སྤོབས་པ་མཐའ་ཡས།
ཉེ་ཆར་དྲ་རྒྱའི་སྟེང་ནས་ཤེས་པ་ལྟར་ན་ཕྱི་རྒྱལ་གྱི་ཚོང་ལས་ཚོགས་པ་ཞིག་གིས་སྟོན་པ་སངས་རྒྱས་ཀྱི་སྐུ་ཐང་དང་ཏཱ་ལའི་བླ་མའི་སྐུ་པར་སོགས་ཀྱིས་བརྒྱན་པའི་ལྷམ་བཟོས་ཡོད་པ་མཐོང་རྗེས་ཁྱི་རྒན་ཀུ་ཅོ་འདོན་པའི་དཔེ་བཞིན་རང་རེའི་ཁྲོད་ཀྱི་མང་པོ་ཞིག་ཁྲོས་ཏེ་ཟས་མིད་པར་མི་འགྲོ་བའི་ཚད་ཙམ་དུ་སླེབས་ཤིང་ཚོང་ལས་ཁང་དེ་ལ་དགོངས་དག་ཞུ་བཅུག་པ་ཐོས།
འཇིག་རྟེན་སྤྱི་ཡོངས་ཀྱི་དབང་དུ་བྱས་ན་ཚོང་ལས་ཁང་ཆེན་པོ་ཞིག་གིས་རང་རེའི་སྟོན་པ་དང་བླ་མ་ལ་དེ་ལྟ་བུའི་མཐོང་ཆེན་དང་དགའ་མོས་བྱས་ཏེ་ལྷམ་ཡན་ཆད་ཀྱི་སྟེང་དུ་བཀོད་པ་དེ་ནི་དགའ་བསུ་ཞུ་འོས་པ་ཞིག་ལས་ངོ་རྒོལ་བྱ་བའི་འོས་སུ་མ་གྱུར་མོད་ལུང་ཁུག་གི་གོམས་སྲོལ་ཉི་ཚེ་བ་ཙམ་གྱི་དབང་དུ་བྱས་ན་ཅི་ཆ་ཡོད། ཁྱེད་ཚོ་ངོ་རྒོལ་བྱེད་དགོས་ཟེར་མཁན་ཚོར་འདིར་ངས་དྲི་བ་གཉིས་འདོན། ཁྱེད་ཚོས་ངོ་རྒོལ་བྱ་དགོས་པའི་པའི་རྒྱུ་མཚན་དེ་ཆོས་ཀྱི་དབང་དུ་བྱས་པ་ཡིན་ནམ་སྲིད་ཀྱི་དབང་དུ་བྱས་པ་ཡིན། དང་པོ་ཆོས་ཀྱི་དབང་དུ་བྱས་ན་སྤྱིར་སངས་རྒྱས་པ་ཡོངས་དང་ལྷག་པར་དུ་ཐེག་པ་ཆེན་པོའི་ལུགས་ལ་བཟོད་སྒོམ་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་ཡོད་ན་དེས་ཆོག་དང་མེད་ན་དེས་ཕུང་གི་གཞི་རྩར་གྱུར་ཡོད་པ་ཁྱེད་ཚོས་མཁྱེན་ངེས། གལ་སྲིད་སྐུ་འདྲའི་རི་མོ་ལྷམ་གྱི་ངོས་སུ་བཀོད་པ་དེ་ཉེས་པ་ཞིག་ཡིན་དུ་ཆུག་ཀྱང་དེ་ལ་ཁྲོ་བས་ངོ་རྒོལ་བྱེད་པ་དེ་ཡང་ཉེས་པ་ཡིན། སྤྱིར་ཉན་ཐོས་ཀྱི་ཐེག་པ་ནས་བཟུང་སྟེ་བཟོད་པ་ནི་ཉམས་ལེན་གྱི་གཞི་རྩར་བཞག་སྟེ་ཁྲོ་བ་ལ་སླར་མི་ཁྲོ་བ་སོགས་དགེ་སྦྱོང་གི་ཆོས་བཞི་གསུངས་པ་དང་། ལྷག་པར་ཡང་ཐེག་ཆེན་ཚང་གི་ཡབ་ཆེན་རྒྱབ་སྲས་ཆེན་པོ་ཞི་བ་ལྷས་འདིའི་སྐོར་ལ་ལམ་སྟོན་གསལ་ཐག་ཆོད་ཅིག་གནང་ཡོད། དེ་ནི། ལ་ལ་རྨོངས་པས་ཉེས་པ་བྱེད༎ ལ་ལ་རྨོངས་ཏེ་ཁྲོས་གྱུར་ན༎ དེ་ལ་སྐྱོན་མེད་གང་གིས་བྱེད༎ སྐྱོན་དང་བཅས་ཏེ་གང་ཞིག་ཡིན༎ ཞེས་དང་། སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ༎ འཁྱལ་ཞིང་འཇིགས་པར་བྱེད་པ་ཡང༎ བདག་གིས་ཁྲོ་བར་མི་རིགས་ཏེ༎ སངས་རྒྱས་སོགས་ལ་གནོད་མི་མངའ༎ བླ་མ་གཉེན་ལ་སོགས་པ་དང་༎ བཤེས་ལ་གནོད་པ་བྱེད་རྣམ་ལའང་༎ སྔ་མའི་ཚུལ་གྱི་རྐྱེན་དག་ལས༎ འགྱུར་བར་མཐོང་ནས་ཁྲོ་བ་བཟློག ། ཞེས་གསུངས་པ་ལ་བསམ་བློ་ཞིག་ཐོངས་དང་གཞི་ནས་བསྟན་པ་འཇིག་མཁན་སུ་ཡིན་དང་སངས་རྒྱས་ལ་རྒྱབ་འགལ་བྱེད་མཁན་སུ་ཡིན་ངོ་འཕྲོད་ངེས། རྒྱལ་སྲས་ཆོས་རྫོང་པས། ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས༎ རྐྱེན་ངན་ཐོག་ཏུ་བབ་ཚེ་ཐ་མལ་པ༎ ཞེས་གསུངས་པ་བཞིན་གནད་དོན་འདི་འདྲ་ཞིག་གི་དུས་སུ་ང་ཚོས་སྤྱོད་འཇུག་ཁ་ཏོན་བྱས་པ་དེའི་ཚིག་དོན་དྲན་མ་ཐུབ་ན་ཁ་ན་རོགས་དང་མིད་པ་ཚ་རོགས་ཙམ་མ་རེད་དམ། དེ་ལས་ཀྱང་རྡོ་རྗེ་ཐེག་པའི་ལུགས་སུ་ནི་རྡོ་རྗེའི་ལུས་འདི་གདན་གསུམ་ལྷའི་དཀྱིལ་འཁོར་དུ་གཏན་ལ་འབེབས་པར་གསང་སྔགས་གསར་རྙིང་དགོངས་པ་མཐུན་པས་ལྷའི་དཀྱིལ་འཁོར་ལ་དབུ་ཞབས་ཀྱི་བཟང་ངན་དུ་ལྟ་བའི་ལུགས་ཤིག་གང་དུ་ཡང་མ་གསུངས། སྤྱིར་ན་མི་འདི་རིགས་ཀྱིས་སྔོན་གྱི་དྲང་སྲོང་རྣམས་ཀྱིས་བཟོད་པ་དང་གཞན་ཕན་གྱི་ལམ་བཟང་ལས་ལོགས་སུ་གོལ་དེ་ཆོས་ལུགས་ཀྱི་དར་ཆ་འཕྱར་ནས་འདི་དང་འདི་ལྟ་བུར་རྨོངས་ཞེན་བྱས། བཟེ་རེ་བྱས། བཙན་ཚུགས་བྱས། འཇིགས་སྐུལ་བྱས། ཐ་ན་མི་གཞན་གྱི་ཚོང་ལས་ཡན་ཆོད་ལ་གཏོར་བཤིག་གི་ལས་ཀ་ཤ་སྟག་བྱས་པའི་ཉེར་ལེན་ལས་དེང་དུས་སུ་ཆོས་ལུགས་ཟེར་དུས་མཛེ་ནད་ཅན་བཞིན་ན་གཞོན་ཤེས་ཡོན་ཅན་ཚོ་རྒྱང་ནས་བཀྱེད་འགྲོ་བའི་ཚད་དུ་བསྐྱལ་བ་རེད།
ཆབ་སྲིད་ཀྱི་དབང་དུ་བྱས་ན་གནད་དོན་འདི་འདྲས་བོད་དོན་དང་བོད་ཀྱི་རིག་གཞུང་ཁྱབ་བསྒྲགས་ཀྱི་རྒྱུར་འགྱུར་བ་དང་། གནད་དོན་འདི་འདྲས་ཀྱང་ང་ཚོའི་རིག་གནས་ལ་དགའ་ཞེན་དང་སྙན་གྲགས་ཡོད་པ་གསལ་སྟོན་བྱས་ཡོད་པས་དགའ་བའི་འོས་སུ་གྱུར་པ་ཞིག་རེད། ཕམ་ཁ་ནི་འདིས་སྲིད་འཛིན་བྷི་རག་ལགས་དང་དབྱིན་ཇིའི་སྲིད་བློན་སོགས་ཀྱི་འདྲ་རིས་ཡོད་པའི་ལྷམ་ཡང་བཟོས་ཡོད་ས་ནས་ང་ཚོ་ཁོ་ནས་སྡུག་ནད་མི་ཁྱོག་པའི་གནད་དོན་དེ་ཙམ་ག་ལ་ཡོད། སྤྱིར་ན་ལྷམ་གྱི་སྟེང་དུ་བཀོད་པ་དེ་མཚོན་དོན་སྡུག་པོ་ཞིག་གང་ཡང་མ་རེད། དོལ་རྒྱལ་ཚོགས་པས་རྒྱལ་བ་རིན་པོ་ཆེའི་སྐུ་རིས་སྐུ་ཆུང་དབུ་ཆེ་ཕྱག་ན་སྟ་རེ་བཟུང་ནས་ཙོང་ཁ་པ་ལ་རྒྱག་བཞིན་པ་བཟོ་དུས་ཁྱེད་ཚོ་ཐོས་རྒྱུ་མི་འདུག རྒྱ་ནག་ནས་ཕག་གི་ལུས་ལ་རྒྱལ་བ་རིན་པོ་ཆེའི་དབུ་སྦྱར་བ་བཟོས་དུས་ཁྱོད་ཚོ་འགུལ་རྒྱུ་མི་འདུག
སྤྱིར་ན་འཇིག་རྟེན་འདིའི་མི་ཞིག་དང་ལྷག་པར་ཡང་ཆོས་ལུགས་པ་ཞིག་ཡིན་ཕྱིན་བཟེ་རེ་དང་ཕྱོགས་ཞེན་ཆེ་བ་ལས་སྡུག་ཅིག་མི་འདུག བྷིན་ལ་ཊིན་ཁོང་ཚོས་ཀྱང་ཆོས་ལུགས་ཀྱི་མིང་ཐོག་ནས་བཟེ་རེ་དང་ཕྱོགས་ཞེན་དང་ངོ་རྒོལ་བྱེད་རྒྱུ་མང་དྲགས་ནས་ཐ་མ་ཁོང་ཚོ་ལ་འཛམ་བུ་གླིང་པས་ལྟ་སྟངས་ག་འདྲ་ཡོད་པ་ཞིག་ཏུ་གྱུར་སོང་བ་ང་ཚོས་ཤེས་གསལ་རེད། བྷིན་ལ་ཊིན་ཁོང་ཚོར་ཡོད་པའི་མི་ཤུགས་རྒྱུ་ཤུགས་དེའི་བརྒྱ་ཆའི་ཆ་ཤས་ཙམ་ཡང་ང་ཚོར་མེད་བཞིན་ད་དུང་དགྲ་མང་པོ་བཟོས་ནས་ཅི་བྱེད། རང་རེ་ལ་མཚོན་ན་རུམ་ན་ཅི་ཡོད་ལག་པས་མི་ཤེས་ས་མེད་པས་རང་གི་ཁ་སྟབས་ལ་དཔག་པའི་ཉམ་ཆུང་ཚུལ་ལྡན་གྱིས་འགྲོ་ལུགས་སྡོད་ལུགས་ཅིག་ཀྱང་ཤེས་དགོས་པ་གལ་ཆེ། དགོས་མི་དགོས་ས་ཚང་མར་ངའི་སྟོན་པ་དང་ངའི་བླ་མ་ཟེར་ནས་བཟེ་རེ་བྱ་རྒྱུ་མང་དྲགས་ན་ཉིན་གཅིག་རང་རེའི་གྲོགས་པོ་དང་སྦྱིན་བདག་བཀའ་དྲིན་ཅན་ཚང་མ་བྱ་ཁྱུ་འུར་རྡོས་དཀྲོགས་པ་བཞིན་འགྲོ་ཉེན་ཡོད་དོ༎
སྤྱོད་འཇུག་ལས། དཔེར་ན་ཁྱིམ་ཚིག་གྱུར་པའི་མེ༎ཁྱིམ་གཞན་ཞིག་ཏུ་སོང་ནས་ནི༎ རྩྭ་སོགས་གང་ལ་མཆེད་བྱེད་པ༎དེ་ནི་ཕྱུངས་ཏེ་དོར་བར་རིགས༎ དེ་བཞིན་གང་ལ་སེམས་ཆགས་ནས༎ཞེ་སྡང་མེ་ནི་མཆེད་གྱུར་པ༎ བསོད་ནམས་འཚིག་པར་དོག་པ་ཡིས༎དེ་ནི་དེ་ཡི་མོད་ལ་དོར༎ ཅེས་པ་འདི་ཡང་ཆོས་ཀྱི་གྲོགས་པོ་འགའ་ལ་དྲན་སྐུལ་ཙམ་དུ་ཕུལ་བའོ༎
སྤོབས་པ་མཐའ་ཡས་ལགས།
སངས་རྒྱས་ཤ་ཀྱ་ཐུབ་པར་བརྙས་བཅོས་བྱས་ན། དེར་ཁ་གཏད་འཇལ་མཁན་རྒྱ་གར་གཞུང་དང་རྒྱ་གར་མི་དམངས་ཡོད་རེད། ད་དུང་སངས་རྒྱས་ཁོ་རང་འཁྲུངས་ཡུལ་ལུམ་སྦི་ནི་ཡིན་པའི་དབང་གིས་བལ་པོའི་གཞུང་གིས་ཀྱང་དེ་ལ་ཁ་གཏད་འཇལ་སྲིད། རྒྱུ་མཚན་ནི་ཁོང་རྒྱ་གར་བ་ཡིན་པའི་དབང་གི་རྒྱ་གར་བ་ཚོའི་ལས་འགན་རེད།
འུ་ཅག་གི་ལས་འགན་གཙོ་བོ་འདི། རང་གི་ཕ་ཡུལ་གཞན་གྱིས་འཕྲོག་པ་དེར་འཇུས་གཏོགས་བྱས་ན་མི་ལེགས་སམ།
མ་གཞི་ནས་ངེད་ཚོའི་ཕ་ཡུལ་རྒྱ་མིས་འཕྲོག ཁྱིམ་གཞིས་ཚང་མ་རྒྱ་ཡིས་བདག་གིར་འཛིན། མི་དམངས་ཚང་མ་བྲན་ལྟར་གཡོག་ཏུ་བཀོལ་བ་དེར་ཁྱེད་བསམ་ཚུལ་གང་ཡོད། དེ་གསུངས་རོགས་གནང་། དེ་ཁྱེད་ཀྱི་ལས་འགན་ཡང་རེད།
གཞན་སངས་རྒྱས་ཀྱི་སྐོར་ལ་ང་ཚོར་འཇུས་གཏོགས་མེད།
མ་གཞི་མགོ་སེར་དེ་ཚོ་ཡེ་ཤུ་སྟོན་པ་ལ་ནང་པའི་སྟོན་པ་ལས་དད་པ་ཆེ། ཡེ་ཤུ་ལ་དད་པ་བྱེད་མཁན་ནང་པ་དད་པ་བྱེད་མཁན་ལས་མང་། ཡིན་ན་ཡང་ཡེ་ཤུ་སྟོན་པ་ལྷམ་སྟེང་དུ་འགོད་ཀྱི་མ་རེད། ནང་པའི་སྟོན་པ་ལྷམ་ངོས་སུ་འགོད་ཀྱི་ཡོད་པ་རེད། དེ་བས་ན་འཛམ་གླིང་སྤྱིའི་ཆོས་ལུགས་ལ་བརྩི་འཇོག་བྱེད་སྟངས་ཀྱི་ཆ་ནས་བཤད་ན། ང་ཚོའི་སྟོན་པ་ཡང་ཆོས་ལུགས་གཞན་པའི་སྟོན་པ་ལྟར་འདྲ་མཉམ་གྱི་བལྟ་ཚུན་འཛིན་དགོས། ང་ཚོའི་ཆོས་ལུགས་ཀྱང་ཆོས་ལུགས་གཞན་པ་ལྟར་འདྲ་མཉམ་གྱི་བརྩི་སྲུང་བྱེད་དགོས་ཅེས་ངོ་རྒོལ་བྱེད་བཞིན་པ་འདི་ནི་འཇིག་རྟེན་མི་སྡེའི་སྤྱི་ཚོགས་འདིའི་ནང་དུ་འདྲ་མཉམ་དང་ཡ་རབས་ཀྱི་རྩོད་པ་ཞིག་རེད་དྲན།
་་་སྟོན་པ་སངས་རྒྱས་ཀྱི་སྐུ་ ཐང་དང་ཏཱ་ལའི་བླ་མའི་སྐུ་པར་སོགས་ཀྱིས་བརྒྱན་པའི་ལྷམ་བཟོས་ཡོད་པ་མཐོང་རྗེས་ ཁྱི་རྒན་ཀུ་ཅོ་འདོན་་་་་་་། །་་་་
་་་་་ཆོས་ལུགས་ཟེར་དུས་མཛེ་ནད་ ཅན་བཞིན་ན་གཞོན་ཤེས་ཡོན་ཅན་ཚོ་རྒྱང་ནས་བཀྱེད་འགྲོ་བའི་ཚད་དུ་བསྐྱལ་བ་རེད།
་་་་་་་་བཞིན་གནད་དོན་འདི་འདྲ་ ཞིག་གི་དུས་སུ་ང་ཚོས་སྤྱོད་འཇུག་ཁ་ཏོན་བྱས་པ་དེའི་ཚིག་དོན་དྲན་མ་ཐུབ་ན་ཁ་ན་ རོགས་དང་མིད་པ་ཚ་རོགས་ཙམ་མ་རེད་དམ། ་་་་་་་།
་་་་་ཆབ་སྲིད་ཀྱི་དབང་དུ་བྱས་ ན་གནད་དོན་འདི་འདྲས་བོད་དོན་དང་བོད་ཀྱི་རིག་གཞུང་ཁྱབ་བསྒྲགས་ཀྱི་རྒྱུར་ འགྱུར་བ་དང་། ་་་་་
སྤྱིར་ན་འཇིག་རྟེན་འདིའི་ མི་ཞིག་དང་ལྷག་པར་ཡང་ཆོས་ལུགས་པ་ཞིག་ཡིན་ཕྱིན་བཟེ་རེ་དང་ཕྱོགས་ཞེན་ཆེ་བ་ལས་ སྡུག་ཅིག་མི་འདུག ་་་་་
་་་་། དགོས་མི་དགོས་ས་ཚང་མར་ ངའི་སྟོན་པ་དང་ངའི་བླ་མ་ཟེར་ནས་བཟེ་རེ་བྱ་རྒྱུ་མང་དྲགས་ན་ཉིན་གཅིག་རང་རེའི་ གྲོགས་པོ་དང་སྦྱིན་བདག་བཀའ་དྲིན་ཅན་ཚང་མ་བྱ་ཁྱུ་འུར་རྡོས་དཀྲོགས་པ་བཞིན་ འགྲོ་ཉེན་ཡོད་དོ༎
་་་་།
་་་་། ཅེས་པ་འདི་ཡང་ཆོས་ཀྱི་ གྲོགས་པོ་འགའ་ལ་དྲན་སྐུལ་ཙམ་དུ་ཕུལ་བའོ༎
ངོ་རྒོལ་བྱས་ན་བསྟན་པ་ལ་ཕན་ཆེའམ། བཟོད་སེམས་བྱས་ན་བསྟན་པ་ལ་ཕན་ཆེ། འདི་གཉིས་ཀྱིས་ནི་ཁྱད་པར་ལྟོས།
དེ་མིན་ཨ་རིའི་སྲིད་འཛིན་སོགས་དཔེར་བཀོད་ན་མི་འདྲ། ཨ་རིའི་སྲིད་འཛིན་ནི་མི་སུ་གཅིག་གི་དད་པའི་ཡུལ་ཅང་མ་རེད། སྟོན་པ་ཤཀྱྰ་ཐུབ་པ་ནི་སྟོན་པ་ཡེ་ཤུ་མ་ཤི་ཀ་དང་། སྟོན་པ་མོ་ཧ་མོ་ཏི་ལྟར་འཛམ་གླིང་གི་མི་སྡེ་མང་པོ་ཞིག་གི་དད་པའི་ཡུལ་རེད། དེ་བས་ན་དེ་དག་དང་བསྡུར་ནས་བཤད་དགོས་པ་རེད། དེ་དག་དང་འདྲ་མཉམ་ཐོག་ནས་བཤད་དགོས་པ་རེད།
ཡིན་ན་ཡང་ཁོང་ཚོས་དགོངས་དག་ཞུ་བ་ཙམ་མ་ཟད། ཚོང་རྫས་དེ་དག་འགྲེམ་རྒྱུ་མིན་ཟེར་ན་ཡང་། ད་དུང་ངོ་རྒོལ་བྱས་ན་མི་ཧྲ་གི་ཡ།
སངས་རྒྱས་ཀྱི་སྐུ་འདྲ་དང་་་༧་གོང་ས་མཆོག་གི་སྐུ་པར་བཅས་ལྷམ་གོག་བཟོས་ཆས་བྱས་ན་ཆབ་སྲིད་ཅིག་ལ་བསམ་བློ་གཏོང་ཐབས་མི་འདུག་སྤོབས་པ་ལགས་
ད་དུང་འཛམ་གླིང་མི་སེར་ཁ་ཅིག་གིས་ངོ་རྒོལ་ཚབ་ཆེན་བྱེད་སྐབས་མི་དེའི་འདྲ་པར་སྟེང་དུ་ལྷམ་གོག་སྦྱར་བ་དང་། ཨ་རིའི་སྲིད་འཛིན་ལ་ལྷམ་གོག་གིས་གཞུས་པའི་ལོ་རྒྱུས་ལ་བསམ་ན། སྤྱིར་ལྷམ་གོག་ནི་ཚང་མའི་བྱ་བ་ངན་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ལོས་ཡོད།
དེ་དང་དེ་འདྲ་བ་རྣམས་རང་རེའི་སྤྱི་ཚོགས་ནང་ཁྱབས་སྤེལ་དང་སྣང་མེད་གཏོང་ན་འབྱུང་འགྱུར་རང་ཅག་གི་སྐྱབས་ཡུལ་རྣམས་ཀྱང་གང་འདྲ་འགྱུར་འགྲོ་བར་ཤེས་སམ།
དེ་ཙམ་ཡིན་
ད་ཨ་ལགས་གུང་ཐང་ཚང་གིས་གསུངས་པའི་སྒྲུང་ཞིག་དྲན་སོང་། མི་ཞིག་ལམ་དུ་འགྲོ་བཞིན་པའི་སྐབས། སངས་རྒྱས་ཀྱི་སྐུ་འདྲ་ཞིག་ཆར་གྱི་ནང་ཡོད་པ་མཐོང་ཞིང་། དེ་ལ་ཐབས་ཤེས་ཤིག་བཙལ་ཡང་གཞན་བྱེད་རྒྱུ་མ་རྙེད་པར། ལྷམ་འཚང་ཞིག་རྙེད་པ་དབུ་ཐོག་ཏུ་བཞག་ནས་ཕྱིན་པ་རེད་ཟེར།
དེ་ནས་ལམ་འགྲོ་བ་གཞན་ཞིག་ཡོང་བར། སྟོན་པའི་དབུ་ཐོག་ལ་ལྷམ་འཚང་ཞིག་བཞག་པ་མཐོང་ནས་དེ་མར་བླངས་ནས་ཕྱིན་པ་རེད་ཟེར། དེ་གཉིས་ཀྱི་ཀུན་སློང་འཁྱེར་སྟངས་གཅིག་པ་དང། ལས་བྱེད་སྟངས་གཅིག་པ་ཡིན་པས་དགེ་རྩ་ཡང་གཅིག་པ་རེད་ཟེར།
ཚོང་སྡེ་དང་དེ་ལ་ངོ་རྒོལ་བྱེད་མཁན་གཉིས་ཀྱིས་དགེ་བའི་བྱ་བ་རླབས་པོ་ཆེ་རེ་བསགས་འདུག ཤི་དུས་སུ་མདའ་འཕངས་པ་བཞིན་དག་ཞིང་མ་གཏོགས་བསམ་དགོས་གི་མ་རེད།
སྤོབས་པ་ལགས། ཁྱེད་ཀྱི་འཆན་འདི་ཐུང་ཙམ་བཀློགས་པ་ཙམ་ནས་མི་ཁྱེད་ཅི་འདྲ་ཞིག་ཡིན་མིན་ཤེས་ཚོར་བྱུང་། ཁྱེད་ལ་དེ་འདྲའི་བྱང་ཆུབ་ཀྱི་སེམས་ལྡན་ཡོད་ན། ད་ཚོད་ཐར་ལམ་ཐོབ་ཚོད་རེད། བྱས་ན་རྒྱ་དམར་པོས་རང་ས་བཟུང་བ་དང་། རང་རིགས་ལ་མནར་གཅོད་དང་རྡུང་བརྡེགས་སོགས་བྱེད་པ་ལ་ཁྱེད་རང་བྱང་ཆུབ་སེམས་སྒོམ་ཁུལ་གྱིས་རྒྱང་བལྟ་བྱས་ནས་བསྡད་ན་ཕན་ངོ་ཞིག་ཨེ་ཡོད། འདི་ནི་ཆོས་ལུགས་དང་ཆབ་སྲིད་ཀྱི་གནས་ཚུལ་གང་ཡང་མིན་ཚོད། དེ་ནི་རང་གི་རང་དབང་རང་སྲུང་བྱས་པ་ཞིག་ཡིན།
སྤོབས་པ་མཐའ་ཡས་ལགས། ནང་པ་སངས་རྒྱས་པ་ཞིག་ཡིན་ན་བཟོད་པའི་ཉམས་ལེན་གཙོ་བོ་ཆེ་བ་ཀུན་མཁྱེན་ཡོད་པ་རེད། ཡིན་ནའང་སྟོན་པ་སངས་རྒྱས་ཀྱི་སྐུ་བརྙན་ལྷམ་ལ་སྦྱར་བ་འདི་ལ་བཟོད་པ་བསྒོམས་ན། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གནས་མིན་བཟོད་པ་དམད་པའི་གནས། །ཞེས་གསུངས་པ་བཞིན་དེ་ལ་བཟོད་པ་བསྒོམ་པ་ནི་གནས་མ་ཡིན་པ་དང། ནོར་བ་ཆེན་པོ་རེད། རྒྱུ་མཚན་སྟོན་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་སྲིད་ཞིའི་ཕན་བདེའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་སུ་གྱུར་ཡོད། གང་ཟག་གང་ཡང་རུང་བ་ཞིག་གམ་ཚོགས་པ་གང་རུང་ཞིག་གི་ཁེ་སྤོག་གི་ཆེད། སྐྱེ་དགུ་ཡོད་དོ་ཅོག་གི་ཕན་བདེའི་རྩ་བ་དེ་མེད་པར་གྱུར་ན་ཤིན་ཏུ་མི་རུང་བའི་ཕྱིར་རོ། ནང་པ་སངས་རྒྱས་པའི་ཆོས་གཞུང་དག་ན། སྐྱེ་དགུ་རྣམས་ཀྱི་ཕན་བདེ་བརླགས་པའི་སྐྱེ་བོ་མ་རུང་བ་ཡོད་ན་བདག་མེད་ལྟ་བ་རྟོགས་པའི་སྐྱེ་བུ་དེས། རྒྱུ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་བསྒྲལ་ཡང་ཉེས་པ་མེད་པར་མ་ཟད་། རང་ལ་དེ་འདྲའི་གང་ཟག་མ་རུང་བ་དེ་བསྒྲོལ་བའི་ནུས་པ་ཡོད་བཞིན་མ་བསྒྲལ་ན་སྔགས་ཀྱི་སྐབས་སུ་རྩ་ལྟུང་དུ་འགྱུར་བར་ཡང་གསུངས་ཡོད། འདི་ནས་ཁྱེད་པ་དྲི་བ་ཐུང་ངུ་འདྲི་འདོད། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདོང་ཐུང་ཅན་བསད་པའི་རྒྱུ་མཚན་གང་ལ་ཐུག་པ་རེད་ལགས།
སྤྱི་དོན་ཞིག་ལ་ཐུག་པའི་དུས། །
བཟོད་པ་བཟོད་པ་བརྗོད་ན་ཡང་། །
སྒེར་ལ་བབས་དུས་ཉག་མ་གང། །
གྱོང་མ་ཁུར་རྣམས་ཞེ་རེ་ཁྲེལ། །
བཟོད་པ་སྒོམ་བཞིན་གཞན་གྱི་ངན་སྤྱོད་ལ་ངོ་རྒོལ་བྱེད་དགོས།
དེ་རིང་ཡང་སྤོབས་པ་མཐའ་ཡས་ཀྱི་བཤད་སྟངས་ལས་སྤོབས་པ་མེད་པའི་སྡར་སྐད་ཤོར་འདུག
གཞན་གྱི་བྱ་སྤྱོད་ངན་པ་ཐམས་ཅད་བཟང་སྤྱོད་དུ་རློམ་ནས་སྡུག་སྒུར་བྱེད་ཐུབ་ན་ད་གཟོད་ཆོས་པར་འགྱུར་སྙམ་ན་ཡོངས་སུ་ནོར་བ་རེད། བཟོད་པ་སྒོམ་པ་དང་གཞན་གྱི་ངན་སྤྱོད་འགོག་པ་གཉིས་འགལ་བ་ཡིན་པ་སྤྱོད་འཇུག་ལས་གཏན་ནས་གསུངས་མེད་པར་མ་ཟད། རྒྱལ་སྲས་ཞི་བ་ལྷ་རང་ཉིད་ཀྱིས་གཞན་གྱི་ངན་སྤྱོད་ལ་ངོ་རྒོལ་ཞི་དྲག་མང་པོ་མཛད་ཡོད་པ་ངོ་མཚར་གཏམ་བདུན་གྱི་རང་རྣམ་ལ་བལྟས་པས་ཤེས་ཐུབ།
དེང་སང་བོད་མི་ཚོས་ནང་ཆོས་ལ་སློབ་སྦྱོང་མ་བྱས་པའི་རྐྱེན་གྱིས། ནང་ཆོས་ཧ་མི་གོ་མཁན་ཤིན་ཏུ་མང་ལ་ནང་ཆོས་གོ་ལོག་ཐེབས་མཁན་ཡང་ཤིན་ཏུ་མང་། ཀྱེ་མ་་བོད་མི་ཚོ་ལ་ནང་ཆོས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་རེ་བསྐྲུན་ཐུབ་ན་ཅི་མ་རུང་།
ངོ་ཚ་དང་ཁྲེལ་མེད་ཀྱིས་ནང་པ་སྤྱི་ཡོངས་ཀྱི་ཆོས་དང་རིག་གཞུང་ལ་སྨ་འབེབས་བྱེད་མཁན་གྱི་zazzleབཟོ་ཚོང་ལས་ཁུངས་དེ་ལ་ང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ནི། ད་ལྟའི་འཛམ་གླིང་ནང་པ་ཡོངས་ཀྱི་འོས་འགན་རེད་ལ་་བོད་ཀྱི་རིག་གཞུང་གི་ཐད་ནས་བསམ་ན། བོད་རིགས་ཚོ་ལས་འགུལ་འདིའི་རིགས་ལ་ལྷག་པར་ཞུགས་འོས་པ་ཞིག་རེད།
གཞན་གྱི་སྤྱོད་ངན་ལ་ཞི་བའི་ངོ་རྒོལ་བྱེད་རྒྱུ་ནི་རྨོངས་དད་རང་བཞིན་མ་རེད་ལ་རྗེས་ལུས་ཀྱི་རང་བཞིན་དེ་བས་མ་རེད།
དེས་ན་བོད་རིགས་སྐྱ་སེར་ཚང་མས་ངན་རྒོལ་བཟང་སྐྱོབ་ཀྱི་་ལས་འགུལ་འདི་ལ་རྒྱབ་སྐྱོར་ཆེན་པོར་བྱེད་དགོས།
བཟོད་པ་སྒོམ་བཞིན་གཞན་གྱི་ངན་སྤྱོད་ལ་ངོ་རྒོལ་བྱེད་དགོས།
གཞན་གྱི་བྱ་སྤྱོད་ངན་པ་ཐམས་ཅད་བཟང་སྤྱོད་དུ་རློམ་ནས་སྡུག་སྒུར་བྱེད་ཐུབ་ན་ད་གཟོད་ཆོས་པར་འགྱུར་སྙམ་ན་ཡོངས་སུ་ནོར་བ་རེད། བཟོད་པ་སྒོམ་པ་དང་གཞན་གྱི་ངན་སྤྱོད་འགོག་པ་གཉིས་འགལ་བ་ཡིན་པ་སྤྱོད་འཇུག་ལས་གཏན་ནས་གསུངས་མེད་པར་མ་ཟད། རྒྱལ་སྲས་ཞི་བ་ལྷ་རང་ཉིད་ཀྱིས་གཞན་གྱི་ངན་སྤྱོད་ལ་ངོ་རྒོལ་ཞི་དྲག་མང་པོ་མཛད་ཡོད་པ་ངོ་མཚར་གཏམ་བདུན་གྱི་རང་རྣམ་ལ་བལྟས་པས་ཤེས་ཐུབ།
དེང་སང་བོད་མི་ཚོས་ནང་ཆོས་ལ་སློབ་སྦྱོང་མ་བྱས་པའི་རྐྱེན་གྱིས། ནང་ཆོས་ཧ་མི་གོ་མཁན་ཤིན་ཏུ་མང་ལ་ནང་ཆོས་གོ་ལོག་ཐེབས་མཁན་ཡང་ཤིན་ཏུ་མང་། ཀྱེ་མ་་བོད་མི་ཚོ་ལ་ནང་ཆོས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་རེ་བསྐྲུན་ཐུབ་ན་ཅི་མ་རུང་།
ངོ་ཚ་དང་ཁྲེལ་མེད་ཀྱིས་ནང་པ་སྤྱི་ཡོངས་ཀྱི་ཆོས་དང་རིག་གཞུང་ལ་སྨ་འབེབས་བྱེད་མཁན་གྱི་zazzleབཟོ་ཚོང་ལས་ཁུངས་དེ་ལ་ང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ནི། ད་ལྟའི་འཛམ་གླིང་ནང་པ་ཡོངས་ཀྱི་འོས་འགན་རེད་ལ་་བོད་ཀྱི་རིག་གཞུང་གི་ཐད་ནས་བསམ་ན། བོད་རིགས་ཚོ་ལས་འགུལ་འདིའི་རིགས་ལ་ལྷག་པར་ཞུགས་འོས་པ་ཞིག་རེད།
གཞན་གྱི་སྤྱོད་ངན་ལ་ཞི་བའི་ངོ་རྒོལ་བྱེད་རྒྱུ་ནི་རྨོངས་དད་རང་བཞིན་མ་རེད་ལ་རྗེས་ལུས་ཀྱི་རང་བཞིན་དེ་བས་མ་རེད།
དེས་ན་བོད་རིགས་སྐྱ་སེར་ཚང་མས་ངན་རྒོལ་བཟང་སྐྱོབ་ཀྱི་་ལས་འགུལ་འདི་ལ་རྒྱབ་སྐྱོར་ཆེན་པོར་བྱེད་དགོས།
བཟོད་པ་སྒོམ་བཞིན་གཞན་གྱི་ངན་སྤྱོད་ལ་ངོ་རྒོལ་བྱེད་དགོས།
གནོད་པ་བྱེད་པ་ལ་ཁོང་མ་ཁྲོ།
གནོད་པ་བྱེད་པ་ལ་ཁོང་ཁྲོ་ན།
བཟོད་པ་བྱ་བ་སུ་ལ་སྒོམ།
ཐོག་མར་གཞོན་ནུ་ཟླ་མེད་ལགས་ལ་ལན་འདེབས་ཞུ་རྒྱུ་ཡིན། ཡེ་ཤུ་སྟོན་པའི་སྐུ་རིས་ལྷམ་ལ་སྦྱར་འདུག ཁྱེད་རང་གིས་གྷོའུ་གྷལ་དྲ་བའི་བཅལ་འཚོལ་སྒེའུ་ཁུང་ལ་jesus christ on shoesཟེར་བ་ཞིག་གཏགས་ནས་ཚོད་ལྟ་གྱིས་དང་ཡེ་ཤུ་སྟོན་པའི་སྐུ་རིས་ཡོད་པའི་ལྷམ་རིགས་མང་པོ་མཐོང་རྒྱུ་འདུག ད་སྐབས་ཁྱེད་ཚོས་གཤེ་བཞིན་པའི་ཚོང་ལས་ཁང་དེས་ཀྱང་ཡེ་ཤུའི་སྟོན་པའི་སྐུ་རིས་ཡོད་པའི་ལྷམ་མང་པོ་བཟོས་འདུག་ཅེས་ཞུ་རྒྱུ་ཡིན།
སྡེ་དགེ་འཇིགས་མེད་ཡེ་རྡོར་དང་རིག་བཟང་ཟེར་བ་སོགས་ལ་ཞུ་རྒྱུར། ངས་འདིར་བཟོད་པ་སྒོམ་དགོས་ཞེས་བཤད་དུས་མང་པོ་ཞིག་གིས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེར་སྦྱར་ནས་བཤད་ཡོང་གིན་འདུག དེ་དང་འདི་གཏན་ནས་མི་འདྲ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེས་བོད་མི་ས་ཡ་དྲུག་ཙམ་མ་ཟད་རྒྱ་མི་དུང་ཕྱུར་མང་པོ་ལ་ཡང་དཀའ་ངལ་ལས་ཕན་པ་མེད་པའི་ནོར་འཁྲུལ་ཞིག་ཡིན་སྟབས་ང་ཚོས་མིའི་བདེ་སྡུག་དང་འབྲེལ་བའི་གནད་དོན་ཞིག་རྩོད་ཀྱིན་ཡོད། སྟོན་པ་ལྷམ་གྱི་སྟེང་དུ་སྦྱར་བ་དེས་སེམས་ཅན་གཅིག་གི་བ་སྤུའི་ཁུང་བུ་ཙམ་ལ་ཡང་མི་གནོད་པས་དེ་གཉིས་ག་ལ་འདྲ། སྤྱིར་ན་མི་སྣ་སྐད་གྲགས་ཅན་སོགས་གྱོན་ཆས་ཀྱི་སྟེང་དུ་སྦྱར་བ་དེ་དེང་རབས་ཀྱི་དར་སྲོལ་ཞིག་ཡིན་པ་ལས་འདི་བརྙས་བཅོས་སོགས་གང་ཡང་མ་རེད། གལ་སྲིད་ཡིན་ན་ཡང་འདི་ལ་ངོ་རྒོལ་བྱས་ནས་ཅི་ཕན། སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ༎ འཁྱལ་ཞིང་འཇིགས་པར་བྱེད་པ་ཡང༎ བདག་གིས་ཁྲོ་བར་མི་རིགས་ཏེ༎ སངས་རྒྱས་སོགས་ལ་གནོད་མི་མངའ༎ བླ་མ་གཉེན་ལ་སོགས་པ་དང་༎ བཤེས་ལ་གནོད་པ་བྱེད་རྣམ་ལའང་༎ སྔ་མའི་ཚུལ་གྱི་རྐྱེན་དག་ལས༎ འགྱུར་བར་མཐོང་ནས་ཁྲོ་བ་བཟློག །ཞེས་སྤྱོད་འཇུག་ལས་འདིའི་ཐད་ལ་ལམ་སྟོན་གསལ་ཐག་ཆོད་ཅིག་གནང་ཡོད།
སྟོན་པ་ཡེ་ཤུའི་སྐུ་རིས་ཡོད་པའི་ལྷམ་ཞིག་ལ་འགྲེལ་བཤད་འདི་ལྟར་བརྒྱབ་འདུག With Christ guiding you, you can never go in the wrong direction! Endure to the end, and all His promises will be waiting for you, but never forget who you are along the path. You are a child of God! ངས་ཡིག་སྒྱུར་ཡག་པོ་མི་ཤེས་མོད་དོན་བསྒྱུར་བྱས་ན་འདི་འདྲ་ཞིག་རེད་སྙམ།
སྟོན་པ་ཡེ་ཤུ་བ་ཡི་ལམ་སྟོན་ལ་འགྲོགས་དང་ཁྱེད་རང་ནམ་ཡང་ལམ་ལོག་པར་འཕྱན་པར་མི་འགྱུར་རོ༎ བཟོད་སྒོམ་མཐའ་རུ་སྐྱོལ་དང་། སྟོན་པ་ཡེ་ཤུ་ཡི་ཐུགས་བསྐྱེད་ཞལ་བཞེས་ཀྱིས་ཁྱེད་རང་བསྒུགས་ནས་ཡོད་དོ༎ཡིན་ན་ཡང་ཁྱེད་རང་སུ་ཡིན་དུས་རྟག་ཏུ་བརྗེད་མི་རུང་། ཁྱེད་རང་ནི་ལྷ་ཡི་གཅེས་ཕྲུག་གོ །
དྲ་གྲོགས་ཚོ། ག་འྡར་ཡག་པོ་མི་འདུག་གམ།
༡ སྟོན་པའི་འདྲ་ཐང་དང་། ནང་པའི་ལྷ་གཟུགས་དང་རྒྱལ་བ་རིན་པོ་ཆེའི་འདྲ་རིས་སོགས་རྐང་བའི་ལྷམ་ངོས་ལ་སྦྱར་ན་དེ་ལ་ལགས་སོ་ཞུ་དཀའ་འོ།
དེ་གང་ཞེ་ན། དེས་ངའི་དད་པ་བྱེད་སྟངས་དང་ངའི་རིན་ཐང་ལྟ་ཚུལ། ངའི་སེམས་ཁམས་ཀྱི་བདེ་ཐང་སོགས་ལ་ཧ་ཅང་གནོད་པས་སོ། ང་ལ་རང་གི་ཆོས་ལུགས་དད་མོས་དང་དད་པ་བྱེད་སྟངས་སོགས་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཡོད་དོ། ཁྱོད་ལ་དེ་རྣམས་རྡོག་རོལ་གཏོང་བའི་ཁྲིམས་མཐུན་གྱི་དབང་ཚད་དང་ཐོབ་ཐང་མེད་དོ།
༢
ཡི་ཤུ་མ་ཤི་ཀའི་འདྲ་ཐང་ལྷམ་ལ་སྦྱར་ཡོད་པ་དཔེ་དྲངས་ནས་་སྟོན་པའི་ལྷ་སྐུ་དང་གཟུངས་སྔགས་ཡིག་དྲུག བདག་གི་རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོའི་འདྲ་རིས་སོགས་་ང་དང་ངའི་མི་རིགས་ཀྱིས་ཧ་ཅང་བཙོག་པ་དང་དམན་པར་བརྩི་པའི་རྐང་བའི་ལྷམ་ངོས་ལ་སྦྱར་བའི་ངའི་སེམས་ནང་གི་མི་བདེ་བ་དང་། སྡུག་བསྔལ། དངངས་སྐྲག་སོགས་སངས་བར་མི་འགྱར་རོ།
༣ དོན་རྐྱེན་འདི་ངའི་སྟོན་པ་དང་ངའི་གཟུངས་སྔགས་ཡི་གེ་དྲུག་མ། ངའི་བླ་ན་མེད་པའི་བླ་མ་སོགས་ལ་གནོད་པར་འགྱུར་དོགས་ཤིག་མིན་པར། ཁྱོད་ཀྱིས་ངའི་རིན་ཐང་ལྷ་ཚུལ་དང་། ངའི་ཡིད་ཆེས་བྱེད་སྟངས། ངའི་ཚེམས་ཚོར་སོགས་ཆེ་མཐོང་། ཉན་འཇོག རིན་ཐང་མ་སྤྲད་པ་ཞིག་ལགས། ང་ཧ་ཅང་ཁྲོའོ།
དྲྭ་གྲོགས་རྣམ་པ་མང་པོས་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་པར་དང་དེ་བཞིན་མ་ནི་ཡིག་དྲུག་སོགས་ལྷ་སྟེང་དུ་བཀོད་པ་དེར་ཡིད་མ་བདེ་ནས་འགའ་ཞིག་གིས་ད་ནི་ངོ་རྒོལ་བྱེད་དགོས་དེ་དག་ཐལ་བའི་རྡུལ་དུ་རློག་དགོས་དེ་དག་བཅོམ་དགོས་ཟེར་བ་དང། འགའ་ཞིག་གིས་ང་ཚོས་བཟོད་སྒོམ་བྱེད་དགོས་ཟེར།
གང་ལྟར་ང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་སངས་རྒྱས་ཀྱི་སྐུ་པར་ལྷ་སྟེང་དུ་བཀོད་པར་ང་ཚོས་ངོ་རྒོལ་གྱིས་དེ་དག་ཐལ་བ་རྡུལ་དུ་རློག་དགོས་པ་ཡང་མ་ཡིན་ལ། བཟོད་སྒོམ་བྱས་ཏེ་དག་སྣང་སྒོམ་དགོས་པ་ཡང་མ་ཡིན། འོ་ན་གང་བྱེད་དགོས་ན་ང་ཚོ་༸གོང་ས༸་མཆོག་གིས་བསླབ་བྱས་ཟིན་པའི་ནང་པ་བ་ཞིག་ཡིན་པའི་ཆ་ནས་གོང་གི་བསམ་ཚུལ་དེ་དག་ལས་ཟློག་སྟེ་ང་ཚོས་ཞི་བའི་སྒོ་ནས་འབོད་བསྐུལ་ཞུ་དགོས་པ་ལས་ནང་པའི་བསླབ་བྱ་ཚད་མེད་ཞི་བའི་ལྟ་བ་ལས་མ་འགོང་བ་ཞིག་དགོས་གལ་ཆེ་བས་ཀུན་གྱི་ཐུགས་ལྷོད་པོ་གནང་རོགས།
ཞེ་སྡང་གི་སེམས་ནི་སངས་རྒྱས་ཀྱི་སྤང་བྱ་རུ་གསུངས་བས་འདིར་ཡང་དེ་ལྟར་རོ།
ངོ་ཐོག་བཤད་ན་ནང་པ་སངས་རྒྱས་པ་ཡིན་མཁན་གྱིས་ཀྱང་དེ་ལྟར་བྱས་ཡོད།
དཔེར་ན། གྷུ་རུ་རིན་པོ་ཆེ་དང་དེ་བཞིན་ནང་པའི་ཆོས་ལུགས་ཕན་ཚུན་དབར་སྡང་ཞེན་དབང་གིས་སངས་རྒྱས་ཀྱི་སྐུ་པར་དང་བཀའ་རྒྱུད་གསུང་རབ་སོགས་སྐས་རིམ་གྱི་འགོ་ཏུ་བཅུག་པ་དང་དེ་བཞིན་མེ་ཆུ་རླུང་ལ་བཏང་བ་ཡང་མི་ཉུང་བ་ཞིག་ཡོད་པས་འདིར་བཤད་དགོས་ན་ཕྱི་རོལ་པའི་ངོ་གདོང་ལ་ངོ་ཚ་དགོས་པའི་གནས་ཚུལ་ཀྱང་ཤིན་ཏུ་མང་ངོ།
གལ་ཏེ་བཟོ་ཚོང་དེ་དག་གིས་ང་ཚོར་འདི་ལྟར་ཁྱབ་འགྲིག་འཕེན་ན་ང་ཚོས་ལན་ཇི་ལྟར་འདེབས་དགོས་སམ།
བསམ་མནོ་ཞིབ་མོ་གཏོང་རན་འདུག
ངས་འདི་ལྟར་སེམས་ཏེ་ངོ་རྒོལ་གྱིས་ཐལ་པར་རློག་དགོས་ཀྱང་བཤད་ཀྱི་མེད་ལ།
བཟོད་སྒོམ་གྱིས་དག་སྣང་སྒོམ་ཚུལ་ཀྱང་བཤད་ཀྱི་མེད།
འོ་ན་གང་བཤད་ཀྱི་ཡོད་ན་ང་ཚོར་བཟོ་ཚོང་བདག་པོར་འབོད་བསྐུལ་ཞུ་རྒྱུ་ལས་དེ་དག་ལ་ངོ་རྒོལ་གྱི་ཚོགས་པ་བཙུགས་ཏེ་ལས་འགུལ་གྱི་བྱ་བྱེད་མང་ན་བྱེད་་རྐང་ཆག་པའི་ཉན་ཁ་འདུག་གོ།
ང་འབྲོང་རྒོད་དར་མས་དར་གཏམ་བཤད་པ་མིན་ཅིང་འབྲོང་གཡག་རྒོད་པོས་རྒོད་གཏམ་བཤད་པ་ཡང་མིན།
རིགས་རྒྱུད་བཟང་པོས་གཤིས་རྒྱུད་བཟང་པའི་བསླབ་བྱ་ཡིན་ནོ།
ལྷ་ཞེས་པ་སོགས་སུ་ལྷམ་ཞེས་བཅོས་རོགས།
ཉན་ཁ་ཞེས་པ་ཉེན་ཁ་ཞེས་པར་བཅོས་རོགས།
སྤོབས་པ་མཐའ་ལགས་ཀྱིས་སྤྱོད་འཇུག་བཟོད་པའི་ལིའུ་མ་མཇལ་བ་ཡིན་ནམ། ཡང་ན། ཁོང་ལ་ཡི་ཤུའི་ཆོས་སྤེལ་གྱི་ཕྱག་ལས་ཡོད་པ་ཡིན་ནམ། ནང་ཞེན་ཆེ་དྲགས་ནས་བྲིས་ཐལ་ཤོར་སོང་དགོངས་དག
སངས་རྒྱས་གཉིས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་གསུངས། དེས་ན་ང་རང་གིས་ངོས་ནས་ཡིན་ན་ཚོང་པ་དེ་ལ་ངོ་རྒོལ་ཡང་མི་བྱེད་ལ། བཟོད་པ་ཡང་མི་བསྒོམས། འོ་ན་གང་བྱེད་སྙམ་ན་ངས་ནི་ལྷམ་གོག་དེ་ང་ལ་ཐོབ་སོང་བ་ཡིན་ན་དེ་མཆོད་སྟེགས་སུ་བཞག་ནས་མཆོད་པ་ལ་བརྩོན་པར་བྱའོ། །
སྤོབས་པ་མཐའ་ཡས་ལགས་ཀྱིས་ཡིན་མདོག་བྱས་ནས་བཟོད་པ་བསྒོམ་དགོས་ཚུལ་གསུངས་སོང་། ཡིན་ན་ཡང་རྒྱ་ནག་ལ་ནི་བཟོད་པ་མི་བསྒོམ་ཟེར། རྒྱ་ནག་ལ་ཁྲོ་བ་དེ་ནང་པ་སངས་རྒྱས་པ་དང་མཐུན་པ་ཡིན་ནམ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པས་བོད་མི་ས་ཡ་དྲུག་སོགས་ལ་གནོད་པས་ཁྲོ་རིགས་ན་ལྷམ་གོ་སྟེང་དུ་སངས་རྒྱས་ཀྱི་སྐུ་བརྙན་སྦྱར་བ་དེས་ཀྱང་བོད་མི་མང་དག་ཅིག་ལ་གནོད་པ་ཡོད་ངེས་རེད། དེས་ན་ཁྲོ་རིགས་པར་འགྱུར་རོ།
བགྲོ་གླེང་བྱེད་པར་ཕན་ཚུན་གོ་བརྡ་འཕྲོད་དགོས། ང་ཚོས་སྟོན་པའི་སྐུ་བརྙན་ལྷམ་སྐྲད་བྱས་པ་ཡིན་ན་སྟོན་པ་གནོད་པའི་རྒྱུ་མཚན་གྱི་བཟོ་གྲྭར་ངོ་རྒོལ་སྤེལ་བ་རྩ་བ་ནས་ཡིན་གྱི་མ་རེད། སྤོབས་པ་ལགས། དགོངས་པ་བཞེས་དང་། ཁྱོད་ཀྱི་འཕོར་པའི་ནང་གཞན་གྱིས་གཅོག་གཅིན་བཏང་ན་ཁྱོད་ལ་གནོད་དམ་ཁྱེད་ཀྱི་འཕོར་པར་གནོད། དེ་ལ་ཡང་ཁྱེད་ཀྱི་བཟོད་པ་སྒོམ་ཐུབ་པ་ཡིན་ཁྱེད་ནི་རྟོགས་ལྡན་ཞིག་ལགས་པས་དྲྭ་ཐོག་འདི་ནས་དབེན་པར་བཤེགས་ན་ལེགས། བཟོ་གྲྭ་དེའི་ལས་ཀྱི་བྱེད་པོས་ཀུན་སློང་ལ་མེད་ཀྱང་དོན་དངོས་ང་ཚོའི་གོམས་གཤིས་དང་དད་མོས་སྲོལ་རྒྱུན་ཡིད་ཆེས་བཅས་ལ་དམའ་འབེབས་དང་། ང་ཚོ་ཙམ་མ་ཟད་ང་ཚོའི་ཕ་མེས་ཡང་མེས་ཐབས་ཅད་ལ་དམའ་འབེབས་བྱས་པ་གྱུར་བས་ང་ཚོའི་སེམས་ལ་གནོད་ཀྱི་འདུག གཞན་སུ་གང་ལའང་མི་གནོད་ཞེས་པའི་རྒྱུ་མཚན་གང་ཡིན།
ཆོས་པ་འདི་ཁ་གསོན་པོ་ཡོད། ཡིན་པ་མིན་པ་དང་མིན་པ་ཡིན་པ་བཟོ་གི་རེད། སྟོན་པའི་པར་རིས་ཀྱིས་ལྷམ་བཟོ་ཆོག་པའི་གནས་ལུགས་ཀྱང་ཆ་ཚང་བཤད་རྒྱུ་ཡོད་པ་རེད། ཡང་ལྡོག་ཕྱོགས་ནས་སྟོན་པའི་པར་རིས་ལྷམ་མགོ་གཏན་ནས་བཟོ་མི་ཆོག་པའི་ལུགས་ཀྱང་ཆ་ཚང་བཤད་རྒྱུ་ཡོད་པ་རེད། དོན་གྱིས་ཆོས་པ་འདི་ཚོ་ཁ་མཆུ་བརྒྱག་མཁས་པ་ཙམ་གཞན་ཕན་ཐོགས་གང་ཡང་མི་འདུག འདི་ཚོས་རི་བོང་ལ་རྭ་འདོམ་པ་བཅོ་བརྒྱད་འདུག་ཟེར་ནས་རྩོད་པ་བརྒྱག་གི་འདུག ཡང་རི་བོང་ལ་རྭ་སོར་གང་ཡང་ཡོད་པ་མ་རེད་ཟེར་ནས་རྩོད་ཀི་རེད། འདི་ཚོའི་ཁ་ལ་ཉན་མི་ཚེ་འཕྲོ་བརླག་རང་རེད། མདོར་དེད་ན་ཁ་བདེ་བོ་དེ་སྤྱད་ནས་གང་སར་ཁ་མཆུ་ཁོ་ན་བརྒྱག་མཁན་འདི་རིགས་དོན་གྱིས་ལྷམ་འོག་ལ་སྦྱར་དགོས་པ་རང་རེད་འདུག སྔར་ལོ་་བོད་མི་མང་གྲོགས་ཚོགས་གཏོར་ཚར་རྗེས་ད་དུང་གྲྭ་འདྲ་བོ་འདྲེ་མགོ་ཁ་བདེ་དེ་ཚོས་དེ་དམངས་གཙོ་ཡིན་ལུགས་དང་འགྲི་ཡོད་ཟེར་ནས་ཁས་ལེན་མི་བྱེད་པ་དང་ཕྱོགས་མཚུངས་རེད།
འདི་ཚོས་མི་བསད་ན་འོས་པའི་རྒྱུ་མཚན་བགྲང་གི་རེད། ཕ་དང་མ་ཡང་བསད་བྱ་ཡིན་པའི་གནས་ལུགས་བཤད་ཀི་རེད། འདི་ཚོར་གནས་ལུགས་དང་ཁ་ཕྱོགས་གང་ཡང་མི་འདུག
གོང་དུ་བོད་མི་རྣམས་ལ་བསམ་ཚུལ་མི་མཐུན་པ་གཉིས་བྱུང་ཞིང་མང་པོ་ཞིག་གིས་གུ་ཡང་དང་བཟོད་སྲན། བསམ་ཤེས་དང་རྣམ་དཔྱོད་ཀྱི་སྒོ་ནས་དགའ་སུ་ཞུ་བཞིན་འདུག་ལ། ཁག་ཅིག་གིས་གནས་ལུགས་ཀྱིས་སྒོ་ནས་ཞི་བའི་ངོ་རྒོལ་བྱེད་དགོས་བའི་འདོད་འདུན་འཛིན་མཁན་ཡོད་པ་བཅས་ཕྱོགས་ཁག་གཉིས་སུ་གྱེར་བ་ནི་དགའ་དགོས་བ་ཞིག་རེད། རྒྱུ་མཚན་ནི་མི་ཡོངས་རྫོགས་ལ་ལྟ་ཕྱོགས་གཅིག་པ་དང་ལངས་ཕྱོགས་གཅིག་པ་འོང་མི་སྲིད་ལ་དེ་ལ་ཡོང་བ་རྩོད་པ་རྒྱག་རྒྱུ་ནི་ཡིད་ཐང་ཆད། དེ་རིང་གི་བསམ་ཚུལ་སང་ཉིན་བརྗེ་ཞིང་ཁ་སང་གི་ལོག་རྟོགས་དེ་རིང་མཚན་མ་རྟོགས་པའི་འགྲོ་བ་མིའི་སེམས་ཀྱི་ཁྱེར་སོ་ལ་ངེས་བརྟེན་མེད་པས་ཕན་ཚུན་བསམ་ཤེས་ཀྱི་ལམ་ནས་གུས་བཀུར་བྱེད་རྒྱུ་གལ་ཆེ་ལ། དྲ་གྲོགས་མང་པོ་ཞིག་གིས་གནད་དོན་དེ་སྔ་ས་ནས་རྟོགས་ཟིན་པ་མཆན་ལས་རྟོགས། གང་ལྟར་ད་ལྟར་ང་ཆོའི་བོད་ཀྱི་སྤྱི་ཚོགས་ནི་ལོ་ངོ་བཅུའི་གོང་དང་མི་འདྲ་བར་ཕན་ཚུན་བསམ་ཤེས་དང་གཞན་གྱི་འདོད་འདུན་ལ་གུས་ཞབས་བྱེད་མཁན་གྱི་གཞོན་སྐྱེས་མི་ཉུང་བ་ཞིག་འབྱུང་དང་འབྱུང་བཞིན་ཡོད་པ་ནི་དགའ་དགོས་བའི་གནས་སུ་འཁུམས། དེས་མ་འོངས་བར་བོད་ལ་ཆེས་ཕུལ་ཏུ་བྱུང་ཞིང་མཚན་དཔལ་རིག་གསུལ་ལ་ཡང་རྩེ་སོན་པའི་མི་སྣ་མང་པོ་ཞིག་སྐྱེས་སྲིང་བྱེད་པའི་རྒྱུ་རུ་འགྱུར་སྔ་ལྟས་ཡིན་པས་བོད་ལ་མཚོན་ན་ཆེས་གལ་ཆེ་བའི་དོན་བཟང་ཞིག་ཏུ་འདོད། ལོ་བཅུ་འམ་ཉི་ཤུ་གོང་ད་ལྟ་དྲ་གྲོགས་རེ་ཟུང་གིས་གསུངས་བའི་འབྲི་དོན་བོད་མི་རྣམས་ཀྱིས་བཤད་པ་ལྟ་ཞོག་བསམ་ནའང་ལྟ་ལོག་ཟེར་ནས་གནས་ས་མེད་ལ། བདེན་དོན་འཛིན་རྒྱུ་གཅིག་པུ་ནི་སངས་རྒྱས་དང་རང་ཉིད་མོས་སུའི་བླ་སྤྲུལ་གྱི་གསུངས་ལས་འཇིག་རྟེན་གྱི་མཁས་བ་སུ་ཞིག་ལ་ཡིད་ཆེས་མེད་བའི་མུན་ནག་གི་ལྟ་སྟངས་དེ་འཇུག་སྒྲིལ་ལ་དེ་ཉེ་འདུག