོས་སུ་གང་ཡང་མེད་པ་རེད།
ཞོགས་དུང་གི་སྐོར་ནས་བཤད་ན་མི་རིགས་ཀྱི་དཔའ་བོ་རེད་ཟེར་ནས་མི་ཚང་མས་ཤོད་ཀིན་ཡོད་པ་འདི་རེད་མོད། མི་རིགས་ཀྱི་ལ་རྒྱ་མེད་ས་འདི་ཚོས་ད་རུང་ཞོགས་དུང་ལ་ཅིག་ཟེར་གི་འདུག དངོས་གནས་་ལས་རྒྱུ་འབྲས་ཟེར་རྒྱུ་ཞིག་ཡོད་ན་ཁོང་ལ་སྙིང་རྗེས་ལོ་བསྐྱེད། ཁོང་ལྟ་བུའི་དཔའ་བོ་དང་རྩོམ་པ་པོ། དྲང་བདེན་ཅན་ཉུང་ཉུང་རེད།
ཡ་ཡ་བཀྲ་ཤིས་ཁྱོད་ཀྱིས་ང་ལ་ཞོགས་དུང་གི་ལུང་འདྲེན་འདྲ་མང་བོ་ཞིག་བྱས་འདུག་ཀྱང་ང་དེ་ཚོ་མི་དགོས་ཨེ་གོ རྩོད་གླིང་ཅན་གྱི་བསྟན་བཅོས་གསར་བ་རྟག་ཆད་ཀྱི་ཕྱོགས་སུ་ལྷུང་བའི་བསྟན་བཅོས་དེ་འདྲ་ང་ལ་དགོས་མེད། རྒྱལ་བའི་གསུངས་བས་བཀའ་བསྟན་དང་དེ་དང་འབྲེལ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་སོགས་དང་བོད་གངས་ཅན་གྱི་ཆོས་ལུགས་ཀྱི་གྲུབ་མཐའ་རེས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་གསུངས་རབ་ནོར་བུའི་ཕྲེང་བ་འདྲ་དེ་ཚོས་མི་ངོམ་པ་གང་ཡང་མི་འདུག་ལོ་ལོ། ཁྱོད་སྙིང་རྗེ་ཁྲོམ་པའི་སྦལ་བའི་དཔེ་བཞིན་ཞོགས་དུང་ལས་ལྷག་ཞིག་མི་འདུག་བསམ་ནས་དེས་གསུང་གི་ལུང་འདྲེན་དེ་ཚོ་ངའི་རྣ་ལམ་ལ་རྩ་བ་ནས་འགྲོ་བ་མ་རེད་གོ་ལོ་ལོ། ཁྱོད་སྙིང་རྗེ་ཁྱོད་ཀྱི་སྡོམ་རྒྱུད་དེ་ཞོགས་དུང་ཆེས། ངའི་སྡོམ་རྒྱུན་དེ་༧གོང་ས་མཆོག་ལ་ཐུག་ནས་ཡོད་ཨེ་གོ་ལོ་ལོ།
ཐུབ་བསྟན་ལགས་ངའི་ཁྱེད་དངོས་གནས་སུ་ཡིན་ཤེས་ན་ངེས་པར་དུ་སྐུར་ཆོགས་ཞུ་བ་ཡིན་
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོཧི་ཧི་ཧི་ཧིཧི་ཧི་ཧི་ཧི་ཧི་ཧི་ཧེ་ཧེ་ེཧེ་ེཧེ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧཱུྃ་ཕཌཿ ད་སྤྲུལ་སྐུ་ལ་ཁུངས་ལུང་ཡོད་ན་ཁུར་ཤོག་ལོ།
ཁྱོད་ད་ཟོག་ངུ་ངུ་བྱས་ནས་འདུག་རྒྱུ་མ་རྟོག་གཞན་གང་ཡོད་ཨ་ལས་ངན་པོ།
སྤྲུལ་སྐུ་ལ་ལུས་དག་པའི་སྒོ་ནས་སྤྲུལ་སྐུ་དང་ལུས་མ་དག་པའི་སྒོ་ནས་སྐྱེ་བ་ཟེར་བ་གཉིས་ཡོད་པས་ཁྱོད་འདྲ་བོ་ལུས་མ་དག་པའི་སྐྱེ་བ་ཡིན་པ་འདྲ་གང་ཡིན་ཟེར་ན་ལྟ་བ་ཆད་ལྟ་རུ་ལྷུང་ནས་འདུག་
ཝེ། ཟོག་ངུ་ངུ་་་་མ་རེད་ལོ་་་་ཟོག་ངུར་ངུར་་་ཡིན་འགྲོ་་་ཡིག་གེ་དག་མི་བྲིས་རོགས་གྲོགས་བཅེས། ལས་མ་དག་པའི་སྐྱེ་བ་ལ་སྤྲུལ་སྐུ་ཟེར་གྱི་ཡོད་ན་སྤྲུལ་སྐུ་ལས་སླ་་བོ་རེད། ཁྱི་རྒན་རྒྱ་བོ་ཡང་སྤྲུལ་སྐུ་ཡིན་གྱི་རེད། ཨོ་ད་ཅིག་ཡག་གི་ཡ། དཔལ་ནཱ་ལེནྜའི་ཆོས་བརྒྱུད་ཡིན་དགོས་ཡིན་ཞེས་རྟག་ཏུ་མ་ཎི་ནང་བགྲངས་བགྲངས་བྱེད་བཞིན་པ་ཁྱེད་ཚོ་མ་རེད་པས། ད་ནཱ་ལེནྜ་ག་བ་འགྲོ་སོང་། སོ་སོའི་སྒེར་དོན་ལ་ཐུག་དུས་བོད་ཀྱི་ཐུན་མོང་མ་ཡིན་པ་བཤད་ཡོང་གི་རེད། སྔགས་པ་ཨ་ཅག་ཅན་པོ་ཚོ་ལ་ཟུར་ཟ་བྱེད་དུས་ནཱ་ལེནྜ་བཤད་ཡོང་གི་རེད། འདི་ཚོས་ཅིག་བཤད་ཀི་ཡ།
ནཱ་ལེནྜའི་ཨ་ཙརྱ་དེ་ཚོས་ཅི་ཞིག་ཤོད་ཀྱིན་ཡོད་མི་ཤེས་ལ་བོད་པའི་དགེ་བཤེས་ཚོས་ཅི་ཞིག་ཤོད་ཀྱིན་མི་ཤེས་མོད། བོད་པས་སྤྲུལ་སྐུ་ངོས་འཛིན་བྱེད་ལུགས་འདི་དངོས་གནས་གད་མོ་ཤོར་ནི་ཟིག་མ་རེད་ན་ཡུམ།
ཨ་ལེ། ཁྱོད་ཚོས་སྤྲུལ་སྐུའི་སྐོར་ལ་མང་པོ་ཞེ་བོ་ཞིག་གླེང་བཞག ངས་རྗེས་ཆོད་མ་སོང་བས་མང་པོ་བཤད་རྒྱུ་མིན། འོན་ཀྱང་བཀྲ་ཤིས་ཀྱིས་བོད་པས་སྤྲུལ་སྐུ་ངོས་འཛིན་བྱེད་ལུགས་འདི་དངོས་གནས་གད་མོ་ཤོར་ནི་ཟིག་མ་རེད་ན་ཡུམ་ཟེར་བ་ལ་བལྟས་ན། ར་སྒྲེང་རིན་པོ་ཆེས་ལྷ་མོའི་བླ་མཚོ་ལ་གཟིགས་ནས་༧གོང་ས་བཅུ་བཞི་པ་ཆེན་པོ་བཙལ་བ་ལ་ཡང་གད་མོ་ཤོར་གྱི་ཡོད་ས་རེད། སྙིང་རྗེ། མི་ལས་བལྟས་ན་འཁོར་བ་འཁྲུལ།། འཁོར་བས་བལྟས་ན་མི་ལ་འཁྲུལ་ཟེར་བ་དེ་རེད། མདོར་བསྡུས་ན་སྤྲུལ་སྐུ་ལ་ཅིག་ཟེར་བསྡད་མཁན་དེ་ཚོ་རང་ལ་སྤྲུལ་སྐུའི་མིང་མེད་པ་དང་། སྤྲུལ་སྐུ་ཚོ་ལ་ཆོས་ཚོགས་དང་སློབ་མ། དཔལ་འབྱོར། ཐ་ན་དགའ་རོགས་ཡག་མ་འགའ་རེ་ཡོད་པ་སོགས་ལ་མིག་ཚ་ནས་མ་བཟོད་པར་སྤྲུལ་སྐུ་ལ་ཁ་གཏོང་བ་རེད་འདུག བོད་ལ་སྤྲུལ་སྐུས་བྱས་རྗེས་བསམ་གྱིས་མི་ཁྱབ། སྔོན་མ་སྐྱེས་སར་ཀླུ་སྒྲུབ་ཀྱིས་སྤྲུལ་སྐུ་ལ་དགག་པ་རྒྱག་སྐབས། ངས་ཁོ་ལ་བཤད་པ་ཡིན། སྐུ་སྒྲུབ་རྒྱ་གར་དུ་སླེབས་ནས་ལོ་མང་པོར་ཀིརྟི་གྲྭ་ཚང་དུ་ཁང་རིན་དང་དང་ཟས་རིན་མི་དགོས་པའི་ཐོག་ནས་བསྡད་དེ་སློབ་སྦྱོང་བྱས་པ་རེད། དེ་ཡང་ཀིརྟི་རིན་པོ་ཆེ་ལ་སྤྲུལ་སྐུའི་མིང་ཡོད་པའི་དྲིན་གྱིས་ཀླུ་སྒྲུབ་ལག་སྟོང་མཆན་དུ་བཅུག་ནས་རྒྱ་གར་དུ་སླེབས་སྐབས། སྟག་ནགས་ནང་དུ་ཉལ་ཉལ་བྱེད་ཆོག་སའི་གྲྭ་ཚང་དེ་འདྲ་ཞིག་ཡོད་པ་རེད་མ་གཏོགས། ཀིརྟ་རིན་པོ་ཆེ་སྤྱིར་བཏང་རྔ་བའི་རྒད་པོ་ཞིག་ཡིན་ན་དེ་འདྲ་ཨེ་ཡོད་ཞེས་བཤད་པ་ཡིན། ཁོ་ཁ་གྲག་རྒྱུ་མི་འདུག དེ་འདྲ་རེད། ད་དུང་བོད་ནང་དུ་དགོན་པ་གྲྭ་ཚང་དྲུག་སྟོང་མར་གཏོར་མཁན་རྒྱ་གཞུང་རེད། ཡར་བརྩིགས་མཁན་སྤྲུལ་སྐུ་ཚོ་རེད། དྭ་ཕྲུག་སློབ་གྲྭ། བདག་མེད་གཅེས་སྐྱོང་སོགས་བཤད་ཚོད་ག་ལ་ཡོད། གལ་དེ་རྫུན་མ་འགའ་རེ་ཡོད་པས་དངོས་གནས་ཚོ་ཡང་མི་དགོས་ན། འཛམ་གླིང་འདིར་དཔོན་པོ་རྫུན་མ། ཉེན་རྟོགས་པ་རྫུན་མ། དགེ་རྒན་རྫུན་མ་སོགས་བཤད་མི་ཚར་བ་ཞིག་ཡོད་པས་ད་ཅི་ཡང་མི་དགོས་པ་ཞིག་ཆགས་ངེས་ཡིན། ད་དུང་དགེ་བཤེས་རྫུན་མ་ག་ཚོད་འདུག བླ་མ་རྫུན་མ། མཁན་པོ་རྫུན་མ། བཀྲ་ཤིས་ཁྱོད་ལྟ་བུ་ལེགས་ཉེས་མི་དཔྱོད་པའི་ཤེས་ཡོན་པ་རྫུན་མ། ཧ་ཧ། བསམ་བློ་གཏོང་དགོས་ནི་རེད་ལོ། བཀྲ་ཤིས་གཅེས་ཕྲུག མཁས་པས་རང་གིས་དཔྱོད་ཤེས་ཀྱིས།། བླུན་པོ་གྲགས་པའི་རྗེས་སུ་འབྲང་།། ཁྱི་རྒན་ཀུ་ཅོ་འདོན་པ་ལ།། རྒྱུ་མཚན་མེད་པར་གཞན་དག་རྒྱུགས།། ཟེར་བ་འདི་ལ་བསམ་བློ་ཞིག་ཐོངས། བོད་ཕུངས་མཁན་དེ་སྤྲུལ་སྐུ་མ་རེད། བོད་ཟེར་བ་འདི་འཛམ་གླིང་ལ་སྟོན་མཁན་དང་། བདག་པོ་རྒྱག་ཏུ་འཇུག་མཁན་དེ་སྤྲུལ་སྐུ་རེད། ཁྱོས་འདི་ཤེས་ན་འགྲིག་གི
ཀུན་བསོད་ལགས་ཡག་པོ་འདུག་
ལྟ་བ་དང་བསམ་བློ་ཡག་པོ་འདུག་སྐུ་ཚེ་རིང་བོད་པ་ཟེར་ན་དེ་འདྲ་གཅིག་དགོས་པ་རེད། ཤེས་ཡོན་ཅན་ཟེར་ན་ཡང་དེ་འདྲ་གཅིག་ལ་ངོས་འཛིན་དགོས་པ་ཡིན། བཀྲ་ཤིས་འདྲ་བ་ལྟ་ལོག་དེ་འདྲ་བ་གཅིག་ཡོད་ན་བོད་པ་ཚང་གི་སྤྱི་ཚོགས་ལ་མང་དྲག་པ་རེད་སྙིང་རྗེ་ངས་ཁྱེད་ལ་ངུ་ངུ་ཟེར་བ་དེ་ལ་རྒྱུ་མཚན་ཡོད་ངུར་ངུར་ཟེར་འདོད་མེད་ཨེ་གོ་ལོ་ལོ། ཁྱོད་ཀྱིས་ལྟ་བ་དེ་འདྲ་ཞིག་ཁྱེར་བ་ཡིན་ན་དུས་རྟག་དུ་ངུ་རྒྱུ་མིན་པ་གང་ཡང་མེད་པ་ཐག་ཆོད། ངའི་དག་ཡིག་མ་ཤེས་ན་ཁྱོད་སེམས་ཁྲལ་མི་དགོས་ངོས་ཀྱི་ལྟ་བ་ནི་སྟོན་བ་ཐུབ་པའི་དབང་བོའི་རྒྱལ་ཚབས་༧གོང་ས་མཆོག་གི་དགོངས་པ་དང་གང་མཐུན་མཐུན་བྱེད་རྒྱུ་ཡིན་ཨེ་གོ་ཞི་ལི་ལོ་ལོ། ཞོགས་དུང་ད་ལྟ་བཙོན་ཁང་ལ་འགྲོ་དགོས་པ་དེ་སྙིང་རྗེ། ཡིན་ནའང་ཁོ་གཅིག་པོ་མ་རེད་ང་ཚོ་བོད་པ་ཚང་གི་གཅེས་དམར་མ་མང་པོ་ད་ལྟ་རང་བཙོན་ཁང་ནང་ལ་སྡུག་བསྔལ་མྱང་ནས་འདུག་ཡོད་པ་དེ་ཚོ་ཐམས་ཅད་གཅིག་མཚུངས་རེད་ཨེ་གོ། ཞོགས་དུང་གཅིག་པོ་ལ་དེ་འདྲའི་སེམས་ཁྲལ་བྱེད་པ་དང་གཞན་རྣམས་ལ་མི་བྱེད་པ་མཁན་ཁྱོད་ཚོ་ལ་ཕྱོགས་གཞེན་གང་འདྲ་ཞིག་འདུག་བསམ་བློ་གཏང་རོགས་ཞུ། ད་དུང་གང་ཡང་ཁྱོད་ཀྱིས་མི་མི་ཤེས་པར་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་རྣམས་ལ་དད་ལོག་དང་སྐྱོན་བརྗོད་འདྲ་བྱེད་པ་འདི་ཚོ་ལ་ཁ་ནང་ནས་ད་ལྟ་རང་ཁྲག་སྐྱུག་ནས་མྱུར་དུ་ཤི་བ་ལ་ཐེ་ཚོམས་གང་དགོས།
ཧ་ཧ་ད་འཇིགས་སྐུལ་འདྲ་བྱོས་ནས་སྡོད་སྡོད་ལོ།
ད་ཞོགས་དུང་རྟག་ཏུ་རྒྱལ་གྱུར་ཅིག
སྤྲུལ་སྐུ་རྟག་ཏུ་ཕམ་གྱུར་ཅིག
ཞོགས་དུང་གིས་སྤྲུལ་སྐུའི་སྐོར་ལ་ག་རེ་བཤད་ཡོད་མེད་ཁྱོད་ཀྱིས་ཤེས་ཀྱི་ཨེ་ཡོད། དེ་ཚོ་ལ་དངོས་ལན་རེ་ཡོད་ན་ཤོད་མེད་ན་ཨུ་ཚུགས་མ་རྒྱག་ལོ། ཞོགས་དུང་གི་སྐོར་ལ་མཁས་དབང་ཚོའི་གདེང་འཇོག་ག་ཚོད་འདུག དེ་རིང་སང་ཉི་ཨ་རིའི་རླུང་འཕྲིན་ཁང་གཅིག་པུས་ཞོགས་དུང་གི་རྩོམ་ཡིག་སྐོར་ག་ཚོད་བཤད་སོང་། ད་ཕན་ཆོད་ཡིག་རིགས་འདྲ་མིན་གྱི་ཐོག་ནས་ཞོགས་དུང་གི་རྩོམ་ཡིག་དར་སྤེལ་དགོས་ཚུལ་ད་ལྟ་རང་ཨ་རིའི་VOAཚང་གིས་ག་ཚོད་བཤད་སོང་། གྲོགས་པོ་་་ཀུན་བསོད་་ད་ཁྱོད་ཀྱིས་ཉི་ཤར་ལག་པས་འགེབ་ཐུབ་ནི་མ་རེད། ད་ལྟ་བར་དུ་བོད་གྱི་ཆབ་སྲིད་བཙོན་པ་ཁྲི་ཕྲག་མང་པོ་བྱུང་ཡོད་རེད། མྱི་འབུམ་མང་པོ་བོད་དོན་ལ་ཤི་ཡོད་རེད་མོད། འདྲ་འདྲའི་ནང་ནས་མི་གི་ཡིན་ན། ཞོགས་དུང་ཉིན་ཁ་ཤས་ལ་བཀག་ཉར་བྱས་པ་ལ་སྐད་གྲགས་ག་ཚོད་འདུག བཙན་བྱོལ་་བོད་མིས་ཁོ་མཐོང་ག་ཚོད་སྤྲད་སོང་། ཏཱ་ལའི་བླ་མས་ཁོ་ཡག་པོ་རེད་ཅེས་གསུང་མྱོང་ཡོད་རེད་དཱ། ཁོས་གཏམ་ལ་རིན་ཐང་ཡོད་རེད། གྲོགས་པོ་ང་ལྟ་བ་ལོག་རེད་ཅེས་རྫུན་མ་བཤད་ལོ། ང་ལྟ་བ་ལོག་ཡོད་གཏན་ཚིག་ཅི་ཞིག་ཡོད།
ངས་སྤྲུལ་སྐུས་བསྟན་ཡར་ལ་བཞེངས་རབས་གླེང་གི་མེད་ལ་མར་ལ་བཤིག་རབས་ཀྱང་གླེང་གི་མེད།
༡༽ སྤྲུལ་སྐུ་འདུལ་བ་དང་མི་མཐུན་ཞེས་བྲིས་ཡོད། དེ་ལ་ལན་ཡོད་ན་བྲིས་རོགས་མེད་ན་མེད་རེད།
༢༽ རྒྱལ་ཁབ་འཛིན་སྐྱོང་ལ་སྤྲུལ་སྐུའི་ལམ་ལུགས་ཡག་པོ་མི་འདུག་ཅེས་བྲིས་ཡོད། དེ་ལ་རྒྱུ་མཚན་ཡོད་པ་དཔེར་ན། ཡབ་གཞིས་སྔ་ཕྱི་དང་རྒྱལ་ཚབ་སྔ་ཕྱིའི་བར་གྱི་རྩོད་རྙོག་ལ་གཅིག་གཟིགས་དང་ཤེས་ཡོང་། དེ་མིན་འཛབ་བུ་གླེང་གི་མིའི་འགྲོ་སྟངས་དང་མཐུན་ན་ཡག་གི་རེད་ཟེར་གྱི་ཡོད།
༤༽ སྤྲུལ་སྐུས་རྒྱ་སོག་གི་དམག་ཁྲིད་དེ་བོད་གཉོམ་ཆུང་སྡེབ་གསོད་བྱས་ཡོད་པའི་གནས་ཚུལ་སྐྱི་གཡའ་བ་དེ་ལ་ངས་དགག་བ་རྒྱག་གི་ཡོད། རེ་རེ་བཞིན་ལོ་རྒྱུས་ཀྱི་ཁུངས་སྐྱེལ་དང་བཅས་བྲིས་ཆོག
༥༽ ཞོགས་དུང་གིས་སྤྲུལ་ལ་འཛིན་པའི་ལྟ་ཚུལ་དེ་ནི་ཧ་ལས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པ་ཞིག་དང་། དངོས་ཡོད་གནས་ཚུལ་གསོན་པོ་རང་རེད་ཟེར་གྱི་ཡོད། ལན་ན་ཡོད་ན་བྲིས་རོགས་གནང་མེད་ན་མེད་རེད། དེ་མིན་ཀིརྟིས་ག་རེ་བྱས་ཡོད་མིན་མི་ཤེས་ལ། སྤྲུལ་སྐུས་ག་རེ་བྱས་ཡོད་མིན་ཤེས།
དངོས་གནས་ད་ལྟ་ཞོགས་དུང་སྙིང་རྗེ་དགོས་པ་ཞིག་རེད། ཁོང་བོད་པ་ཞིག་རེད་མ་ཚད་ཁོང་ལ་ཡོན་ཏན་ཅན་གྱི་མིང་ཡོད་པ་ཞིག་རེད། གང་ལྟར་ཁོང་གི་ལྟ་བ་དེ་ལ་ངོས་ཀྱིས་དུས་ནམ་དུ་ཡང་ཁས་ལེན་མེད། ཡིན་ནའང་ཁོང་ད་ལྟ་རྒྱ་དམར་གྱི་ལག་འོག་ན་ཡོད་པའི་དེ་ལ་ངོས་ཀྱིས་མཐའ་གཅིག་དུ་ངོ་རྒོལ་ཡོད། བཀྲ་ཤིས་ལོ་ལོ་ད་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་དེ་ཚོ་ལ་ཁ་མི་གཏང་བར་ང་ཚོ་མཉམ་རུབ་བྱས་ནས་དཀོན་མཆོག་ལ་གསོལ་བ་འདེབས་ནས་ཞོགས་དུང་གི་གཙོ་བྱས་པའི་བཙོན་པ་ཚོ་རྒྱ་དམར་གྱི་ལགས་ནས་ཐོན་ཐུབ་པའི་ཐབས་ལ་འབད་པ་གལ་ཆེ་བར་མཐོང་། ཁྱོད་ཀྱིས་དོན་མེད་ཀྱི་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་དེ་རྣམས་ལ་ཚིག་ལོག་མ་རུང་བ་དེ་འདྲ་ལབ་ནས་འདུག་པ་ཡིན་ན་ཡེ་ཤིས་ཀྱིས་དབྱངས་ན་བཞུགས་པའི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དེ་ཚོ་ལ་ཡག་པོ་ཞིག་ཨེ་ཡོད་ན་བསམ་གི་གཅེས་ཕྲུག་ལོ་ལོ།
ངས་མང་པོ་མི་བཤད་ཚིག་ཁ་ཤས་བཤད། ཁྱེད་ཚོ་པུའུ་ནང་བཞིན་རྐྱང་རྐྱང་རེད། ཀླད་པ་རྙིང་པ་རྐྱང་རྐྱང་རེད། བྱེད་ཡ་གང་ཡང་མི་འདུག སངས་རྒྱས་ཆོས་ལུགས་ནང་བཤད་པའི་བླ་མ་ཟེར་བ་དེ་གཞུང་སོ་སོའི་སྐབས་སུ་བཤད་བཞག་ཡོད་རེད། སྤྲུལ་སྐུའམ་ཡང་སྲིད་ངོས་འཛིན་ལམ་ལུགས་འདི་འདྲ་བོ་གང་ན་ཡང་གསུངས་ཡོད་མ་རེད། ཉན་ཐོས་ཀྱི་ཐེག་པ་ནས་བཟུང་ཡ་ཀི་རྫོགས་ཆེན་བར་གྱི་གཞུང་ལུགས་དེ་ཚོ་ལ་གཅིག་གཟིགས་རོགས། ཁྱོད་ཚོ་ཕལ་ཆེར་ཆོས་པ་ཡིན་པའི་སྐད་ཆ་རེད། ཞོགས་དུང་གིས་མདོ་སྡེ་རྒྱན་གྱི་ལུངས་དྲངས་ནས་བླ་མའི་མཚན་ཉིད་བྲིས་ཡོད་པ་འདི་ཙམ་ཁྱེད་ཚོས་ཀྱང་ངེས་པར་དུ་འབྲི་ཤེས་དགོས་པ་རེད། གཞན་སངས་རྒྱས་ཆོས་ལུགས་དང་མི་མཐུན་པའི་བླ་མའམ་སྤྲུལ་སྐུ་དེ་ཚོས་བོད་པ་ཟོས་རབས་དང་། དགོན་པ་བཞེངས་རབས། དམག་བརྒྱབ་རབས། མྱི་བསད་རབས། མི་ཆོས་བླ་མའི་རྫུན་བཤད་རབས་དེ་ཚོ་རེ་རེ་བཞིན་འབྲིས་དགོས་ན་དུས་ཚོད་ཀྱང་མི་འདུག འདི་གཅིག་ཡིན།
ད་ཁྱེད་ཚོས་ག་ཚོད་བཤད་མ་བཤད་ཡོད་མ་རེད། བོད་པ་ཙམ་དུ་མ་ཟད་སྐད་ཡིག་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་ཞོགས་དུང་གི་རྩོམ་ཡིག་སྤེལ་དགོས་པའི་དགོངས་ཚུལ་འདོན་མཁན་VOAགཙོས་པའི་དཔེ་མང་པོ་བྱུང་སོང་། ད་ཁྱེད་ཚོས་ཅང་བྱེད་ཐུབ་ནི་མ་རེད། སྙིང་རྗེ།
༡༽ སྤྲུལ་སྐུ་རྫུན་མ་བཟོ་མཁན་སྤྲུལ་སྐུ་རེད། །
༢༽ སྤྲུལ་སྐུ་ངོས་འཛིན་བྱེད་མཁན་སྤྲུལ་སྐུ་རེད། །
༣༽ མི་ཆོས་བླ་མའི་རྫུན་གྱི་འབྱུང་ཁུངས་སྤྲུལ་སྐུ་རེད། །
༤༽ རྒྱ་དམག་བོད་དུ་ཁྲིད་མཁན་སྤྲུལ་སྐུ་རེད། །
༥༽ སོག་དམག་བོད་ལ་འདྲེན་མཁན་སྤྲུལ་སྐུ་རེད། །
༦༽ འདུལ་བ་རྨངས་ནས་བཤིག་མཁན་སྤྲུལ་སྐུ་རེད། །
༧༽ ཆོས་སྲིད་གཉིས་ཀ་སྲེ་སླད་གཏོང་མཁན་སྤྲུལ་སྐུ་རེད། །
༨༽ བསྟན་པ་སྒོར་མོར་བརྗེ་མཁན་སྤྲུལ་སྐུ་རེད། །
༩༽ སྐྱ་མིན་སེར་མིན་བྱེད་མཁན་སྤྲུལ་སྐུ་རེད། །
༡༠༽ འདུལ་བའི་གཞུང་དང་འགལ་ན་སྤྲུལ་སྐུ་འགལ། །
༡༡༽ བོད་པའི་ལུང་པ་ཤོར་དོན་སྤྲུལ་སྐུར་ཐུག །
༡༢༽ ཆོས་ལུགས་ནང་དམེ་རྒྱག་མཁན་སྤྲུལ་སྐུ་རེད། །
༡༣༽ ཆོས་མིན་སྲིད་མིན་བྱེད་མཁན་སྤྲུལ་སྐུ་རེད། །
༡༤༽ དོལ་རྒྱལ་ཚོགས་པ་བཙུགས་མཁན་སྤྲུལ་སྐུ་རེད། །
༡༥༽ སྤྲུལ་སྐུ་གྲགས་རྒྱམ་སྤྲུལ་སྐུ་དོལ་རྒྱལ་རེད། །
༡༦༽ མདོར་ན་བོད་འདི་སྤྲུལ་སྐུས་ཕུངས་ནི་རེད། །
ཡ་གྲོགས་པོ་བཀྲ་ཤིས་ལགས།
ཁྱེད་ཀྱིས་དྲི་བ་གཏོང་གི་ཡོད་ན་ལན་འབྲི་དང་འབྲི། ལན་མ་བྲིས་ན་དེ་ལ་རྒྱུ་མཚན་མེད་པའི་རྟགས་རེད། ཐུན་མོང་མ་ཡིན་པའི་ལྟ་གྲུབ་དང་སྤོབས་པ་མེད་པའི་རྟགས་རེད་པ། དེས་ན་ཁྱེད་ཀྱི་དྲི་བ་གསུམ་པ་ཆད་བཞིན་ལྔའི་བར་དུ་བྱུང་འདུག་པ་ཚོ་ལ་ལན་རེ་རེ་བྱས་ནས་འབྲི་ཆོག་པས་གཟིགས་ཨ།
(༡༽ སྤྲུལ་སྐུ་འདུལ་བ་དང་མི་མཐུན་ཞེས་བྲིས་ཡོད། དེ་ལ་ལན་ཡོད་ན་བྲིས་རོགས་མེད་ན་མེད་རེད།)
ལན།
སྤྲུལ་སྐུ་ཟེར་བ་འདི་ཐེག་ཆེན་གྱི་ཆོས་སྐད་ཅིག་ཡིན་པས། འདུལ་ལུང་ཁག་གི་ནང་དུ་སྤྲུལ་སྐུ་ཟེར་བའི་མིང་གི་ཐ་སྙད་མེད་པ་བདེན། འོན་ཀྱང་ལས་རྒྱུ་འབྲས་ངོ་སྤྲོད་ཀྱི་ཐོག་ནས་སྐྱེ་བ་སྔ་ཕྱིའི་རྣམ་བཞག་མང་ཤོས་གསུངས་ས་དེ་འདུལ་ལུང་ཁག་རེད། ཐ་མལ་པའི་སྐྱེ་བོ་རྣམས་ལ་སྐྱེ་བ་སྔ་ཕྱིའི་རྣམ་བཞག་ཡོད་ཆོག་ན། བླ་སྤྲུལ་རྣམས་ལ་སྐྱེ་བ་སྔ་ཕྱིའི་རྣམ་བཞག་མི་ཆོག་པའི་རྒྱུ་མཚན་ཨེ་ཡོད། ད་དུང་འདུལ་བ་མདོར་བསྡུས་ཟེར་བ་དེ་ཤེས་ན་སྤྲུལ་སྐུ་ཟེར་བ་འདི་འདུལ་ལུང་དང་ཡོངས་སུ་མཐུན་པ་ཞིག་ཡིན། འདུལ་བ་སུམ་བརྒྱ་པ་ལས། གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ།། དེ་ནི་རུང་བའི་ཕྱོགས་མཐུན་བརྟག་ཏེ་བླངས།། འདུལ་བ་མདོར་བསྡུས་ཞེས་བྱ་སྒྲོན་མ་དང་།། མཚུངས་པར་གསུངས་འདི་དེ་བཞིན་གཤེགས་པས་གསུངས།། ཞེས་གསུངས་ཡོད། དེས་ན་འདུལ་ལུང་ལས་ཐ་མལ་པའི་སྐྱེ་བོ་ལ་སྐྱེ་བ་སྔ་ཕྱིའི་ངོས་འཛིན་མང་པོ་གནང་བ་དེས། བླ་མ་རྣམས་ལ་ཡང་སྐྱེ་བ་སྔ་ཕྱིའི་ངོས་འཛིན་བྱེད་ཆོག་པར་གྲུབ་པ་ཡིན། ལར་འདུལ་ལུང་སྡེ་བཞི་པོ་ལ་ཁོ་བོ་ཅག་གིས་དགེ་འདུན་ཁྲི་ཡི་དབུས་སུ་བཤད་དགོས་ཀྱང་དཔའ་མི་ཞུམ་པ་ཡོད་པས་ཁྱེད་འདུལ་བ་མི་ཤེས་མཁན་ཞིག་གིས་འདུལ་བའི་སྐོར་གླེང་ཁུལ་མ་བྱས་ན་ཡག ད་དུང་ཐེག་ཆེན་བྱང་སྔགས་གཉིས་ཀར་སྤྲུལ་སྐུའི་སྐོར་ཅི་ཙམ་ཡོད། དེ་ཚོ་བཤད་མི་དགོས་པ་རེད།
(༢༽ རྒྱལ་ཁབ་འཛིན་སྐྱོང་ལ་སྤྲུལ་སྐུའི་ལམ་ལུགས་ཡག་པོ་མི་འདུག་ཅེས་བྲིས་ཡོད། དེ་ལ་རྒྱུ་མཚན་ཡོད་པ་དཔེར་ན། ཡབ་གཞིས་སྔ་ཕྱི་དང་རྒྱལ་ཚབ་སྔ་ཕྱིའི་བར་གྱི་རྩོད་རྙོག་ལ་གཅིག་གཟིགས་དང་ཤེས་ཡོང་། དེ་མིན་འཛབ་བུ་གླེང་གི་མིའི་འགྲོ་སྟངས་དང་མཐུན་ན་ཡག་གི་རེད་ཟེར་གྱི་ཡོད། )
ལན།
སྤྱིར་བཏང་ཁྱོད་ནང་པའི་ཆོས་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན་མིན་ངས་མི་ཤེས། གལ་ཏེ་ཡོད་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་སུ་བྱང་ཆུབ་སེམས་དཔའ་དགོས་པའི་དབང་གིས་རྒྱལ་པོར་སྐྱེ་བའི་རྣམ་བཞག་བྲིས་ན་ལྡེབ་སྟོང་དུ་ལོངས་པ་འབྲི་རྒྱུ་ཡོད། དེ་སྤྱིར་བཏང་དབང་འབྱོར་བའི་སྤྲུལ་སྐུ་རྣམས་ཀྱིས་རྒྱལ་ཁབ་འཛིན་སྐྱོང་དགོས་པའི་ལུང་ཁུངས་རེད། དམིགས་བསལ་བཀའ་གདམས་གླེགས་བམ་སོགས་ལས་བོད་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཡིན་པར་གསུངས་པ་བཞིན། སྤྱན་རས་གཟིགས་ཀྱི་སྤྲུལ་བ་རིམ་བྱོན་གྱིས་རང་གི་འདུལ་ཞིང་ལ་དབང་བསྒྱུར་བ་དེ་བོད་རང་གི་ཆོས་དང་རིག་གཞུང་གཉིས་གར་ཡོངས་སུ་མཐུན་པ་ཞིག་རེད། འདི་ལ་སྤྲུལ་སྐུའི་ལམ་ལུགས་ཀྱིས་རྒྱལ་ཁབ་སྐྱོང་བ་ཞེས་བཏགས་ཀྱང་ཆོག དེ་མགོ་སེར་ཀྱི་རྒྱལ་ཁབ་ཚོའི་ལམ་ལུགས་དང་མཐུན་མ་མཐུན་ཅི་ཡང་མེད། ཡབ་གཞིས་སྔ་ཕྱི་དང་རྒྱལ་ཚབ་སྔ་ཕྱིའི་བར་ལ་རྩོད་རྙོག་ཕྲན་བུ་རེ་བྱུང་ཡོད་ཀྱང་། སྤྲུལ་སྐུའི་ལམ་ལུགས་མེད་ན་བོད་ན་རྩོད་རྙོག་བྱུང་མེད་པ་སུས་ཁག་ཁུར་བྱེད་ཐུབ། བོད་ཀྱི་རྒྱལ་རབས་སྔོན་མ་མང་པོ་ཞིག་གྲི་ཤི་རུ་སོང་ཡང་དེ་སྤྲུལ་སྐུའི་ལམ་ལུགས་ཀྱི་སྐྱོན་མ་རེད། ད་དུང་སྤྲུལ་སྐུའི་ལམ་ལུགས་མེད་པའི་འཛམ་གླིང་གི་རྒྱབ་ཁབ་ཆེས་མང་པོར་ཚབ་ཆེའི་རང་བཞིན་གྱིས་རྙོིག་དྲ་ཅི་ཙམ་བྱུང་འདུག ཕྱོགས་གཅིག་ནས་བཤད་ན་སྤྲུལ་སྐུའི་ལམ་ལུགས་ཀྱི་དྲིན་གྱིས་ཡབ་གཞིས་དང་རྒྱལ་ཚབ་སོགས་ལ་རྩོད་རྙོག་ཕྲན་བུ་ཞིག་ལས་མ་བྱུང་བ་མ་གཏོགས། གལ་ཏེ་སྤྲུལ་སྐུའི་ལམ་ལུགས་མེད་ན་སྐབས་དེ་དག་ཏུ་བོད་ལ་དེ་ལས་ལྡབ་བརྒྱ་འགྱུར་གྱིས་རྙོག་གླེང་བྱུང་ངེས་ཡིན་པ་ཡང་ཟུར་བལྟས་ལེབ་མཐོང་ཡིན།
(༤༽ སྤྲུལ་སྐུས་རྒྱ་སོག་གི་དམག་ཁྲིད་དེ་བོད་གཉོམ་ཆུང་སྡེབ་གསོད་བྱས་ཡོད་པའི་གནས་ཚུལ་སྐྱི་གཡའ་བ་དེ་ལ་ངས་དགག་བ་རྒྱག་གི་ཡོད། རེ་རེ་བཞིན་ལོ་རྒྱུས་ཀྱི་ཁུངས་སྐྱེལ་དང་བཅས་བྲིས་ཆོག)
ལན།
རྒྱ་སོག་གི་དམག་ཁྲིད་མཁན་དེ་སྤྲུལ་སྐུ་གཅིག་པོ་མ་རེད། ར་སྒྲེང་གིས་གོ་མིན་ཏང་ལ་དམག་ཡིག་ཅིག་ཕུལ་ཡོད་པ་དང་། དགེ་སྟག་སྤྲུལ་སྐུས་བཅིང་གྲོལ་དམག་ལྷ་སར་ཡོང་བའི་ལམ་རྒྱུས་བྱས་པ་ཙམ་ལས། དམག་བོས་ནས་བོད་འབངས་ལྡེབ་གསོད་བྱེད་མཁན་མང་ཆེ་བ་སྤྲུལ་སྐུ་མིན་པའི་བླ་མ་ཁག་རེད། དཔེར་ན་བཀའ་བརྒྱུད་དགེ་ལུགས་གཉིས་ཀྱི་དམག་འཁྲུག་གི་སྐབས་དང་། སྒོ་མང་མཁན་པོ་འཇམ་དབྱངས་བཞད་པ་སོགས་ལྟ་བུ། འཇམ་བཞད་སྐུ་ཕྲེང་གཉིས་པ་ནས་སྤྲུལ་སྐུ་ཡིན་པ་ལས་སྐུ་ཕྲེང་དང་པོ་ལ་སྤྲུལ་སྐུའི་མིང་མེད་པ་ཁྱོས་ལོས་ཤེས། དེས་ན་རྒྱ་སོག་གི་དམག་འབོད་མཁན་རྣམས་སྤྲུལ་སྐུ་འབའ་ཞིག་ཡིན་པར་རློམ་པ་དེ་ཁྱོད་ལོ་རྒྱུས་ལ་མ་མཁས་པའམ་ཧངས་བལྟ་བྱས་པའི་སྐྱོན་རེད།
(༥༽ ཞོགས་དུང་གིས་སྤྲུལ་ལ་འཛིན་པའི་ལྟ་ཚུལ་དེ་ནི་ཧ་ལས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པ་ཞིག་དང་། དངོས་ཡོད་གནས་ཚུལ་གསོན་པོ་རང་རེད་ཟེར་གྱི་ཡོད། ལན་ན་ཡོད་ན་བྲིས་རོགས་གནང་མེད་ན་མེད་རེད།)
ལན།
སྐུ་ཞབས་ཞོགས་དུང་ལ་མཚོན་ན་ཆོས་ཁས་མི་ལེན་མཁན་ཞིག་རེད། དེ་ཁོང་གི་ལྟ་གྲུབ་རེད། དེར་བརྟེན་སྤྲུལ་སྐུ་ལ་དགག་པ་མང་པོ་བྱས་ཡོད་རྒྱུ་རེད། ངས་ད་བར་མཐོང་མ་མྱོང་། ཡིན་ན་ཡང་ཁོང་གིས་ནང་ཆོས་ལ་དགག་པ་བྱེད་ལུགས་ལ་བལྟས་ན། སྤྲུལ་སྐུ་ལ་དགག་པ་བྱས་པ་དེ་ཡང་གནད་དུ་སྨིན་ཡོད་མེད་ཀྱི་ཐོག་ལ་ཐེ་ཚོམ་ཆེན་པོ་ཡོད། སྤྲུལ་སྐུ་ལ་དགག་པ་དགོས་ན་ཐོག་མར་སྤྲུལ་སྐུ་ཟེར་བ་དེ་ཤེས་དགོས་ཀྱི་རེད། དེར་བརྟེན་ཞོགས་དུང་གིས་སྤྲུལ་དགག་ཚོ་ལ་རྗེས་སུ་བལྟ་གི་ཡིན། གལ་ཏེ་ལན་རྒྱག་མི་ཐུབ་པའི་དགག་པ་ཞིག་བྱས་ཡོད་ན་ཁས་ལེན་དང་ལེན། དེ་རིགས་པ་སྨྲ་བའི་ཡ་རབ་ཀྱི་ལུགས་སྲོལ་རེད། འོན་ཀྱང་ཁོང་གིས་སངས་རྒྱས་དང་ཆོས་ལ་དགག་པ་གནང་བ་བཞིན་མུན་ནག་མདའ་འཕེན་ཞིག་ཡིན་ན་རྗེས་སུ་ཁོང་བཙོན་གྲོལ་ཐོབ་སྐབས། ཁོང་གི་རྒྱལ་གཅེས་ཀྱི་དཔའ་སྤོབས་ལ་བསྔགས་བརྗོད་དང་སྦྲགས་ནས་དེའི་སྐོར་ལ་སློབ་ཚན་གཞན་པ་ཞིག་ཟུར་དུ་ཁྲིད་ཆོག ཁོང་གི་ཤེས་རབ་འཕེལ་བ་ཡང་ཕན་གྱི་རེད། དེ་མིན་ཁོང་སྲིད་དོན་གྱི་ཆེད་དུ་རྒྱ་ནག་པོའི་ལྕགས་སྒྲོག་གི་འོག་ཏུ་ཕེབས་པ་ལ་དུས་ནམ་ཡིན་རུང་བརྩི་བཀུར་དང་བསྔགས་བརྗོད་ཡོད། ཁོང་བློ་ཁོག་ཆེ་བའི་རྒྱལ་ཞེན་པ་ཞིག་ཡིན་པ་ཁས་ལོན་ལེན།
འོན་ཀྱང་མི་ཞིག་ཡིན་ཕྱིན་ཡོད་ཚད་དང་བཤད་ཚད་རྫུན་མ་དང་། ཡང་ན་ཡོད་ཚད་དང་བཤད་ཚད་བདེན་པ་ཡིན་པར་སུས་ཀྱང་ཐག་གཅོད་མི་ཐུབ། དེ་ཡང་ཁྱོས་ཤེས་ན་འགྲིག་གི
ཡ་གྲོགས་པོ། ད་ཇ་ཞིག་འཐུང་། བཞེས་ལག་ཅིག་བཞེས་ནས་ཡང་ཤོག་དང་བགྲོ་གླེང་བྱེད་ཨེ་རེད།
འོ། ངས་གོང་གི་མཆན་དེ་བྲིས་ནས་བཏང་ཚར་དུས་ཁྱེད་ཀྱི་ཚིག་བཅད་དེ་ཚོ་མཐོང་སོང་ཡང་། དེ་ནི་བྱིས་པའི་ཁ་རྒྱལ་རྩོད་པ་འདྲ་ཞིག་ལས་སྙིང་པོ་ཅི་ཡང་མི་འདུག་པས་ལན་རྒྱག་རིན་ཡོད་པ་ཞིག་ཏུ་བརྩིས་མེད། དགོངས་དག
འོ་ད་དུང་ཟེར་རྒྱུ་ཞིག་ལ། བཀྲ་ཤིས་ལགས་ལ་བལྟས་ན་ལྷུན་གྲུབ་རྡོ་རྗེ་འདི་བོད་པ་ངོ་མ་ཞིག་ཡིན་འདུག་པས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། བཀྲ་ཤིས་ཅན་པོ་འདིའི་སྐ་ར་སྐོར་འདིས་ལོག་ལྟ་ཞིག་མ་གཏོགས་ཅི་ཡང་ཤེས་ནི་མ་རེད། ཅི་ཡང་འཇོན་ནི་མ་རེད། འཇོན་ཡང་མྱོང་ནི་མ་རེད། ཐ་ན་དགྲ་གྲོགས་ཀྱི་དབྱེ་བ་ཡང་ཤེས་ནི་མ་རེད། མིག་བཅར་མཁན་དང་ལོང་ཁྲིད་བྱེད་མཁན་གཉིས་ཀྱང་ཁ་ཁར་ཧ་གོ་ནི་མ་རེད། སྙིང་རྗེ། མ་རིག་པ་ནི་མ་རིག་པ་རང་རེད། མ་རིག་པ་འདིས་མི་ཁ་ཤས་ལ་དམིགས་བསལ་གྱིས་ཐུབ་ཚོད་གཏོང་གི་ཡོད་ས་རེད། ཨ་ཧ་བོ། སྙིང་རྗེ། ཨ་ར་པ་ཙ་ན་དྷཱིཿ དྷཱིཿདྷཱིཿདྷཱིཿདྷཱིཿདྷཱིཿདྷཱིཿདྷཱིཿདྷཱིཿདྷཱིཿདྷཱིཿདྷཱིཿདྷཱིཿདྷཱིཿདྷཱིཿ
ཀུན་བསོད་ཁྱོད་ནང་ཆོས་བལྟ་མྱོང་མཁན་ཞིག་ཏན་ཏན་རེད། གཞན་ཁྱོད་ཀྱི་ངའི་མཆན་གོང་མ་དེ་ཚོ་བལྟས་མི་འདུག
༡༽ ངས་སྤྲུལ་སྐུ་འདུལ་བ་དང་མི་མཐུན་པར་བཤད་པ་དེ་སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་ཆ་ནས་བཤད་མེད། མི་ཆོས་བླ་མའི་རྫུན་གྱི་ཆ་ནས་བཤད་ཀི་ཡོད། ངས་ཟེར་ཡག་ལ་ང་སྤྲུལ་སྐུ་ཡིན་ཟེར་ན་ཡང་མི་ཆོས་ཆོས་བླ་མ་རེད། ཁྱོད་སྤྲུལ་སྐུ་རེད་ཟེར་ན་ཡང་མི་ཆོས་བླ་མ་རེད། དེ་བཞིན་ཕལ་ཆེ་བ་ཞིག་མི་ཆོས་བླ་མའི་རྫུན་ཡང་རེད། བྱས་ཙང་སྤྲུལ་སྐུ་ཡིན་ན་སྡོམ་པ་མེད་པས་ཁྱབ་ཟེར་དོན་ཡང་དེ་ག་རང་ཡིན། སྤྲུལ་སྐུ་ཡིན་ན་མི་ཆོས་བླ་མའི་རྫུན་སྨྲ་མཁན་ཡིན་པས་ཁྱབ་ཅེས་བཤད་ན་ཕལ་ཆེར་ཆོག་ནི་རེད། གཞན་ཐེག་པ་ཆེན་པོའི་གཞུང་ནས་བྱང་ཆུབ་སེམས་དཔའི་མཛད་སྤྱོད་ངོ་མཚར་བ་མང་པོ་གསུངས་ཡོད་ཡོད་པ་རེད་མོད། ང་ཚོའི་སྤྲུལ་སྐུ་འདི་ཚོ་ལ་ས་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཙམ་ཡང་ཡོད་མེད་བལྟས་ན་ཤེས་ ༡༩༥༩ ལོར་ས་མཚམས་ནས་བྲོས་བྱོལ་ལ་ཕེབས་པ་ཤ་རྟག་རེད་མ་གཏོགས་ས་ཐོབ་པའི་རྫུ་འཕྲུལ་བལྟན་རབས་མི་འདུག མདོར་བསྡུས་ནས་བཤད་ན་ཆུ་བཞི་སྒང་དྲུག་བསྟན་སྲུངས་དྭངས་བླངས་དམག་མིའི་ནུས་པ་དེ་ཡང་སྤྲུལ་སྐུ་རྣམ་པ་ལ་མེད་ངེས་ཡིན། མི་ཆོས་བླ་མའི་ཕམ་པ་ལ་འདུལ་བ་མདོར་བསྡུས་སྦྱར་ཏེ་གུ་ཡངས་བྱེད་ཀྱི་ཡོད་མ་རེད།
༢༽ རྒྱལ་ཁབ་འཛིན་སྐྱོང་ལམ་ལུགས་སྟེང་ནས་བཤད་ན་སྤྲུལ་སྐུས་བོད་བསྐྱངས་བའི་མཇུག་འབྲས་ག་རེ་བྱུང་འདུག ང་ཚོའི་ལུང་པ་མི་ལ་ཤོར་ཚར་ཡོད་རེད། སྤྲུལ་སྐུས་བོད་རྒྱལ་ཁབ་སྐྱོང་ཐུབ་མི་འདུག་ཟེར་གྱི་ཡོད་མོད། མང་པོ་འབྲི་སྙིང་བྲོད་མ་སོང་།
༣༽ རྒྱ་སོག་གི་དམག་ཁྲིད་མཁན་རེད། ༡༽ ཀརྨ་པ་གཅིག་རེད། ༢༽པཎ་ཆེན་ ༩ པ་གཅིག་རེད། ༣༽ ར་སྒྲེང་མ་རེད་དེ་སྒྲེང་གི་གཟིམ་འགག་ཟེར་བ་རེད། རྩ་བ་ར་སྒྲེང་སྤྲུལ་སྐུ་ལ་ཐུག་ཡོད། ༤༽ དགའ་ལྡན་ཕོ་བྲང་གིས་སོག་དམག་ཁྲིད་པ་ཡང་རྩ་བ་སྤྲུལ་སྐུ་ཐུག་ཡོད། ༥༽ དགེ་སྟག་སྤྲུལ་སྐུ་རེད། ད་རུང་མང་ནི་རེད།
༤༽ ཞོགས་དུང་གིས་དཔྱོད་ཤེས་རིག་པའི་རྒྱང་འབོད་ནང་དུ་བྲིས་ཡོདཔ་དེར་ལྟོས།
འོ། ད་རུང་བརྗེད་སོང་བ་ཞིག་ལ་ལྷུན་གྲུབ་ཀྱིས་ཁོང་ལ་གཏེར་སྟོན་གྱི་འདུལ་བ་གསུང་ནི་ཟིག་ཡོད་རབས་བཤད་སོང་། གཏེར་སྟོན་གྱི་འདུལ་བ་དེ་གང་འདྲ་ཞིག་ཡིན་མི་ཤེས། བཀའ་འགྱུར་་ནང་གི་སོར་མདོ་དང་གཅིག་མིན་འགྲོ ། མི་འདྲ་བ་ཞིག་ཡོད་ན་གཅིག་བཤད་རོགས།
ད་དུང་ཁྱོད་ལ་ཐུན་མོང་ཡོངས་གྲགས་ཀྱི་ལུགས་སྲོལ་དང་མཐུན་པའི་གཏེར་སྟོན་གྱིས་འདུལ་བ་གསུངས་པ་ཞིག་དགོས་ན་རྙིང་མའི་མངའ་རིས་ཀྱི་པཎ་ཊི་ཏ་པདྨ་དབང་གི་རྒྱལ་པོ་ལྟ་བུ་རེད། འདི་དཔེ་མཚོན་གཅིག་རང་ཡིན། ཁོང་གཏེར་སྟོན་སྤྲུལ་སྐུ་ལྔའི་ནང་གི་གཅིག་རེད། ཁོང་གིས་སྡོམ་གསུམ་རྣམ་ངེས་ནང་གི་འདུལ་བའི་སྐོར་དེ་འདུལ་བ་ལུང་སྡེ་བཞི་ཞེས་ཨ་མཆོད་མཁས་པ་ཞིག་གིས་ཀློག་ཀྱང་ཟླ་ཕྱེད་ཅིག་ལ་མི་ཚར་བ་དེའི་ནང་ནས། སློབ་གཉེར་མཁན་ཞིག་གིས་ཉིན་གཅིག་ལ་བློར་བཟུང་ཐུབ་པ་ཞིག་ཏུ་བྱས་ནས་གསུངས་པ་རེད། དེང་སང་ས་དགེ་བཀའ་རྙིང་གི་གདན་ས་རིས་མེད་མང་པོར་སློབ་གཉེར་བ་ཁྲི་ཕྲག་དུ་མས་བློར་བཟུང་ནས་འཆད་ཉན་བྱེད་ཀྱི་ཡོད་པ་དེ་རེད། གཅེས་ཕྲུག ད་ལོག་ལྟ་བྱེད་རྒྱུ་མཚམས་ཞོག་ལ་སློབ་གཉེར་ཕྲན་བུ་རེ་གྱིས་དང་ཕྱིས་སུ་ཕན་ཐོག་གི་རེད་ལོ། ལོག་ལྟ་འདིས་གནོད་བསྐྱལ་བ་ཞིག་མ་གཏོགས་ཕན་བཏགས་པ་ཞིག་མེད་ཡ།
ཡ་ཀུན་བསོད་དྲིན་ཆེན་པོ། ད་ཡར་ལངས་ནས་གཅིག་བལྟས་ཡིན། ཡག་པོ་བྲིས་བཞག སྡོམ་གསུམ་ཅང་བཤད་ཀི་མེད། མདོར་ན་སངས་རྒྱས་ཀྱིས་གསུང་པའི་དམ་པའི་ཆོས་ལུགས་གཞིར་བཟུང་བྱས་ནས་བཤད་ན་གཞུང་སོ་སོའི་ནང་བླ་མ་ལ་ཚད་དང་མཚན་ཉིད་གསུངས་འདུག་སྟེ་སྐྱེ་བ་སྔ་མའི་སྤྲུལ་སྐུའམ་ཡང་སྲིད་འཁྲུལ་མེད་ཡིན་མིན་བརྟག་དགོས་པར་བཤད་མེད། སངས་རྒྱས་ཆོས་ལུགས་ཀྱི་བླ་མ་ཟེར་བ་དེ་ཆོས་གཞུང་ནས་བཤད་པའི་བླ་མའི་མཚན་ཉིད་ཚང་ན་འགྲིག་པ་ཞིག་རེད། དེ་མིན་དེང་སང་བོད་པའི་སྤྲུལ་སྐུ་ཚོས་སྒྲུང་འདྲ་མང་པོ་བཤད་དེ་ལོ་རྒྱུས་རིང་པོ་ཡོད་མདོག་བཤད་ནས་གཡོ་རྫུན་འཁྲབ་བསྡད་པ་དེ་ལ་ངོ་རྒོལ་ཡོད། ད་རུང་༸་འདི་འབྲི་བ་དང་ H H འབྲི་བ་སོགས་སངས་རྒྱས་དང་རྒྱན་དྲུག་རྗེས་འབྲང་བཅས་པ་ལ་མེད་པའི་ཁྱད་ཆོས་ཡིན་མདོག་བཤད་ཀི་འདུག ཁོང་ཚོ་བླ་མ་ཆེན་པོ་རེད། གཞན་པ་ཆུངཆུང་རེད་ཟེར་ནས་ཅིག་བཤད་ཀི་འདུག་པ་དེ་ཚོ་གནས་ལུགས་དང་མཐུན་པ་ཟིག་མ་རེད་ཟེར་གྱི་ཡིན། ནཱ་ལེནྜའི་མཁན་རབས་དང་གཏད་རབས་བདུན་ལྟ་བུ་ལས་ལྷག་གི་བླ་ཆེན་ཞིག་བོད་ལ་ཡོད་དོན་མེད། ཧ་ཅང་ཐལ་དྲགས་པའི་སྐད་ཆ་འུད་སྒྲོགས་དེ་ཚོར་ངོས་ལེན་མེད་དོ།
བདག་ནི་དག་བོད་ཡིག་འབྲི་ཤེས་མཁན་ཞིག་རྩ་བ་ནས་མིན། ཡིན་ཡང་ངའི་བསམ་ཚུལ་ལ་ང་ཚོ་བོད་འདི་དངོས་ནས་བསོད་ནམས་ཟད་རིན་ཡིན་པ་འདྲ། ༧གོང་ས་མཆོག་དབུས་བོད་ཀྱི་བླ་ཆེན་ཁག་ནས་ཆོས་དང་རིགས་གཞུང་གི་ཆེད་དུ་སྐུ་ངལ་མཛེམ་མེད་ཐོག་ནས་སློབ་གྲྭ་དང་རྒན་གསོ་ཁང་། དགོན་པ་སོགས་དང་གཞན་ཡང་རང་སྲོག་གི་འགྲོ་སོང་བཏོང་མཁན་ཡང་མང་པོ་བྱུང་ཡོད། དེ་དག་གི་བཀའ་དྲིན་མཇལ་གསམ་རྒྱུ་ཞིག་ཕར་ཞོག ད་དེང་བོད་སྤྲུལ་བརྒྱ་ལས་ཞོགས་དུང་གཅིག་དགའ་ཟེར་བ་སོགས་དང་། གཞན་ཡང་དེང་སྐབས་བོད་ཀྱི་མཁན་སྤྲུལ་དགེ་འདུན་རྣམ་ནས་ཡུལ་ཤུལ་ས་ཡོམ་ལ་རོགས་སྐྱོར་མི་ཉུང་པ་ཞིག་གནང་ཡོད་དེ་དག་ལེགས་པའི་ཆ་ཙམ་ཡང་ཡིན་པ་ཤེས་མཁན་དཀོན་པར་སྣང་། ཞོགས་དུང་ནས་ཡུལ་ཤུལ་ལ་ཕུལ་བའི་སྙན་ངག་དེ་མི་ཉུང་པ་ཞིག་གིས་ཁྱབ་བསྒྲགས་ཤུག་ཆེན་དྱས་ནས་ཁོང་མི་རིགས་ཀྱི་དཔའ་བོ་ཞིག་ཡིན་འདོགས་བྱེད། བོད་ཀྱི་མཁན་སྤྲུལ་དགེ་འདུན་རྣམ་པས་དེང་དུས་བོད་ཕྱི་ནང་གཉིས་ཀ་ལ་བཤད་གྲྭ་དང་སྒྲུབ་གྲྭ སློབ་གྲྭ་སྨན་ཁང་། གསར་གཞེངས་གནང་ཡོད་དེ་ཚོ་དྲིན་ཅན་ལ་དྲིན་ངོ་ཤེས་དགོས།
བོད་ནི་རྒྱ་དམར་ལ་ཤོར་ཡ་རང་རེད། ཨོ་རྒྱན་རིན་པོ་ཆེས། བོད་ཀྱིས་དྲིན་པོ་ཆེ་ལ་དྲིན་མི་གོ༔ ཞེས་གསུངས་པ་དེ་དངོས་གནས་རེད་འདུག བོད་ཀྱི་རྒྱལ་ཁབ་མི་ལ་ཤོར་ཡང་རིག་གཞུང་མི་ལ་མ་ཤོར་བར་དེང་སང་དེ་ཙམ་འཕེལ་རྒྱས་ཕྱིན་པ་དེ་བོད་ཀྱི་བླ་སྤྲུལ་གྱི་བཀའ་དྲིན་མིན་ན་སུའི་ཡིན། བོད་ཀྱི་བླ་སྤྲུལ་མེད་ན་དེ་ལས་འཕེལ་རྒྱས་ཕྱིན་སྲིད་ཀྱང་ད་ལྟ་ནི་བོད་ཀྱི་བླ་སྤྲུལ་གྱི་བཀའ་དྲིན་ཁོ་ན་ལས་གཞན་མ་ཡིན་ནོ། །
དྲྭ་གྲོགས་གུ་ར་རྫ། ཡ་ཡ། ང་ཚོ་བོད་པ་ལ་བསོད་ནམས་ཡོད་མིན་མི་ཤེས། བོད་ཀྱི་ཆོས་རང་རིག་གཞུང་འཛིན་སྐྱོང་བྱེད་པ་ལ་སྔོན་བྱོན་བླ་མ་དམ་པ་མང་པོ་བྱུང་ཡོད་རེད། ཡིན་ན་ཡང་དེ་ཚོ་ཚང་མ་སྤྲུལ་སྐུ་དང་འབྲེལ་བ་དམིགས་བསལ་གང་ཡང་མེད། སྤྲུལ་སྐུ་ཟེར་བ་འདི་གཡོ་སྒྱུ་འཁྲབ་མཁན་འདྲ་ཞིག་རེད་བསམ་ཡོད། རྗེ་ཙོང་ཁ་པའི་སློབ་རྒྱུན་ཚོས་གསུང་སྲོལ་ལ། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། །དགའ་ལྡན་ཁྲི་ལ་བདག་པོ་མེད། །ཟེར་སྲོལ་ཡོད་པ་བཞིན་དོན་ལ་ཡང་དེ་ལྟར་རེད། དགེ་ལུགས་པའི་བསྟན་པ་ཤར་རྒྱ་ནག་གི་རྒྱ་མཚོའི་མཐའ་ནས་སྟོད་ལ་དྭགས་བར་དར་ཁྱབ་ཧ་ལས་པ་བྱུང་བ་དེ་ཡང་རྒྱུ་མཚན་དེ་ག་རང་རེད། དགེ་ལུགས་པའི་གདན་ས་ཆེ་ཁག་ཏུ་མི་ཆོས་བླ་མ་བཤད་ནས་བླ་མར་ཆགས་པ་ཉུ་ཉུང་རེད།་དེར་བརྟེན་དགེ་ལུགས་པའི་བསྟན་པ་འདི་སྤུས་དག་པོ་བྱུང་བ་རེད། གཞན་རྙིང་མ་བཀའ་བརྒྱུད་གཉིས་ཀའི་དགོན་པ་ཆུང་ཆུང་འདི་ཚོ་མང་ཆེ་བ་ཕྱི་ཁོག་ཙམ་མ་གཏོགས་ཁུངས་ལུང་ཞེ་དྲག་མེད་པའི་རྒྱུ་མཚན་མི་ཆོས་བླ་མའི་རྫུན་བཤད་དེ་བླ་མའི་གོ་ས་བཟུང་བ་ལས་བླ་མ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཚང་བ་ཡིན་མིན་མ་བལྟས་པའི་དབང་གིས་རེད། མདོར་ན་ཤེས་རབ་དང་ཚུལ་ཁྲིམས་གཉིས་གལ་ཆེན་པོ་རེད།
རྡོ་རྗེ་རྒྱལ་པོ་ལགས། ཨོ་རྒྱན་རིན་པོ་ཆེའི་བཀའ་མ་བརྩིས་པས་བོད་རྒྱ་འོག་ཏུ་ཤོར་བ་ཏན་ཏན་རེད། དེ་ལ་རྒྱུ་མཚན་དངོས་གནས་ཡོད་རེད། ཡིན་ན་ཡང་དེང་སང་བཤད་ཀྱང་ཕན་པ་ཆེར་མི་འདུག དུས་ཚོད་རྫོགས་ཚར་རེད། ད་དེའི་སྐོར་མང་པོ་བཤད་ན་བོད་གཞུང་དང་དགེ་ལུགས་པའི་དབང་འཛིན་པ་རེ་ཟུང་ལ་ལས་བརྡ་བྱེད་ཀྱི་ཡོད་པ་འདྲ་ཞིག་མ་གཏོགས་དགོས་པ་མི་འདུག དགོས་པ་མེད་ན་བཤད་མ་བཤད་ཡོད་མ་རེད། སྤྱིར་ད་རུང་ཡིན་ན་ཡང་ཨོ་རྒྱན་ཆེན་པོའི་བཀའ་ལུངཚད་ལྡན་མང་པོ་ལག་ལེན་ལ་འདེབས་དགོས་པ་དེ་འདྲ་མང་པོ་ཡོད། ལག་ལེན་བཏབས་ན་ཏན་ཏན་བོད་སྤྱིའི་རྩ་དོན་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེའི་སྐོར་ལ་གསང་བའི་སྒྲིག་འཛུགས་ཤིག་ཀྱང་ཨེ་ཡོང་བསམ་ཡོད། བོད་པའི་སྤྲུལ་སྐུ་འདི་ཚོས་མི་ཆོས་བླ་མའི་རྫུན་བཤད་ཡ་མཚམས་བཞག་སྟེ། དོན་དངོས་ཀྱི་ཐོགས་ནས་བོད་དོན་ལ་ཕན་རེ་བཏགས་ན་ཡག་པོ་རེད།
དེང་སང་སྤྲུལ་རྫུན་ལ་ལས་མངོན་སུམ་དུ་རྫུན་བཤད་དེ་རྨི་ལམ་དང་ལུང་བསྟན་དེ་འདྲ་བཤད་ཡོང་གི་ཡོད་རེད། ཁོང་ཚོས་སྒོར་རྡོག་ཅུང་ཟད་རེའི་ཆེད་དུ་ལུང་རྫུམ་བཟོས་བཞག་པ་དེས་ཨོ་རྒྱལ་ཆེན་པོའི་བཀའ་ལུང་ཚད་ལྡན་རྣམས་ལ་ཡང་དོགས་པ་དང་ཐེ་ཚོམ་སྐྱེ་ཡོང་གི་རེད། དེ་ཚོའི་རིགས་ཤན་འབྱེད་བྱེད་ཀྱི་ཡང་གལ་ཆེན་པོ་རེད།
༼གསལ་བཤད། ཁ་བརྡ་སང་གིས་བཀྲ་ཤིས་ཀྱི་མཆན་བུ་༧༤པ་དེ་མ་བསུབ་བར་ཏུ་ངའི་མཆན་བུ་མི་བསུབ་རོགས། ༽
ཨ་རོགས་བཀྲ་ཤིས། དགོངས་པ་ཁྱོན་ནས་མ་ཚོམས།
ཁྱོད་ཀྱིས་སྤྲུལ་སྐུ་མང་ཤོས་དང་རྙིང་མ་དང་བཀའ་བརྒྱུད་རེད་ཟེར་བ་དེ་ལ་ངོས་ལེན་ཡོད། འོན་ཀྱང་(དགེ་ལུགས་པའི་བསྟན་པ་འདི་སྤུས་དག་པོ་བྱུང་བ་རེད། གཞན་རྙིང་མ་བཀའ་བརྒྱུད་གཉིས་ཀའི་དགོན་པ་ཆུང་ཆུང་འདི་ཚོ་མང་ཆེ་བ་ཕྱི་ཁོག་ཙམ་མ་གཏོགས་ཁུངས་ལུང་ཞེ་དྲག་མེད་)ཟེར་བ་འདི་ལ་ངོས་ལེན་རྩ་བ་ནས་མེད། གང་ཡིན་ཟེར་ན་བོད་ལ་ཁུངས་ལུང་མེད་པའི་ལས་ཀ་བྱེད་མཁན་གྱི་ཆོས་བརྒྱུད་དང་དགོན་སྡེ་དེ་དགེ་ལུགས་རེད་མ་གཏོགས། རྙིང་མ་དང་བཀའ་བརྒྱུད་མ་རེད། དགེ་ལུགས་པས་བརླ་རྒྱག་སྐྱག་རྒྱག་ནི་བྱེད། འདྲེ་ནི་མཆོད། ཚོགས་ཞིང་ནང་དུ་དམ་སྲི་ནི་ཡོད། སྔོན་རྒྱ་དམག་མ་ཐོན་གོང་བོད་ཡུལ་སྟོད་སྨད་བར་གསུམ་ལ་དགེ་ལུགས་པའི་ཁྲག་གི་འཁོར་ལོ་ནི་བར་མཚམས་མེད་པར་བསྐོར། ནང་འཁྲུགས་དང་ནང་གསོད་ནི་གནའ་ནས་ད་བར་མཚམས་འཇོག་མ་མྱོང་། རྒྱལ་ཁབ་ནི་བཙོང་། རྒྱ་སོག་གི་དམག་ནི་ཁྲིད། མི་ནི་གསོད། དམག་དཔོན་བྱས་ནས་མི་སྲོག་མང་པོ་བཅད་རྗེས་ཆོག་གོས་གྱོན་ཏེ་སྡོམ་པ་ནི་འབོགས། དེས་ན་ཁུངས་ལུང་མེད་པའི་གདན་ས་དང་དགོན་སྡེ་ཞིག་ཡོད་ན་དེ་དགེ་ལུགས་ཡིན་མ་གཏོགས་བཀའ་རྙིང་མིན། རྣ་བ་བཀབ་ནས་ཅོང་བརྐུ་རྒྱུ་མཚམས་བཞག་ན་ཡག་གི་རེད། ད་དུང་བཤད་རྒྱུ་མང་ཡང་ཁ་བརྡ་སང་གིས་བསུབ་པར་དོགས་ནས་མང་པོ་བྲིས་མེད། གཏམ་ལ་ལན་པོ་ཙམ་ཡིན།
ཚུལ་མཐར་ལགས། ཁྱེད་རང་དོན་ངོ་མར་དགེ་ལུགས་པར་མི་དགའ་མཁན་ཞིག་རེད། འདི་ནི་ངོ་མ་གསལ་བོ་རེད། ལོ་རྒྱུས་སྟེང་གི་ཆོས་ལུགས་པའི་དམག་འཁྲུག་ཡོད་ཚད་དགེ་ལུགས་པའི་མགོ་ལ་གཡོག་གིན་འདུག དོན་ངོ་མར་དེ་འདྲ་ཞིག་ད་མ་རེད། དཔེར་ན་ལོ་རྒྱུས་སྟེང་གི་ཆོས་ལུགས་པའི་དམག་འཁྲུག་དང་པོ་རྒྱག་མཁན་དེ་ས་སྐྱ་དང་བཀའ་བརྒྱུད་པ་རེད། དེ་ཡང་དུང་དཀར་ཚང་གི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་ཞེས་པའི་དེབ་དེའི་ཤོག་ངོས་༧༧ལས། དེ་ནས་འགྲོ་མགོན་འཕགས་པའི་གཅུང་བོ་ཕྱག་ནའི་སྲས་དྷརྨ་པྰ་ལ་རཀྴི་ཏ་ཟེར་བས། རབ་བྱུང་ལྔ་པའི་ལྕགས་འབྲུག་སྤྱི་ལོ་༡༢༨༠ལོ་ནས་ལོ་བརྒྱད་རིང་སྲིད་དབང་བཟུང་། འདིས་སྲིད་དབང་བཟུང་ནས་ལོ་གཅིག་སོང་རྗེས་འབྲི་གུང་དུ་སྤྱན་སྔ་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་འདས་པའི་ཚབ་ཏུ་རིན་པོ་ཆེ་གྲགས་པ་ཡེ་ཤེས་བསྐོས་ཤིང་། ཁོང་གིས་རང་ཉིད་ཀྱི་དབོན་པོ་སྣག་ཚ་གྲགས་སླེ་བ་ས་སྐྱའི་བླ་མ་ཡེ་
ཤེས་རིན་ཆེན་ལ་ཕུལ། དེ་ལ་ས་སྐྱ་བས་འབྲི་གུང་གི་གདན་སར་བསྐོ་རྩིས་བྱེད་སྐབས་བཅུ་གཉིས་པ་རིན་ཆེན་རྡོ་རྗེའི་གཅུང་རྒྱ་བོ་གྲགས་པ་རིན་ཆེན་གྱིས་བཀྲོངས། དེའི་དོན་དུ་ས་སྐྱ་བས་འབྲི་གུང་པར་ཁ་མཆུ་སློང་རྩིས་བྱས་ཀྱང་། གཅུང་རྒྱ་བོ་གྲགས་པ་རིན་ཆེན་གྱི་རྒྱབ་ཏུ་འབྲི་གུང་བ་ཡོངས་རྫོགས་ལངས་པར་བརྟེན་ས་སྐྱ་པ་དང་འབྲི་གུང་གཉིས་འཁྲུགས་པའི་མགོ་དེ་ནས་ཚུགས། ས་སྐྱ་བདག་ཆེན་དྷརྨ་པྰ་ལ་རཀྴི་ཏས་སྲིད་དབང་བཟུང་ནས་ལོ་ལྔ་ལ་བསླེབས་པ། རབ་བྱུང་ལྔ་པའི་ཤིང་བྱ་སྤྱི་ལོ་༡༢༨༥ལོར་འབྲི་གུང་སྒོམ་པ་ཀུན་རྡོར་རིན་ཆེན་གྱིས་སྟོད་ཧོར་གྱི་རྒྱལ་པོ་ཧུ་ལའི་ཧུའི་སོག་དམག་ཁྲི་དགུ་ཙམ་བོད་དུ་ཁྲིད་ཡོང་སྟེ་ས་སྐྱ་པར་དམག་དྲངས། དེ་ནས་ས་སྐྱའི་གདུང་རྒྱུད་ཁོངས་མིན་པའི་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་རབ་བྱུང་ལྔ་པའི་མེ་ཕག་སྤྱི་ལོ་༡༢༨༧ལོ་ནས་བཟུང་ལོ་བརྒྱད་ཀྱི་རིང་སྲིད་དབང་བཟུང་། འདིས་སྲིད་དབང་བཟུང་ནས་ལོ་བཞི་ལ་བསླེབས་སྐབས་ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་ཧུ་པི་ལི་སེ་ཆེན་ཧན་གྱི་བུ་ཐི་མུ་བྷོ་ཁས་ཀྱི་དམག་དཔུང་བོད་དུ་ཁྲིད་ཡོང་སྟེ་གཙང་དམག་དང་མཉམ་དུ་འབྲི་གུང་པར་དམག་དྲངས། འབྲི་གུང་མཐིལ་གྱི་ལྷ་ཁང་ཆེན་མོ་མེར་བསྲེགས་བཏང་། གྲྭ་པ་དང་མི་སྐྱ་བསྡོམས་པའི་མི་གྲངས་ཆིག་ཁྲི་ལྷག་ཙམ་བསད། དེ་སྔོན་འབྲི་གུང་པའི་མཆོད་གཞིས་ཁོངས་ཡིན་པའི་སྦྱར། དྭགས་པོ། ཀོང་པོ། ཨེ། གཉལ། ལོ་རོ། ལྷོ་ཁ། བྲག་དཀར། ཡར་རྒྱབ། མོན་བཅས་ས་སྐྱ་པས་འཕྲོགས། དེ་ལ་བོད་ཀྱི་ལོ་རྒྱུས་ཐོག་འབྲི་གུང་གླིང་ལོག་ཟེར། དེ་ནས་བཟུང་དབུས་གཙང་གཉིས་ཀྱིས་བོད་རིགས་ནང་ཁུལ་བར་འགལ་ཟླ་ཆེན་པོ་ཆགས་པའི་མགོ་ཚུགས།
ཞེས་དང་ཡང་དེབ་དེའི་ཤོག་ངོས་༩༡གི་ངོས་སུ།
གཙང་པ་སྡེ་སྲིད་དང་དགེ་ལུགས་གཉིས་བར་གྱི་དམག་འཁྲུག་གི་སྐོར།
རབ་བྱུང་དགུ་པའི་ཤིང་གླང་སྤྱི་ལོ་༡༥༦༥ལོར། དབང་བཀྲ་ཤིས་གྲགས་པར་ཏྰ་མིང་གོང་མ་ཧྲི་ཙོང་ཅྰ་ཆིང་གིས་ཧྲན་ཧྥ་ཝང་དང་བཀན་ཏིང་ཏྰ་གཽ་ཤྲི་ཧྥ་ཝང་གི་གོ་གནས་སྤྲད། སྐབས་དེར་བོད་ས་གནས་སུ་ཡར་སྐུར་གཙང་གསུམ་ཞེས་པ་ལྷོ་ཁ་སྟོད་རྒྱུད་དུ་སྡེ་བ་ཡར་རྒྱབ་པ་སྟོབས་ཤུགས་ཆེ། ལྷོ་ཁ་སྨད་དང་། དྭགས་པོ། ཀོང་པོ། གཉལ། ལོ་རོ། སྦྱར་བཅས་ཀྱི་ས་ཁུལ་དུ་སྡེ་བ་སྐུ་རབ་་སྟོབས་ཤུགས་ཆེ། གཙང་ཁུལ་དུ་གཙང་པ་སྡེ་སྲིད་དབང་ཤུགས་ཆེ་བ་བཅས་ཚང་མ་བཀའ་བརྒྱུད་པའི་སྦྱིན་བདག་ཡིན། དེ་མིན་གྱི་ས་ཁུལ་ནས་ཅུང་ཟད་སྟོབས་ཆེ་བ་སྡེ་བ་ལྷ་རྒྱ་རི་བ་དང་ལྷ་ས་ཆུ་ཤུལ་ནས་མལ་གྲོ་བར་གྱི་ས་ཁུལ་དེར་སྟོབས་ཤུགས་ཆེ་བ་སྡེ་བ་སྐྱིད་ཤོད་པ་གཉིས་ཡིན་ཞིང་། དེ་གཉིས་ནི་དགེ་ལུགས་པའི་སྦྱིན་བདག་ཡིན་པ་བཅས་ལ་བརྟེན་སྡེ་བ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་དང་འབྲི་གུང་པ་གཉིས་མཉམ་འབྲེལ་བྱས་ཏེ་དགེ་ལུགས་པའི་སྟོབས་ཤུགས་མེད་པ་བཟོ་ཆེད། སྔོན་ལ་དགེ་ལུགས་པར་དཔལ་འབྱོར་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་སྡེ་བ་སྐྱིད་ཤོད་པ་གཏོར་དགོས་བསམས་ནས་རབ་བྱུང་བཅུ་པའི་ཤིང་སྦྲུལ་སྤྱི་ལོ་༡༦༠༥ལོར་གཙང་དམག་དང་ཞོ་དཀར་ནག་གཉིས་ཀྱི་དམག་བསྐུལ་ནས་སྐབས་དེའི་དགེ་ལུགས་པའི་སྦྱིན་བདག་སྡེ་བ་སྐྱིད་ཤོད་པ་གཏོར་ཏེ་དཔོན་དམག་མང་པོ་བསད། དེའི་རྗེས་སུ་སྡེ་བ་ཡར་རྒྱབ་པ་བདུད་འདུལ་གྲགས་པ་དང་གཙང་པ་སྡེ་སྲིད་གཉིས་གཉེན་ཚན་ཡིན་ཡང་ནང་ཁུལ་མ་མཐུན་པར་གཙང་བ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་རབ་བྱུང་བཅུ་པའི་ལྕགས་ཁྱི་སྤྱི་ལོ་༡༦༡༠ལོར་
ཡར་རྒྱབ་པར་དམག་དྲངས་ཏེ་བཅོམས། སྡེ་བ་ཡར་རྒྱབ་པ་བདུད་འདུལ་གྲགས་པ་དབང་ཆ་ཤོར་ནས་ལྟོ་སྐལ་ཕྲན་བུ་སྤྲད་དེ་ཟུར་འཇོག་བྱས། སླར་ཡང་རབ་བྱུང་བཅུ་བཞི་པའི་ཆུ་བྱི་སྤྱི་ལོ་༡༦༡༢ལོ་དང་། དེའི་ཕྱི་ལོ་གཉིས་ཀར་གཙང་བ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྱི་དམག་གིས་འཕན་པོ་དང་གཞིས་ཀ་སྣེའུ་སོགས་བླངས་ཏེ་བོད་ཡོངས་ལ་དབང་སྒྱུར་བྱས། ཏྰ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་ངོས་འཛིན་མི་ཆོག་པ་བཟོས་པ་དེ་ལ་བོད་ཀྱི་ལོ་རྒྱུས་ཐོག་བྱི་གླང་སྡེ་གཟར་ཟེར། དེའི་ལན་དུ་དགེ་ལུགས་པའི་སྦྱིན་བདག་སྐྱིད་ཤོད་སྡེ་བ་བསོད་ནམས་རྣམ་རྒྱལ་གྱིས་ཁལ་ཁ་ཆོ་ཁུར་དཔོན་པོ་སྤུན་མཆེད་གཉིས་ལ་རྩེ་ཕོ་བྲང་པོ་ཏ་ལར་ཡོད་པའི་འཕགས་པ་ལོ་ཀཻ་ཤྭ་རའི་སྐུ་དེ་བརྔན་པར་སྤྲད་ནས་དགེ་ལུགས་པའི་དོན་དུ་གཙང་པར་དམག་རྒྱག་དགོས་སྨྲས་པར་བརྟེན། རབ་བྱུང་བཅུ་པའི་མེ་སྦྲུལ་སྤྱི་ལོ་༡༦༡༧ལོ་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པ་འཁྲུངས་པའི་ལོ་དེར་ཁལ་ཁ་ཆོ་ཁུར་དཔོན་པོའི་དམག་དཔུང་མི་གྲངས་སུམ་སྟོང་ལྷག་ཙམ་དབུས་སུ་འབྱོར་ནས་དབུས་དམག་དང་མཉམ་དུ་གཙང་པ་རྒྱལ་པོར་ཕར་རྒོལ་བྱས། དེའི་ཕྱི་ལོ་བོད་ཟླ་བདུན་པའི་ནང་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱི་དམག་དཔུང་ཆིག་ཁྲི་ལྷག་ཙམ་སྟོད་ལུང་བརྒྱུད་དབུས་སུ་ཡོང་ནས་རྒོལ་ལན་སྤྲད་དེ། སེ་འབྲས་གཉིས་དམག་གིས་གཏོར་ཞིང་། རྒྱབ་རི་གཉིས་ལ་སྐྱ་སེར་བསྡོམས་པའི་མི་གྲངས་ལྔ་སྟོང་ལྷག་ཙམ་བསད། །
ཞེས་དུས་སྐབས་དེ་དག་གི་དགེ་ལུགས་གཅིག་པོ་མ་ཡིན་པར་ས་དགེ་བཀའ་གསུམ་བར་གྱི་ཁྲག་དྲི་བྲོ་བའི་ལོ་རྒྱུས་ཀྱི་སྐྱོ་གར་དེ་གསལ་བོ་བྲིས་འདུག་པས། ཁྱོད་ཀྱིས་འདི་ནས་དགེ་ལུགས་གཅིག་པོ་ནག་རྐྱང་བཟོ་ཐབས་ཤ་ཐང་དུ་བྱེད་པ་ནི་ཉིད་ལྟ་བུའི་མི་བུ་རྣམ་དཔྱོད་དང་ལྡན་པ་ཞིག་གི་བྱེད་ཐབས་རྩ་བ་ཉིད་ནས་མ་རེད།
གོང་གི་ལོ་རྒྱུས་སྟེང་གི་ཆོས་ལུགས་པའི་དམག་འཁྲུག་ཅེས་པ་དེ་ནི་བསྟན་པ་ཕྱི་དར་གྱི་དབང་དུ་བྱས་པ་ཞིག་ཡིན་གྱི། བསྟན་པ་སྔ་དར་ལ་མཚོན་ན་ཆོས་ལུགས་ཀྱི་ཆེད་དུ་འཁྲུག་འཛིང་བྱེད་མཁན་ནི་བོན་པོ་དང་རྙིང་མའི་ཆོས་དད་པ་དག་ཡིན་པ་ནི་ཡོངས་གྲགས་ཤིག་རེད། མི་བདེན་བསམས་ན་སྦ་བཞེད་སོགས་ལོ་རྒྱུས་ཀྱི་ཡིག་ཆ་སྔ་གྲས་དེ་ཚོར་གཟིགས། གང་ལྟར་ཆོས་རྗེ་ས་པཎ་གྱིས། ངན་སྐྱུག་ཁྲོན་པ་སུ་ཞིག་སློང་། །ཞེས་པ་བཞིན། ལོ་རྒྱུས་ཀྱི་སྐྱོ་གར་འདི་དག་གང་སར་དྲུད་ཡོང་ན་ཕྱི་རབས་པ་ཚོར་ངན་ཤུགས་མ་གཏོགས་བཟང་ཤུགས་ཐེབས་རྒྱུ་ཞིག་མེད་པས། དྲ་ངོས་འདི་ནས་འདི་ལྟ་བུའི་ཆོས་ལུགས་པའི་རྩོད་རྙོག་གླེང་ན་ངོ་མ་མི་ལེགས་པར་འདོད་དོ།།
བོད་ལ་སྤྲུལ་སྐུ་ཡོད་ན་འགྲིག་གི་ཡོད་མེད་དང་། བོད་ལ་སྤྲུལ་སྐུ་དགོས་མི་དགོས་འདི། ལག་ལ་སྨྱུ་གུ་འཛིན་མཁན་ཚོར་མ་འདྲི།
བོད་རིགས་མང་ཚོགས་དཀྱུས་མ་རྣམས་ལ་སྐད་ཆ་འདྲི་དགོས་རེད། ཁོང་ཚོས་མི་དགོས་ལབ་ན། སྨྱུ་གུ་འཛིན་མཁན་ཚོས་དགོས་ལབ་ན་ཡང་ཡོང་ཁག་པོ་རེད།
བོད་རིགས་མང་ཚོགས་དཀྱུས་མ་རྣམས་ཀྱིས་དགོས་ལབ་ན། སྨྱུ་གུ་འཛིན་མཁན་ཚོས་མི་དགོས་ལབ་ནས་རྩོམ་ཡིག་སྟོང་དང་ཁྲི་སྤེལ་ན་ཡང་མི་དགོས་བ་བཟོ་ཐུབ་གི་མ་རེད།
ངས་མགོ་རུལ་ལ་ལན་ཞིག་བྲིས་ཡོད་ཀྱང་ཁ་བརྡ་ཚང་གིས་བཀག་སོང་།
མགོ་རུལ་ལགས།
ངས་ཁྱོད་ལ་ལན་ཞིབ་རྒྱས་ཚན་པ་གསུམ་བྲིས་ནས་འཕྲོ་རིམ་འཕྲོར་བཏང་ཡང་ཁ་བརྡ་ཚང་གིས་གསུམ་ཆ་བསུབ་འདུག སྤྱིར་བཏང་ངའི་རང་གཤིས་ལ་ཚིག་བརྗོད་ཅུང་རྩུབ་པས་ཀ་བརྡའི་སྒྲིག་གཞི་དང་འགལ་གྱི་ཡོད་ས་རེད། དེས་ན་མ་ཕྱི་ཉར་ཡོད་ཀྱང་བསྐྱར་དུ་བཏང་མེད། འདིར་འདི་ཙམ་ཞིག་བྲིས་པ་དེ་ཁྱེད་ལ་ལན་མ་ཐེབས་པ་མིན་པར་བསྟན་པ་ཙམ་ཡིན་ལགས། ད་བདེ་མོ།
ཚུལ་མཐར་ལགས། ཁྱོད་ཀྱིས་དུས་བབ་ཟིན་བྲིས་སུ་རང་ཉིད་ཀྱིས་ཟིན་བྲིས་ཤིག་སྒོ་ཕྱེས་ལ་དེ་ནས་དགག་བཞག་རེ་གྱིས་དང་དེ་དགའ།
གཞིས་ལུས་བོད་པ་ལགས། ཡིན་དང་ཡིན། ང་ལ་དུས་བབ་ནང་དུ་ཟིན་བྲིས་ཡོད་ལགས།
ལགས་སོ་བཀྲ་ཤིས་ལགས། བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་པ་དེ་ཚོ་ཚང་མ་སྤྲུལ་སྐུ་དང་དམིགས་གསལ་འབྲེལ་བ་གང་ཡང་མེད་གསུངས་ཡ་དེ་ག་འདྲ་ཡིན་ན་བསམས་བྱུང། ཆོས་བརྒྱུད་གཞན་དག་ཁག་གི་བླ་སྤྲུལ་ངས་འདི་ནས་མི་བཤད། ཁྱེད་ཐུགས་དགྱེས་ས་མ་རེད། རྗེ་ཙོང་ཁ་པ་ཡང་འཇམ་པའི་དབྱངས་རྣམ་སྤྲུལ་རེད། ༧གོང་ས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རེད། པན་ཆེན་རིན་པོ་ཆེན་སྣང་བ་མཐའ་ཡས་སྤྲུལ་རེད། ཁོང་རྣམ་པས་བཀའ་དྲིན་ལ་བརྟེན་ནས་དེང་སྐབས་ཤར་རྒྱ་ནག་གི་རྒྱ་མཚོའི་མཐའ་ནས་སྟོད་ལ་དྭགས་བར་ཙམ་མ་ཡིན་པ་གོ་ལ་ཧྲིལ་བོ་འདིའི་སྟོང་མ་ཁྱབ་པ་མེད་པར་བྱས་ཡོད། ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་པ་ལ་དམིགས་གསལ་འབྲེལ་བ་འདུག་དང་མི་འདུག ཁོང་རྣམ་པ་སྤྲུལ་སྐུ་རེད་ལགས། ཁོང་རྣམ་པ་སྤྲུལ་སྐུ་མ་རེད་ཞེས་བོད་མི་རིགས་ནང་ལ་ཤོད་དང་ཁྱེད་ཀྱི་རྒྱབ་ན་ཞོགས་དུང་ལས་གཞན་་་་་་་་་་་་་་་་་་་་་་་་་་་་
ཞོགས་དུང་གིས་དེང་སྐབས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་རྒྱ་གཞུང་གི་གདུག་རྩུབ་འོག་ན་དམྱལ་བའི་སྡུག་བསྔལ་མྱོང་བཞིན་པས་ན། ད་དུང་ཞོགས་དུང་ལ་སྐད་ཆ་འདི་འདྲ་བཤད་རྒྱུ་མཚམས་འཇོག་རྒྱུ་མིན་ནམ། ངས་བསམས་ན་བྱེད་སྟངས་འདི་རིགས་ནི་ཤི་བོའི་རོ་ཐོག་ཏུ་རྟ་རྒྱུགས་པའི་དཔེ་དང་གཅིག་མཚུངས་རེད་འདུག་ཡ།
དགེ་ལུགས་ཡིན་ན་ཡིན་་་་་རྙིང་མ་ཡིན་ན་ཡིན་་་ཚང་མའི་ཕུག་དེད་ན་གཅིག་པ་མ་རེད་དམ། ཁྱོད་ཚོས་ཆོས་བརྒྱུད་བརྩད་ནས་གང་ལ་ཕན་གིན་རེད་དམ། ངོ་མས་རྩོད་འདོད་ན་དང་བོར་སོ་སོའི་གཞུང་ལུགས་ལ་སྦྱངས་བ་མཐར་སོང་བར་བྱོས། དེ་ནས་ཆོས་བརྒྱུད་གཞན་དག་ལ་སྦྱངས་ནས་ཁྱོད་ཀྱི་གཞུང་ལུགས་ལ་མི་མཐུན་ས་རེ་ཡོད་ན་ཕན་ཚུན་གུས་ཞབས་ཐོག་ནས་རྩོད་ན་རང་གཞན་ཀུན་ལ་ཕན་གིན་རེད། དེ་མིན་ཆོས་བརྒྱུད་ཁ་ལ་འཁྱེར་ན་ཅིག་ཅིག་མིག་མིག་ཟེར་བསྡད་ན་འཇུག་འབྲས་ག་འདྲ་ཞིག་ཡོང་མིན་ལ་བསམ་བློ་བཏང་དགོས་ནི་རེད་ལོ།
ཚུལ་ཁྲིམས་མཐར་ཕྱིན་ལགས། ངས་ཆོས་བརྒྱུད་ཁག་གི་སྐྱོན་ཡོན་རྩོད་ཀྱི་མིན། མི་ཆོས་བླ་མའི་རྫུན་བཤད་དེ་བླ་མར་ཆགས་པ་འདི་དགེ་ལུགས་པའི་གདནས་ས་ཁག་ཏུ་ཉུང་ཉུང་ཡིན་པར་བཤད་པ་ཙམ་ཡིན།
རིག་འབྱུང་ལགས། མི་མང་དཀྱུས་མ་ཚོ་བླུན་པོ་རེད། བྱས་ཙང་ཁྱེད་ཀྱིས་སྤྲུལ་སྐུ་དགོས་མིན་མི་མང་དཀྱུས་མ་ཚོ་ལ་དྲིས་ཟེར་གྱི་ཡོད་རེད། ངས་སྤྲུལ་སྐུ་ཟེར་བ་འདི་མི་མང་ལ་མགོ་སྐོར་གཏོང་བའི་མི་ཆོས་བླ་མའི་རྫུན་གྱི་འབྱུང་ཁུངས་ཤིག་རེད་ཟེར་དགོས་དེ་ག་རང་ཡིན།
གུ་ར་རྫ་ཟེར་བ་ལགས། རྗེ་ཙོང་ཁ་པ་དང་། དགེ་འདུན་གྲུབ་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་བཅས་ལ་མཚོན་ན་བསླབ་པ་སློབ་གཉེར་མཐར་ཕྱིན་ཏེ་ཡོན་ཏན་གྱི་སྒོ་ནས་མཁས་པའི་གོ་ས་བཟུང་ཞིང་། སློབ་ཚོགས་རྒྱ་ཆེར་བསྐྱང་བ་ལ་བརྟེན་ནས་དགེ་ལུགས་པའི་བསྟན་པ་དར་ཁྱབ་བྱུང་བ་ཞིག་རེད། གཞན་མི་ཆོས་བླ་མའི་རྫུན་བཤད་དེ་པུའུ་འདི་རྗེ་ཙོང་ཁ་པའི་སྤྲུལ་སྐུ་རེད་ཟེར་ནས་དགེ་ལུགས་པས་མི་མགོ་བསྐོར་བའི་ལོ་རྒྱུས་མེད།
སྤྲུལ་སྐུའི་ལམ་ལུགས་འདི་ལ་དགག་གནང་མཁན་རྒྱལ་དབང་ཐམས་ཅད་མཁྱེན་ལྔ་པ་ཆེན་པོ་གཙོས་པའི་མཁས་གྲུབ་མང་པོ་ཡོད་རེད། ནཱ་ལེནྜའི་ལུགས་སྲོལ་དང་མི་མཐུན་པ་ཆེ་ཤོས་ཤིག་ཆགས་བསྡད་བསྡད་ཡོད་རེད།་བྱས་ཙང་ཁྱེད་ཚོ་དྲངམོ་མ་རེད་ཟེར་དགོས་དོན་དེ་ག་རང་ཡིན། སྐབས་རེ་ནཱ་ལེནྜའི་ཆོས་བརྒྱུད་ཟེར་ནས་རྩ་ཆེ་མདོག་དང་ནཱ་ལེནྜ་མ་གཏོགས་གང་ཡང་ཁས་མི་མདོག་བཤད་ཀྱི་རེད་ལ། རྙིང་མའི་སྔགས་རྒན་ཨ་ཅན་ཚོ་ལ་ཟུར་ཟ་བྱེད་ཀྱི་འདུག
སྐབས་རེ་ཁོ་རང་ཚོའི་མགོ་ལ་ཅིག་འབབ་ཡོང་གི་རེད་བསམ་ནས་བོད་ཀྱི་ཐུན་མོང་མ་ཡིན་པ་ཟེར་གྱི་དྲན་ཡོང་གི་རེད། བྱས་ཙང་དེ་ཚོ་དྲང་མོ་མ་རེད་ཟེར་གྱི་ཡོད། ཀརྨ་པས་འདུལ་བ་དང་མཐུན་དགོས་རབས་མང་པོ་བཤད་ཀི་འདུག སྤྱིར་བཏང་བཤད་ན་ཡག་པོ་རེད། ཡིན་ན་ཡང་དགེ་སློང་གི་གྲལ་མགོར་དགེ་ཚུལ་ཁྲི་བརྒྱབ་སྟེ་འདུག་པ་དང་། སྤྲུལ་སྐུ་ངོས་འཛིན་ཡིན་ཟེར་ནས་མི་ཆོས་བླ་མའི་རྫུན་བཤད་ཀྱི་འདུག་པ་སོགས་མང་འདུལ་བ་དང་མི་མཐུན་པ་མང་པོ་འདུག དེར་བརྟེན་ཁོང་ཚོས་འདུལ་བ་བཤད་པ་དང་། ཨ་ཅག་ཅན་ལ་དགག་པ་རྒྱག་གྱི་དེ་དངོས་ཡོད་གནས་ཚཱུལ་དང་མཐུན་པ་དང་རན་པ་ཞིག་མ་རེད།
མངའ་རིས་པཎ་ཆེན་གྱི་རང་རྣམ་ལས།
རང་ལུགས་ལ་མི་ཆོས་བླ་མ་ཡི། །
ཟོལ་ཟོག་གིས་ཐུབ་བསྟན་མི་ཟིན་པས། །
གཞུང་བཞིན་དུ་དམ་ཆོས་སྤྱོད་པ་དང་། །
ཚེ་འདི་ཡང་རླུང་ལ་འཕྱར་བར་འཚལ། །
ཞེས་གསུངས་པ་འདི་ཡང་སྤྲུལ་སྐུ་ཟེར་བ་འདི་ཚོ་ལ་དགག་པ་ཡག་ཤོས་ཤིག་ཆགས་འདུག་ལགས།
སྟོན་པ་མཆོག་དང་བསྟན་པའི་གཏད་རབས་བདུན། །
རྒྱན་དྲུག་རྗེས་འབྲང་གཙོས་པའི་འཕགས་བོད་ཀྱི། །
བསྟན་པའི་མངའ་བདག་རྣམས་དང་མི་མཐུན་པའི། །
སྤྲུལ་སྐུ་ལམ་ལུགས་གཏན་དུ་ཕམ་གྱུར་ཅིག །
དངོས་གནས་ཞོགས་དུང་འདི་མཁས་པ་རྣམས་དཔྱོད་ཅན་ཞིག་རེད་ཡ། ཁོང་གིས་བྲིས་པའི་དཔྱོད་ཤེས་རྒྱང་འབོད་ལ་བལྟས་རྗེས་གཞི་ནས་ངས་སྤྲུལ་སྐུ་ལ་དོགས་པ་སྐྱེ་སོང། ད་དུང་ཁོང་གིས་འདིའི་སྐོར་གྱི་རྩོམ་ཡིག་རེ་འབྲི་ཐུབ་ན་བཟང་གི མ་འོངས་པར་ཁོང་གློད་གྲོལ་ཐོབ་ན་རྩོམ་སྐུལ་རེ་གནང་རོགས། དྲ་གྲོགས་
བཀྲ་ཤིས་ལགས། ནོར་བ་མེད་ན་༧གོས་ས་མཆོག་ནས་རྒྱལ་བ་ཀརྨ་པ་དང་བློང་རིན་པོ་ཆེ་རྣམ་གཉིས་ལ་དམིགས་བསལ་འདི་འདྲ་ཞིག་གསུངས་འདུག ང་ཤུ་ཚར་བའི་རྗེས། ཁྱེད་རྣམ་པ་གཉིས་ནས་ངའི་ཚབ་ཡོང་དགོས་ཞེས་བཀའ་གནང་སོང་། ༧གོང་ས་མཆོག་ནས་ཁོང་རྣམ་གཉིས་ལ་སྤྲུལ་སྐུ་ཡིན་པར་ངོས་ལེན་ཡོད་ལ་བསྟན་པ་དང་སེམས་ཅན་ཕན་ཐོག་མཁན་ཞིག་ཀྱང་ངོས་ལེན་བྱེད་ཁུ་འདུག ཁོང་རྣམ་གཉིས་དྱིས་པའི་དུས་སུ་སྤྲུལ་སྐུ་ངོས་འཛིན་བྱས་པ་ཞིག་རེད། དེ་ཡང་མི་ཆོས་བླ་མའི་རྫུན་རེད་པས། ༧གོང་ས་མཆོག་ཀྱང་བྱིས་པའི་དུས་ནས་རྒྱལ་དབང་ཐམས་ཅད་མཁྱེན་པའི་གསེར་ཁྲི་ལ་མངའ་གསོལ་བཞགས་པའི་སྤྲུལ་སྐུ་ཞིག་རེད། ཁོང་གིས་མི་ཆོས་བླ་མའི་རྫུན་བཤད་ནས་མི་མང་ལ་མགོ་སྐོར་མཁན་ཞིག་རེད་དམ་དགེ་ལུགས་པ་སོགས་ཆོས་བརྒྱུད་ཁག་གི་བསྟན་པ་ལ་ཞབས་ཞུ་སྒྲུབ་མཁན་ཞིག་རེད། སྤྲུལ་སྐུ་ཡིན་ན་ཡོན་ཏན་མེད་པ་དང་སློབ་ཚོགས་བསྐྱང་མི་ནུས་པས་ཁྱབ་བམ།
དྲ་གྲོགས་གུ་ར་རྫ། སྒྲུབ་བྱ་མ་ཡིན་པའི་སྒྲུབ་བྱེད་ཁུར་ཤོག སྤྲུལ་སྐུ་རྣམས་སྐབས་འདིའི་སྒྲུབ་བྱ་རེད། སྤྲུལ་སྐུ་ཡང་དག་པའི་ཡིན་པའི་སྒྲུབ་བྱེད་ལ་སྤྲུལ་སྐུ་བཀོད་ན་ཡོང་གི་མ་རེད། ཏཱ་ལའི་བཅུ་བཞི་པས་སློབ་ཚོགས་བསྐྱང་བ་འདི་སྤྲུལ་སྐུ་ཡིན་པའི་རྒྱུ་མཚན་གྱིས་མ་རེད། ཁོ་རང་གིས་སློབ་སྦྱོང་ཡག་པོ་གནང་ཡོད་པ་དང་། མི་གཞི་ཡག་པོ། མི་དྲང་མོ། མི་མཁས་པ་ཡིན་པའི་རྒྱུ་མཚན་གྱིས་རེད། གཞན་ཁོང་བླ་མ་སྔོན་མའི་ཡང་སྲིད་ཡིན་མིན་མི་ཤེས་ལ་ངས་མི་ཆོས་བླ་མའི་རྫུན་བཤད་ཀྱི་མེད། ཁོང་གིས་ཡི་གེ་ཀ་ཁ་ནས་བཟུང་ཚང་མ་གསར་དུ་སྦྱངས་ཏེ་མཁས་པ་ཆགས་པ་རེད་མ་གཏོགས། སྐུ་གོང་མའི་ཡོན་་ཏན་ཚང་མ་ཁུར་ཡོང་བ་མ་རེད། བྱས་ཙང་མྱི་ཡག་པོ་དང་། མཁས་པ། སྐད་གྲགས་ཅན་མང་པོ་འཛམ་བུ་གླིང་གི་སྒང་ལ་བྱུང་བསྡད་ཡོད་རེད།་དེ་ཚོ་ཚང་མའི་བྱས་རྗེས་སྐྱེ་བ་སྔོན་མའི་མགོར་བརྩི་དགོས་པའི་རྒྱུ་མཚན་ཡོད་མ་རེད།
བཀྲ་ཤིས་ཟེར་བ་སློབ་སྦྱོང་མེད་མཁན། གནས་ལུགས་ལ་བསམ་བློ་མི་ཐོངས་མཁན། རྩ་མི་ཚང་མཁན། གཡམ་རྒྱུགས་མཁན། ཅོལ་ཆུང་། ལོག་ལྟ་ཅན། མཐར་གཏུགས་ན་དམ་ཉམས་ཡ་མེད་ཅིག་རེད་འདུག མི་འདི་ཅན་པོའི་རིགས་ལ་ལེགས་བཤད་སྨྲ་བ་ལས་རྟ་ནོར་ལ་མི་སྐད་སློབ་རྒྱུ་ཟེར་ན་དེ་ཡག་གི་རེད།
ངེད་ཀྱི་བསམ་ཚུལ་རྡོག་རྡོག་དེ་འདི་འདྲ་ཞིག་ཡིན།
དང་པོ།
བོད་ལ་མཚོན་ན་སྤྲུལ་སྐུ་དགོས་མི་དགོས་ཟེར་རྒྱུ་འདི། མང་གཙོའི་རྒྱལ་ཁབ་ཁག་གི་སྲིད་འཛིན་དགོས་མི་དགོས་ཟེར་བ་དང་འདྲ་གི་མ་རེད།
འོས་བསྡུའི་ལམ་ལུགས་ཀྱིས་སྤྲུལ་སྐུ་ཐག་གཅོད་ཀྱི་ཡོད་ན། བལྟ་ས་གཅིག་ཡོད་རེད་དྲན། འོན་ཀྱང་། བོད་ལ་དེ་ཡོད་མ་རེད། ཚང་མ་སྔ་མ་སྔ་མ་དེ་ལ་ཕྱི་མ་ཕྱི་མ་དེས་རྒྱུན་སྐྱོང་གི་ཡོད་པ་རེད། དེ་བར་ནས་གཅོད་དགོས་རེད་ལབ་ན་དཀའ་མོ་རེད།
གཉིས་པ།
བོད་མི་མང་ཚོགས་དཀྱུས་མ་ཚོ་བླུན་པོ་ཡིན་ན་འདྲ་མིན་ན་འདྲ། གང་ལྟར། འདི་ཚོའི་དད་པའི་ཐག་པ་དེ་སྤྲུལ་སྐུའི་རྒྱུན་དེ་བསྡམས་བྱེད་ལྟ་བུ་ཞིག་རེད།
ཐག་པ་འདི་གཅོད་རྒྱུ་ཡང་དཀའ་མོ་རེད། ལྷག་པར་དུ། ཤེས་ཡོན་པའི་ཁ་དང་ལག་པས་ཐག་པ་འདི་གཅོད་ཐུབ་ནི་མ་རེད་བསམ།
གསུམ།
སྤྲུལ་སྐུའི་སྐོར་འདི་ལ་ཕྱི་ནང་གཉིས་ཀ་ཡོད་རེད། ལེགས་པའི་ཆ་དང་ཉེས་བའི་ཆ་གཉིས་ཀ་ཡོད་རེད། མཐའ་གཅིག་ཏུ་འདི་རེད་དང་མ་རེད་ཟེར་དཀའ་ནི་རེད་འདོད།
ནམ་ཡང་བརྒྱ་ཁ་གཅིག་ཆོད་ཅིག་ཡོང་གི་མ་རེད་དྲན།
བཞི།
བོད་པའི་སྤྱི་ཚོགས་ཀྱིས་ད་དུང་ཡང་ལས་ཀ་མང་པོ་དད་པས་ཐག་གཅོད་གི་རེད། མང་གཙོའི་ལུང་པར་བསྡད་ན་ཡང་དད་པས་ཐག་གཅོད་གི་རེད། དཔེར་ན། བཙན་བྱོལ་གྱི་མང་གཙོ་དབུ་བརྙེས་ནས་མི་ལོ་༥༠ལྷག་ཕྱིན་པའི་དེ་རིང་ཡང་། ང་ཚོའི་གྲོས་ཚོགས་ཀྱིས་༧གོང་ས་མཆོག་གི་ཡེ་ཤེས་དབྱིངས་བྱད་བྱེད་རོགས་ཟེར་བ་ལྟ་བུའོ། ད་མང་པོ་བཤད་གི་མིན། དེ་ཙམ་ཡིན།
རེད་རེད། ཚུལ་ཁྲིམས་མཐར་ཕྱིན་ལགས། བཀྲ་ཤིས་ག་རེ་ཡིན་ན་འགྲིག་གི་འདུག སྐབས་འདིར་ང་ཚོས་ཤོད་ཀྱིན་ཡོད་པ་ནི་བོད་ཀྱི་ཡང་སྲིད་ལམ་ལུགས་སམ་སྤྲུལ་སྐུའི་ལམ་ལུགས་འདི་ཆོས་དང་འགལ་བ། སྲིད་དང་འགལ་བ། ཕུགས་དེད་ན་ཆོས་སྲིད་གཉིས་ཀའི་ཕུངས་རྒུད་ཐམས་ཅད་ཀྱི་རྩ་བ་གཅིག་པུ་དེ་རེད་ཟེར་གྱི་ཡོད། ཆོས་ཆབ་སྲིད་གཉིས་ཀ་མ་འཇོན་ནས་སྐྱབས་བཅོལ་ལ་སླེབས་རེད། ད་རུང་སྐྱུགས་མེར་ལངས་བའི་ལམ་ལུགས་ཐ་ཤལ་འདི་ཨུ་ཚུགས་ཀྱིས་འཛིན་མཁན་གྱི་མི་བླུན་པོ་ཞིག་ཡོད་ན་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་ཡ་རེད། ཞོགས་དུང་ལྟ་བུའི་མི་བུ་རྣམ་དཔྱོད་ན་ཅན་འདྲ་ཡོད་ན་དངོས་ཡོད་བདེན་པའི་ལམ་ནས་སྤྲུལ་སྐུས་ཞབས་འདྲེན་བྱས་པ་རྣམས་ཐེར་འདོན་དགོས་ངེས་རེད།
ཚུལ་ཁྲིམས་མཐར་ཕྱིན་ཁྱོད་ཆོས་ལུགས་པ་ཞིག་ཡིན་ན།
སྟོན་པ་མཆོག་དང་བསྟན་པའི་གཏད་རབས་བདུན། །
རྒྱན་དྲུག་རྗེས་འབྲང་གཙོས་པའི་འཕགས་བོད་ཀྱི། །
བསྟན་པའི་མངའ་བདག་རྣམས་དང་མི་མཐུན་པའི། །
སྤྲུལ་སྐུའི་ལམ་ལུགས་གཏན་དུ་ཕམ་གྱུར་ཅིག །
ཅེས་ངས་བྲིས་ཡོད། ཁྱོད་མཁས་པ་ཡིན་ན་བསྟན་པའི་གཏད་རབས་བདུན། རྒྱན་དྲུག་རྗེས་འབྲང་དང་བཅས་པའི་དབུས་ནཱ་ལེནྜའི་མཁན་རབས་དང་པཎྚི་ཏ་རྣམས་ཀྱི་ལོ་རྒྱུས། རྒྱ་ནག་གི་མཁན་རབས། དེ་བཞིན་ནང་པའི་རྒྱལ་ཁབ་གཞན་ཁག་གི་ལོ་རྒྱུས་ཆོས་འབྱུང་ལ་གཞི་བཅོལ་ནས་བྲིས་ཤོག བོད་པའི་སྒྲུང་འདི་ཚོ་བསྐྱར་ཟློས་བྱེད་མ་ཡོང་། གཞན་ཅང་མ་ཤེས་ན་ཡང་རྒྱ་གར་ཆོས་འབྱུང་ཙམ་ལོ་ཤེས། དེ་ཚོ་ལ་ལྟོས་ནས་བྲིས་ཤོག
རིག་འབྱུང་ལགས་ཀྱིས་བཤད་པ་ལ་གོ་རྒྱུ་འདུག རྗེ་ནས་མུ་མཐུད་དེ་བགྲོ་གླེང་བྱེད་ཆོག
བཀྲ་ཤིས་ལགས། ཉིད་ཀྱིས་གསུངས་ལུགས་ལ་ལྟས་ན། ༧གོང་ས་མཆོག་ཀྱང་མི་གཞི་ཡག་པོ། མི་དྲང་མོ་ཞིག་ཡིན་ས་མ་རེད། ཁོང་ནས་སྤྲུལ་སྐུ་མང་པོ་ངོས་འཛིན་བྱས་ཡོད་པ་མ་ཟད་༧གོང་ས་མཆོག་ཉིད་ཀྱང་། ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ་སོགས་ཁོང་ཡང་སྤྲུལ་སྐུ་ཡིན་པ་ཞལ་བཞེས་གནང་བ་མ་ཡིན་ནམ། རྒྱལ་བ་རིན་པོ་ཆེ་ཡང་མི་ཆོས་བླ་མའི་རྫུན་བཤད་ཞིག་ཏུ་དོན་གྱིས་ཁས་ལེན་འདུག་ཡ།
རིགས་འབྱུང་ལགས་ཀྱི་སྐད་ཆ་ལ་གནས་ལུགས་འདུག
མི་དམངས་དཀྱུས་མ་ཚོ་གཉིད་ལས་མ་སད་བར་དུ་སྤྲུལ་སྐུའི་ལམ་ལུགས་འདི་མེད་པར་བཟོ་ཐུབ་ཀྱིན་མ་རེད།
དེ་སྔོན་ཞོགས་དུང་ལགས་ལ་ཁ་ལོག་ག་ཚད་ཅིག་དམངས་ཚོའི་ནང་ལ་བྱུང་ཡོད་ནི་རེད་་་་འདི་ནི་དཔེར་ཡག་ཤོས་དང་ཉེར་ཤོས་རེད། ད་དུང་ང་ཚོའི་སྤྲུལ་སྐུའི་མཚམས་བཅད་ཐུབ་ས་ཨེ་རེད། ཡིན་ནའང་༧གོང་ས་མཆོག་གཙོས་ཆོས་བརྒྱུད་ཁག་གི་བླ་ཆེན་མཉམ་ཚོགས་ཀྱིས་གང་བྱུང་སྤྲུལ་སྐུ་དངོས་འཛིན་གནང་མི་ཆོག་པའི་གན་རྒྱ་རེ་བཞག་ཐུབ་ན་ཅུང་སྤྲུལ་སྐུའི་སྤུས་ཀ་དང་། དམངས་ཚོགས་ནང་ལ་སྤྲུལ་སྐུ་ཉུང་རེ་འགྲོ་བའི་སྐབས་ཡོད་སྲིད་པ་རེད། མ་གཞི་བོད་ལ་སྤྲུལ་སྐུ་དགོས་དང་མི་དགོས་དེ་བོད་མི་མང་གིས་ཐག་གཅོད་གནང་དགོས་པ་ལས། མི་རེ་ཟུང་གིས་ཐག་ཆོད་རྒྱུ་ཞིག་མིན་པར་གསལ་བོ་རེད་ལགས།
རེད་ཡ། རིག་འབྱུང་དང་རྩམ་དགའ་གཉིས་ཀྱིས་བཤད་པ་བཞིན་རེད། ཁྱེད་གཉིས་ཀྱིས་གཙོ་བོ་ཆབ་སྲིད་དམ་སྲིད་དོན་གྱི་སྟེང་ནས་བཤད་ཀི་འདུག ངས་གཙོ་བོ་སངས་རྒྱས་ཆོས་ལུགས་སྤྱི་དང་ཁྱད་པར་དམ་ཆོས་འདུལ་བ་གཞི་ལ་བཞག་སྟེ་འབྲི་ཡི་ཡོད། ཞོགས་དུང་གིས་ཆབ་སྲིད་གཞིར་བཞག་བྱས་ནས་བྲིས་འདུག འོན་ཀྱང་། ཞོགས་དུང་གིས་མདོ་སྡེ་རྒྱན་ལས།་བཤེས་གཉིས་ཞི་བ་་་སོགས་ཀྱི་ལུངས་དྲངས་ཏེ་སངས་རྒྱས་ཆོས་ལུགས་ནས་བཤད་པའི་བླ་མ་དང་བོད་པའི་སྤྲུལ་སྐུ་གཉིས་ཁ་ཁ་སོ་སོ་བྱས་ནས་བཤད་འདུག དེ་ལ་དངོས་གནས་རྒྱུ་མཚན་འདུག
མདོ་སྡེ་ཕལ་མོ་ཆེན་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙས་གྱུར་ནས་ཀྱང་། སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར།།བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་།།མི་འགྲིབ་སྤྱོད་པ་རྒྱ་མཚོ་སྐུ་སྟོན་པ།། བད་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ།། ཞེས་དང་། གསང་བ་ཡིད་བཞིན་རིན་པོ་ཆེ་བཀོད་པའི་རྒྱུད་ལས། ཀུན་གྱི་སྔ་རོལ་སངས་རྒྱས་པ། །རྡོ་རྗེ་འཛིན་རྒྱལ་གསང་བ་ཆེ། །བསམ་ཡས་ཞིང་དུ་རྣམ་པ་རོལ། །གྲངས་མེད་སྔ་ཕྱིའི་དུས་ཀུན་ཏུ། །ཞི་དང་འཁྲོ་ཚུལ་དཔག་མེད་ཅིང་། །རྔོན་དང་སྨད་འཚོང་ལ་སོགས་གཟུགས། །སྣ་ཚོགས་ཚུལ་གྱིས་དོན་མཛད་ཀྱང་། །ད་དུང་བསྐལ་པ་བཟང་པོ་འདིར། །འདྲེན་པ་སྟོང་དུ་སྒྱུར་མཛད་ཅིང་། །དེ་བཞིན་སྣ་ཚོགས་ཚུལ་འཆར་ཞིང་། །དཔག་མེད་འགྲོ་བའི་དོན་འཛད་དོ། །ཞེས་དང་། །ཡབ་སྲས་མཇལ་བའི་མདོ་ལས། །ང་འདས་པའི་དུས་བསྐལ་བ་དཔག་ཏུ་མེད་པའི་གོང་རོལ་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་གཅིག་ཏུ་གྱུར་བ་དེར། །དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་དེ་མྱ་ངན་ལས་འདས་ནས། སླར་ཡང་དེའི་འོག་ཏུ་སངས་རྒྱས་པའི་ཚུལ་བསམ་གྱི་མི་ཁྱབ་པ་བསྐལ་པ་འདིའི་བར་དུ་བསྟན་ཅིང་། །ད་དུང་སོ་སོའི་སྐྱེ་བོ་སེམས་དང་པོ་བསྐྱེད་ནས་བཟུང་སྟེ་སངས་རྒྱས་པའི་ཚུལ་འཁོར་བ་མ་སྟོངས་ཀྱི་པར་དུ་སྟོན་མཛད་དོ།། ཞེས་སོགས་འབྱུང་བ་ལྟར་འདུལ་བྱའི་སྐྱེ་བོ་སྣ་ཚོགས་པའི་ཁམས་དབང་བསྐལ་བ་དང་འཚམས་པར། བཟོ་དང་། སྐྱེ་བ། མཆོག་གི་སྤྲུལ་སྐུའི་རྣམ་རོལ་ཚད་མེད་པ་བསམ་གྱི་མི་ཁྱབ་པར་སྣང་བ་གསུངས་བས་ཕྱིར་ན་བདག་ཅག་གི་སྟོན་པ་འདི་ཡང་མི་ཆོས་བླ་མའི་རྫུན་བཤད་མཁན་ཞིག་རེད་པས། བཀྲ་ཤིས་ལགས།
རྩམ་དགས་བཤད་པ་གནས་ལུགས་འདུག དེ་ག་རང་རེད་ཐུགས་རྗེ་ཆེ།
གུ་ར་རྫ། ཁྱེད་ཀྱིས་དྲངས་བའི་ལུང་འདི་འདྲ་ངས་སྔར་ནས་མང་པོ་མཐོང་མྱོང་ཡོད་། བོད་པའི་སྤྲུལ་སྐུའི་ལམ་ལུགས་སམ་མི་ཆོས་བླ་མའི་ལམ་ལུགས་དང་འདི་གཉིས་ཐ་དད་རེད། སངས་རྒྱས་ལ་སྤྲུལ་པ་ཡོད་ཀྱང་བོད་པའི་སྤྲུལ་སྐུ་ལ་ཕན་ཐོགས་གང་མེད། བོད་པས་སྤྲུལ་སྐུ་ལ་རྒྱབ་གཉེར་སྤྲོད་སྟངས་དང་གཅིག བླ་མ་ཆེ་གེ་མོས་མཚན་རྟགས་བརྒྱབ་སྟེ་བླ་མའི་གོ་ས་ལ་འཇོག་པ་གཉིས། ཁྲི་སྟོན་མཛད་སྒོ་བྱེད་པ་དང་གསུམ། སྐྱེ་བ་སྔ་ཕྱི་དྲན་ཚུལ་བཤད་དེ་བླ་མ་གོང་མའི་ཡང་སྲིད་དུ་ཡིད་ཆེས་པར་བྱེད་པ་སོགས་ནི་ཆེས་གད་མོ་སློང་བའི་ལས་ཀ་རང་རེད།
སྤྲུལ་སྐུ་མེད་པར་འདོད་པ་དང་ཡོད་པར་སྒྲུབ་པ་གཉིས་ཀས་དོན་དུ་སྤྲུལ་སྐུ་ལ་ཡིད་ཆེས་དྲགས་པས་རྩོད་པ་འདྲ་སྟེ། ཡིད་མི་ཆེས་ན་ཕན་གནོད་མེད་པས་འདོད་རྒྱལ་གྱི་མིང་ངམ། ཚོགས་པ་སྐྱིད་སྡུག་ཅིག་གི་འགོ་འཛིན་ལྟ་བུ་ཡིན་པས་རྩོད་པ་བྱེད་ག་ལ་དགོས། ཡིད་ཆེས་ན་ཆོས་དད་ཡོད་མེད་གཉིས་ཀར་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པ་འདྲ་བས་བསམ་ཁྱབ་པའི་ཡུལ་ཁོལ་བུར་རིས་སུ་ཅི་ལྟར་གཅོད། འོན་ཀྱང་། སྤྲུལ་སྐུ་སངས་རྒྱས་ཀྱིས་མ་གསུངས། སྤྲུལ་སྐུ་རྒྱ་ནག་ལ་མ་བྱུང་། ཐེག་དམན་ལ་མ་དར། སྐྱོན་ཀྱི་འབྱུང་གནས་སུ་སྨྲ་ན་ཧ་ཅང་ཐལ་དྲགས་པ་མིན་ནམ་སྙམ། ༡༽ མདོ་རྒྱུད་ཀུན་ཏུ་ལན་ཅིག་མ་ཡིན་པར་བསྔགས་ཤིང ། གདུལ་བྱ་འདུལ་བྱེད་ཀྱི་སྤྲུལ་བ་མེད་ན་འཕྲིན་ལས་རྒྱུན་ཆད་པ་དང་། གཞན་དོན་གཟུགས་སྐུའི་ཆེད་དུ་བསྐལ་བ་གྲངས་མེད་དུ་ཚོགས་བསགས་པ་ཆུད་ཟ་བར་འགྱུར་བས། ནང་པ་ཞིག་ཡིན་ཚེ་ཁས་ལེན་ཅི་ལྟར་བྱེད། ༢༽ རྒྱ་ནག་གི་སྤྱན་རས་གཟིགས་ནན་ཧེའི་ཡུལ་དུ་བུ་མོའི་སྤྲུལ་བ་བཟུང་པ་དང་། ས་ཡི་སྙིང་པོ་ནི་ཀོ་རི་ཡའི་རྒྱལ་སྲས། བྱམས་པ་ནི་སུང་རྒྱལ་རབས་ཀྱི་དགེ་སློང་སྒྱེ་ཁུར་སོགས་བྱང་ཆུབ་སེམ་དཔའ་དེ་དག་གི་སྤྲུལ་སྐུར་ངོས་བཟུང་ཞིང་ད་ལྟའི་བར་འདྲ་སྐུ་བཞེངས་པའི་སྲོལ་ཡང་དར་རོ། །དེ་བཞིན་ཐིན་ཐེའམ་རྒྱ་ནག་གནམ་སྟེགས་ཆོས་རྒྱུན་གྱི་བླ་མ་ཀྲི་དྲོ་འཇམ་དབྱངས་སྤྲུལ་སྐུ། དག་ཞིང་བའི་སློབ་དཔོན་ཨོ་ཡེ་ཡབ་སྲས་གསུམ་འོད་དཔག་མེད་དང་སྤྱན་རིས་གཟིགས་མཐུ་ཆེན་ཐོབ་གསུམ་གྱི་སྤྲུལ་སྐུ། ཐང་རྒྱལ་རབས་ཀྱི་སློབ་དཔོན་ཆེན་མོ་ཧན་སིན་སྤྱན་རས་གཟིགས་ཀྱི་སྤྲུལ་སྐུ་དང་རྨི་ལམ་དུ་ཞིང་ཁམས་སུ་ཕེབས་པ་སོགས་ཤིན་ཏུ་མང་། ཐེག་དམན་ཀྱིས་སྤྲུལ་སྐུ་མེད་ཟེར་ཡང་དགྲ་བཅོམ་པའི་གོ་འཕང་ཐོབ་ཡོད་ཟེར་མཁན་ནི་ཤིན་ཏུ་མང་པས་ཕྲན་ཡང་ལྔ་དྲུག་ཞིག་དང་མཇལ་སོང་། ་གོ་གནས་ནི་བོད་ཀྱི་སྤྲུལ་སྐུ་ཁྱད་པར་ཡོད་པ་མ་མཐོང་། ༣༽སྤྲུལ་སྐུ་དར་བ་ནས་བཟུང་བོད་ཀྱི་རྒྱལ་རབས་ནང་དུ་ཆོས་སྲིད་གཉིས་ཀྱི་ཆ་ལ་མཛད་རྗེས་ཆེན་པོ་ཡོད་མཁན་མང་ཆེ་བ་སྤྲུལ་སྐུ་ཡིན་ལ། ད་ལྟའི་ཆར་བོད་ཀྱི་ལུགས་གཉིས་ཀྱི་ཁ་འཛིན་ཐ་ན་འཚོ་བ་སྦྱོར་མཁན་ཚོའི་བརྒྱ་ཆ་མང་ཤོས་སྤྲུལ་སྐུ་རེད། མགོ་སྐོར་ཡིན་ཡང རུང་། རྫུན་མ་འཁྲབ་ཀྱང་རུང་། རྒྱ་ནག་དང་ཕྱི་རྒྱལ་གྱི་ཡུལ་གྲུ་འགྲིམ་ཞིང་དཀའ་བ་མང་དུ་སྤྱད། ཐབས་ཤེས་སྣ་དགུ་བཏོན་ནས་བསགས་པའི་རྒྱུ་ནོར་ཚོ་རང་ཡུལ་དུ་བཏང་། བོད་ལ་འཛུག་བསྐྲུན་བྱས། སློབ་མ་གསོས། སྒེར་གཉེར་སློབ་གྲྭ་འཛུག་མཁན་བརྒྱ་ཆ་༩༠་སྤྲུལ་སྐུ་རེད། ཞབས་འདྲེན་ཞུ་མཁན་ཡང་ཡོད་མོད་དེ་སྤྲུལ་སྐུའི་གྲངས་ལ་བསྡུར་ན་ཆེས་ཉུང་བ་དང་། གང་ཟག་སྒེར་ཀྱི་སྐྱོན་ལས་སྤྲུལ་སྐུ་ཚང་མ་གྲོས་བྱས་ཏེ་ཐག་བཅད་པའི་ལམ་ལུགས་མིན་པས་སྒེར་སྐྱོན་སྤྱི་ལ་བགོ་རྒྱུ་ག་ལ་ཡོད། ༤༽ རྒྱ་ནག་དུ་སྤྲུལ་སྐུའི་ཁྲིམས་ལུགས་བཟོས་པ་དེ་བོད་ཀྱི་སྤྲུལ་སྐུ་རྣམས་བོད་ལ་མཛད་རྗེས་ཆེ་དྲགས་པས་རྐྱེན་གྱིས་ཡིན་པ་ལས། བོད་མི་རིགས་ལ་ཐུགས་ཁུར་ཆེ་བཞེས་གནང་པ་ག་ལ་ཡིན། དེ་ཕྱིར་རྒྱ་ནག་གི་གར་འཁྲབ་པ་ལ་བོད་ཀྱིས་ཐལ་མོ་སྦྱར་ནས་བསྔགས་པ་བྱེད་པ་འདི་མི་རིགས་ཤིག་ལ་མཚོན་ན་བཀྲ་ཤིས་ཡིན་ནམ་ལྟས་ངན་ཡིན་དཔྱད་པར་འོས། ། ༥༽ ཕན་གནོད་ལ་བསམ་ན། ༧རྒྱལ་པཎ་རྣམ་གཉིས་ནས་ས་སྐྱ་གོང་མ་རྣམ་གཉིས་ཀརྨ་པ་སོགས་དང་། དགོན་ཆུང་དང་སློབ་གྲྭའི་དབུ་འཛིན་སྤྲུལ་སྐུ་ཆུང་ངུ་ཞིག་ཚུན་ཆོད་མེད་པར་བཟོས་ན་དགེ་མཚན་ཅི་ཡོད། སྤྲུལ་སྐུ་ཆབ་སྲིད་ནང་མ་ཞུགས་ན་ཆོག་མོད་དེ་དངོས་པོ་དང་བསམ་བློའི་སློབ་གསོ་མཐོན་པོར་ཕྱིན་ཚེ་བེད་སྤྱོད་དགོས་པ་རེད། སྤྱི་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་མ་སོང་བར་དམངས་གཙོ་དང་ཆོས་མེད་ཀྱི་ལམ་དུ་ཞུགས་ན་ནཻ་པལ་དང་། ཤྲཱི་ལངྒ་། འབར་མ་ལྟ་བུ་མཐར་དམག་གིས་དབང་བསྒྱུར་འོག་ཆོས་པ་རྣམས་གོ་ས་ཆེ་རུ་འགྲོ་མཚོན་སུམ་ཚད་མ་ལགས་སོ། །
ལྷག་བསམ་རྒྱ་མཚོ་ཟེར་བ་འདི་མྱི་རྣམ་དཔྱོད་ཅན་དང་མཁས་པ་རེད་འདུག བསམ་ཚུལ་དེ་སྤྱི་རང་བཏང་ཡག་པོ་བྲིས་འདུག ད་རུང་རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་བལྟས་ན་མ་འགྲིག་པ་མང་པོ་ཡོད་ཡོད་པ་རེད།
ཁྱེད་སྤྲུལ་སྐུའི་མིང་འཛིན་མཁན་ཞིག་ཡིན་པའི་ཆ་ནས་སྤྲུལ་སྐུའི་ལ་རྒྱ་བཤད་པ་རེད། དེ་ནི་སྤྱིར་བཏང་གི་མི་སུ་ཡིན་རུང་སོ་སོའི་ཕྱོགས་གཏོགས་ལ་ཡོན་ཏན་ཆེ་རབས་དང་སྐྱོན་མེད་རབས་མང་པོ་བཤད་ཀི་རེད།
རྒྱ་ནག་ལ་མཚོན་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་བྱུང་རབས་ཙམ་དང་། ཨོ་རྒྱན་ཆེན་པོས་བཻ་རོ་ཙཱ་ན་ཀུན་དགའ་བོའི་སྤྲུལ་བ་ཡིན་པར་ལུང་བསྟན་ལྟ་བུ་རྫུན་དང་མ་འདྲེས་པ་རེ་ཟུང་ཡོད་མོད། དེ་ནི་མགོན་པོ་ཀླུ་གྲུབ་ཀྱིས།
སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ། །
བསྟན་བཅོས་ཀུན་ལ་རབ་ཏུ་གཅེས། །
གསུངས་པ་བཞིན་དམིགས་བསལ་རེད་མ་གཏོགས་སྤྲུལ་སྐུའི་ལམ་ལུགས་སམ་ཡང་སྲིད་ངོས་འཛིན་བྱས་ཏེ་བླ་མའི་གོ་ས་འཛིན་པའི་རྒྱུན་ལྡན་གྱི་ལུགས་སྲོལ་ཞིག་རྩ་བ་ཉིད་ནས་མ་རེད།
དེ་ནས་སངས་རྒྱས་སྐུ་གསུམ་གྱི་ནང་ཚན་སྤྲུལ་སྐུ་རེད། སངས་རྒྱས་ལ་ཆོས་ལུང་སྤྲུལ་གསུམ་ཡོད་ཡོད་པ་རེད། དེ་བཞིན་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་སྤྲུལ་བ་འབྱུང་ཚུལ་མདོ་སྡེའི་ནང་ན་ཡོད་ཡོད་པ་རེད། ཡིན་ན་ཡང་དེ་ནི་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དང་འདྲ་ནི་མ་རེད། ཐེག་ཆེན་གྱི་མདོ་སྡེའི་ནང་སངས་རྒྱས་ལ་སྤྲུལ་པ་འབྱུང་ཚུལ་གསུང་འདུག་ཟེར་ནས་ང་ཚོ་བོད་པའི་རབ་བྱུང་ཚོས་ལུས་ལ་རབ་བྱུང་གི་ན་བཟའ་གྱོན་བཞིན་དུ་ཁ་ནས་མི་ཆོས་བླ་མའི་རྫུན་བཤད་པ་ལ་དོགས་ཙམ་ཡང་མི་སྐྱེ་བ་ནི་ཡ་མཚན་དགོས་པའི་གནད་དོན་ཅིག་རེད། ད་རུང་ཁོང་ཚོས་རྙིང་མའི་བླ་མ་འགའ་ཞིག་ལ་གསང་ཡུམ་ཡོད་པ་ལ་ཟུར་བའམ་གོ་རྒྱུ་ཅན་མང་པོ་གསུང་གིན་འདུག ང་དེ་ལ་དགའ་བོ་མེད། རབ་བྱུང་ཡིན་ན་རབ་བྱུང་ཚད་ལྡན་ཅིག་དགོས་པ་རེད། མི་ཆོས་བླ་མའི་རྫུན་བཤད་ཆོག་ཅིང་མི་ཚང་སྤྱོད་མི་ཆོག་པའི་རབ་བྱུང་དེ་སངས་རྒྱས་ཀྱི་རབ་བྱུང་མ་རེད།
མདོར་ན་ཐེག་ཆེན་གྱི་མདོ་སྡེ་ནས་བཤད་པའི་སངས་རྒྱས་བྱང་སེམས་ལ་སྤྲུལ་པ་བྱུང་ཚུལ་གསུང་པ་དང་འདི་གཉིས་སྦད་དེ་མི་འདྲ་བར་ཤེས་དགོས་པ་གལ་ཆེན་པོ་རེད།
དེ་ནས་བོད་ཀྱིོ་དཔལ་འབྱོར་ཐད་ནས་རེད། སྤྱིར་མི་རིགས་སུ་ཞིག་ཡིན་རུང་དཔལ་འབྱོར་གྱི་ཐད་ནས་ཡིན་ན་རེད། ཤེས་ཡོན་གྱི་ཐད་ནས་ཡིན་ན་ཡང་རེད། མི་བུ་རང་ཉིད་ཀྱི་རྐང་པའི་སྟེང་ནས་རང་ཉིད་ལངས་ཐུབ་དགོས་པ་རེད། སྤྲུལ་སྐུས་སྦྱིན་བདག་བྱས་ནས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཚོ་ཐུབ་ཀྱི་མ་རེད། སྤྲུལ་སྐུས་བསགས་པའི་ཤི་གསོན་སྟོང་གི་ཟ་མ། དཀོར་རྫས། དད་རྫས། གཤིན་རྫས་ཀྱི་འཚོ་བ་ལ་བརྟེན་ནས་མི་རིགས་ཤིག་འཚོ་ཐབས་བྱེད་དགོས་ན་ཧ་ལས་པའི་རྗེས་ལུས་དང་ངོ་ཚ་དགོས་པའི་བྱ་བ་རེད། དེས་ན་ད་ཕྱིན་ཆད་བོད་ཕྲུག་ཚོས་རང་ཉིད་ཀྱི་རྐང་པའི་སྟེང་ནས་རང་ཉིད་ལངས་ཐབས་དང་། དད་རྫས་གཤིན་རྫས་ཟ་མི་དགོས་མི་རིགས་མཚན་ཉིད་པ་ཞིག་ཡོང་ཐབས་བྱེད་ཀྱི་གལ་ཆེ།
མདོར་བསྡུས་ནས་བཤད་ན་སངས་རྒྱས་ཆོས་ལུགས་ལ་བོད་པའི་སྤྲུལ་སྐུ་ཟེར་བ་འདི་ཚོ་མེད་རུང་བསྟན་པ་འཛིན་ཐུབ་ངེས་ཡིན་པ་དཔེར་ན། བསྟན་པའི་གཏད་རབས་བདུན་དང་ནཱ་ལེནྜའི་ལོ་རྒྱུས་ལྟ་བུ་རེད། དེའི་མ་ཚད་བསྟན་པ་སྤུས་དག་པོ་ཆགས་ཀྱི་ཉག་གཅིག་རེད། མི་རིགས་སམ་རྒྱལ་ཁབ་ལ་སྤྲུལ་སྐུས་དཀོར་ཟོས་ཏེ་འཚོ་བ་སྐྱེལ་མི་དགོས་པའི་སྨོན་ལམ་འདེབས་དགོས་ཤིང་། ང་ཚོ་སོ་སོའི་རྐང་པའི་སྟེང་ལངས་ཐུབ་ཀྱང་ཐུབ་ཀི་རེད་ལ། ངེས་པར་དུ་ལངས་དགོས་ཡ་ཞིག་རེད།
ཁྱེད་ཀྱིས་སྤྲུལ་སྐུས་དཀོར་རྫས་བསགས་ཏེ་བོད་མི་རྣམས་གསོས་རབས་བཤད་ན་ཆོས་ལུགས་དང་རྒྱབ་འགལ་རེད། སྐད་ཆ་དེ་ནི་ཆོས་པ་ཞིག་གིས་བཤད་ཡ་མ་རེད་གསང་ཡ་རེད།
བཀྲ་ཤིས་ལགས། ཁྱེད་ནས་མཁྱེན་དགོས་པ་ཞིག་ལ་ང་ནི་སྤྲུལ་སྐུ་མིན། གྲྭ་བ་བཅོས་མ་ཞིག་ཡིན། ཆོས་དང་སྤྲུལ་སྐུ་ལ་ཡིད་ཆེས་ཡོད།
གུ་ར་རྫ། ང་ལ་ཁྱེད་མཇལ་འདོད་འདུག ད་རུང་དྲ་གྲོགས་ལྷུན་གྲུབ་དང་། ཀུན་བསོད། ལྷག་བསམ་རྒྱ་མཚོ་བཅས་མཇལ་འདོད་ཆེན་པོ་འདུག ཁྱེད་ཚོ་དང་ང་ཚོ་གཅིག་བྱས་ནས་འབྲེལ་བ་ཆེན་ཡིན་སྲིད་པ་རེད། ད་ལྟ་ཡིན་ན་ངས་ཁྱེད་ཚོ་ཤེས་ཀྱི་མི་འདུག་ལ། ཁྱེད་ཚོས་ང་ཤེས་ཀྱི་མ་རེད། ལྷག་བསམ་ཧ་ལམ་ཧ་གོ་ཡི་འདུག གཞན་པ་དེ་ཚོ་གཅིག་ཀྱང་ངོ་ཤེས་ཀྱི་མི་འདུག
གླུ་ཟབ་དོན་གླིང་བུ་ཞེས་བྱ་བ།
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནས།
ཨ་ཧོ།
འོག་མིན་དཔལ་གྱི་བསམ་ཡས་མཆིམས་ཕུ་ཡི་ཡང་རྩེ།།རང་བྱུང་ཤེལ་གྱི་ཕ་ཝྃ་དཀར་པོ་ཡི་གུར་ཁང་།།མ་བསམ་ལྷུན་གྲུབ་གཞལ་མེད་ཁང་ཆེན་འདི་དགའ་འོ།། དགུང་སྔོན་དག་པ་དབྱངས་ཆེན་ཕྱོགས་ལྷུང་དང་བྲལ་བ།། འོད་གསལ་ཉི་ཟླའི་དཀྱིལ་འཁོར་བཀྲགས་མདངས་ནི་འཚེར་བས།། རིག་པ་ཚད་ལ་ཕེབས་པའི་ངོ་མཚར་གྱི་ལྟད་མོ།།མངོན་སུམ་ཆོས་ཉིད་སྤྱན་གྱིས་སྣང་བ་འདི་ཨ་ཧོ།།རྣལ་འབྱོར་ང་ཡི་སྣང་བ་གཏད་མེད་དུ་ཟང་ཐལ།། ཤེས་རབ་རང་བྱུང་སྒྲོན་མའི་རིག་པ་ཡི་རང་གདངས།།ཕྱི་རོལ་དངྱིངས་ཀྱི་མཁའ་ལ་རྒྱ་འབྱམས་སུ་གསལ་བས།།སྐུ་གསུམ་ལྷུན་གྱིས་གྲུབ་པའི་གནས་ལུགས་ལ་ཡིད་ཆེས།།སངས་རྒྱས་གཞན་ནས་མ་བཙལ་རང་ཆས་སུ་རྫོགས་འདུག།ཀུན་བཏགས་བློ་ཡིས་སྤྲོས་པའི་བསྐྱེད་རྫོགས་ཀྱི་ཨ་མཐས།།ཡིད་དཔྱོད་མཚན་འཛིན་རྟོག་པ་ཐེ་ཚོམ་གྱི་དྲ་བའི།།སྦུབས་སུ་འཐུམས་པའི་དཀའ་ཚེགས་ངལ་བ་འདིས་ཅི་བྱ།།མ་བཅོས་གདོད་ནས་པའིརིག་གདངས་ཀྱི་དཀྱིལ་འཁོར།།ཇི་ལྟར་སྣང་བ་འདི་དག་ཇི་བཞིན་དུ་བཀོད་པ།།སངས་རྒྱས་འཕགས་པ་ང་ཡི་དབང་པོ་རུ་བྱོན་དང་།།ཐེ་ཚོམ་བྲལ་བའི་ངེས་ཤེས་ནང་ནས་རང་རྙེད་དོ།།རྩ་རླུང་བྱེད་རྩོལ་མཚན་མའི་འདུ་བྱེད་ཀྱི་ཐག་པས།།དམ་དུ་བཅིངས་ལས་རྟོག་མེད་བག་ཙམ་ཞིག་འཆར་རུང་།།ཀུན་གཞིའི་ཆ་དང་འདྲེས་པས་རང་བྱུང་གི་ཡེ་ཤེས།།སྒྲུབ་བྱེད་ཙམ་ལས་གནས་ལུགས་དངོས་མ་ནི་མ་ལགས།།ཐེག་བརྒྱད་བློས་བྱས་གྲུབ་མཐའི་གཟུགས་བརྙན་གྱི་རི་མོ།།རྫུན་པ་ཆུ་ཟླ་དང་མཚུངས་གནས་ལུགས་ལ་ཐག་རིང།།ང་ཅག་རིག་འཛིན་དགའ་རབ་དཔའ་བོ་ཡི་བརྒྱུད་འཛིན།།རྣམ་པར་རྟོག་པའི་གཟེབ་ཀྱི་འཆིང་བ་ལས་རང་གྲོལ།།རང་བྱུང་རང་ཤར་རང་གནས་ཀུན་བཟང་གི་རོལ་བ།།གདོད་མ་གཞི་ཡི་གནས་ལུགས་མངོན་སུམ་འདི་ཨ་ཧོ།།བསྒོེམ་བྱ་སྒོམ་བྱེད་བྲལ་བའི་འོད་གསལ་གྱི་གཤིས་ལ།།རང་བབ་རྒྱ་འབྱམས་ལྷུན་གྲུབ་ཚོམ་བུ་ཡི་བཀྲག་མདངས།།མ་བྲིས་མ་བྱས་རང་ཤར་སྣང་བ་འདི་ཨ་ཧོ།། གཟུང་འཛིན་འཁྲུལ་རྟོག་ཆོས་ཉིད་དབྱིངས་ཆེན་དུ་ཟད་དེ།།ལོ་དང་ཟླ་བའི་སྡུག་སྒུར་ཆེན་པོ་ནི་མི་དགོས།།སྐྱིད་ཉལ་ངང་དུ་ལས་རླུང་ཟད་པ་ལ་ཕྱོགས་པ།།འོད་གསལ་སྙིང་ཐིག་རིག་འཛིན་བརྒྱུད་པ་ཡི་བྱིན་མཐུ།།སྙིང་དབུས་འཕོས་པའི་རྟགས་ཚད་སྣང་བ་འདི་ཨ་ཧོ།། ཅེས་པའང་མེ་སྤྲེལ་ནག་ཟླའི་ཚེས་༢༩ལ་བསམ་ཡས་མཆིམས་ཕུའི་བློན་ཆེན་གུར་དཀར་ཕུག་ཏུ་ཉམས་སྐྱིད་པས་རྐྱེན་བྱས་ཏེ།།རང་འདི་འདྲའི་རྟོགས་ཚད་མི་ལྡན་ཡང་མ་འོངས་འབྱུངས་འགྱུར་གྱི་རྟན་འབྱུང་ཙམ་དུ་ཐོལ་བྱུང་གླུ་རུ་བླུངས་པའོ
སྙན་གི་ཡ། སྐྱབས་སུ་མཆི།
སྐུ་ཞབས་ཞོགས་དུང་གློད་ཐབས་ཀྱི་གྲོས་གཞི།
དང་པོ། བོད་མི་གཞིས་པ་ཚོས་སྒྲུབ་དགོས་པའི་དོན་ཚན།
སྐུ་ཞབས་ཞོགས་དུང་གི་བུ་མོས་བཅར་འདྲི་བརྒྱུད་ནས་བཤད་པ་ལ་གཞིགས་ན། བོད་ནང་ན་ཁོང་གློད་ཐབས་ལ་ལས་དོན་སྒྲུབ་པ་དེ་ཕྱིར་མ་བསྒྲགས་པའམ་ཤུགས་ཆེར་བསྒྲུབས་མེད་པར་གྲགས།
དེ་འདྲ་ཡིན་པའི་དབང་དུ་བཏང་ན་བོད་མི་གཞིས་པ་ཚོས་སྒྲུབ་དགོས་པ་གཤམ་དུ།
གཅིག བོད་ནང་གི་ཤེས་ཡོན་པ་ཚོས་ཐབས་མཁས་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཁག་སྟེ། མི་དམངས་སྲིད་གཞུང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་། ཉེན་རྟོགས་ལས་ཁུངས། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཁང་། མི་དམངས་ཁྲིམས་ཁང་སོགས་ལ་ཞུ་གཏུགས་ཡེ་གེ་འབུལ་བ།
གང་ཡིན་ཞེ་ན། ཤེས་ཡོན་པའི་རྒྱ་ནག་གཞུང་ལ་སྙན་ཞུ་ཕལ་བ་དེས། མ་མཐར་ཡང་ཞོགས་དུང་ཁོང་ལ་ཤེས་ཡོན་པའི་སྡེ་ན་དོ་སྣང་ཡོད་པ་གསལ་བོར་སྟོན་ཐུབ་པ་དང་། སྟབས་ལེགས་ན་རྐྱེན་དེ་ལས་གློད་ཀྱང་སྲིད།
གཉིས།
ཁོང་གི་གཉེན་ཉེ་འབྲེལ་ཚོ་ལ་གཞིས་པ་བོད་མི་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་དང་རོགས་དངུལ་སྤྲོད་པ། ཁོང་ཚོར་སེམས་གསོ། ཁྲིམས་རྩོད་པ་ཞུ་རྒྱུར་རོགས་རམ་བྱེད་པ། ཁོང་ཚོ་དང་མཉམ་དུ་མི་སྐོར་ཁག་བྱས་ཏེ་རེ་མོས་ཀྱིས་བཀག་ཉར་ཁང་ལ་འཚམས་འདྲི་དང་། མཚོ་སྔོན་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་གློད་གྲོལ་རེ་ཞུར་འགྲོ་བ།
གསུམ།
མི་མང་གིས་ཀྱང་གོང་གསལ་འབྲེལ་ཡོད་ལས་ཁུངས་དག་ལ་ཁ་པར་དང་འཕྲིན་ཡིག་བརྒྱུད་ནས་གློད་གྲོལ་རེ་འབོད་བྱེད་པ། དྲ་རྒྱ་དང་མི་ཁ་ནས་གླེང་སློང་ཤུགས་ཆེར་བྱེད་པ།
རྒྱུ་མཚན་ནི་རྒྱ་ནག་ནང་ཁུལ་གྱི་ཤེས་ཡོན་པ་སོགས་གསང་བའི་འཛིན་བཟུང་བྱས་པའི་ཚེ། མི་མང་གིས་དོ་སྣང་དང་གླེང་སློང་ཤུགས་ཆེར་བྱས་ཏེ་གློད་གྲོལ་བྱུང་བ་ཡོད་སྲིད་པས། གཞུང་དེ་ལ་མི་མང་གིས་སུན་གཙེས་གཏོང་པའི་ཐབས་འདི་རང་རེས་ཀྱང་བསྟེན་དགོས།
བཞི།
རྒྱ་རིགས་ཤེས་ཡོན་པ་དྲང་བདེན་སྐྱོང་མི་དག་ལ་འབྲེལ་བ་བྱས་ཏེ་ཁོང་ཚོར་ཞོགས་དུང་གློད་ཐབས་ལ་རོགས་རམ་ཞུ་བ་དང་། རྒྱ་ཡིག་གི་དྲ་རྒྱ་ལྟ་བུའི་འཕྲིན་ལམ་ནས་ཁོང་གི་སྐོར་གླེང་སློང་ཚད་ཇེ་ཆེར་གཏོང་བར་རེ་སྐུལ།
གཉིས་པ།
བཙན་བྱོལ་བོད་མིས་སྒྲུབ་དགོས་པའི་དོན་ཚན་ཁག་ནི།
གཅིག
ཐད་ཀར་ངོ་རྒོལ་སྐད་འབོད་མི་བྱེད་པར་བརྒྱུད་ནས་གློད་ཐབས་བྱ་བ་ལ། དཔེར་ན། རྒྱལ་ཁབ་སོ་སོའི་གཞུང་དང་གཞུང་ཚབ་ཁང་ལ་ཡིག་ཐོག་ནས་ སྐུ་ཞབས་ཞོགས་དུང་གློད་གྲོལ་ཡོང་བར་རེ་འབོད་བྱེད་པ་སྟེ། རྒྱལ་ཁབ་དེ་ཚོས་སྐུ་ཞབས་ཁོང་གློད་ཐབས་ལ་རང་གི་གཞུང་ཚབ་བརྒྱུད་ནས་རྒྱ་ནག་དབུས་དང་མཚོ་སྔོན་ས་གནས་སྲིད་གཞུང་ལ་ཁ་པར་གཏོང་བ།
གཉིས།
བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཕུད་པའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་། རྒྱ་ནག་ནག་ཏུ་ཡོད་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་སྙན་ཞུ་ཕུལ་ནས། ཚོགས་པ་དེ་ཚོས་རྒྱ་ནག་གཞུང་ལ་ཐད་ཀར་དང་རྒྱལ་ཁབ་ཁག་ན་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་སོ་སོར་གློད་གྲོལ་ཆེད་དུ་ཁ་པར་དང་འཕྲིན་གཏོང་བར་རེ་སྐུལ།
གསུམ།
བདེ་འཇགས་ཀྱི་ལམ་ཁ་རྙེད་ན་བརྒྱུད་ནས་སྐུ་ཞབས་ཞོགས་དུང་གི་ནང་མིར་རོགས་དངུལ་སྤྲོད་པ།
གསུམ་པ།
བཙན་བྱོལ་བོད་མི་ཚོས་གཟབ་དགོས་པའི་དོན་ཚན་ནི། སྐུ་ཞབས་ཞོགས་དུང་གི་ནང་མིར་ཁ་པར་བརྒྱུད་ནས་འབྲེལ་བ་བྱ་སྐབས། ཁོང་ཚོའི་བདེ་འཇགས་ལ་འགན་འཁུར་དགོས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། ཨེ་ཤུ་ཡ་རང་དབང་རླུང་འཕྲིན་ཁང་། ཨ་རི་རླུང་འཕྲིན་ཁང་སོགས་ཀྱིས་ཁོང་གི་མི་ཚོར་བཅར་འདྲི་བྱས་པ་ལས་རག་པའི་གནས་ཚུལ་རྣམས་ཀུན་ཀྱི་ཐོག་མར་རང་རང་གི་གསར་འགྱུར་བརྒྱུད་ལམ་དུ་འགོད་པར བརྩོན་ལེན་གྱི་ཕྱིར་དུ་སྒྲོག་མི་རུང་། གོང་གསལ་བོད་དོན་ལ་དམིགས་ནས་བཙུགས་པའི་བརྒྱུད་ལམ་དེ་ཚོས་བོད་ནང་གི་མི་ལ་བཅར་འདྲི་སོགས་བྱས་ཏེ་གནས་ཚུལ་རག་ནའང་། ཐོག་མར་འཛམ་གླིང་ན་རྒྱུག་ཆེ་ཤོས་ཀྱི་གསར་ལམ་དུ་འགོད་ཐབས་ལ་བརྩོན་པ་དང་། དེ་ནས་ གསར་ལམ་གྲགས་ཅན་གཞན་དག་ལས་ཚུར་དྲངས་ཏེ་གསར་འགྱུར་གཉིས་པའི་ཚུལ་དུ་བསྒྲགས་ན་ལེགས། རྒྱུ་མཚན་གང་ཡིན་ཟེར་ན། སྐུ་ཞབས་ཞོགས་དུང་ལྟ་བུའི་རྒྱ་གཞུང་གི་ལས་བྱེད་ཡིན་པའི་བོད་མིའི་སྐོར་གྱི་གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་ཆེ་ཤོས་ཤིག་ནས་ཆེས་ཐོག་མའི་གསར་འགྱུར་དུ་འགོད་ཐུབ་ན། གཅིག་ནས་ཁྱབ་ཚད་ཆེ་བ་དང་། གཉིས་ནས་རྒྱ་ནག་གཞུང་གིས་ཀྱང་གཟུར་གནས་ཀྱི་གསར་ལམ་དག་ལས་ཐོན་པའི་གསར་འགྱུར་ལ་མཐོང་ཚུལ་མི་འདྲ་བ་འཛིན་པ་ཡིན། དེ་མིན་གསར་ལམ་ཆུང་རིགས་ནས་བསྒྲགས་ཟིན་ན་གཟུར་གནས་ཆེ་ཤོས་ཁག་གིས་གནས་ཚུལ་བསྒྲགས་ཟིན་པ་མི་འགོད་པ་དང་། བོད་དོན་ལ་དམིགས་སུ་བཙུགས་པའི་གསར་ལམ་དང་ཚོགས་པ་ཁག་གིས་བདེན་པ་བསྒྲགས་ཀྱང་། རྒྱ་ནག་གཞུང་གིས་དེ་དག་ནི་ཀྲུང་གོར་སྡང་བའི་ཚོགས་པར་བགྲངས་ནས་དགག་རྐྱང་བྱེད་པ་དང་། ད་དུང་རྒྱུ་མེད་རྣམ་རྟོག་གིས་བཀག་ཉར་དུ་ཡོད་པའི་མི་དེ་ལ་ཉེས་པ་འགེལ་བའི་རྒྱུར་ཡང་འགྲོ་སྲིད།
གཉིས། གོང་གསལ་སྒྲུབ་འོས་པ་དག་སྔོན་ལ་མ་སོང་བའི་གནས་སྐབས་དེ་ལ། བཙན་བྱོལ་བ་ཚོས་སྐུ་ཞབས་ཞོགས་དུང་གི་སྐོར་ལ་ངོ་རྒོལ་སོགས་དངོས་བསྟན་གྱི་ལས་འགུལ་རིགས་རེ་ཞིག་མ་བྱས་ན་ལེགས། དེ་མིན་གཞིས་པ་བོད་མི་ཚོས་སྐུ་ཞབས་ཁོང་ཉེས་མེད་དུ་བསྒྲུབས་ནས་གློད་ཐབས་བྱེད་པ་ ལ་གནོད་སྲིད།
མཐར་སྐུ་ཞབས་ཞོགས་དུང་གི་ལུས་སེམས་ལ་སྡུག་བསྔལ་མེད་པར་མྱུར་དུ་གྲོལ་བའི་སྨོན་འདུན་དང་། ཁོང་གི་ནང་མི་ཚོར་སེམས་གསོའི་འཚམས་འདྲི་དང་བཅས།
ཚེ་རིང་རྡོ་རྗེ་ནས།
༢༠༡༠ལོའི་ཕྱི་ཟླ༥ཚེས༢ཉིན་བྲིས།
བདག་ཅག་གི་སྟོན་པས། ང་དེ་ཚེ་དེ་དུས་སྙིང་སྟོབ་ཆེན་པོ་ཡིན་ཞིང་། ལྷ་ཆེན་པོ་ནི་འཇམ་དཔལ་ཡིན་སོགས་གསུང་པ་ནི། སྐྱེས་བུ་དམ་པ་རྣམས་ངོས་འཛིན་བྱེད་པ་དེ། བདག་ཅག་གི་སྟོན་པས་སྲོལ་གཏོད་པ་གཅིག་ཡིན་པ་དེ་ཤེས་པར་བྱོས།
དེང་སང་སྤྲུལ་སྐུར་གྲགས་པ། དོན་དུ་སྐྱེ་བུ་དམ་པའི་ངོས་འཛིན་བྱེད་བྱས་པའི་མཆོག་ཏུ་གྱུར་བ་ནི། སྔ་ཕྱི་བར་གསུམ་དུ་གོང་ས་སྐྱབས་མགོན་ཆེན་པོ་སྐུ་འཕྲེང་བཅུ་བཞིན་ཆེན་པོ་ནང་བཞིན་བྱོན་མ་མྱོང་ལ། ད་ལྟར་མེད་ཅིང་མ་འོང་པར་ཕེབས་པར་མི་འགྱུར། ཁ་ཤས་ཀྱིས་ཞོགས་དུང་སྤྲུལ་སྐུ་མཆོག་རྒྱལ་བ་ཐམས་ཅད་མཁྱེན་པ་འདྲ་བརྒྱ་ལས་དགའ་བ་དོན་གྱི་ཁས་བླངས་འདུག སྤྱིར་ལོག་པའི་ལམ་ལ་མཐའ་མེད་པས་མོད། འོན་ཀྱང་བླུན་པོ་འདི་དག་གི་སྙིང་དུ་ཅི་ཞིག་ཞུག་པ་ཡིན་ནམ།
བོད་ཅེས་ད་ལྟར་གནས་པ་འདི་སྤྱིར་དགེ་འདུན་པ་རྣམས་དང་། ཡང་དགོས་པ་ཅན་སྤྲུལ་སྐུ་རྣམ་པའི་བཀའ་དྲིན་ཡིན་པར་དེ་ཤེས་པར་གྱིས།
སྤྲུལ་སྐུ་ངོས་འཛིན་བྱེད་པའི་ལུགས་སྲོལ་འདི་ཡོད་པའི་དྲིན་གྱིས་རྒྱ་དམར་གྱིས་བོད་རྒྱ་ནང་དུ་ལམ་སོང་གཏིམས་མ་ཐུབ་པ་ཡིན་པ་དེ་ཤེས་ནས། དུས་དང་རྣམ་པ་ཀུན་ཏུ་སྤྲུལ་སྐུ་ངོས་འཛིན་རིང་ལུགས་འདི་ཤིན་ཏུ་ནས་སྡང་གི་འདུག་པས་ཐུགས་ཁག་མེད། རྒྱ་ངོས་ནས་བསམ་དོན་འགྲུབ་པའི་གེགས་རྐྱེན་བྱས་པ་གསལ་མཐོང་རེད
གཡས་ཐལ་དང་གཡོལ་ཐལ་ཆེ་དྲག་འདུག སྤྱིར་དེང་དུས་ཕ་སྤྲུལ་སྐུ། བུ་སྤྲུལ་སྐུ། ཚ་བོ་སྤྲུལ་སྐུ། ཡང་ཚ་སྤྲུལ་སྐུ་སོགས་སྤང་ལ་ཤ་མོ་བརྡོལ་བརྡོལ་གྱི་སྣང་ཚུལ་འདི་ཡི་གར་མི་འོངས་བ་ཞིག་ཏུ་མཐོང་། འོན་ཀྱང་སྤྲུལ་སྐུའི་མཚན་ཅན་དམ་པ་མང་པོ་ཞིག་གི་མཛད་པ་བསམ་ནས་རྒྱུག་པ་ལེབ་བརྡུང་ལྟ་བུ་ལམ་སྲོལ་འདི་ནག་པོ་ནག་རྐྱང་ལ་ངོས་འཛིན་ན་རྣམ་དཔྱོད་ལྡན་པའི་གཏམ་ཞིག་ཨེ་ཡིན་དྲན།
རྒན་བཀྲ་ཤིས་ལ་གོ་ནོར་ཐེབས་ཤག ང་ནི་གྲོང་མཐའི་རྒན་པོ་མིང་མེད་ཞིག་ཡིན། རྒྱ་བལ་ལ་གནས་སྐོར་བྱེད་མྱོང་མོད་དེར་སྡོད་མཁན་ཀྱི་གྲས་མིན། ཉིད་ཀྱི་གསུང་ལ་དཔྱད་ན་རྒྱ་བལ་ཕྱོགས་ཀྱི་བོད་སྐད་ཀྱི་བརྡ་ཆད་ཅི་རིགས་པ་བྱུང་བས་བོད་དུ་བཞུགས་མཁན་ཞིག་མ་ལགས་སྙམ། ང་ནི་གྲྭ་བ་ཡང་མིན་པས་སྤྲུལ་སྐུའི་གྲྭལ་དུ་ག་ལ་ཙུད། ཐ་ན་གྲོེགས་པོ་བཟང་པོ་ཞིག་ཀྱང་མེད། བླ་སྤྲུལ་གྱི་རྒྱབ་རྩ་བྱས་པ་ཡང་མ་ཡིན་པར་ཕན་གནོད་ཕྱེས་ཏེ་བཤད་པ་ལགས། ༡༽དད་གཤིན་དཀོར་རྫས་སྤྱི་ཚོགས་ཀྱི་བདེ་རྩར་བཏང་ཡང་ཆོས་འགལ་ཆེན་པོ་ཡིན་ན་འདུལ་བ་ལས་བསོད་སྙོམ་ཀྱི་ཐོབ་པ་སྤྱིན་པར་གཏོང་བ་དང་། བྱང་ས་ལས་བདོག་པ་ཐམས་ཅད་ཀུན་དཀྲིས་ཀྱི་ཆེ་ཆུང་ལ་ལྟོས་ནས་བཏང་བ་འབྲས་བཅས་སུ་གསུངས་པ་དང་། སྔགས་སུ་སེར་སྣ་ཅན་གྱི་ལོངས་སྤྱོད་ཐབས་ཀྱིས་བླང་ཏེ་སྦྱིན་པ་རིན་འབྱུང་གི་དམ་ཚིགས་སུ་གསུངས་པ་དང་། དགེ་སྡུག་ཡིད་ཀྱི་ཀུན་སློང་གི་རྗེས་སུ་འགྲོ་བ་དང་། དེ་ལྐོག་ཏུ་གྱུར་བའི་ཚུལ་ལ་དགོས་མཛོད། ༢༽བོད་ཕྲུག་རྣམས་དཀོར་རྫས་ལ་མ་བརྟེན་པར་རང་གི་རྐང་པའི་སྟེང་ནས་ལངས་ཐུབ་པ་ངའི་ཡང་རེ་བ་ཡིན། དེ་རིམ་བཞིན་ཡོང་དགོས་པ་ལས་ཐོགས་བབས་སུ་འབྱུང་ཐབས་བྲལ། འོན་ཀྱང་ཐལ་རྡུལ་ལ་འཇིགས་ནས་ཁང་པ་མེ་ལ་བསྲེག་ན་དེ་ལས་སྡུག་དུ་འགྲོ་བ་ལས་འོས་མེད་པས། སྐྱོན་དང་ལྡན་པའི་བླ་སྤྲུལ་རེ་གཉིས་ཡོད་ཀྱང་དེ་དག་གི་འབྲེལ་ལམ་སྤང་བྱར་མི་འཛིན་པར་གསེར་རྡོ་གསེར་དུ་འགྱུར་བའི་ཐབས་ལ་འབད་ན་སྤྱི་ཚོགས་ཀྱི་རྩོད་གཞི་ཉུང་རུ་འགྲོ་སྙམ། ༣༽སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་མི་མཐུན་པ། ཕན་གནོད་ལ་དབྱེ་བ་མི་འབྱེད་པ། བསྒྱུར་བཅོས་ཀྱི་གོ་རིམ་མི་གསལ་བ། ད་ལྟའི་གནས་སྟངས་ལ་མི་གཞིག་པར་སྐྱོན་ཆ་གང་མཐོང་གང་དྲན་དུ་སྨྲས་ཏེ། མི་རིགས་ཀྱི་མཐུན་སྒྲིལ། མི་དམངས་ཀྱི་ཚོར་བ། རང་དབང་དང་ཐོབ་ཐང་སོགས་རྩིས་མེད་དུ་བཏང་ན། སྤྱི་ཚོགས་ཀྱི་འགན་མི་ཁུར་བའི་གཏོར་བཤིག་མཁན་དང་། ནང་དཀྲུག་མཁན་ཞིག་ཏུ་འགྱུར་བས། ཆོས་ལུགས་ལ་དད་པ་ཡོད་མེད་ཀུན་གྱིས་གཟབ་དགོས་པར་སྣང་། དེང་དུས་ཕུ་དཀྲུག་མདའ་དཀྲུག་བྱས་པ་མཐར་མ་འཁྱོལ་ཞིང་ཕྱོགས་ཀུན་ནས་དགྲ་སྡང་པའི་ཚེ། རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག་དང་། བོད་རང་བཙན་ཐོབ་པར་ཤོག་ལ་སོགས་པའི་ཁ་གཡང་བརྗོད་དེ་རང་སྐྱོན་སྦེད་སྐུང་བྱ་བའི་ཐབས་འཇུས་ལ་བརྩོན་མཁན་མང་པོ་སྣང་། དེ་འདྲ་མ་ཡིན་པར་ཆོས་དད་ཡོད་མེད་གཉིས་ཀའི་གནས་སྐབས་དང་མ་འོངས་པའི་དོན་ལ་ཞིབ་ཏུ་དཔྱད་ཅིང་། སྐྱོན་བརྗོད་ཁོ་ན་མ་ཡིན་པར་ཐོབ་ཐང་འདྲ་མཉམ་ཞིག་ཡོང་ཐབས་ལ་འབད་པ་གནང་དགོས་པ་གལ་ཆེན་དུ་མཐོང་། རྒན་པོས་རྨོངས་གཏམ་ལགས།
བོད་ཕྲུག་རྣམས་དད་རྫས་དང་གཤིན་རྫས་ཀྱི་དཀོར་ནག་གིས་གསོས་ན་ག་རེ་མ་འགྲིག་པ་ཡོད་ཟེར་ན། ཚེ་འདི་ལ་མི་རིགས་རྗེས་ལུས་དང་ངོ་ཚ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། ཚེ་ཕྱི་མ་དཀོར་ཟོས་པའི་སྡུག་པས་དམྱལ་བར་སྐྱེས་ཏེ་ལྕགས་ཀྱི་ཐོ་ལུམ་མེ་འབར་ཟ་བར་འགྱུར་བར་རོ།
དེས་ན་ངའི་ཕ་ཡུལ་དུ་སྔོན་གྱི་བླ་མ་དམ་པ་རྣམས་ནི་རང་གི་ཕ་མ་ལ་ཡང་དཀོར་ཟས་སྦྱིན་པའི་སྲོལ་མེད་ལ། ནང་མི་སྤུན་མཆེད་རྣམས་ཀྱིས་ཀྱང་གྲ་པ་བླ་མ་ཚོར་ཁྱེད་ཚོས་དཀོར་ཟས་ཁུར་མ་ཡོང་། དགོས་པ་མེད་ཟེར་སྲོལ་ཡོད་པ་བཞིན་རེད།
ཨོ་རེད་ཡ། ཡང་རིག་པའི་རལ་གྲི་ཟེར་བའི་ཀླད་རྙིང་རྗེས་ལུས། ཨུ་ཚུགས་ཅན། ང་རྒྱལ་ཅན། ཕྲག་དོགས་ཅན། ཕྱོགས་རིས་ཅན་ཁོ་སླེབས་འདུག ག ནས་ལུགས་དང་རྒྱུ་མཚན་བཤད་ཀྱི་མེད་ན། སངས་རྒྱས་ལ་རྫུན་ཀླང་མ་འདེབས་རོགས། གཞན་མང་པོ་བཤད་འདོད་མེད།
གྲྭ་པ་མིན་པས་སྤྲུལ་སྐུའི་གྲལ་དུ་ག་ལ་ཚུད་ཅེས་པའི་དོན་འགྲེལ་བཤད་ཅིག་གནང་དང་། ལྷག་བསམ་རྒྱ་མཚོ་ལགས།
བཀྲ་ཤིས་ལགས། བོད་ཀྱི་མཁན་སྤྲུལ་རྣམ་པས་དཀའ་བ་ཁྱད་བསད་ངལ་བ་དོན་དུ་ལེན་ནས་བོད་མི་རིགས་ཀྱི་ཆོས་དང་རིགས་གཞུང་གི་ཁྱེད་དུ་རང་སྲོག་བློས་བཏང་མཁན་་མི་ཉུང་པ་ཞིག་ཡོད་པ་དེ་དག་་གི་བཀའ་དྲིན་མ་ཤེས་རང་། བཏང་སྙོམས་གནས་སུ་བཞག་ན་འགྲིགས་ཁུ་མི་འདུག་པས། མཁན་སྤྲུལ་རྣམ་པས་དབུ་ཁྲིད་ཡུལ་ཤུལ་ས་འགུལ་གྱིས་གནོད་འཚེ་ཕོག་པའི་ཤི་བོ་རྣམས་ལ་བསྔོ་སྨོན་དང་གསོན་པོ་རྣམས་ལ་དཔལ་འདྱོར་སྦྱོར་སྟངས་ལ་གཅིག་གཟིགས་དང་བོད་སྤྲུལ་རྣམ་པ་འགྲིགས་ཁུ་འདུག། ཁ་ཤས་སྙན་ངག་རེ་དང་སྐྱོ་གླུ་རེ་ བྲིས་བླུངས་བྱས་ནས་ཕུལ་བ་དེ་དག་ཡག་པོ་རེད་མ་གཏོགས་སྡུག་བསྔལ་མྱོང་བཞིན་པའི་ཡུལ་ཤུལ་པ་རྣམས་དེས་ཕན་གནོད་གང་ཡང་མ་འཆིས། མཁན་སྤྲུལ་རྣམ་པས་ཕྱི་རྒྱལ་ཁག་ལ་སོང་ནས་ང་ལ་སློབ་གྲྭ་ཡོད། རྒན་གསོ་ཁང་ཡོད་སྨན་ཁང་ཡོད་དེ་དག་ལ་རོགས་ཞིག་བྱེད་རོགས་གསུང་ཁུ་ཡོད་རེད་མ་གཏོགས་ཞབས་བརྟན་རེ་གསུངས་ནས་དེའི་སྐུ་ཡོན་གྱིས་སློབ་གྲྭ་དང་རྒན་གསོ་ཁང་སོགས་རྒྱག་ཁུ་ཡོད་མ་རེད། སྦྱིན་བདག་རྣམ་པས་ཡང་དེ་ལྟར་ཤེས་ཐོག་ནས་ལྷག་བསམ་རྣམ་དག་གིས་མཐུན་རྐྱེན་སྦྱར་བ་ཡིན་པས་ཕྱིར་ན་མཁན་སྤྲུལ་རྣམ་པ་དགེ་བས་སྣ་འདྲེན་རེད་མ་གཏོགས་ཞབས་འདྲེན་ཞུས་པ་མ་རེད། རྒྱུ་དེ་དག་དཀོར་ཟས་ག་ལ་ཡི།
གུ་ར་རྫ། ཆོས་པ་ཟེར་བ་དེས་བདག་མེད་པའི་དོན་བསྒོམ་ནས་འཁོར་བ་ལས་ཐར་ཐབས་ལ་འབད་བརྩོད་བྱེད་དགོས་པ་རེད་མ་གཏོག་སྤྱི་ཚོགས་ཞབས་ཕྱི་སྒྲུབ་ནས་ཆོས་བརྒྱད་འཁྲབ་བསྡད་ན་འགྲིག་ཡོད་མ་རེད། འགྲོ་བ་རིག་དྲུག་གི་གནས་སུ་ཡང་བསྐྱར་འཁོར་ཡོང་གི་རེད། ཨོ་རྙིང་རྗེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དོན་ཉུང་བ། བྱ་བ་ཉུང་བ། འདོད་པ་ཆུང་བ་ཆོག་ཤེས་པ་གལ་ཆེ་ཚུལ་ཡང་ནས་ཡང་དུ་གསུངས་པ་རེད། མི་ཚོགས་ཆེ་ས་དང་། ཆབ་སྲིད་ཀྱི་རྩོད་རྙོག་ཆེ་ས་རེ་ལ་སོང་ནས་ཁྱབ་བསྒྲགས་བྱེད་དགོས་པར་བཤད་མེད་དོ།
བློ་མཐུན་བཀྲིས་ལགས།
ངས་བལྟས་ན་ད་རེས་ཁྱོད་ཏོག་ཙམ་ནོར་འདུག་སྙམ། ཆོས་ཟེར་ན་བདག་མེད་བསྒོམས་ནས་འཁོར་བ་ལས་ཐར་ཐབས་ལ་འབད་དགོས་རེད་མ་གཏོགས་ཟེར་་་་་་༡་་་ངས་བསམ་ན་ཆོས་ཟེར་བ་དེ་བདག་མེད་པའི་དོན་བསྒོམས་ནས་སྤྱི་ཚོགས་དང་ཁ་གྱེས་ཏེ་རི་ཕུག་བྲག་ཕུག་ཅིག་ཏུ་སྡོད་རྒྱུ་ཞིག་ཨེ་ཡིན་འདོད།
༢་་སྤྱི་ཚོགས་ཞབས་ཞུ་བསྒྲུབས་ནས་ཆོས་བརྒྱད་འཁྲབ་བསྡད་ན་འགྲིག་གི་མ་རེད་ཟེར། ཆོས་བརྒྱད་འཁྲབ་བསྡད་མཁན་གྱི་མི་དེས་གང་བསྒྲུབས་པ་སྤྱི་ཚོགས་ཞབས་ཞུར་མ་སོང་བས་དོན་འགལ་ལ་སོང་མི་འདུག་གམ། ཁ་གསལ་དུ་བཏང་ན་འདི་འདྲ་རེད་་་་་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་ཞིག་གིས་ནམ་ཡང་ཆོས་བརྒྱད་འཁྲབ་ཤེས་ཀྱིན་མ་རེད།
༣་་འགྲོ་བ་རིགས་དྲུག་གི་གནས་སུ་ཡང་བསྐྱར་འཁོར་ཡོང་གི་རེད་ཟེར། འདམ་ལས་སྐྱེས་ཀྱང་འདམ་ཀྱི་དྲི་མས་མ་གོས་པའི་པདྨ་ལྟར། བྱང་མཆོག་སེམས་དཔའ་སོགས་འགྲོ་བ་རིགས་དྲུག་གང་རུང་ཞིག་ཏུ་སྐྱེ་བ་བཞེས་ཀྱང་ཉོན་རྨོངས་སོགས་ཀྱིས་མ་བསླུས་པའི་སྟབས་ཀྱིས་སེམས་ཅན་གྱི་དོན་འབའ་ཞིག་གཉེར་ན་འཁོར་བར་སྐྱེས་ཀྱང་འགལ་བ་གང་ཞིག་ཡོད་དམ།
འདི་ནི་ངའི་བསམ་ཚུལ་ཙམ་ཐད་ཀར་གླེང་བ་ཡིན་པས་དགོངས་འགལ་མེད་པ་ཐུགས་རྗེ་ཆེ་ལགས།
བྱང་མཆོག་་་་བྱང་ཆུབ་ལ་བཅོས་རོགས།
རྩམ་དགས་ཡག་པོ་བྲིས་བཞག སྤྱིར་བཏང་བྱང་ཆུབ་སེམས་དཔའི་གཞན་དོན་ལ་བརྩོན་དགོས་པ་རེད། སེམས་ཅན་ལ་ཕན་བཏགས་དགོས་པ་རེད། རང་འདོད་དང་། ཆེ་འདོད། གྲགས་འདོད་སོགས་མེད་ན་གཞན་ཕན་སྒྲུབ་དགོས་པའི་སྐབས་ཡོད་རེད་ལ། བྱང་ཆུབ་སེམས་དཔའི་ཉམས་ལེན་གྱི་ཆ་རྐྱེན་དུ་འགྱུར་བའི་སྐབས་ཀྱང་ཡོད་རེད། ཡིན་ན་ཡང་ངས་འདི་ལྟར་བཤད་དགོས་དོ་ནི་དྲྭ་གྲོགས་ཁ་ཅིག་གིས་ཧ་ལས་པའི་ང་རྒྱལ་འཆང་གི་འདུག ཁོང་ཚོའི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབས་ཡོད་ཟེར་ནས་བོ་ཤོ་བཤད་ཀི་འདུག ས་ཡོམ་སྐབས་སུ་རོགས་སྐྱོར་བྱས་པ་དེ་སྤྲུལ་སྐུ་ཡང་དག་ཡིན་སྒྲུབ་བྱེད་ལ་འགོད་ཀི་འདུག བྱས་ཙང་ངས་དེ་ལྟར་བཤད་དགོས་བྱུང་བ་རེད་ལགས། རྩམ་དགའ། རྩམ་གཅེས།
བཀུར་འོས་བཀྲ་ཤིས་ལགས། ལེནྜའི་པཎྚི་ཏ་རྣམས། བྱུང་ཆུབ་སེམས་པའི་རྣམ་འཕྲུལ་ཡིན་ཚུལ་གསུངས་ཡོད་དེ། ལང་དཀར་གཤེགས་པའི་མདོ་ལས། ང་ནི་མྱ་ངན་འདས་འོག་ཏུ། །སོགས་ནས་བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བགྲོད་དེ། །ཞེས་སོགས་འཕགས་པ་ཀླུ་སྒྲུ་ས་དང་པོ་ཐོབ་ཡོད་པར་ལུང་གིས་བསྔགས་པའི་ཕྱིར་རོ། ཁོང་ཀླུ་ཡུལ་དུ་བྱོན་ནས་ཡུལ་རིང་པོར་བཞུགས་ཤིང་ཆོས་གསུངས། ཤེར་ཕྱིན་རྒྱས་པ་སོགས་སོགས་སྤྱིན་དྲངས་ཏེ་མི་ཡུལ་དུ་བྱོན། ནཱ་ལེནྜའི་ཐེག་ཆེན་གྱི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོར་གསེར་འགྱུར་རྩིའི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར། རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་སོགས་ལྷ་ཁང་མཆོད་རྟེན་གྱིས་ས་ཕྱོགས་ཐམས་ཅད་ཁྱབ་པར་མཛད་པར་སོགས་བྱ་བ་ལས་ཀྱི་འཁོར་ལོའི་སྒོ་ནས་སེམས་ཅན་གྱི་དོན་མཛད་ཚུལ་ཆེས་མང་ངོ། ཐལ་འགྱུར་ཤིང་རྟའི་སྲོལ་འབྱེད་དཔལ་ལྡན་ཟླ་བ་གྲགས་པ་ཡང་། སྤྲུལ་སྐུ་ཡིན་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་འདས་པའི་ཚེ་གྲོང་ཁྱེར་ཀྱི་སྐྱེ་བོ་རྣམས་ཀྱིས་ད་ནི་འཇིག་རྟེན་ན་ཉི་མ་ནུབ་བོ་ཞེས་ཆོ་ངེ་ཆེན་པོ་བཏབ་པ་ན་ནམ་མཁའི་དབྱིངས་ནས་མཁའ་འགྲོ་མ་རྣམས་ཀྱི་མགྲིན་གཅིག་ཏུ། ད་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །སོ་ན་ཞེས་བྱའི་གྲོང་ཁྱེར་ཆེན་པོ་རུ། །ཉི་མ་ནུབ་ཀྱང་ཟླ་བའི་མུན་སེལ་བ། །རྣམ་དག་རིགས་ལས་འཁྲུངས་པའི་པཎྚི་ཏ། །ཟླ་བ་གྲགས་པ་པ་ཞེས་བྱའི་མཁས་པ་འབྱུང་། །ཞེས་ཀུན་གྱིས་གོ་བ་ནུས་པ་ལུང་གིས་བསྟན་པ་ལྟར་གྲུབ་ཆེན་བརྒྱུད་བཅུའི་ནང་ཚན་ངོ་མཚར་བའི་རྣམ་ཐར་བཅོ་ལྔས་ཁྱེད་པར་དུ་འཕགས་ཤིང་། རྗེ་བཙུན་འཇམ་པའི་དབྱིངས་ཀྱི་རྣམ་འཕྲུལ་ཡོངས་སུ་གྲགས་པའི་ཕྱིར་རོ། །
ཡ་གུ་ར་རྫ། རྒྱ་གར་ཆོས་འབྱུང་གཅིག་ཀློག་པ་ཡིན་ནམ། བཟང་གི་ཡ། གང་ཟག་ཁྱད་པར་ཅན་འགའ་ཞིག་ལུང་གིས་ཟིན་ཡོད་ཀྱང་དེ་ལ་སྤྲུལ་སྐུའི་ལམ་ལུགས་ཟེར་ནི་མ་རེད། ཀླུ་ཐོགས་གཉིས་མདོ་ལས་ལུང་བསྟན་ཡོད་ཅིང་། གཞན་ཡང་མདོ་ལས་ལུང་གིས་བསྟན་པ་དང་། ཨོ་རྒྱན་ཆེན་པོས་ལུང་བསྟན་པའི་སྐྱེ་བུ་ཁྱད་པར་ཅན་རེ་ཟུང་སྔར་ཡང་བྱུང་ཡོད་ལ་མ་འོངས་པ་ན་ཡང་འབྱུང་གི་རེད། འོན་ཀྱང་། དེ་ལ་སྤྲུལ་སྐུའི་ལམ་ལུགས་ཟེར་ནི་མ་རེད་ལ་དེ་ནི་བོད་པས་སྤྲུལ་སྐུ་བཟོ་སྟངས་དང་སྦད་དེ་ཐ་དད་རེད། བོད་པས་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་གཅིག་གཟིགས་དང་དཔེར་ན། ཞ་དམར་སུ་ཏི་གཉིས་ཀའི་གཅིག་གིས་ངོས་འཛིན་མ་བྱས་ན་གཅིག་གི་དྲུང་དུ་སོང་ནས་མཚན་རྟགས་ལེན་ཐབས་བྱེད་ཀྱི་ཡོད་པ་འདྲ་བོ། སྐུ་སྒེར་ཡིག་ཚང་གི་ངོ་ཤེས་བརྒྱུད་ནས་ངོས་འཛིན་བྱེད་སྟངས་འདྲ་བོ། ཁྱིམ་ཚང་ཁ་ཅིག་ལ་སྐྱེས་སྐྱེས་ཚང་མ་སྤྲུལ་སྐུ་ཡིན་པ་འདྲ་བོ། ཁེ་མཚར་མང་པོ་ཡོད་རེད། སྤྱིར་ཀླུ་ཐོགས་གི་གཙོས་གང་ཟག་ཁྱད་པར་ཅན་དེ་ཚོ་ལུང་གིས་བསྟན་ཟེར་བ་འདི་དུས་ཕྱིས་སུ་མཁས་པ་རྣམ་ཐར་འབྲི་བ་པོ་རྣམས་ཀྱིས་བྲིས་པ་དང་། ལུང་དྲངས་བ་ཙམ་ལས་བོད་པ་ནང་བཞིན་ལག་ལེན་ཁེ་མཚར་བོ་དེ་འདྲ་ཞིག་ནཱ་ལེནྜ་སོགས་སུ་དར་སྲོལ་རྩ་བ་ཉིད་ནས་མེད་པ་རེད།
སྔར་ཡང་བྱུང་ལ་མ་འོངས་པ་ཡང་འབྱུང་པ་ཁས་ལེན་ན་དེ་ག་རང་རེད། རྒན་བཀྲ་ཤིས་ལགས།
བཀྲ་ཤིས་ཀྱིས་གསུང་པའི་ཐབས་ཀྱིས་བཟོས་པའི་སྤྲུལ་སྐུའི་ཕྱོགས་ལ་གཟབ་ནན་ངེས་པར་དགོས་སྙམ། སྔོན་རྒྱ་ནག་གི་ཁྲམ་པ། གོང་ས་མཆོག་ལ་དགག་པ་བྱེད་མཁན་ཞིག་ལ་བོད་པའི་བླ་མ་རྣམས་ཀྱིས་རྡོ་རྗེ་འཆང་ཞེས་པའི་ངོས་འཛིན་གནང་ནས། ད་ལྟ་ཁོས་བོད་ཀྱི་བསྟན་པ་ཡོངས་ཀྱི་བདག་པོ་ང་ཡིན་ཞེས་ཨ་རི་ཕྱོགས་ལ་ཁྱབ་བསྒྲགས་རྒྱ་ཆེར་གནང་གི་ཡོད་པ་ལྟ་བུ་རེད། རྡོ་རྗེ་འཆང་གཉིས་པ་ཧོང་ཀོང་དུ་སོང་ནས་རྡོ་རྗེ་སློབ་དཔོན་བརྒྱ་མངའ་གསོལ་བྱས་ཤིང་མ་འོངས་པར་བོད་ཀྱི་དགོན་པ་རེ་ལ་དབུ་འཛིན་རེ་གཏོང་རྒྱུ་ཡིན་པའི་ཁ་ཕོ་བསྒྲགས་འདུག འདིའི་ནང་ངོ་སྤྲོད་གཅིག་ནི་ས་སྐྱ་གོང་མ་ཁྲི་འཛིན་གྱི་ཡི་གེ་རེད། དེ་རྫུན་མ་བཟོ་མཁན་སྡེ་དགེ་དགོན་ཆེན་མཁན་པོ་ཞིག་གིས་ཁོ་རང་ཡིན་ཚུལ་ངོས་ལེན་དང་བཤགས་པ་བྱས་འདུག ངོས་འཛིན་ཡིག་རྫུན་གཅིག་གསེར་བའི་གཏེར་སྟོན་འོད་ཤེར་གྱི་ཕྱག་བྲིས་རེད། དེའི་རྫུན་ཁུངས་གཏེར་སྟོན་རང་གིས་གསལ་བསྒྲགས་བྱས་འདུག མཁན་པོ་ཨ་ཆུག་གི་ཕྱག་བྲིས་སོགས་འགའ་རེ་ནི་བདེན་པ་ཡིན་ནམ་ད་ལྟའི་བར་གསལ་བཤད་གང་ཡང་གནང་མེད། །དེ་དྲའི་རྫུན་མ་ཡོད་པ་ནི་ཡོངས་གྲགས་ཡིན་པས་རྩོད་པ་བྱེད་རྒྱུ་ཡང་མེད་སྙམ། སྤྲུལ་སྐུ་ཚད་མ་རྣམས་ནི་བཀྲ་ཤིས་ལགས་ཀྱིས་ཁས་ལེན་གནང་པ་དེ་ལྟ་བུ་ལགས།
གོང་ནས་ལྷག་བསམ་རྒྱ་མཚོས་བྲིས་པའི་རྩོམ་དེར་ངོ་མ་ངོས་ལེན་ཡོད་ལ་རྒྱབ་སྐྱོར་ཡང་ཡོད། སྤྲུལ་སྐུ་ཟེར་བ་དེ་མི་རང་འགའ་བ་ཞིག་གིས་ཐག་གཅོད་དང་། ལམ་ལུགས་དར་བ་མ་ཡིན་པར་དམ་པ་གོང་མས་སྲོལ་ཞིག་ཡོད་པ་དེ་བོད་མི་རིགས་ལ་མཚོན་ན་ཆེས་མེད་དུ་མི་རུང་བ་ལྟ་བུ་ཞིག་རེད། སྤྲུལ་སྐུ་ཟེར་བ་དེ་མེད་ན་རྗེས་ཕྱོགས་བོད་གཅིག་གྱུར་གྱི་ལམ་ལུགས་དེ་དངོས་ནས་ཁག་པོ་ཆགས་ཀྱི་རེད། ད་སྐབས་མདོ་དབུས་ཁམས་གསུམ་དང། བོད་ཕྱི་ནང་གཉིས་སུ་བརྒྱ་ཆའི་དགུ་བཅུ་གོ་དགུ་དད་པ་ཅན་ཡིན་སྟབས་སྒྱུར་ཐུབ་པ་ཞིག་མིན་ལ་སྒྱུར་དགོས་པ་ཞིག་ཏུའང་མཐོང་གི་མི་འདུག དེ་བས་སྤྲུལ་སྐུ་མི་འདོད་མཁན་རྣམས་ཀྱིས་སྤྲུལ་སྐུར་མ་དད་ཀྱང་ཆོག་པ་དེ་རྒྱ་ནག་གིས་བཤད་པའི་ཆོས་དད་རང་མོས་ལྟ་བུ་མ་ཡིན་པར་དངོས་ནས་རང་དབང་རེད། དོན་གྱིས་དེའི་རིགས་ཀྱིས་༸གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཡང་པཎ་ཆེན་རིན་པོ་ཆེའི་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མི་བྱེད་པས་ན་རིམ་གྱིས་༸གོང་ས་མཆོག་ལ་ནོར་འཁྲུལ་གྱི་ཞྭ་མོ་གྱོན་སྲིད་པས་དེའི་རིགས་དེ་ཅུང་གཟབ་གཟབ་གནང་ན་མ་གཏོགས་བོད་མི་མང་གི་སྙིང་སྟོབས་དང་དད་སྟོབས་དེ་མཁྱེན་ཡོད་ཀྱི་རེད། གལ་སྲིད་མཁྱེན་གྱི་མེད་ན་ཤེས་པར་གྱིས། དེ་ནས་གཞན་ཞིག་ལ་སྨྱུག་ཐོགས་པ་ཞིག་ཡིན་ཕྱིན་དགག་སྒྲུབ་རྐྱང་བ་མ་གཏོགས་མེད་པ་ལྟ་བུ་ཞིག་ཏུ་སྣང་བས་སྐབས་རེར་ཆོས་ལུགས་ཀྱི་འཐེན་ཁྱེར་དང། ཆོལ་ཁའི་ཕྱོགས་རིས། མི་མཁོ་བ་མང་པོ་ཞིག་བྲིས་ཡོང་དུས་ཅུང་མ་བདེ་བ་ཞིག་ཡོང་གི་འདུག དེ་ལས་རང་རང་གི་ཆོས་བརྒྱུད་དང་གྲུབ་མཐའ་བཟང་ངན་རྩད་ནས་འདུག་ཁོམ་མེད་པ་ཤེས་ན་བཟང་། སྤྲུལ་སྐུ་དགོས་མིན་དེ་བོད་མི་མང་ནས་ཐག་གཅོད་ཡོང་གི་རེད། དེ་བས་སྨྱུག་ཁ་དེ་ད་ལྟའི་བོད་མི་རིགས་ཀྱི་སྐྱིད་སྡུག་གི་ཕྱོགས་ལ་མཛུབ་མོ་ལྔ་བཅིངས་ཁུ་ཚུར་གྱི་དཔེ་བཞིན་བྱས་ཏེ་མི་མང་ལ་ལམ་སྟོན་ཡག་པོ་རེ་བྱེད་རྒྱུ་དེ་སྨྱུག་འཛིན་པའི་ལས་ཀྱི་གཙོ་བོར་འདོད། དེ་བས་ཀྱང་ཁུར་ལེན་དགོས་པ་ཞིག་ནི་བོད་ཀྱི་རིག་གཞུང་གི་ཐོག་ལ་ནུས་པ་གཅིག་སྒྲིལ་བྱེད་དགོས་པ་མང་པོ་འདུག་སྙམ།
༄༅། །དྲ་གྲོགས་ཚོས་བསམ་ཚུལ་མང་པོ་བྲིས་བཞག ཐུགས་རྗེ་ཆེ། གོང་དུ་ལྷག་བསམ་རྒྱ་མཚོས་བཤད་པ་པ་དེ་ལ་རྒྱབ་སྐྱོར་ཡོད། གསེར་པའི་གཏེར་སྟོན་འོད་ཤེར་གྱིས་ཕྱག་བྲིས་ཟེར་བ་འདི་ལ་ངས་བལྟས་ན་ཕལ་ཆེར་མཁན་པོ་ཨ་ཁྱུག་གིས་བྲིས་པའི་ངོས་སྦྱོར་ནང་ཨོ་རྒྱན་ཤེས་རབ་ཅེས་ཡོད་པ་དེ་ཡིན་ནམ་སྙམ། གང་ལྟར་ཡང་ཐོག་མར་མཁན་པོ་ཨ་ཁྱུག་གིས་ངོས་སྦྱོར་སྤྲད་པ་དེ་གཏེར་སྟོན་དེས་གསུང་ལ་རྒྱབ་སྐྱོར་བྱས་པ་ཞིག་ཏན་ཏན་རེད་འདུག རྗེས་སུ་གཏེར་སྟོན་པས་རྫུན་ཡིན་པ་ཁྱབ་བསྒྲགས་བྱས་པ་མཐོང་མ་སོང་།
རྒྱ་གར་ནང་གི་བླ་རྒན་ཚོས་རྒྱབ་གཉེར་སྤྲད་ཟེར་བའི་མགོ་བདེའི་སྐད་ཆ་དེ་ལ་ཉན་འདོད་མེད། སྐྱུགས་བྲོ་བའི་ལམ་ལུགས་འདིའི་ནང་པའི་དད་ལྡན་རྣམས་མགོ་སྐོར་བཏང་བས་མ་ཚད་སངས་རྒྱས་ཀྱི་བསྟན་པ་རྨིང་ནས་བཤིག་པར་ཆས་པའི་སྟ་གོན་ཞིག་ཀྱང་རེད། སྐབས་འདིར་ངས་བཤད་འདོད་པ་ནི་སྤྲུལ་སྐུ་ངོས་འཛིན་བྱེད་པ་ཡིན་ཟེར་ནས་མི་ལ་མགོ་སྐོར་བཏང་བསྡད་པའི་ལམ་ལུགས་འདི་རྩ་མེད་བྱེད་དགོས་པའི་དུས་སུ་བབ་ཡོད་པ་དང་། མི་ཆོས་བླ་མའི་རྫུན་བཤད་དེ་འདུལ་བའི་བསྟན་པ་རྨིང་ནས་བཤིག་པ་འདི་ཡག་པོ་ཞིག་མ་རེད་ཅེས་བཤད་ཀྱི་ཡིན། དེང་སང་ལ་ལས་ལུས་ལ་རབ་བྱུང་གི་ན་བཟའ་གྱོན་ནས་སྐྱེ་དམན་ཉར་ན་ཡག་མི་འདུག་གསུང་གི་ཡོད་རེད། ཕྱོགས་གཅིག་ནས་བལྟས་ན་དེ་བདེན་པ་རེད་ལ་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད། ཡིན་ན་ཡང་སྐྱེ་དམན་ཅན་ནམ་སྐྱེ་དམན་ཉར་མཁན་དེ་ཚོས་འདུལ་བ་ལག་བལྟར་བྱེད་ཀྱི་ཡོད་མ་རེད། ཁོང་རང་ཚོ་འདུག་ས་གཅིག་ན་བསྡད་ཡོད་རེད། བྱས་ཙང་དེ་ལ་ཉེས་འགལ་དེ་ཙམ་ཆེ་རྒྱུ་མི་འདུག ལུས་ལ་རབ་བྱུང་གི་ན་བཟའ་གྱོན་བཞིན་དུ་ཁ་ནས་མི་ཆོས་བླ་མའི་རྫུན་བཤད་དེ་ང་སྤྲུལ་སྐུ་ཡིན་ཟེར་བ་དང་། འདི་སྤྲུལ་སྐུ་ཟེར་བ་སོགས་མགོ་སྐོར་གྱི་གཏམ་དེ་ལ་ངོས་ལེན་མེད། ད་རུང་ཁོང་ཚོས་འདུལ་བའི་བསྟན་པ་ལག་ལེན་བྱས་ཏེ་རབ་བྱུང་གི་སྡོམ་གནང་སྟེ་འདུལ་བའི་སྡོམ་རྒྱུན་སྤེལ་བཞིན་ཡོད་པ་རེད།
གསར་འགྱུར་ཅུང་ཟད་ཞུ་ན། ༡༽ གསེར་པའི་གཏེར་སྟོན་འོད་ཤེར་ཞུ་བ། རྗེ་འཇིགས་མེད་ཕུན་ཚོགས་སོགས་ཀྱིས་ཚད་མར་བརྩི་བའི་སྔགས་པ་ཉམས་ཆུང་ཞིག་རེད་ཟེར། ཁོའི་གསལ་བསྒྲགས་ཀྱི་ནང་དུ་རྡོ་རྗེ་འཆང་ཟེར་བའི་ཟོག་པོ་དེ་སྤྲུལ་སྐུར་ངོས་འཛིན་ཕར་ཞོག་དེ་རིང་ལས་རྣ་བས་ཐོས་མ་མྱོང་ཞེས་ཐག་བཅད་དེ་གསུངས་འདུག་པ་མཐོང་བྱུང་། དེ་རིང་ཡི་གེ་རྩད་གཅོད་བྱས་ཀྱང་ལག་འབྱོར་མ་བྱུང་བས། རྗེས་སུ་ཆ་ཚང་བ་ཨེ་ཐོབ་འབད་པ་ཞུ་ངེས། ༢༽ཉི་ཧོང་གི་དགེ་རྒན་ཆེན་མོ་ཐིན་ཀྲུང་སང་ཟེར་བས། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེ་ལ་སྐྱོན་ཆ་ཆེ་ཡང་ལེགས་ཆ་ཡང་མེད་པ་མ་རེད། བླ་མ་གོང་མ་དེའི་མཛད་པ་འཕྲོ་སྐྱོང་པ་དང་། ཁོ་རང་གི་ཕྱོགས་གཏོགས་རྣམས་ཅིག་བསྒྲིལ་ཐུབ་པ། བདེ་འཇག་མི་སྣས་ཀྱང་བྱེད་མི་ཐུབ་པའི་སྤྱི་ཚོགས་ཀྱི་ནང་སྲིད་བརྟན་རླིང་ཡོང་པ། ཆོས་དང་རིག་གནས་སྒྱུ་རྩལ་སོགས་འགྲན་བསྡུར་གྱི་སྒོ་ནས་བརྒྱུད་འཛིན་ཐུབ་པ་བཅས་རེད། ཅེས་གསུངས་ཤག ༣༽ཐེ་ཝན་སངས་རྒྱས་འོད་ཟེར་ཆོས་ཚོགས་ཀྱི་བླ་ཆེན་ཤིན་ཡུན་གྱིས། ངེད་ཅག་གི་ཚོགས་པ་ལ་མི་གྲངས་ས་ཡ་གཉིས་ཡོད། ངའི་ལམ་ལུགས་ལ་མི་སེར་མང་པོའི་དགའ་བསུ་ཐོབ་ཡོད་པ་དེ་རྒྱུན་སྐྱོང་དགོས་ན། བཅའ་ཁྲིམས་ཆ་ཚང་ལག་ལེན་ལ་འདེབས་པ་དང་། བྱ་བ་ཐམས་ཅད་ཁྲིམས་དང་བསྟུན་པ། བོད་ཀྱི་ཡང་སྲིད་རྩད་གཅོད་ཀྱི་ལུགས་དེ་ཚུགས་པ་ཞིག་བྱུང་ན་ཚོགས་པ་འདི་སྲ་བརྟན་གནས་རྒྱུ་རེད་གསུངས། ༤༽རྒྱ་ནག་གི་༢༠༠༨་ལོ་རྒྱབ་ཤ་དཀར་པོའི་དེབ་ཏུ། བོད་རིགས་ཡར་ལང་གི་སྣེ་ཁྲིད་དང་ཏཱ་ལེ་རུ་ཁག་གི་རྒྱུགས་ཁྱི་བོད་ཀྱི་བླ་མ་རྣམས་རེད། དེའི་བྱེད་གཏེ་ཤི་རྒྱུ་མེད་པའི་སྤྲུལ་སྐུ་ཚོ་རེད། གལ་སྲིད་དེ་ལ་བསྒྱུར་བཅོས་མ་ཐུབ་བར་ཏུ་བོད་ས་གནས་གཏན་ཏུ་བདེ་བ་ཡོངས་ཐབས་བྲལ། སྤྲུལ་སྐུའི་ལག་འཛིན་སོགས་ལ་ཞིབ་གཞེར་དང་དམ་འཛིན་ནན་པོ་བྱེད་དགོས་ཞེས་འཁོད་འདུག འདི་སྐོར་ཐེ་ཝན་ཀྱི་མཁས་པ་ཀྲང་ཡོ་ཧྭ་ཟེར་བའི་གསུང་དུ་འཁོད་ཡོད།
གྲོགས་པོ་ལྷག་བསམ་རྒྱ་མཚོས་གསུང་བ་དེ་བདེན་པ་རེད་ རྒྱུ་མཚན་དང་གནས་ལུགས་གང་ལ་བལྟས་ན་བདེན་པ་བདེན་དྲང་རེད། རྒྱ་ནག་གིས་བཀག་འགོག་བྱེད་ཀྱིན་པར་བལྟས་ན་རྒྱ་གཞུང་ལ་གནོད་ཀྱི་ཡོད་པ་ཐག་གིས་ཆོད་ལ་རྒྱ་གཞུང་གི་ལངས་ཕྱོགས་དང་མ་མཐུན་པར་བཀག་འགོག་བྱེད་དགོས་བྱུང་བར་བལྟས་ན་ བོད་རང་གི་ཆོས་དང་ཆབ་སྲིད་གཉིས་ཀར་ཕན་ཐོག་ཆེན་པོ་ཡོད་པ་དང་། ད་ལྟའི་ཆར་བོད་རང་ལ་ཕན་པ་འགྲུབ་བྱེད་གང་ཡིན་པ་དེ་རྒྱ་གཞུང་ལ་གནོད་བྱེད་གཅིག་ཏུ་གྱུར་བ་ནི་རྒྱ་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་དེ་དམར་རྗེན་དུ་སྟོན་བྱེད་ལྟ་བུ་ཡིན་པར་འདོད་ལ་ ལྷག་པར་ད་སྐབས་བོད་གཅིག་གྱུར་གྱི་ནུས་པ་ཡོད་ཚད་༸གོང་ས་མཆོག་གིས་གཙོས་བླ་སྤྲུལ་དག་ལ་ཐུག་ཡོད་པ་མི་མང་ལ་བཀའ་འདྲི་ཞུས་ན་མཁྱེན་ངེས་རེད།