༄༅།།ཁྱེད་ཀྱི་ལུས་ཁམས་བདེ་ཐང་ཡིན་ནམ།
གཤམ་གྱི་དྲི་ཚིག་སོ་གསུམ་ལས་དུས་རྒྱུན་དེ་ལྟ་བུ་ཡིན་འདོད་པ་རྣམས་ལ་རྟགས√འདི་དང༌། ལན་རེར་དེ་ལྟ་བུ་ཡིན་འདོད་པ་རྣམས་ལ་རྟགས△འདི། རྩ་བ་ནས་དེ་ལྟ་བུ་མིན་འདོད་པ་རྣམས་ལ་རྟགས×འདི་རྒྱོབ།
༡༽དུས་རྒྱུན་དུ་རྒྱུ་མཚན་མེད་པར་སེམས་འཚུབ་པ་དང་གར་འགྲོ་འདིར་འདུག་མེད་པ།﹙﹚
༢༽ཉལ་ན་གཉིད་མི་ཁུགས་པ་དང་གཉིད་ལང་སྟེག་པ།﹙﹚
༣༽རྒྱུན་དུ་རྨི་ལམ་འཁྲུག་པ་དང་འཇིགས་སྐྲག་སྐྱེས་པ། ནངས་མོ་སད་ཚེ་ངལ་དུབ་ཆེ་བ་དང་ལུས་སྟོབས་ཉམས་ཤིང་སེམས་བློང་བློང་བོར་གྱུར་པ།﹙﹚
༤༽ནམ་རྒྱུན་དུས་ཚོད༡ནས་༢ལ་གཉིད་རྗེས་གློ་བུར་དུ་སད་པ་དང་སད་རྗེས་གཉིད་མི་ཁུགས་པ།﹙﹚
༥༽སློབ་སྦྱོང་གི་གནོན་ཤུགས་ཀྱིས་སློབ་སྦྱོང་ལ་སུན་སྣང་སྐྱེས་པ།﹙﹚
༦༽དཔེ་ཆར་ལྟ་བ་དང་ཚགས་པར་ལ་ལྟ་བ། ཐ་ན་སློབ་ཁྲིད་ཀྱི་སྐབས་སུའང་བློ་རྩེ་གཅིག་སྒྲིམ་བྱ་མི་ཐུབ་པར་མ་ཟད། རང་ཉིད་ཀྱིས་དོན་དམ་དུ་ཅི་ཞིག་བསམ་བཞིན་ཡོད་པའང་མི་ཤེས་པ།﹙﹚
༧༽བསམ་ཐོག་ཏུ་མི་འོང་བའི་དོན་དག་དང་ཕྲད་ཚེ་དུས་ཡུན་ཅུང་རིང་བོ་ཞིག་ལ་ཁ་རོག་གེར་འདུག་པ།﹙﹚
༨༽བསམ་ཐོག་ཏུ་མི་འོང་བའི་བྱ་བ་དང་ཕྲད་ཚེ་དོན་མེད་དུ་ཁོང་ཁྲོ་ལང་བ།﹙﹚
༩༽མཚམས་ལན་རེར་དོན་དག་ཆུང་ཆུང་ཞིག་ཡིན་རུང་དེ་སེམས་ལ་བཟུང་ནས་ཉིན་མཚན་མེད་པར་བསམ་བློ་གཏོང་བ།﹙﹚
༡༠༽དངོས་ཡོད་འཚོ་བའི་ཁྲོད་རང་ཉིད་ལ་སྤྲོ་སྣང་སྐྱེ་བའི་དོན་དག་ཅིག་མེད་བསམས་ནས་དོན་མེད་དུ་སེམས་སྡུག་བྱེད་པ།﹙﹚
༡༡༽དགེ་རྒན་གྱིས་དཔེ་ཁྲིད་བྱེད་དུས་ནམ་ཡང་འཆད་བྱའི་དོན་མི་གོ་བ་དང༌། མཚམས་ལན་རེར་གོ་སླ་ཡང་བརྗེད་ཀྱང་སླ་བ།﹙﹚
༡༢༽དོན་དག་དང་ཕྲད་ཚེ་སོམ་ཉིས་བཅངས་ཏེ་ཐག་གིས་མི་ཆོད་པ།﹙﹚
༡༣༽དུས་རྒྱུན་དུ་བྱ་བ་ཕྲན་ཚེགས་ཤིག་གི་ཆེད་དུ་གཞན་དང་འཁོན་འཛིང་བྱས་ཏེ། ཕྱིས་སུ་བློ་འགྱོད་སྐྱེ་བ།﹙﹚
༡༤༽དུས་རྒྱུན་རང་ཉིད་ཀྱི་བྱས་ལས་ལ་འགྱོད་པས་ཁེངས་ཏེ་ནོངས་སེམས་སྐྱེ་བ།﹙﹚
༡༥༽རྒྱུགས་སྤྲོད་སྐབས་གྲ་སྒྲིག་བྱས་ཡོད་རུང་རང་སེམས་གཅུན་མི་ཐུབ་པར་འཚུབ་ཆ་ལང་བ།﹙﹚
༡༦༽བར་ཆད་རེ་བྱུང་ཚེ་སེམས་ཕམ་སྟེ་ཡིད་སྐྱོ་བར་འགྱུར་བ།﹙﹚
༡༧༽ཕམ་ཁ་ཉོ་བར་ཧ་ཅང་སྐྲག་སྟེ་རྒྱུན་དུ་སེམས་ཁྲལ་བྱེད་པ་དང་རྐང་འཁུམས་ལག་འཁུམས་སུ་འགྱུར་བ།﹙﹚
༡༨༽སེམས་ཧ་ཅང་གཉོམ་པས་བསམ་ཐོག་ཏུ་མ་འོངས་པ་ན་ལྐོག་ནས་མིག་ཆུ་འཕོ་བ།﹙﹚
༡༩༽རང་གིས་རང་ལ་མཐོང་ཆུང་བྱས་ནས་ནམ་ཡང་གཞན་གྱིས་རང་ལ་འཕྱ་དམོད་བྱེད་ཀྱིན་ལོས་ཡོད་སྙམ་པ།﹙﹚
༢༠༽ལོ་ཚོད་རང་ཉིད་ལས་ཆུང་བའམ་ནུས་པ་རང་ཉིད་ལས་ཞན་པའི་མི་དང་རྩེ་བའམ་འགྲན་སྡུར་བྱེད་པར་མོས་པ།﹙﹚
༢༡༽རང་ཉིད་ལ་སེམས་གཏོད་མཁན་མེད་པར་སྙམ་པ་དང༌། ཐ་ན་བློས་ཐུབ་ཀྱི་གྲོགས་པོ་ཡིན་རུང་རང་ཉིད་ལ་དགའ་སྣང་བསྐྱེད་དུ་འཇུག་མི་ཐུབ་པ།﹙﹚
༢༢༽གཞན་གྱིས་སྐད་ཆ་ཤབ་ཤུབ་བཤད་པ་མཐོང་དུས་བདག་གླེང་བཞིན་ཡོད་པར་དོགས་པ།﹙﹚
༢༣༽གཞན་གྱི་གྲུབ་འབྲས་དང་སྙན་གྲགས་ལ་རྒྱུན་དུ་ཐེ་ཚོམ་ཟ་བ་དང་ཕྲག་དོག་བྱེད་པ།﹙﹚
༢༤༽ནམ་ཡིན་ཡང་གཞན་གྱིས་རང་ཉིད་རིག་ས་མཐོང་ས་མེད་སྙམ་པ།﹙﹚
༢༥༽སྤྲོ་གསེང་དང་ཐུན་མོང་གི་བྱ་འགུལ་ལ་ཞུགས་དུས་ནམ་ཡང་རང་ཉིད་གྲོགས་མེད་ཁེར་རྐྱང་ཡིན་པའི་སྣང་བ་སྐྱེ་བ།﹙﹚
༢༦༽ངོ་མི་ཤེས་པའི་མི་དང་འཕྲད་པར་སྐྲག་ཅིང༌། མི་གཞན་དང་འབྲེལ་འདྲིས་རེ་བྱས་ནའང་ངོ་ཚ་བ།﹙﹚
༢༧༽མཚན་མོར་ཕྱི་རུ་འགྲོ་བའམ་རང་ཉིད་གཅིག་པུ་ཁྱིམ་དུ་སྡོད་པར་སྐྲག་པ།﹙﹚
༢༨༽ཕ་མ་དང་ཁ་གྱེས་པ་ཙམ་ལའང་སེམས་མི་བདེ་བར་འགྱུར་བ།﹙﹚
༢༩༽ནམ་ཡང་རང་ཉིད་དང་ལུས་ཐུག་བྱུང་བའི་དངོས་པོ་ཅི་རིགས་གཙང་མ་མིན་སྙམ་སྟེ་ལག་པ་ཡང་དང་བསྐྱར་དུ་བཀྲུ་བ་དང་ལྭ་བ་བརྗེ་བ། གཙང་སྦྲ་ལ་ཚད་ལས་བརྒལ་བའི་དོ་སྣང་བྱེད་པ།﹙﹚
༣༠༽སྒོ་ཟྭ་བརྒྱབ་ཡོད་མེད་དང་མེ་སྐྱོན་འབྱུང་བར་སེམས་ཁུར་བྱས་དྲགས་ཏེ་ཡང་དང་བསྐྱར་དུ་ལྟ་ཡག་བྱེད་པ།﹙﹚
༣༡༽གཞན་གྱི་ནད་ལ་ཚོར་བ་ཧ་ཅང་སྐྱེན་པོ་ཡིན་པ་དང་རྒྱུན་དུ་རྩད་གཅོད་བྱས་ཏེ་རང་ཉིད་ལའང་ནད་དེ་རིགས་བྱུང་ཡོད་པར་དོགས་པ།﹙﹚
༣༢༽གྲོགས་པོ་མཚན་ཐ་དད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་མཉམ་འཇོག་བྱེད་དྲགས་པ།﹙﹚
༣༣༽མཚམས་ལན་རེར་ཐུན་མོང་དང་བྲལ་ན་འདོད་པའི་འདུན་པ་སྐྱེ་བ།﹙﹚
ཚན་ལེན་ཚོད་ལྟའི་གསལ་བཤད
༡༽གལ་ཏེ་གནད་དོན༡་ནས་༥ལ√རྟགས་འདི་རྒྱག་དགོས་ན་ཁྱོད་ཀྱི་སེམས་ཁམས་བདེ་ཐང་ཡིན་པའི་རྟགས་ཡིན།
༢༽གལ་ཏེ་གནད་དོན༦ནས་༨ལ√རྟགས་འདི་རྒྱག་དགོས་ན་ཕ་མའམ་གྲོགས་པོ་བཙལ་ནས་རྒྱུ་མཚན་དེ་དག་ཁ་བརྡ་བྱ་དགོས།
༣༽གལ་ཏེ་གནད་དོན༩ནས༣༣ལ√རྟགས་འདི་རྒྱག་དགོས་ན་ཁྱོད་ཀྱིས་སེམས་ཁམས་ལ་མཛུབ་སྟོན་བྱེད་པའི་དགེ་རྒན་བཙལ་ནས་ཁྱོད་ལ་རོགས་རམ་བྱེད་དུ་འཇུག་དགོས།
བོད་མཚོ་སྔོན་ཟི་ལིང༌།དཔལ་སྒྲོན།
ང་ལ་ཕལ་ཆེ་བ་འགྲིག་སྟག་འདྲ་བོ་ཚང་འདུག་། ག་རེ་བྱེད་ཀ། དཀོན་མཆོག་གསུམ་། ད་བཤད་ནི་ཡོད་ན་བཤད་རན་རེད་འདུག།
གོང་གི་དྲི་བ་འདི་ནས་གཅིག་ལ་ཡང་འགྲིག་རྟགས་རྒྱག་ས་མེད་པས་ངའི་སེམས་ཁམས་སྐྱོན་ཅན་རེད་དམ་སྐྱོན་མེད་རེད་ལགས།
1 ངས་དུས་རྒྱུན་དུ་རྒྱུ་མཚན་མེད་པར་སེམས་འཚུབ་པ་དང་གར་འགྲོ་འདིར་འདུག་བྱེད་ཀྱི་མེད།
2 ཉལ་ན་གཉིད་མི་ཁུགས་པ་དང་གཉིད་ལང་སྟེག་པ་སོགས་བྱེད་ཀྱི་མེད།
3 རྒྱུན་དུ་རྨི་ལམ་འཁྲུག་པ་དང་འཇིགས་སྐྲག་སྐྱེས་པ། ནངས་མོ་སད་ཚེ་ངལ་དུབ་ཆེ་བ་དང་ལུས་སྟོབས་ཉམས་ཤིང་སེམས་བློང་བློང་བོར་གྱུར་སོགས་བྱེད་ཀྱི་མི་འདུག
4 ནམ་རྒྱུན་དུས་ཚོད༡ནས་༢ལ་གཉིད་རྗེས་གློ་བུར་དུ་སད་པ་དང་སད་རྗེས་གཉིད་མི་ཁུགས་པ་ཡང་བྱེད་ཀྱི་མི་འདུག
5 སློབ་སྦྱོང་གི་གནོན་ཤུགས་ཀྱིས་སློབ་སྦྱོང་ལ་སུན་སྣང་སྐྱེས་པ་ཡོང་གྱི་འདུག
ང་རང་ལ་མཚོན་ན་དང་པོ་ནས་བཞི་པ་བར་ནོར་རྟགས་དང་ལྔ་པ་འགྲིག་རྟགས་རེད། འོ་ན་ང་སེམས་ཁམས་མི་བདི་བའི་མི་ཞིག་ཡིན་ནམ། ??????????????????????????????????????????????
ནུབ་ཕྱོགས་པའི་སེམས་ཁམས་རིག་པ་འདི་རྣམས་ངེས་པར་དུ་རང་རེས་བེད་སྤྱོད་བྱས་ན་ཡག་པོ་འདུག རང་རེ་བོད་རྣམས་སྤྱི་ཡོངས་ནས་བཤད་ན། གཅིག་ནས་ལྔ་བར་གྱི་རྟགས་ལས་ཀྱང་རྒྱག་དགོས་ཀྱི་ཡོད་མ་རེད། འོན་ཀྱང་ནུབ་ཕྱོགས་པ་ལ་བརྒྱ་ཆ་བོད་ལས་ཧ་ཀྱང་མཐོ་བས། བརྒྱད་ཡན་ཡན་ཆོད་རྟགས་རྒྱེབ་དགོས་ཀྱིན་འདུག རྒྱུ་མཚན་འདི་རྣམས་ལས་གཞིག་སྐབས་རང་རེའི་ནང་ཆོས་དེས་དངོས་གནས་སེམས་ཀྱི་བདེ་ཐང་ལ་ཕན་ཐོག་ཤིན་ཏུ་ཆེན་པོ་ཡོད་པའི་ར་སྤྲོད་ཐུབ་ཀྱི་འདུག
how can I do Tibetan?
pleas edo reply
ཀླུ་ལགས་ཀྱིས་སེམས་ཁམས་བདེ་ཐང་གི་བརྟག་ཞིབ་འགེང་ཤོག་འདིར་བཀོད་པར་ཐུགས་རྗེ་ཆེ། རང་རེའི་བོད་པའི་སྤྱི་ཚོགས་ནང་འདི་འདྲའི་ལུས་སེམས་བདེ་ཐང་ཐད་ཀྱི་འཕྲོད་བསྟེན་བརྟག་ཞིབ་བྱེད་པ་ཉུང་བས་འཁྲུགས་ཆ་དོད་ཅིང་བྲེལ་ཟིང་ཆེ་བའི་དུས་སྐབས་འདིར་བོད་མི་ཚོའི་སེམས་ཁམས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ལ་དེས་བོད་མི་སྤྱིའི་སྤྱི་ཚོགས་ཡར་རྒྱས་ལ་ཡང་གནོད་ཀྱི་ཡོད།
ལྷག་པར་དུ་བོད་མི་མང་པོས་ནུབ་ཕྱོགས་ཀྱི་འཚོ་བར་མི་འདོད་བཙན་རོལ་བཞིན་ཡོད་པས་སེམས་ཁམས་དེ་འདྲའི་བག་ཕེབས་ཞི་བདེ་ཞིག་མིན། དེར་བརྟེན་འདི་གར་བྱང་ཨ་རིའི་བོད་མི་གཞིས་སྤོར་གྱི་སེམས་ཁམས་བདེ་ཐང་ལ་བརྟག་ཞིབ་ཅིག་བྱེད་ཐུབ་པར་གྲ་སྒྲིག་བྱེད་བཞིན་ཡོད།
མི་ན་བ་གནས་པར་འདོད་པར་དང༌། ན་བ་གསོ་བར་འདོད་པ་ནི་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། ད་དུང་ཚེ་ཡུན་དུ་བསྲིངས་བར་སྨོན་མཁན་ནི་ཐམས་ཅདཡིན་མོད། འོན་ཀྱང་དེ་ལྟར་ལུས་མི་ནར་བར་བདེ་ཞིང་སྐྱིད་པ་རོལ་མཁན་ནི་ཤིན་ཏུ་དཀོན་པས་འཚམས་འདིར་རང་རེའི་བོད་གངས་ཅན་ལྗོངས་ཀྱི་གསོ་བ་རིག་པའི་ཐོག་ནས་བཤད་ན་ནད་རྣམས་མ་ལུས་ཟས་སྤྱོད་གཉིས་ཚུལ་བཞིན་བསྟེན་ཚུལ་ལ་རག་ལས་པ་བཤད་པ་ལྟར་ཐེངས་འདིར་བདག་གི་རེ་བསྐུལ་ནི་ཁྱེད་ཅག་མཁྱེན་ལྡན་པ་རྣམས་ནས་ཡུལ་དུས་གནམ་གཤིས་དང་མཐུན་པའི་སྒོ་ནས་ཟས་སྤྱོད་གཉིས་ཀྱི་ཚུལ་བསྟེན་ཚུལ་རགས་ཙམ་ཞིག་བྱུང་ན་ལེགས། འདི་ནི་ང་དང་ངའི་གྲོགས་པོ་ཚོའི་བསམ་པའི་རེ་འདུན་ཞིག་ཡིན་ལ་དེ་དེ་བཞིན་དུ་ཡིད་ཆེས་དང་རེ་བ་ཡོད།
མི་ན་བ་གནས་པར་འདོད་པར་རྣམས་ལ་གསོ་རིག་གི་གནས་ལ་བསླབ་པ་བྱའོ།།
མི་ན་བ་གནས་པར་འདོད་པ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ་ཞེས་དཔལ་ལྡན་རྩ་བའི་རྒྱུད་ཀྱི་ནང་གསལ་བར་བསྟན་དོན་ནི་འཚོ་བྱེད་སྨན་པ་དག་ལ་ཡིན་གྱིས་ཅི་སྟེ་གངས་ཁྲོད་ཀྱི་བྱིས་པ་ཁྱེད་ཉིད་ཀྱིས་ནད་ཅན་དག་ལ་གོ་བ་ལོན་ན་གཞུང་གི་དགོངས་པ་དང་མི་འགལ་ལམ་ཅི།
ཁྱེད་ཀྱི་གསུངས་དོན་ལྟར་༼མི་ན་བ་གནས་པར་འདོད་པ་རྣམས་ལ་གསོ་རིག་གི་གནས་ལ་བསླབ་པར་བྱའོ།༽ཞེས་པ་འདིར་བསམ་ན་དོན་ཆུང་ལ་གཞུང་ཚིག་མ་ཚང་བའི་རང་བཞིན་ཞིག་ཏུ་མཐོང། དེར་བརྟེན་གསལ་སྐྱོར་ཞིག་བྱས་ན་བཟང་སྙམ།་ གཞུང་ཚིག་ནང་༼མི་ན་བ་གནས་པར་འདོད་པ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ་༽་ཞེས་བསྟན་ནོ།
འཇོན་པོ་ཡོད་ན་ཐོན་ཤོག་ རྟ་པོ་འདྲ་འདྲ་ཡིན་ན་པདྨའི་ཐང་ལ་རྒྱུགས་ཤོག