སྲིད་སྐྱོང་འོས་མི་གཉིས་ལ་མཐའ་མའི་དྲི་བ། Posted on 2016-03-18 By ཁ་བརྡ 33 Comments on སྲིད་སྐྱོང་འོས་མི་གཉིས་ལ་མཐའ་མའི་དྲི་བ། བཅར་འདྲི།
#2 ཨ་མཆོག་རྡོ་བྷ། ་ལགས། ང་ཁྱོད་རང་ནང་བཞིན། ཤེས་མེད་། ལ་རྒྱ་མེད་མཁན། སྤྲང་འཁྱམས་པ་ཅིག་མིན་པས། དགོངས་དག་ཞུ་རྒྱུ་ཙམ་མོ།།
བོད་ཀྱི་གཞོན་སྐྱེས་ཀྱི་རང་ལས་མེར་སྲེགས་གནང་དུས་སུ སྲིད་སྐྱོང་བློ་སེང་ནས་གསུང་གཞས་པ་དེ། དེ་བོད་མི་ཞིག་ཡིན་པས་ཚེ་བྱ་བ་འདི་འདྲ་བརྟན་ནས་བྱེད་ཐུབ་མ་རེད། ཀརྡོ་གཉེར་ཕྱག་པ། ཨ་ཡ་མཚན།།། ཁྱོད་རང་མི་ཤེས་ཡོད། ལ་རྒྱ་ཡོད་མཁན་ཞིག་གིས་ད་དུང་སྲིད་སྐྱོང་བློ་སེང་འདི་འདྲ་ལ་རྒྱབ་སྐྱོར་བྱེད་ན་ངོས་ནས་སྙིང་རེ་རྗེ། ཁྱེད་ཀྱིས་བློ་སེང་ལ་གང་འདོད་ཀྱི་ཡག་བཟོ་མཛེས་བཟོས་པ་ལས། ངའི་ཁྱོད་ཀླ་ཀློའི་ཀླེན་པ་ཞིག་ཡིན་བསམ།
སེམས་རྣལ་དུ་ཕབ་ནས་སོམས་དང་། གཞོན་ནུ་གཉིས་དུས་གཅིག་ནང་རང་ལུས་མེར་བསྲེགས་དུས་སྲིད་སྐྱོང་གིས་གཞས་འཁྲབ་ཀྱི་རེད་དམ། འདི་ནི་ཕྱོགས་སྐྱོད་སྐབས་བོད་མིས་སྣེ་ལེན་བྱས་དུས་དགའ་སྤྲོའི་རྣམ་པ་དེར་ཁ་བསྒྱུར་ནས་ནག་པོ་བཟོ་རྒྱུ་ལ་ཇུས་འགོད་པ་རེད་དོ།།
བློ་སེང་གིས་འོས་ཤོག་སློང་རྒྱུ་ཨང་དང་པོར་བཞག་ནས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་རྒྱུག་པའི་བྱེད་སྟངས་དེ་ང་ཚོས་ལོ་རྒྱུས་ཀྱི་ཟིན་ཐོ་ནས་གསལ་པོར་སྡོད་པ་ཞིག་བཟོས་ཡོད། འདི་ནི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་དམའ་འབེབས་བྱས་པ་ཆགས་ཆགས་ཡོད། དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་རྡོ་རིང་ལྟ་བུ་ཞིག་གྱུར་ཡོད། ད་ལྟ་ཅི་ལྟར་མཛེས་བཟོ་དང་འགག་འགོག་བྱས་རོང། མི་དམངས་ཀྱི་སེམས་ཁོངས་ནས་བསུབ་ཐུབ་མི་འདུག
སྤེན་པ་ཚེ་རིང་གིས་མང་ཚོགས་ལ་མགོ་བསྐོར་གཏོང་རྩིས་གནང་སོང་། གོང་ས་མཆོག་ལ་མཛད་དཀའ་ངོ་མ་ནི་དགོས་དབང་གིས་རྫུན་གསུང་གི་འདུག་ཅེས་པ་དེ་ལས་མཛད་དཀའ་ཡོག་མ་རེད། དེ་འདྲའི་མཛད་དཀའ་སུ་དང་གང་གིས་ཀྱང་ད་ལྟའི་བར་དུ་བཟོ་མྱོང་ཡོད་པ་མ་རེད།
ལྷ་ཡུལ་ཁམས་ནས་ལྷ་རིགས་ཕེབས། ཕེབས་ས་བཙན་བྱོལ་སྐྱིད་རྭའི་ནང་། ནང་མི་མེད་ཀྱང་ནང་སྤུན་འདྲའི། འདྲ་བ་འདོ་མེད་འབྲི་འབྲི་་བྱས། བྱས་བ་ཐམས་ཅད་ཤེས་ཤེས་བཏང་། བཏང་གནས་འཚམས་ནས་དཔྱད་ཤེས་རྒྱང་། རྒྱང་རིང་གངས་ཀྱི་དཀྱིལ་ལ་སྲིངས། སྲིངས་ས་འོས་བསྡུའི་ཚོགས་ལ་དྲངས། དྲངས་རན་ཡོད་མེད་གུས་ལ་ཐུགས། ཐུགས་འདུན་ཐགས་གཅོད་བོད་ལ་རེག
སྤེན་ཚེ་ཡི་མང་ཚོགས་ལ་གོང་ས་མཆོག་གིས་རྫུན་གསུང་གིན་པ་ཧ་གོ་རུ་བཅུག་པ་རེད། ནང་པ་སངས་རྒྱས་པ་ལྟར་ན། རྫུན་གསུང་མཁན་གྱི་དགེ་སློང་ཞིག་ཡོད་ཆོག་གི་མ་རེད། དེ་ལ་མཛད་དཀའ་མི་ཟེར་གང་ལ་ཟེར། ད་དུང་ཧ་མ་གོ་མདོག་བྱེད་སྟངས་འདི་ནི་ཧང་སངས་དགོས་ཡ་རང་རེད།
ཧམ་པ་ལ་དགའ་ན་ཀརྡོ་འདྲ།། ཇོག་རྒྱབ་ལ་ལངས་ན་ཏྲེ་ཧོར་འདྲ།། ཟང་ཟིང་ལ་དགའ་ན་རྐརྨ་འདྲ།། དོན་དངོས་ལ་དགའ་ན་འབྲོག་ཕྲུག་འདྲ།། ཁ་བརྡ་ལ་དགའ་ན་ང་རང་འདྲ།།
【རྙིང་འགོད་རྙིང་བསྒྲགས།】 ད་བར་ཚོགས་གཙོ་ལགས་ཀྱིས་དུས་དབང་དང་འབྲེལ་བའི་ཐོག་ལ་གསལ་བཤད་ལྷ་ཡིད་ཆེས་པ་དང་། འདྲེ་ཁོ་ཐག་ཆོད་པ། མི་ཧང་སངས་དགོས་པ་ཞིག་བཤད་རྒྱུ་ཡོད་མདོག་རྐྱང་རྐྱང་བཟོས་ནས། ཞིབ་ཕྲ་རྗེས་ལ་བཤད་རྒྱུ་ཡིན་་་་་་རྗེས་ལ་བཤད་རྒྱུ་ཡིན་ཟེར་ནས། རང་ལ་རྐུབ་བཀྱག་རག་པའི་ཆེད། དགོས་པའི་ཆབ་སྲིད་གཙོ་གླེང་བྱ་རྒྱུ་ཕར་བཞག་ནས་དེ་ལས་ལྡོག་སྟེ། གཏམ་བཤད་དང་བགྲོ་གླེང་གང་དུ་བྱས་ན་ཡང་། དུས་དབང་སྐོར་ལ་གང་ཐལ་རྙོག་གླེང་བཟོས་ནས། ༧གོང་ས་མཆོག་དང་བཀའ་ཤག་དང་དགའ་ལྡན་ཕོ་བྲང་དང་བཅས་པ་ནག་པོ་བཟོ་བའི་ལས་ངན་ཤ་སྟག་བརྩམས་སོང་། དེས་ན་ཡར་བལྟས་མར་བལྟས་ཀྱིས་ཞིབ་ཏུ་བརྟག་སྐབས། དུས་དབང་ཆབ་སྲིད་ཀྱི་ལག་ཆར་ལོག་སྤྱོད་བྱེད་མཁན་གཏེ་བོ་དེ་ནི་ཁོ་རང་ལས་གཞན་སུ་ཡང་རེད་མི་འདུག ཁ་སང་མཐའ་མཇུག་གི་”གསར་འགོད་གསལ་བསྒྲགས་”སུ་འབོད་པ་དེའི་ནང་། ཞེ་དྲག་ཁ་གསལ་དང་གསང་དོན་ཆེན་པོ་ཞིག་ཡོད་རྒྱུ་རེད་དྲན་ནས་གཞིས་བྱེས་བོད་མི་ཀུན་གྱིས་ངང་སྒུག་བྱེད་བཞིན་བསྡད་ཀྱང་། དངོས་སུ་བསྒྲགས་སྐབས། ཁོང་ལ་སྔར་བཤད་ཟིན་པའི་རྙོག་གཏམ་འགའ་ཤས་སྐྱར་ཟློས་ཡང་ཟློས་བྱས་པ་ལས་ཡིད་རྟོན་འོས་པ་ཞིག་གང་ཡང་བཤད་རྒྱུ་མི་འདུག ད་དུང་ཡང་། བཤད་རྒྱུ་མེད་དུས་འུ་ཐུག་ནས་འོས་ཚར་ནས་ཞིབ་ཕྲ་བཤད་རྒྱུ་ཡིན་མདོག་བྱེད་ཀྱི་འདུག ཚར་ནས་མ་གཏོགས་བཤད་རྒྱུ་མིན་ན། ད་བར་འུར་སྒྲོགས་དང་རྙོག་གླེང་ཅིའི་ཕྱིར་བཟོས་པ་རེད། དེ་ནི་འོས་ཐོབ་ཆེད་ལས་ཅི? ད་ནི་ཁོ་རང་ཕུར་ཕར་བརྒྱབས་ནས་ཚུར་ཁ་སྤུ་འཚིག་ཅེས་པའི་དཔེ་དང་གཉིས་སུ་མེད་པར་གྱུར་སོང་བས་མ་ཚད། ཁོ་རང་ལ་རྒྱབ་སྐྱོར་མི་བྱེད་མཁན་རྣམས་ལྟ་ཅི་སྨོས། རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱང་སེམས་གཏིང་ནས་འགྱོད་དགོས་པ་དང་ངོ་ཚ་སྤོབས་ཞུམ་གྱི་རྒྱུར་གྱུར་སོང་། ད་ཆ་ཁོང་གིས་རང་ཉིད་ལུག་རྫི་སྤེན་པ་ལྟ་བུར་བཟོས་མ་སོང་ངམ། གུས་པར་མཚོན་ན། དེ་སྔོན་ཁོང་ལ་ཡིད་རྟོན་གང་འཚམས་ཡོད་ཀྱང་། ད་ཆ་སྔར་གཞུག་གི་མངོན་མཐོང་ཟོལ་བརྫུའི་མཛད་རྣམ་དང་། ལྐོག་སྦས་གསང་བ་ཡི་རྣམ་ཐར་རྣམས་ཞིབ་གསལ་ཤེས་སོང་བས། ཡིད་ཆེས་གཏིང་ནས་བརླག་སོང་། ཁ་སང་བཤད་པ་དེ་དག་ནི་རྙིང་འགོད་རྙིང་བསྒྲགས་རེད་འདུག་པ་ལས། གསར་འགོད་གསལ་བསྒྲགས་གང་ཡང་མི་འདུག
རྙིང་འགོད་རྙིང་བསྒྲགས། ད་བར་ཚོགས་གཙོ་ལགས་ཀྱིས་དུས་དབང་དང་འབྲེལ་བའི་ཐོག་ལ་གསལ་བཤད་ལྷ་ཡིད་ཆེས་པ་དང་། འདྲེ་ཁོ་ཐག་ཆོད་པ། མི་ཧང་སངས་དགོས་པ་ཞིག་བཤད་རྒྱུ་ཡོད་མདོག་རྐྱང་རྐྱང་བཟོས་ནས། ཞིབ་ཕྲ་རྗེས་ལ་བཤད་རྒྱུ་ཡིན་་་་་་རྗེས་ལ་བཤད་རྒྱུ་ཡིན་ཟེར་ནས། རང་ལ་རྐུབ་བཀྱག་རག་པའི་ཆེད། དགོས་པའི་ཆབ་སྲིད་གཙོ་གླེང་བྱ་རྒྱུ་ཕར་བཞག་ནས་དེ་ལས་ལྡོག་སྟེ། གཏམ་བཤད་དང་བགྲོ་གླེང་གང་དུ་བྱས་ན་ཡང་། དུས་དབང་སྐོར་ལ་གང་ཐལ་རྙོག་གླེང་བཟོས་ནས། ༧གོང་ས་མཆོག་དང་བཀའ་ཤག་དང་དགའ་ལྡན་ཕོ་བྲང་དང་བཅས་པ་ནག་པོ་བཟོ་བའི་ལས་ངན་ཤ་སྟག་བརྩམས་སོང་། དེས་ན་ཡར་བལྟས་མར་བལྟས་ཀྱིས་ཞིབ་ཏུ་བརྟག་སྐབས། དུས་དབང་ཆབ་སྲིད་ཀྱི་ལག་ཆར་ལོག་སྤྱོད་བྱེད་མཁན་གཏེ་བོ་དེ་ནི་ཁོ་རང་ལས་གཞན་སུ་ཡང་རེད་མི་འདུག ཁ་སང་མཐའ་མཇུག་གི་”གསར་འགོད་གསལ་བསྒྲགས་”སུ་འབོད་པ་དེའི་ནང་། ཞེ་དྲག་ཁ་གསལ་དང་གསང་དོན་ཆེན་པོ་ཞིག་ཡོད་རྒྱུ་རེད་དྲན་ནས་གཞིས་བྱེས་བོད་མི་ཀུན་གྱིས་ངང་སྒུག་བྱེད་བཞིན་བསྡད་ཀྱང་། དངོས་སུ་བསྒྲགས་སྐབས། ཁོང་ལ་སྔར་བཤད་ཟིན་པའི་རྙོག་གཏམ་འགའ་ཤས་སྐྱར་ཟློས་ཡང་ཟློས་བྱས་པ་ལས་ཡིད་རྟོན་འོས་པ་ཞིག་གང་ཡང་བཤད་རྒྱུ་མི་འདུག ད་དུང་ཡང་། བཤད་རྒྱུ་མེད་དུས་འུ་ཐུག་ནས་འོས་ཚར་ནས་ཞིབ་ཕྲ་བཤད་རྒྱུ་ཡིན་མདོག་བྱེད་ཀྱི་འདུག ཚར་ནས་མ་གཏོགས་བཤད་རྒྱུ་མིན་ན། ད་བར་འུར་སྒྲོགས་དང་རྙོག་གླེང་ཅིའི་ཕྱིར་བཟོས་པ་རེད། དེ་ནི་འོས་ཐོབ་ཆེད་ལས་ཅི? ད་ནི་ཁོ་རང་ཕུར་ཕར་བརྒྱབས་ནས་ཚུར་ཁ་སྤུ་འཚིག་ཅེས་པའི་དཔེ་དང་གཉིས་སུ་མེད་པར་གྱུར་སོང་བས་མ་ཚད། ཁོ་རང་ལ་རྒྱབ་སྐྱོར་མི་བྱེད་མཁན་རྣམས་ལྟ་ཅི་སྨོས། རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱང་སེམས་གཏིང་ནས་འགྱོད་དགོས་པ་དང་ངོ་ཚ་སྤོབས་ཞུམ་གྱི་རྒྱུར་གྱུར་སོང་། ད་ཆ་ཁོང་གིས་རང་ཉིད་ལུག་རྫི་སྤེན་པ་ལྟ་བུར་བཟོས་མ་སོང་ངམ། གུས་པར་མཚོན་ན། དེ་སྔོན་ཁོང་ལ་ཡིད་རྟོན་གང་འཚམས་ཡོད་ཀྱང་། ད་ཆ་སྔར་གཞུག་གི་མངོན་མཐོང་ཟོལ་བརྫུའི་མཛད་རྣམ་དང་། ལྐོག་སྦས་གསང་བ་ཡི་རྣམ་ཐར་རྣམས་ཞིབ་གསལ་ཤེས་སོང་བས། ཡིད་ཆེས་གཏིང་ནས་བརླག་སོང་། ཁ་སང་བཤད་པ་དེ་དག་ནི་རྙིང་འགོད་རྙིང་བསྒྲགས་རེད་འདུག་པ་ལས། གསར་འགོད་གསལ་བསྒྲགས་གང་ཡང་མི་འདུག
ཀརྨ་བློ་གསལ་གྱིས་འདུལ་བ་ཁྲིད་ནས་གནམ་ལགས་ཀྱིས་ནམ་མཁའ་སྟོང་པའི་ནང་ལ་ལག་རྙོག་བྱས་ཀྱིན་དེའི་རྗེས་འཇུག་པ་ཁ་ཤས་ཐང་པོ་མེད་ནས་ཀུ་ཅོ་འདོན་བཞིན་ལ་ལུང་ཀུན་ལ་རྒྱུགས་བཞིན་གདའ། ཁོ་རེ་ཚོ་་་་་གཟིགས་དང་དེང་སང་བོད་པ་མང་པོ་སེམས་ཐང་པོ་མེད་པར་ཆགས་འདུག་གདའ།
ཡང་ན། བློ་སེང་ལགས་ལ་རྒྱབ་སྐྱོར་གྱིས། ཡང་ན། སྤེན་ཚེ་ལགས་ལ་རྒྱབ་སྐྱོར་གྱིས། དེ་མིན་པ་ཚོ། འདིར་འོངས་ནས། རང་མདོག་མ་སྟོན།།
འོས་ཤོག་ནི་བོད་མི་རྩ་དོན་ལ་བསམ་མནོ་བཏང་སྟེ་བླུག ཆོས་པའི་མིང་ཁྱེར་མཁན་བླ་རྒན་དེ་ཚོའི་ཁ་ལ་གཏན་ནས་མ་བལྟ་རོགས། བོད་མིའི་འདུན་ལམ་ཕུང་ལ་སྦྱར་ངེས་རེད།
རྫུན་རྐུབ་རྡོལ་བའི་བདེན་གཏམ། http://www.phayul.com/news/article.aspx?id=37260&article=Orissa+assault+incident+%e2%80%9cnot+election+related%e2%80%9d%3a+Settlement+Officer
བློ་གཟུ་བོར་གནས་ཏེ་དཔྱད་ན་སྤེན་ཚེ་ལགས་རང་ང་ཚོའི་སྲིད་སྐྱོང་རང་རེད་འདུག། སླར་ཡང་ངེས་པ་རྙེད་སོང་། ང་དང་ངའི་འོས་ཤོག་སྐུ་ཉིད་ལ་འབུལ། རང་འཚོལ་ཟེར་བ་སོགས་བྱུང་རྒྱལ་དུ་འབྲི་མཁན་འདི་ཚོས་བློ་སེང་གི་རྐང་པ་ནས་མར་འཐེན་མཁན་འདྲ་བོ་ཞེ་བོ་འདུག སྙིང་རྗེ། ཀརྨ་བློ་གསལ་ཟེར་བ་རང་བཙན་པ་ཡིན་མདོག་སྟོན་པ་ཙམ་ལས་རྒྱ་འདྲེ་དངོས་སུམ་རེད་གདའ། ཁ་ལབ་རེས་མི་བྱེད། དེ་ལ་ལྟོས་ན་ཏྲེ་བྱམས་ཟེར་བ་འདི་ང་རྒྱལ་ཆེ་ཙམ་མ་གཏོགས་ཁྱི་སྨྱོ་ཡང་བདག་པོ་ངོ་ཤེས་ཙམ་ཞིག་ཡིན་པ་ད་རེས་ཧ་གོ་སོང་། དེ་རིང་ནས་རྩོད་པ་མི་རྒྱག ད་ཚང་མ་བདེ་མོ་བྱོས།
སྤེན་ཚེའི་གཏམ་བཤད་དེ་དང་པོ་ཕྲ་ལ་དེའི་རྗེས་སྦོམ་དུ་སྦོམ་དུ་འགྲོ་ཞིང་མཐའ་མར་རིན་ཐང་ཆེ་བའི་སྟེང་དུ་བབས་ཀྱི་འདུག་ལ་དེའི་ཕྱི་ནང་གསང་གསུམ་ནས་ཁོང་གི་ཆབ་སྲིད་གོ་རྟོགས་དང་མི་རིགས་རིག་ གནས་ཀྱི་ཆུ་ཚད། དད་དམ་ལངས་ཕྱོགས་མི་གཞི་བབ་རླིང་། ལས་འཆར་ཟབ་ཚད་ལ་བརྒྱ་བརྩེ་སེམས། སོགས་བླ་ན་མེད་པའི་དཔལ་ཡོན་དག་མངོན་ཡོང་གི་འདུག། ངོ་མ་ཟམ་གདོང་རིན་པོ་ཆེས་མི་ཡག་པོ་གསོ་སྐྱོང་གནང་འདུག། བློ་སེང་གི་གཏམ་བཤད་དེ་དང་པོ་ཅུང་ཙམ་ཡག་པོ་ནས་འགོ་བཙུགས་ནས་དེའི་རྗེས་སྐྱོ་རུ་སྐྱོ་རུ། ཁྱི་ཆུ་ལ་ལྷུང་བ་ནང་བཞིན་མཐའ་མ་དེ་གཏད་སོ་མེད་པ་ཞིག་ལ་བབས་འདུག། དེའི་ཕྱི་ནང་གསང་གསུམ་ནས། ཁོང་གི་སྒེར་སེམས་དང་རང་བཤད་ཆེ་ལ། ཆབ་སྲིད་དང་རིགས་གནས་གཉིས་ཀའི་གོ་རྟོགས་ཞན་པ་མ་ཟད། འཁྲབས་སྟོན་པའི་ལྷད་ཅིག་རང་བཞིན་གྱིས་མངོན་ཡོང་། དྲང་པོ་བཤད་ན། ཁྱེད་ཀྱིས་སྤེན་ཚེ་ལ་སློབ་སྦྱོང་བྱེད་དགོས་འདུག། ད་དུང་ཡག་པོ་རང་སྨིན་མི་འདུག། འོན་ཀྱང་ཁྱེད་ལ་དགེ་མཚན་གཉིས་རང་ཡོད་པ་དེ་སྤོབས་ཆེན་པོ་དང་། གདོང་པ་ཡིད་དུ་འོང་པ་ཞིག་འདུག།
སྤེན་ཚེའི་རྒྱབ་སྐྱོར་བ་མང་ཤོས་ལ་བྱས་གཏེ་འགའ་ཤས་ཀྱིས་རྒྱུད་བསྐུལ་ངན་པས་འོག་ཆོལ་གསུམ་དཀྲུག་ཤིང་གི་བྱ་ངན་སྤེལ་བཞིན་པར་དཔེར་ན་༼གངས་ཅན་གླེངས་སྟེགས༽ནང་ལྟོས་དང་གང་འདྲ་འདུག་གམ་གསལ་པོ་ཉན་ཡ་ཡོད། དེ་བཞིན་དྲ་བ་ནང་དུ་སྲིད་སྐྱོང་ལ་སྐྱོན་འཛུགས་བྱ་མཁན་མང་ཙམ་ཡོད་པ་ཚོས་མིང་དངོས་སུ་སྟོན་མི་ཕོད་པ་ནག་ཁུངས་ནས་ལྐོག་མདའ་འཕེན་བཞིན་པ་འདི་དང་དཔེར་ན་༼ཨ་ཁུ་འབྲོག་པ༽ཟེར་བ་འདི་འདྲ་རེད། བགྲོ་གླེང་དང་དཔྱད་ཞིབ་སུ་ཡིན་ན་ལོས་ཆོག་ཀྱང་བཤད་པའི་སྐད་ཅ་ལ་འགན་ཁུར་མི་ནུས་ནས་ནག་ཁུངས་ནང་གབ་ཀྱི་ཡོད། འདིས་དཀྲུག་ཤིང་བཟོ་བ་མཚོན་གྱི་ཡོད། ཚེས་ཉི་ཤུ་སྐབས་སུ་འོས་བསྡུ་ཚར་འགྲོ་བ་ཡིན་ཡང་དཀྲུག་གཏེ་འདི་ཚོ་ལ་དུས་རྒྱུན་དུ་གཟབ་དགོས་རྒྱུ་གལ་ཆེའོ།།
ཨ་ཁུ་འབྲོག་པ་ཞིང་ལས་ལ་མི་མཁས་ཀྱང་། འབྲོག་ལས་ལ་མཁས། ཨ་ཆེ་འབྲོག་མོ་ཚོང་ལས་ལ་མི་མཁས་ཀྱང། དཀར་ཆུ་ལ་མཁས། འབྲོག་ཕྲུག་རལ་བ་ཕྲུལ་ཕྲུལ་ཁ་མཆུ་ལ་མི་མཁས་ཀྱང་། འུར་རྡོ་འཕེན་པ་ལ་མཁས་པས་གཟབ་གཟབ་བྱོས་ཡ་ཏྲེ་ཧོར།
ཕྱོགས་ཞེན་པ་ཚོའི་བྱ་སྤྱོད་ཀྱིས་ང་ཚོར་ཐབས་རྡུགས་ཀྱི་བསམ་གཞིགས་བྱེད་དགོས་པའང་བཟོས་དང་བཟོ་བཞིན་ཡོད། རྩོམ་བྲིས་པ་གྲགས་ཅན་ཁང་གསར་རྡོ་རྗེས་རང་གི་ངོ་དེབ་སྟེང་ལ་གཤམ་གྱི་རྩོམ་འདི་འདྲ་ཞིག་སྤེལ་འདུག བསམ་བློ་གཏོང་དགོས་པ་ཞིག་རེད། འཇིགས་དངངས་སྐྱེ་དགོས་པ་ཞིག་ཀྱང་རེད། ཕྱོགས་ཞེན་ཁོ་ན་ལས་སྤྱི་དོན་ལ་མི་སེམས་པའི་རིགས་ཀྱི་བྱ་སྤྱོད་ནི་ཚོད་དཔག་བྱེད་དཀའ་བ་ཞིག་རེད། ཕྱོགས་ཞེན་པ་ཚོས་བསམ་གཞིགས་བྱེད་དགོས་པ་ཞིག་རེད།་ ༼ཁང་གསར་རྡོ་རྗེའི་ངོ་དེབ་ནས་བཤུས་པའི་རྩོམ་ཡིག་གཤམ་གྱི་འདི་ཡིན༽ ལྷིང་འཇགས་ཀྱི་ཆེད་དུ་བློ་བཟང་སེང་གེ་ཡང་བསྐྱར་སྲིད་སྐྱོང་དུ་འདེམས་དགོས། ༡) བློ་བཟང་སེང་གེས་སྲིད་བསྐྱངས་པའི་ལོ་ལྔ་ལ་ཉེ་བའི་རིང་། གྲུབ་འབྲས་ཆེ་ཤོས་ལྷིང་འཇགས་བྱུང་བ་ཟེར་བ་དེ་རེད། དེ་ཁོང་གིས་གསུངས་པ་རེད། སྐད་ཆ་འདི་ལ་གོ་རྒྱུ་ཧ་ཅང་ཆེན་པོ་ཡོད། བཙན་བྱོལ་ནང་འདས་པའི་དུས་སུ། བཀའ་བློན་ཁྲི་པ་དང་སྲིད་སྐྱོང་མང་ཆེ་བ་ཁམས་པ་རེད། ཁམས་པ་མིན་པའི་བཀའ་ཁྲི་བཀྲས་མཐོང་བསྟན་རྣམ་དང་རྒྱ་ལོ་དོན་གྲུབ་སོགས་ཀྱི་སྐབས་སུ་རྙོག་གྲ་བཟོས་ཏེ། དཀའ་ངལ་འཕྲད་ཡོད། ད་རེས་ཀྱང་སྤེན་པ་ཚེ་རིང་སྲིད་སྐྱོང་དུ་སླེབས་ན། དཀའ་ངལ་བཟོ་ངེས་རེད། རྙོག་གྲ་བཟོ་ངེས་རེད། དེའི་ཆ་ནས་ལྷིང་འཇགས་ཀྱི་ཆེད་དུ་བློ་བཟང་སེང་གེ་ཡང་བསྐྱར་སྲིད་སྐྱོང་ལ་འདེམས་དགོས། ལྷིང་འཇགས་སུ་འཇོག་མ་འཇོག་གི་ཐེ་གུའི་སྣེ་དེ་ཁོང་གི་ལག་ལ་ཡོད་རེད། ༢) བློ་བཟང་སེང་གེས་བོད་རྒྱ་ཞི་མོལ་མ་བྱུང་བ་དེ། རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་ཕིང་ལ་དབང་ཆ་ཆ་ཚང་མ་བྱུང་བས་རེད། ཞིའི་ཅིང་ཕིང་སྐབས་གཉིས་པར་སྲིད་འཛིན་ལ་བདམས་དུས་དབང་ཆ་ཆ་ཚང་རག་གི་རེད། དེ་དུས་བོད་རྒྱ་ཞི་མོལ་ཡོང་གི་རེད་ཟེར་བ་དེ་ལ་གོ་རྒྱུ་ཆེན་པོ་ཡོད། བཙན་བྱོལ་ནང་ལའང་བློ་སེང་གིས་འདས་པའི་ལོ་བཞིའི་ནང་། རང་གི་གྲོགས་པོ་དང་། རང་གི་ཕ་ཡུལ་གཅིག་པ། རང་གི་བློ་མཐུན་པ་མང་བོ་ཞིག་བཙན་བྱོལ་གྱི་གོ་གནས་གནད་འགག་ཆེ་སར་བཞག་སྟེ་རང་དང་རང་གི་ཕྱོགས་གཏོགས་ཀྱི་དབང་ཆ་རྒྱ་སྐྱེད་བཏང་ཡོད། ཁོང་ཡང་བསྐྱར་སྲིད་སྐྱོང་དུ་བདམས་ན། དབང་ཆ་དེ་བས་ཀྱང་ཆེ་རུ་འགྲོ་ངེས་པ་རེད། དེའི་སྐབས་སུ་ཁོང་གིས་དབུ་མའི་ལམ་ལ་བཟོ་བཅོས་གནང་སྟེ། བོད་རྒྱ་ཞི་མོལ་གནང་ཐུབ་སྲིད་པ་རེད། དེའི་མངོན་རྟགས་ཁ་ཤས་ནི། ཀ) ཁོང་གིས་བོད་ལ་དམངས་གཙོ་རྩོད་ཀྱིན་མེད་ཅེས་ཨ་རིར་གསལ་པོ་གསུངས་སོང་། ཁ) དེ་བཞིན་ཧོང་ཀོང་དང་འདྲ་བར་བོད་ལ་དུས་ཡུན་རྒྱས་བཅད་ཀྱི་རང་སྐྱོང་བྱུང་ན་འགྲིག་ཅེས་ཨ་རིར་ཉན་ཞིབ་སྐབས་གསལ་པོ་གསུངས་སོང་། ག) ད་དུང་ཏཱ་ལའི་བླ་མས་སྲིད་བསྐྱངས་ཕྱིན་བོད་ལ་དམངས་གཙོ་ཡོང་མི་སྲིད་ཅེས་ཁོང་གི་ཉམས་ཞིབ་རྩོམ་ཡིག་ནང་མཐའ་བསྡོམས་བཞག་སོང་བ་རྣམས་ལ་གཟིགས་ན་མཁྱེན་ཐུབ། བློ་བཟང་སེང་གེས་གདེང་སྤོབས་ཆེན་པོས། ལོ་བཞི་ལྷག་གི་ནང་ངས་རྩིག་རྨང་བཏིངས་ཡོད། ཁང་པ་བརྒྱབ་ཆོག་ཆོག་ཡིན་ཞེས་བཤད་པ་དེར་མི་ཚོས་ད་དུང་ཡང་གོ་བ་ཡག་པོ་ཞིག་མ་ལོན་པར། རྩིག་རྨང་ནི་༸གོང་ས་མཆོག་དང་བོད་མི་གོང་མ་ཚོས་བཏིངས་ཚར་ཡོད་ཚུལ་བཤད་ནས་རྩོད་གླེང་བྱེད་བཞིན་ཡོད། ཡིན་རྒྱུ་བློ་བཟང་སེང་གེ་ལགས་ཀྱིས་གསུངས་པའི་རྩིག་རྨང་དེ་གང་ལ་ཟེར་མིན་མི་ཚོས་མ་རྟོགས་པ་རེད། ༣) ཉེ་དུས་དོལ་རྒྱལ་རྗེས་འབྲངས་པ་ཚོས་སྲིད་སྐྱོང་བློ་བཟང་སེང་གེས་དོལ་རྒྱལ་བའི་ཐོག་འཛིན་པའི་སྲིད་བྱུས་ལ་བསྔགས་བརྗོད་ཤུགས་ཆེ་བྱས་དང་བྱེད་བཞིན་འདུག ཁོང་ཚོས་བཤད་ན། སྲིད་སྐྱོང་བློ་བཟང་སེང་གེས་དེ་སྔོན་འགྲོ་བ་མིའི་ཐོབ་ཐང་ཐད་ཞིབ་འཇུག་གིས་རྩོམ་བྲིས་འདུག ཁོང་འགྲོ་བ་མིའི་ཐོབ་ཐང་ཤེས་མཁན་ཞིག་རེད་ཟེར་ལ། བློ་བཟང་སེང་གེས་ང་ཚོ་དོལ་རྒྱལ་བར་སྡུག་པོ་གཏང་རྒྱུ་དང་ཁ་གཏད་བཅར་རྒྱུར་འཚེར་སྣང་ཡོད་རེད། ཁོང་བསམ་བློ་གུ་ཡངས་རེད། སྤེན་པ་ཚེ་རིང་སླེབས་ན། ང་ཚོར་དམ་པོ་དང་ནན་པོ་བྱེད་ངེས་རེད་ཟེར། གནད་དོན་དེ་ལ་བསམས་ན། འདས་པའི་ལོ་བཞིའི་རིང་དོལ་རྒྱལ་རྗེས་འབྲང་བ་ཚོས་དམིགས་བསལ་གྱི་ཟང་ཟིང་མང་པོ་ཞིག་བྱས་སོང་བ་དེ་དང་། སྲིད་སྐྱོང་བློ་བཟང་སེང་གེའི་སྲིད་བྱུས་ལ་འབྲེལ་བ་ཡོད་པ་འདྲ། བློ་བཟང་སེང་གེ་རང་གིས་ཀྱང་། བོད་དེ་ཁ་ཆེའི་ལུང་བ་སི་ར་ཡ་དང་མཚུངས་པར་སྦྱར་ཅིང་། དེའི་རྒྱུ་མཚན་དུ། ཟང་ཟིང་བྱེད་མཁན་དོལ་ཚོགས་སོགས་ཡོད་ཚུལ་གསུངས་སོང་། དེ་ཚོར་བསམས་ཡོང་དུས་ང་ཚོས་བློ་བཟང་སེང་གེ་ངེས་པར་དུ་སྲིད་སྐྱོང་དུ་འདེམས་དགོས། དེ་མིན་ན། ཁོང་གིས་གསུངས་པའི་སི་ར་ཡའི་དྲག་ཟིང་དེ་ལངས་ཉེན་ཡོད་རེད།
ད་སྤེན་ཚེ་ལགས། ཐོབ་ན་སྤེན་ཚེ་ལགས་ལ། གུས་རྩི་བྱ་རྒྱུ་དང་། བློ་སེང་ལགས་ཐོབ་ན། བློ་སེང་ལགས་ལ། གུས་རྩི་བྱ་རྒྱུ་ལས་ལྷག་མེད་པ་རེད་དོ།།
སྤེན་ཚེ་ལགས་ཀྱིས་འོས་བླུགས་པ་། https://www.facebook.com/photo.php?fbid=221248851563050&set=a.170914706596465.1073741830.100010338101785&type=3&theater
བློ་སེང་ལགས་ལ། རྒྱབ་སྐྱོར་ཡོད།
xxཀརྡོ་གཉེར་ཕྱག་པ། ཁྱེད་རང་གང་ས་གང་ས་ནས་རྙོག་གཏམ་བཤད་ནས། ད་ཁྱོདx་ཁ་བཙུམས་པའི་དུས་རེད།
#2 ཨ་མཆོག་རྡོ་བྷ། ་ལགས།
ང་ཁྱོད་རང་ནང་བཞིན། ཤེས་མེད་། ལ་རྒྱ་མེད་མཁན། སྤྲང་འཁྱམས་པ་ཅིག་མིན་པས། དགོངས་དག་ཞུ་རྒྱུ་ཙམ་མོ།།
བོད་ཀྱི་གཞོན་སྐྱེས་ཀྱི་རང་ལས་མེར་སྲེགས་གནང་དུས་སུ སྲིད་སྐྱོང་བློ་སེང་ནས་གསུང་གཞས་པ་དེ། དེ་བོད་མི་ཞིག་ཡིན་པས་ཚེ་བྱ་བ་འདི་འདྲ་བརྟན་ནས་བྱེད་ཐུབ་མ་རེད།
ཀརྡོ་གཉེར་ཕྱག་པ། ཨ་ཡ་མཚན།།།
ཁྱོད་རང་མི་ཤེས་ཡོད། ལ་རྒྱ་ཡོད་མཁན་ཞིག་གིས་ད་དུང་སྲིད་སྐྱོང་བློ་སེང་འདི་འདྲ་ལ་རྒྱབ་སྐྱོར་བྱེད་ན་ངོས་ནས་སྙིང་རེ་རྗེ། ཁྱེད་ཀྱིས་བློ་སེང་ལ་གང་འདོད་ཀྱི་ཡག་བཟོ་མཛེས་བཟོས་པ་ལས། ངའི་ཁྱོད་ཀླ་ཀློའི་ཀླེན་པ་ཞིག་ཡིན་བསམ།
སེམས་རྣལ་དུ་ཕབ་ནས་སོམས་དང་། གཞོན་ནུ་གཉིས་དུས་གཅིག་ནང་རང་ལུས་མེར་བསྲེགས་དུས་སྲིད་སྐྱོང་གིས་གཞས་འཁྲབ་ཀྱི་རེད་དམ། འདི་ནི་ཕྱོགས་སྐྱོད་སྐབས་བོད་མིས་སྣེ་ལེན་བྱས་དུས་དགའ་སྤྲོའི་རྣམ་པ་དེར་ཁ་བསྒྱུར་ནས་ནག་པོ་བཟོ་རྒྱུ་ལ་ཇུས་འགོད་པ་རེད་དོ།།
བློ་སེང་གིས་འོས་ཤོག་སློང་རྒྱུ་ཨང་དང་པོར་བཞག་ནས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་རྒྱུག་པའི་བྱེད་སྟངས་དེ་ང་ཚོས་ལོ་རྒྱུས་ཀྱི་ཟིན་ཐོ་ནས་གསལ་པོར་སྡོད་པ་ཞིག་བཟོས་ཡོད།
འདི་ནི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་དམའ་འབེབས་བྱས་པ་ཆགས་ཆགས་ཡོད།
དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་རྡོ་རིང་ལྟ་བུ་ཞིག་གྱུར་ཡོད། ད་ལྟ་ཅི་ལྟར་མཛེས་བཟོ་དང་འགག་འགོག་བྱས་རོང། མི་དམངས་ཀྱི་སེམས་ཁོངས་ནས་བསུབ་ཐུབ་མི་འདུག
སྤེན་པ་ཚེ་རིང་ལགས་ལ། རྒྱབ་སྐྱོར་ཡོད།
སྤེན་པ་ཚེ་རིང་གིས་མང་ཚོགས་ལ་མགོ་བསྐོར་གཏོང་རྩིས་གནང་སོང་། གོང་ས་མཆོག་ལ་མཛད་དཀའ་ངོ་མ་ནི་དགོས་དབང་གིས་རྫུན་གསུང་གི་འདུག་ཅེས་པ་དེ་ལས་མཛད་དཀའ་ཡོག་མ་རེད། དེ་འདྲའི་མཛད་དཀའ་སུ་དང་གང་གིས་ཀྱང་ད་ལྟའི་བར་དུ་བཟོ་མྱོང་ཡོད་པ་མ་རེད།
མཛདདཀའ་དེ་འདྲ་བློ་སེང་གིས་བཟོས་པ་དང་་་་་་་སྤེན་ཚེ་ཡིས་མི་མང་ལ་དེ་ཧ་གོ་རུ་བཅུག་ཙམ་རེད་་་་་་
ལྷ་ཡུལ་ཁམས་ནས་ལྷ་རིགས་ཕེབས།
ཕེབས་ས་བཙན་བྱོལ་སྐྱིད་རྭའི་ནང་།
ནང་མི་མེད་ཀྱང་ནང་སྤུན་འདྲའི།
འདྲ་བ་འདོ་མེད་འབྲི་འབྲི་་བྱས།
བྱས་བ་ཐམས་ཅད་ཤེས་ཤེས་བཏང་།
བཏང་གནས་འཚམས་ནས་དཔྱད་ཤེས་རྒྱང་།
རྒྱང་རིང་གངས་ཀྱི་དཀྱིལ་ལ་སྲིངས།
སྲིངས་ས་འོས་བསྡུའི་ཚོགས་ལ་དྲངས།
དྲངས་རན་ཡོད་མེད་གུས་ལ་ཐུགས།
ཐུགས་འདུན་ཐགས་གཅོད་བོད་ལ་རེག
སྤེན་ཚེ་ཡི་མང་ཚོགས་ལ་གོང་ས་མཆོག་གིས་རྫུན་གསུང་གིན་པ་ཧ་གོ་རུ་བཅུག་པ་རེད། ནང་པ་སངས་རྒྱས་པ་ལྟར་ན། རྫུན་གསུང་མཁན་གྱི་དགེ་སློང་ཞིག་ཡོད་ཆོག་གི་མ་རེད། དེ་ལ་མཛད་དཀའ་མི་ཟེར་གང་ལ་ཟེར། ད་དུང་ཧ་མ་གོ་མདོག་བྱེད་སྟངས་འདི་ནི་ཧང་སངས་དགོས་ཡ་རང་རེད།
སྤེན་ཚེ་ལགས་ལ་རྒྱབ་སྐྱོར་ཡོད།
ཧམ་པ་ལ་དགའ་ན་ཀརྡོ་འདྲ།།
ཇོག་རྒྱབ་ལ་ལངས་ན་ཏྲེ་ཧོར་འདྲ།།
ཟང་ཟིང་ལ་དགའ་ན་རྐརྨ་འདྲ།།
དོན་དངོས་ལ་དགའ་ན་འབྲོག་ཕྲུག་འདྲ།།
ཁ་བརྡ་ལ་དགའ་ན་ང་རང་འདྲ།།
【རྙིང་འགོད་རྙིང་བསྒྲགས།】
ད་བར་ཚོགས་གཙོ་ལགས་ཀྱིས་དུས་དབང་དང་འབྲེལ་བའི་ཐོག་ལ་གསལ་བཤད་ལྷ་ཡིད་ཆེས་པ་དང་། འདྲེ་ཁོ་ཐག་ཆོད་པ། མི་ཧང་སངས་དགོས་པ་ཞིག་བཤད་རྒྱུ་ཡོད་མདོག་རྐྱང་རྐྱང་བཟོས་ནས། ཞིབ་ཕྲ་རྗེས་ལ་བཤད་རྒྱུ་ཡིན་་་་་་རྗེས་ལ་བཤད་རྒྱུ་ཡིན་ཟེར་ནས། རང་ལ་རྐུབ་བཀྱག་རག་པའི་ཆེད། དགོས་པའི་ཆབ་སྲིད་གཙོ་གླེང་བྱ་རྒྱུ་ཕར་བཞག་ནས་དེ་ལས་ལྡོག་སྟེ། གཏམ་བཤད་དང་བགྲོ་གླེང་གང་དུ་བྱས་ན་ཡང་། དུས་དབང་སྐོར་ལ་གང་ཐལ་རྙོག་གླེང་བཟོས་ནས། ༧གོང་ས་མཆོག་དང་བཀའ་ཤག་དང་དགའ་ལྡན་ཕོ་བྲང་དང་བཅས་པ་ནག་པོ་བཟོ་བའི་ལས་ངན་ཤ་སྟག་བརྩམས་སོང་། དེས་ན་ཡར་བལྟས་མར་བལྟས་ཀྱིས་ཞིབ་ཏུ་བརྟག་སྐབས། དུས་དབང་ཆབ་སྲིད་ཀྱི་ལག་ཆར་ལོག་སྤྱོད་བྱེད་མཁན་གཏེ་བོ་དེ་ནི་ཁོ་རང་ལས་གཞན་སུ་ཡང་རེད་མི་འདུག
ཁ་སང་མཐའ་མཇུག་གི་”གསར་འགོད་གསལ་བསྒྲགས་”སུ་འབོད་པ་དེའི་ནང་། ཞེ་དྲག་ཁ་གསལ་དང་གསང་དོན་ཆེན་པོ་ཞིག་ཡོད་རྒྱུ་རེད་དྲན་ནས་གཞིས་བྱེས་བོད་མི་ཀུན་གྱིས་ངང་སྒུག་བྱེད་བཞིན་བསྡད་ཀྱང་། དངོས་སུ་བསྒྲགས་སྐབས། ཁོང་ལ་སྔར་བཤད་ཟིན་པའི་རྙོག་གཏམ་འགའ་ཤས་སྐྱར་ཟློས་ཡང་ཟློས་བྱས་པ་ལས་ཡིད་རྟོན་འོས་པ་ཞིག་གང་ཡང་བཤད་རྒྱུ་མི་འདུག ད་དུང་ཡང་། བཤད་རྒྱུ་མེད་དུས་འུ་ཐུག་ནས་འོས་ཚར་ནས་ཞིབ་ཕྲ་བཤད་རྒྱུ་ཡིན་མདོག་བྱེད་ཀྱི་འདུག ཚར་ནས་མ་གཏོགས་བཤད་རྒྱུ་མིན་ན། ད་བར་འུར་སྒྲོགས་དང་རྙོག་གླེང་ཅིའི་ཕྱིར་བཟོས་པ་རེད། དེ་ནི་འོས་ཐོབ་ཆེད་ལས་ཅི?
ད་ནི་ཁོ་རང་ཕུར་ཕར་བརྒྱབས་ནས་ཚུར་ཁ་སྤུ་འཚིག་ཅེས་པའི་དཔེ་དང་གཉིས་སུ་མེད་པར་གྱུར་སོང་བས་མ་ཚད། ཁོ་རང་ལ་རྒྱབ་སྐྱོར་མི་བྱེད་མཁན་རྣམས་ལྟ་ཅི་སྨོས། རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱང་སེམས་གཏིང་ནས་འགྱོད་དགོས་པ་དང་ངོ་ཚ་སྤོབས་ཞུམ་གྱི་རྒྱུར་གྱུར་སོང་། ད་ཆ་ཁོང་གིས་རང་ཉིད་ལུག་རྫི་སྤེན་པ་ལྟ་བུར་བཟོས་མ་སོང་ངམ།
གུས་པར་མཚོན་ན། དེ་སྔོན་ཁོང་ལ་ཡིད་རྟོན་གང་འཚམས་ཡོད་ཀྱང་། ད་ཆ་སྔར་གཞུག་གི་མངོན་མཐོང་ཟོལ་བརྫུའི་མཛད་རྣམ་དང་། ལྐོག་སྦས་གསང་བ་ཡི་རྣམ་ཐར་རྣམས་ཞིབ་གསལ་ཤེས་སོང་བས། ཡིད་ཆེས་གཏིང་ནས་བརླག་སོང་། ཁ་སང་བཤད་པ་དེ་དག་ནི་རྙིང་འགོད་རྙིང་བསྒྲགས་རེད་འདུག་པ་ལས། གསར་འགོད་གསལ་བསྒྲགས་གང་ཡང་མི་འདུག
རྙིང་འགོད་རྙིང་བསྒྲགས།
ད་བར་ཚོགས་གཙོ་ལགས་ཀྱིས་དུས་དབང་དང་འབྲེལ་བའི་ཐོག་ལ་གསལ་བཤད་ལྷ་ཡིད་ཆེས་པ་དང་། འདྲེ་ཁོ་ཐག་ཆོད་པ། མི་ཧང་སངས་དགོས་པ་ཞིག་བཤད་རྒྱུ་ཡོད་མདོག་རྐྱང་རྐྱང་བཟོས་ནས། ཞིབ་ཕྲ་རྗེས་ལ་བཤད་རྒྱུ་ཡིན་་་་་་རྗེས་ལ་བཤད་རྒྱུ་ཡིན་ཟེར་ནས། རང་ལ་རྐུབ་བཀྱག་རག་པའི་ཆེད། དགོས་པའི་ཆབ་སྲིད་གཙོ་གླེང་བྱ་རྒྱུ་ཕར་བཞག་ནས་དེ་ལས་ལྡོག་སྟེ། གཏམ་བཤད་དང་བགྲོ་གླེང་གང་དུ་བྱས་ན་ཡང་། དུས་དབང་སྐོར་ལ་གང་ཐལ་རྙོག་གླེང་བཟོས་ནས། ༧གོང་ས་མཆོག་དང་བཀའ་ཤག་དང་དགའ་ལྡན་ཕོ་བྲང་དང་བཅས་པ་ནག་པོ་བཟོ་བའི་ལས་ངན་ཤ་སྟག་བརྩམས་སོང་། དེས་ན་ཡར་བལྟས་མར་བལྟས་ཀྱིས་ཞིབ་ཏུ་བརྟག་སྐབས། དུས་དབང་ཆབ་སྲིད་ཀྱི་ལག་ཆར་ལོག་སྤྱོད་བྱེད་མཁན་གཏེ་བོ་དེ་ནི་ཁོ་རང་ལས་གཞན་སུ་ཡང་རེད་མི་འདུག
ཁ་སང་མཐའ་མཇུག་གི་”གསར་འགོད་གསལ་བསྒྲགས་”སུ་འབོད་པ་དེའི་ནང་། ཞེ་དྲག་ཁ་གསལ་དང་གསང་དོན་ཆེན་པོ་ཞིག་ཡོད་རྒྱུ་རེད་དྲན་ནས་གཞིས་བྱེས་བོད་མི་ཀུན་གྱིས་ངང་སྒུག་བྱེད་བཞིན་བསྡད་ཀྱང་། དངོས་སུ་བསྒྲགས་སྐབས། ཁོང་ལ་སྔར་བཤད་ཟིན་པའི་རྙོག་གཏམ་འགའ་ཤས་སྐྱར་ཟློས་ཡང་ཟློས་བྱས་པ་ལས་ཡིད་རྟོན་འོས་པ་ཞིག་གང་ཡང་བཤད་རྒྱུ་མི་འདུག ད་དུང་ཡང་། བཤད་རྒྱུ་མེད་དུས་འུ་ཐུག་ནས་འོས་ཚར་ནས་ཞིབ་ཕྲ་བཤད་རྒྱུ་ཡིན་མདོག་བྱེད་ཀྱི་འདུག ཚར་ནས་མ་གཏོགས་བཤད་རྒྱུ་མིན་ན། ད་བར་འུར་སྒྲོགས་དང་རྙོག་གླེང་ཅིའི་ཕྱིར་བཟོས་པ་རེད། དེ་ནི་འོས་ཐོབ་ཆེད་ལས་ཅི?
ད་ནི་ཁོ་རང་ཕུར་ཕར་བརྒྱབས་ནས་ཚུར་ཁ་སྤུ་འཚིག་ཅེས་པའི་དཔེ་དང་གཉིས་སུ་མེད་པར་གྱུར་སོང་བས་མ་ཚད། ཁོ་རང་ལ་རྒྱབ་སྐྱོར་མི་བྱེད་མཁན་རྣམས་ལྟ་ཅི་སྨོས། རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱང་སེམས་གཏིང་ནས་འགྱོད་དགོས་པ་དང་ངོ་ཚ་སྤོབས་ཞུམ་གྱི་རྒྱུར་གྱུར་སོང་། ད་ཆ་ཁོང་གིས་རང་ཉིད་ལུག་རྫི་སྤེན་པ་ལྟ་བུར་བཟོས་མ་སོང་ངམ།
གུས་པར་མཚོན་ན། དེ་སྔོན་ཁོང་ལ་ཡིད་རྟོན་གང་འཚམས་ཡོད་ཀྱང་། ད་ཆ་སྔར་གཞུག་གི་མངོན་མཐོང་ཟོལ་བརྫུའི་མཛད་རྣམ་དང་། ལྐོག་སྦས་གསང་བ་ཡི་རྣམ་ཐར་རྣམས་ཞིབ་གསལ་ཤེས་སོང་བས། ཡིད་ཆེས་གཏིང་ནས་བརླག་སོང་། ཁ་སང་བཤད་པ་དེ་དག་ནི་རྙིང་འགོད་རྙིང་བསྒྲགས་རེད་འདུག་པ་ལས། གསར་འགོད་གསལ་བསྒྲགས་གང་ཡང་མི་འདུག
ཀརྨ་བློ་གསལ་གྱིས་འདུལ་བ་ཁྲིད་ནས་གནམ་ལགས་ཀྱིས་ནམ་མཁའ་སྟོང་པའི་ནང་ལ་ལག་རྙོག་བྱས་ཀྱིན་དེའི་རྗེས་འཇུག་པ་ཁ་ཤས་ཐང་པོ་མེད་ནས་ཀུ་ཅོ་འདོན་བཞིན་ལ་ལུང་ཀུན་ལ་རྒྱུགས་བཞིན་གདའ། ཁོ་རེ་ཚོ་་་་་གཟིགས་དང་དེང་སང་བོད་པ་མང་པོ་སེམས་ཐང་པོ་མེད་པར་ཆགས་འདུག་གདའ།
ད་ནི་སྤེན་ཚེ་ལ་རྒྱབ་སྐྱོར་ཞུ་རྒྱུའི་རེ་བ་དེ་བརླག་སོང་།
ཚོགས་གཙོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་ཡོད།
ཡང་ན། བློ་སེང་ལགས་ལ་རྒྱབ་སྐྱོར་གྱིས། ཡང་ན། སྤེན་ཚེ་ལགས་ལ་རྒྱབ་སྐྱོར་གྱིས། དེ་མིན་པ་ཚོ། འདིར་འོངས་ནས། རང་མདོག་མ་སྟོན།།
ད་ལོ་ང་ནི་བློ་སེང་མཆོག་ལ། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། འདིས་སུ་ལ་ཕོགས་ན་ཡང་། སྡུག་གྱོང་གྱིས།
འོས་ཤོག་ནི་བོད་མི་རྩ་དོན་ལ་བསམ་མནོ་བཏང་སྟེ་བླུག ཆོས་པའི་མིང་ཁྱེར་མཁན་བླ་རྒན་དེ་ཚོའི་ཁ་ལ་གཏན་ནས་མ་བལྟ་རོགས། བོད་མིའི་འདུན་ལམ་ཕུང་ལ་སྦྱར་ངེས་རེད།
རྫུན་རྐུབ་རྡོལ་བའི་བདེན་གཏམ།
http://www.phayul.com/news/article.aspx?id=37260&article=Orissa+assault+incident+%e2%80%9cnot+election+related%e2%80%9d%3a+Settlement+Officer
བློ་གཟུ་བོར་གནས་ཏེ་དཔྱད་ན་སྤེན་ཚེ་ལགས་རང་ང་ཚོའི་སྲིད་སྐྱོང་རང་རེད་འདུག། སླར་ཡང་ངེས་པ་རྙེད་སོང་། ང་དང་ངའི་འོས་ཤོག་སྐུ་ཉིད་ལ་འབུལ། རང་འཚོལ་ཟེར་བ་སོགས་བྱུང་རྒྱལ་དུ་འབྲི་མཁན་འདི་ཚོས་བློ་སེང་གི་རྐང་པ་ནས་མར་འཐེན་མཁན་འདྲ་བོ་ཞེ་བོ་འདུག སྙིང་རྗེ། ཀརྨ་བློ་གསལ་ཟེར་བ་རང་བཙན་པ་ཡིན་མདོག་སྟོན་པ་ཙམ་ལས་རྒྱ་འདྲེ་དངོས་སུམ་རེད་གདའ། ཁ་ལབ་རེས་མི་བྱེད། དེ་ལ་ལྟོས་ན་ཏྲེ་བྱམས་ཟེར་བ་འདི་ང་རྒྱལ་ཆེ་ཙམ་མ་གཏོགས་ཁྱི་སྨྱོ་ཡང་བདག་པོ་ངོ་ཤེས་ཙམ་ཞིག་ཡིན་པ་ད་རེས་ཧ་གོ་སོང་། དེ་རིང་ནས་རྩོད་པ་མི་རྒྱག ད་ཚང་མ་བདེ་མོ་བྱོས།
སྤེན་ཚེའི་གཏམ་བཤད་དེ་དང་པོ་ཕྲ་ལ་དེའི་རྗེས་སྦོམ་དུ་སྦོམ་དུ་འགྲོ་ཞིང་མཐའ་མར་རིན་ཐང་ཆེ་བའི་སྟེང་དུ་བབས་ཀྱི་འདུག་ལ་དེའི་ཕྱི་ནང་གསང་གསུམ་ནས་ཁོང་གི་ཆབ་སྲིད་གོ་རྟོགས་དང་མི་རིགས་རིག་
གནས་ཀྱི་ཆུ་ཚད། དད་དམ་ལངས་ཕྱོགས་མི་གཞི་བབ་རླིང་། ལས་འཆར་ཟབ་ཚད་ལ་བརྒྱ་བརྩེ་སེམས། སོགས་བླ་ན་མེད་པའི་དཔལ་ཡོན་དག་མངོན་ཡོང་གི་འདུག། ངོ་མ་ཟམ་གདོང་རིན་པོ་ཆེས་མི་ཡག་པོ་གསོ་སྐྱོང་གནང་འདུག།
བློ་སེང་གི་གཏམ་བཤད་དེ་དང་པོ་ཅུང་ཙམ་ཡག་པོ་ནས་འགོ་བཙུགས་ནས་དེའི་རྗེས་སྐྱོ་རུ་སྐྱོ་རུ། ཁྱི་ཆུ་ལ་ལྷུང་བ་ནང་བཞིན་མཐའ་མ་དེ་གཏད་སོ་མེད་པ་ཞིག་ལ་བབས་འདུག། དེའི་ཕྱི་ནང་གསང་གསུམ་ནས། ཁོང་གི་སྒེར་སེམས་དང་རང་བཤད་ཆེ་ལ། ཆབ་སྲིད་དང་རིགས་གནས་གཉིས་ཀའི་གོ་རྟོགས་ཞན་པ་མ་ཟད། འཁྲབས་སྟོན་པའི་ལྷད་ཅིག་རང་བཞིན་གྱིས་མངོན་ཡོང་། དྲང་པོ་བཤད་ན། ཁྱེད་ཀྱིས་སྤེན་ཚེ་ལ་སློབ་སྦྱོང་བྱེད་དགོས་འདུག། ད་དུང་ཡག་པོ་རང་སྨིན་མི་འདུག། འོན་ཀྱང་ཁྱེད་ལ་དགེ་མཚན་གཉིས་རང་ཡོད་པ་དེ་སྤོབས་ཆེན་པོ་དང་། གདོང་པ་ཡིད་དུ་འོང་པ་ཞིག་འདུག།
སྤེན་ཚེའི་རྒྱབ་སྐྱོར་བ་མང་ཤོས་ལ་བྱས་གཏེ་འགའ་ཤས་ཀྱིས་རྒྱུད་བསྐུལ་ངན་པས་འོག་ཆོལ་གསུམ་དཀྲུག་ཤིང་གི་བྱ་ངན་སྤེལ་བཞིན་པར་དཔེར་ན་༼གངས་ཅན་གླེངས་སྟེགས༽ནང་ལྟོས་དང་གང་འདྲ་འདུག་གམ་གསལ་པོ་ཉན་ཡ་ཡོད། དེ་བཞིན་དྲ་བ་ནང་དུ་སྲིད་སྐྱོང་ལ་སྐྱོན་འཛུགས་བྱ་མཁན་མང་ཙམ་ཡོད་པ་ཚོས་མིང་དངོས་སུ་སྟོན་མི་ཕོད་པ་ནག་ཁུངས་ནས་ལྐོག་མདའ་འཕེན་བཞིན་པ་འདི་དང་དཔེར་ན་༼ཨ་ཁུ་འབྲོག་པ༽ཟེར་བ་འདི་འདྲ་རེད། བགྲོ་གླེང་དང་དཔྱད་ཞིབ་སུ་ཡིན་ན་ལོས་ཆོག་ཀྱང་བཤད་པའི་སྐད་ཅ་ལ་འགན་ཁུར་མི་ནུས་ནས་ནག་ཁུངས་ནང་གབ་ཀྱི་ཡོད། འདིས་དཀྲུག་ཤིང་བཟོ་བ་མཚོན་གྱི་ཡོད། ཚེས་ཉི་ཤུ་སྐབས་སུ་འོས་བསྡུ་ཚར་འགྲོ་བ་ཡིན་ཡང་དཀྲུག་གཏེ་འདི་ཚོ་ལ་དུས་རྒྱུན་དུ་གཟབ་དགོས་རྒྱུ་གལ་ཆེའོ།།
ཨ་ཁུ་འབྲོག་པ་ཞིང་ལས་ལ་མི་མཁས་ཀྱང་། འབྲོག་ལས་ལ་མཁས། ཨ་ཆེ་འབྲོག་མོ་ཚོང་ལས་ལ་མི་མཁས་ཀྱང། དཀར་ཆུ་ལ་མཁས། འབྲོག་ཕྲུག་རལ་བ་ཕྲུལ་ཕྲུལ་ཁ་མཆུ་ལ་མི་མཁས་ཀྱང་། འུར་རྡོ་འཕེན་པ་ལ་མཁས་པས་གཟབ་གཟབ་བྱོས་ཡ་ཏྲེ་ཧོར།
ཕྱོགས་ཞེན་པ་ཚོའི་བྱ་སྤྱོད་ཀྱིས་ང་ཚོར་ཐབས་རྡུགས་ཀྱི་བསམ་གཞིགས་བྱེད་དགོས་པའང་བཟོས་དང་བཟོ་བཞིན་ཡོད། རྩོམ་བྲིས་པ་གྲགས་ཅན་ཁང་གསར་རྡོ་རྗེས་རང་གི་ངོ་དེབ་སྟེང་ལ་གཤམ་གྱི་རྩོམ་འདི་འདྲ་ཞིག་སྤེལ་འདུག བསམ་བློ་གཏོང་དགོས་པ་ཞིག་རེད། འཇིགས་དངངས་སྐྱེ་དགོས་པ་ཞིག་ཀྱང་རེད། ཕྱོགས་ཞེན་ཁོ་ན་ལས་སྤྱི་དོན་ལ་མི་སེམས་པའི་རིགས་ཀྱི་བྱ་སྤྱོད་ནི་ཚོད་དཔག་བྱེད་དཀའ་བ་ཞིག་རེད། ཕྱོགས་ཞེན་པ་ཚོས་བསམ་གཞིགས་བྱེད་དགོས་པ་ཞིག་རེད།་
༼ཁང་གསར་རྡོ་རྗེའི་ངོ་དེབ་ནས་བཤུས་པའི་རྩོམ་ཡིག་གཤམ་གྱི་འདི་ཡིན༽
ལྷིང་འཇགས་ཀྱི་ཆེད་དུ་བློ་བཟང་སེང་གེ་ཡང་བསྐྱར་སྲིད་སྐྱོང་དུ་འདེམས་དགོས།
༡) བློ་བཟང་སེང་གེས་སྲིད་བསྐྱངས་པའི་ལོ་ལྔ་ལ་ཉེ་བའི་རིང་། གྲུབ་འབྲས་ཆེ་ཤོས་ལྷིང་འཇགས་བྱུང་བ་ཟེར་བ་དེ་རེད། དེ་ཁོང་གིས་གསུངས་པ་རེད། སྐད་ཆ་འདི་ལ་གོ་རྒྱུ་ཧ་ཅང་ཆེན་པོ་ཡོད། བཙན་བྱོལ་ནང་འདས་པའི་དུས་སུ། བཀའ་བློན་ཁྲི་པ་དང་སྲིད་སྐྱོང་མང་ཆེ་བ་ཁམས་པ་རེད། ཁམས་པ་མིན་པའི་བཀའ་ཁྲི་བཀྲས་མཐོང་བསྟན་རྣམ་དང་རྒྱ་ལོ་དོན་གྲུབ་སོགས་ཀྱི་སྐབས་སུ་རྙོག་གྲ་བཟོས་ཏེ། དཀའ་ངལ་འཕྲད་ཡོད། ད་རེས་ཀྱང་སྤེན་པ་ཚེ་རིང་སྲིད་སྐྱོང་དུ་སླེབས་ན། དཀའ་ངལ་བཟོ་ངེས་རེད། རྙོག་གྲ་བཟོ་ངེས་རེད། དེའི་ཆ་ནས་ལྷིང་འཇགས་ཀྱི་ཆེད་དུ་བློ་བཟང་སེང་གེ་ཡང་བསྐྱར་སྲིད་སྐྱོང་ལ་འདེམས་དགོས། ལྷིང་འཇགས་སུ་འཇོག་མ་འཇོག་གི་ཐེ་གུའི་སྣེ་དེ་ཁོང་གི་ལག་ལ་ཡོད་རེད།
༢) བློ་བཟང་སེང་གེས་བོད་རྒྱ་ཞི་མོལ་མ་བྱུང་བ་དེ། རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་ཕིང་ལ་དབང་ཆ་ཆ་ཚང་མ་བྱུང་བས་རེད། ཞིའི་ཅིང་ཕིང་སྐབས་གཉིས་པར་སྲིད་འཛིན་ལ་བདམས་དུས་དབང་ཆ་ཆ་ཚང་རག་གི་རེད། དེ་དུས་བོད་རྒྱ་ཞི་མོལ་ཡོང་གི་རེད་ཟེར་བ་དེ་ལ་གོ་རྒྱུ་ཆེན་པོ་ཡོད། བཙན་བྱོལ་ནང་ལའང་བློ་སེང་གིས་འདས་པའི་ལོ་བཞིའི་ནང་། རང་གི་གྲོགས་པོ་དང་། རང་གི་ཕ་ཡུལ་གཅིག་པ། རང་གི་བློ་མཐུན་པ་མང་བོ་ཞིག་བཙན་བྱོལ་གྱི་གོ་གནས་གནད་འགག་ཆེ་སར་བཞག་སྟེ་རང་དང་རང་གི་ཕྱོགས་གཏོགས་ཀྱི་དབང་ཆ་རྒྱ་སྐྱེད་བཏང་ཡོད། ཁོང་ཡང་བསྐྱར་སྲིད་སྐྱོང་དུ་བདམས་ན། དབང་ཆ་དེ་བས་ཀྱང་ཆེ་རུ་འགྲོ་ངེས་པ་རེད། དེའི་སྐབས་སུ་ཁོང་གིས་དབུ་མའི་ལམ་ལ་བཟོ་བཅོས་གནང་སྟེ། བོད་རྒྱ་ཞི་མོལ་གནང་ཐུབ་སྲིད་པ་རེད། དེའི་མངོན་རྟགས་ཁ་ཤས་ནི།
ཀ) ཁོང་གིས་བོད་ལ་དམངས་གཙོ་རྩོད་ཀྱིན་མེད་ཅེས་ཨ་རིར་གསལ་པོ་གསུངས་སོང་།
ཁ) དེ་བཞིན་ཧོང་ཀོང་དང་འདྲ་བར་བོད་ལ་དུས་ཡུན་རྒྱས་བཅད་ཀྱི་རང་སྐྱོང་བྱུང་ན་འགྲིག་ཅེས་ཨ་རིར་ཉན་ཞིབ་སྐབས་གསལ་པོ་གསུངས་སོང་།
ག) ད་དུང་ཏཱ་ལའི་བླ་མས་སྲིད་བསྐྱངས་ཕྱིན་བོད་ལ་དམངས་གཙོ་ཡོང་མི་སྲིད་ཅེས་ཁོང་གི་ཉམས་ཞིབ་རྩོམ་ཡིག་ནང་མཐའ་བསྡོམས་བཞག་སོང་བ་རྣམས་ལ་གཟིགས་ན་མཁྱེན་ཐུབ།
བློ་བཟང་སེང་གེས་གདེང་སྤོབས་ཆེན་པོས། ལོ་བཞི་ལྷག་གི་ནང་ངས་རྩིག་རྨང་བཏིངས་ཡོད། ཁང་པ་བརྒྱབ་ཆོག་ཆོག་ཡིན་ཞེས་བཤད་པ་དེར་མི་ཚོས་ད་དུང་ཡང་གོ་བ་ཡག་པོ་ཞིག་མ་ལོན་པར། རྩིག་རྨང་ནི་༸གོང་ས་མཆོག་དང་བོད་མི་གོང་མ་ཚོས་བཏིངས་ཚར་ཡོད་ཚུལ་བཤད་ནས་རྩོད་གླེང་བྱེད་བཞིན་ཡོད། ཡིན་རྒྱུ་བློ་བཟང་སེང་གེ་ལགས་ཀྱིས་གསུངས་པའི་རྩིག་རྨང་དེ་གང་ལ་ཟེར་མིན་མི་ཚོས་མ་རྟོགས་པ་རེད།
༣) ཉེ་དུས་དོལ་རྒྱལ་རྗེས་འབྲངས་པ་ཚོས་སྲིད་སྐྱོང་བློ་བཟང་སེང་གེས་དོལ་རྒྱལ་བའི་ཐོག་འཛིན་པའི་སྲིད་བྱུས་ལ་བསྔགས་བརྗོད་ཤུགས་ཆེ་བྱས་དང་བྱེད་བཞིན་འདུག ཁོང་ཚོས་བཤད་ན། སྲིད་སྐྱོང་བློ་བཟང་སེང་གེས་དེ་སྔོན་འགྲོ་བ་མིའི་ཐོབ་ཐང་ཐད་ཞིབ་འཇུག་གིས་རྩོམ་བྲིས་འདུག ཁོང་འགྲོ་བ་མིའི་ཐོབ་ཐང་ཤེས་མཁན་ཞིག་རེད་ཟེར་ལ། བློ་བཟང་སེང་གེས་ང་ཚོ་དོལ་རྒྱལ་བར་སྡུག་པོ་གཏང་རྒྱུ་དང་ཁ་གཏད་བཅར་རྒྱུར་འཚེར་སྣང་ཡོད་རེད། ཁོང་བསམ་བློ་གུ་ཡངས་རེད། སྤེན་པ་ཚེ་རིང་སླེབས་ན། ང་ཚོར་དམ་པོ་དང་ནན་པོ་བྱེད་ངེས་རེད་ཟེར། གནད་དོན་དེ་ལ་བསམས་ན། འདས་པའི་ལོ་བཞིའི་རིང་དོལ་རྒྱལ་རྗེས་འབྲང་བ་ཚོས་དམིགས་བསལ་གྱི་ཟང་ཟིང་མང་པོ་ཞིག་བྱས་སོང་བ་དེ་དང་། སྲིད་སྐྱོང་བློ་བཟང་སེང་གེའི་སྲིད་བྱུས་ལ་འབྲེལ་བ་ཡོད་པ་འདྲ། བློ་བཟང་སེང་གེ་རང་གིས་ཀྱང་། བོད་དེ་ཁ་ཆེའི་ལུང་བ་སི་ར་ཡ་དང་མཚུངས་པར་སྦྱར་ཅིང་། དེའི་རྒྱུ་མཚན་དུ། ཟང་ཟིང་བྱེད་མཁན་དོལ་ཚོགས་སོགས་ཡོད་ཚུལ་གསུངས་སོང་། དེ་ཚོར་བསམས་ཡོང་དུས་ང་ཚོས་བློ་བཟང་སེང་གེ་ངེས་པར་དུ་སྲིད་སྐྱོང་དུ་འདེམས་དགོས། དེ་མིན་ན། ཁོང་གིས་གསུངས་པའི་སི་ར་ཡའི་དྲག་ཟིང་དེ་ལངས་ཉེན་ཡོད་རེད།
Mr. Penpa Lak is more practical than Lonsang.
Lob is so political and ideal.
སྤེན་པ་ཚེ་རིང་ལགས་ལ། རྒྱབ་སྐྱོར་ཡོད།
དེ་རིང་ནས་སྲིད་སྐྱོང་འོས་མི་སུ་ལ་ཡང་། རྒྱབ་སྐྱོར་གྱི་ཡིད་ངག་མི་སྤེལ་ལོ།།
ད་སྤེན་ཚེ་ལགས། ཐོབ་ན་སྤེན་ཚེ་ལགས་ལ། གུས་རྩི་བྱ་རྒྱུ་དང་། བློ་སེང་ལགས་ཐོབ་ན། བློ་སེང་ལགས་ལ། གུས་རྩི་བྱ་རྒྱུ་ལས་ལྷག་མེད་པ་རེད་དོ།།
སྤེན་ཚེ་ ༢༠༡༦ གི་སྲིད་སྐྱོང་གཏན་འཁེལ་ཚར་འདུག
སྤེན་ཚེ་ལགས་ཀྱིས་འོས་བླུགས་པ་།
https://www.facebook.com/photo.php?fbid=221248851563050&set=a.170914706596465.1073741830.100010338101785&type=3&theater