གཞུང་པ་ཚེ་དབང་བསོད་ནམས།
མངའ་དབང་ཡོད་པའི་རྒྱལ་ཁབ། ༼ Sovereignty Power ༽ ཡོད་པའི་ལུང་པའི་རྩ་ཁྲིམས། ༼ Constitution ༽ ལ་བསྐྱར་བཅོས་གནང་རྒྱུ་དེ་ཧ་ཅང་གི་དཀའ་ཚེགས་ཆེ་ལ་གཟི་བརྗིད་ཆེ་་བའི་གྲོས་ཚོགས་འཐུས་མིའི་ལས་འགན་ཆེ་ཤོས་དེ་བརྩི་བཞིན་པ་ནི་རྩ་ཁྲིམས་ནི་རྒྱལ་ཁབ་དང་མི་མང་གི་བླ་གནས་ས་དེ་ཡིན་པ་ནས་ཕྲུ་གུའི་རྩེད་ཆས་ནང་བཞིན་རང་སྣང་གང་དྲན་བྱས་ནས་གྲོས་ཚོགས་འཐུས་མིའི་རང་འཚམ་བསྐྱར་བཅོས་བྱ་རྒྱུ་ཞིག་མིན་པ་དང་། གཞི་རིམ་མི་མང་གི་བསམ་ཚུལ་དང་མངོན་འདོད་གཞི་ལ་བཞག་ནས་རྩ་ཁྲིམས་ལ་བསྐྱར་བཅོས་གནང་རྒྱུའི་དོན་ཚན་ཁག་བསྐྱར་བཅོས་མ་གནང་སྔོན་ཁྲིམས་ལུགས་རིག་པའི་ཆེད་ལས་མི་སྣ། ༼ Legal Expert ༽ ལ་ལམ་སྟོན་ཞུས་ནས་གཞི་ནས་གྲོས་ཚོགས་ལས་རིམ་ནང་བསྐྱར་བཅོས་གྲོས་འཆར་ཁྱེར་ནས་གྲོས་ཚོགས་འཐུས་མི་ཚང་མས་ཉིན་གྲངས་མང་པོར་སྦྱངས་བཤད་དང་བགྲོ་གླེང་མཐར་ཕྱིན་པ་གནང་ནས་སྤྱི་མོས་སམ། ༼Majority ༽ ཡང་ན་ མང་མོོས། ༼ Simple Majority ༽ གང་རུང་བརྒྱུད་ནས་བསྐྱར་བཅོས་འགྲོ་དགོས་པ་དང་། དེ་འདྲའི་བསྐྱར་བཅོས་ཕྱིན་པའི་དོན་ཚན་ལ་སྲིད་འཛིན་ནས་ཉིན་གྲངས་བཅུ་བཞིའི་ནང་ཆོག་མཆན་ཐོབ་དགོས་པ་དང་། སྲིད་འཛིན་ནས་ཆོག་མཆན་མ་ཐོབ་པའི་དུས་ཡུན་ནང་ཁྲིམས་འཆར། ༼ Bill ༽ གྱི་ངོ་བོར་ལྷག་པ་ནས་ཁྲིམས་ཡིག ༼ Act ༽ ཆགས་མི་ཐུབ་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་གལ་ཆེ་བའི་གནས་དོན་གང་ཡང་མེད་པ་ནས་ཁྲིམས་བཟོ་གྲོས་ཚོགས་ཀྱི་འཐུས་མི་༼ Member of Parliament. MP ༽ དང་། འཛིན་སྐྱོང་གཞུང་འཛིན་ཚོགས་པ། ༼ Ruling Party . Cabinet ༽ དང་། ཁ་གཏད་ཕྱོགས་འགལ་ཚོགས་པ། ༼ Opposition Party ༽ དང་། གཞུང་འབྲེལ་ཚོགས་པ་ ༼ GO ༽ དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། ༼ NGO ༽ དང་། ཡུལ་མི་མང་ཚོགས་ ༼ People
༽ བཅས་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ཡིད་ཆེས་དང་། བློ་གཏད། བརྩི་བཀུར། ཉམས་ལེན་ཞུས་ནས་རྩ་ཁྲིམས་དང་མ་འགལ་བའི་ཐོག་ནས་སོ་སོའི་ལས་འགན་སྒྲུབ་དགོས་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནས་བཀུར་བའི་ལས་འགན་ཁག་མ་འགྲུབ་པའི་ཉིན་མོ་དེ་ནས་སོ་སོའི་ལས་འགན་ཁག་བཟང་སྤྱོད། ༼ Moral Responsibility ༽ ཐོག་ནས་ལས་འགན་ནས་རང་བཞིན་དགོང་པ་ཞུ་དགོས་པ་དང་། ང་ཚོའི་གནས་ཡུལ་རྒྱ་གར་གྱི་རྩ་ཁྲིམས་དེ་སྤྱི་ལོ་ ༡༩༤༩ སྤྱི་ཟླ་ ༡༡ གི་ཚེས་ ༢༦ ཉིན་རྩ་ཁྲིམས་དོན་ཚན་ ༤༤༨ ཅན་གཏན་འབེབས་གནང་ནས་རྩ་ཁྲིམས་ཀྱི་ནུས་པ་དེ་སྤྱི་ལོ་ ༡༩༥༠ སྤྱི་ཟླ་ ༡ པོའི་ཚེས་ ༢༦ ༼ 26th January Republic Day 1950 ༽ ཉིན་དངོས་སུ་ཐོན་ནས་ལག་ལྟར་བྱས་པའི་བརྒྱུད་རིམ་ནས་ད་ལྟ་བར་ལོ་ ༧༣ ནང་རྩ་ཁྲིམས་དོན་ཚན་ ༤༤༨ ལ་བསྐྱར་བཅོས་གྲངས་ ༡༠༦/ ལས་ཕྱིན་མེད་པདང་། ང་ཚོའི་བཅའ་ཁྲིམས་ཀྱི་ནུས་པ་དེ་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་དངོས་སུ་ནུས་པ་ཐོན་ནས་ལག་ལྟར་བྱས་པའི་བརྒྱུད་རིམ་ནས་ད་ལྟ་བར་ལོ་གསུམ་བཅུ་ལྷག་ཙམ་ནང་དོན་ཚན་ ༡༡༥ ཡོད་པའི་བཅའ་ཁྲིམས་ལ་བསྐྱར་བཅོས་ཐེངས་ ༣༥ ཙམ་གནང་འདུག་པ་འདི་དག་ལ་བསམ་ཞིབ་བྱ་སྐབས་མ་འོངས་ལོ་དྲུག་བཅུ་འགྲོ་བའི་སྐབས་བཅའ་ཁྲིམས་ཀྱིས་དོན་ཚན་ཨ་མའི་ཚིག་གཞི་དང་བསྐྱར་བཅོས་སོང་བའི་ཚིག་བརྗོད་གསར་པ་གཉིས་གྱོན་གོས་ནང་བཞིན་ཨ་གང་ཡིན་དང་ལྷན་པ་གང་ཡིན་ངོས་མ་ཟིན་པའི་དུས་ཚོད་མི་ཤར་བའི་ངེས་པ་མི་འདུག་ན་སྤྱི་འཐུས་ཁྲིམས་བཟོ་གྲོས་ཚོགས་ཀྱིས་འཐུས་མི་རྣམས་ནས་བཅའ་ཁྲིམས་བསྐྱར་བཅོས་ཐོག་དགོངས་པ་གཏིང་ཟབ་ཙམ་བཞེས་མ་ཐུབ་ཚེ་ང་ཚོའི་བཅའ་ཁྲིམས་དེ་བསམ་མེད་བྱིས་པའི་རྩེད་ཆས་འདྲ་བོ་མི་ཆགས་པའི་ངེས་པ་མེད་པ་ནས་ཁྲིམས་བཟོའི་ཐུགས་འགན་ཐོག་འགན་འཁུར་ཆེ་ཙམ་བཞེས་དགོས་པའི་འབོདབསྐུལ་ཡང་ཞུ་འདོད་བྱུང་།