བརྒྱུད་སྤྲོད་པ། ཨོ་རྒྱན་ཉི་མ།
ཆོས་རྗེ་ཨ་དཀོན་རིན་པོ་ཆེའི་དགོངས་པ་རྫོགས་ཕྱོགས་སྐོར་གྱི་གནས་ཚུལ་ནི། རིན་པོ་ཆེ་དང་། ཁོང་གི་ཚ་བོ་དང་། ཞབས་ཕྱི་བཅས་བཀྲོངས་མཁན་གྱི་མིང་དེ་རྒྱ་ནག་གཞུང་གིས་གསལ་བསྒྲགས་གནང་སོང་། ཁོང་གསུམ་དགྲོང་མཁན་ཐུབ་བསྟན་ཀུན་གསལ་རེད། ཁོ་དབྱིན་ཡུལ་དུ་ལོ་ལྔའི་རིང་བསྡད་དེ་སླར་རྒྱ་ནག་དུ་ལོག་ནས་ལོ་གཉིས་ཕྱིན་སོང་། དབྱིན་ཡུལ་དུ་སྡོད་རིང་བསམ་ཡས་གླིང་གི་དགོན་པ་དང་། ལོན་ཌོན་བསམ་ཡས་རྫོང་གཉིས་ལ་སྐུ་འདྲ་བཟོས་ཡོད་པ་རེད། ཁོ་ཕར་ལོག་འགྲོ་དུས་དངུལ་དང་ལས་དཀའི་རྙོག་དྲ་རྩ་བ་ནས་མེད་པར་དགའ་བཞིན་སྤྲོ་བཞིན་དུ་སོང་བར་མ་ཟད། ངའི་སྤུན་མཆེད་ཨ་དཀོན་རིན་པོ་ཆེས་ནམ་རྒྱུན་ཁོང་ལ་ནང་མི་བཞིན་ཐུགས་བརྩེ་ཆེན་པོ་ཡོད་པ་རེད།
རྒྱ་ནག་ཁྲིན་དུའི་ཉེན་རྟོག་པའི་དྲ་རྒྱ་ཞིག་གི་ནང་གསལ་བཤད་བྱས་པ་ལྟར། ངའི་སྤུན་མཆེད་རིན་པོ་ཆེ་སྐུ་འཁོར་གསུམ་གྱི་སྐུ་སྲོག་ལ་བརྒོལ་མཁན་གྱི་ཉེས་ཅན་གྱི་མི་སྣ་གསུམ་ལ་ཛ་དྲག་གིས་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན། ནང་དོན་ཡང་སྙིང་ཁོ་པ་གསུམ་གྱིས་གྲི་འཁྱེར་ཡོང་སྟེ་སྒོར་མོ་བཅོམ་པའི་གྲྭ་སྒྲིག་བྱས་ཡོད་པ་རེད།
ང་ཚོས་སེམས་ཐག་གཙང་བཅད་ཀྱི་བཤད་ཐུབ་པ་ནི། ཐུབ་བསྟན་ཀུན་གསལ་བསམ་ཡས་གླིང་དང་། ལོན་ཌོན་བསམ་ཡས་རྫོང་ལ་སྡོད་རིང་འགྲོ་གྲོན་ཆ་ཚང་བཏང་ཡོད་པར་མ་ཟད། ཨ་དཀོན་རིན་པོ་ཆེ་མཆོག་གིས་ཁོ་ལ་སྤྱི་སྒེར་གང་རུང་གི་ངོས་ནས་བུ་ལོན་འཇལ་དགོས་པ་ཞིག་རྩ་བ་ནས་མེད།
ང་ཚོ་ཧང་སང་དགོས་པ་ཞིག་ནི་ཁོ་འདི་ནས་ཕར་ཕྱིན་ཏེ། ལོ་གཉིས་སོང་བའི་རྗེས་སུ་སླར་ཡང་དངུལ་བསྙེགས་པ་དེ། ཐུབ་བསྟན་ཀུན་གསལ་ཁོས་རྒྱལ་ཡོངས་རོགས་པའི་སྐྱོབ་གསོ་ཆེ་ཤོས་བོད་ལ་ཡོད་པ་དང་། ཨ་དཀོན་རིན་པོ་ཆེའི་བཞུགས་གནས་ཡོད་ཚད་ཤེས་པ་རེད། དེ་ཕྱིར་ཁོས་སྡིགས་ར་བསྐུལ་ཏེ་དངུལ་བཅོམ་འཕྲོག་གི་ཆེད་དུ་བསླེབ་པ་ན། རོགས་པའི་མ་དངུལ་སྲུང་བའི་ཆེད་དུ་སྐུ་སྲོག་ཤོར་བ་རེད།
དྲ་རྒྱའི་སྟེང་དུ་བཤད་པ་ལྟར་ན་རིན་པོ་ཆེའི་རླངས་འཁོར་ཁ་ལོ་བ་དེ་བསམ་ཡས་གླིང་གྲྭ་བ་ཞིག་ཡིན་པ་འཁོད་འདུག དེ་ནི་དངོས་གནས་རྩ་བ་ནས་མ་རེད། ཁོང་ནི་ཨ་དཀོན་རིན་པོ་ཆེའི་བོད་ཀྱི་དགོན་པ་སྒྲོལ་མ་ལྷ་ཁང་གི་གྲྭ་བ་ཞིག་རེད། ཁོང་དབྱིན་ཇི་ལ་རྩ་བ་ནས་ཕེབས་མྱོང་མེད། གཏམ་བརྗོད་ཉུང་ངུ་འདིས་ཚང་མར་གནས་ཚུལ་གསལ་པོ་ཡོང་བའི་རེ་བ་ཡོད། ཚང་མས་ཐུགས་སྨོན་ཟབ་རྒྱས་གནང་བར་ཐུགས་རྗེ་ཆེ།
བཀའ་བརྒྱུད་བསམ་ཡས་གླིང་དགོན་པའི་དབུ་འཛིན་བླ་མ་ཡེ་ཤེས་བློ་གསལ་རིན་པོ་ཆེས། སྤྱི་ལོ་༢༠༡༣་ལོ་ཟླ་བ་༡༠་པའི་༡༢་ལ་ཕུལ།
མ་དག་མ་མཚམས་པའི་ཆ་ཅི་ཙམ་ཡོད་ན་དེ་ཙམ་གྱིས་གསལ་བཤད་གནང་ན་ཧ་ཅང་ཡག་ཀི། ང་ཚོ་དགོས་པ་དེ་དོན་དངོས་རེད། བདེན་པ་རེད། ཤོར་ན་བདེན་པ་རེད། ཐོབ་ན་བདེན་པ་རེད། གསར་ལམ་ཁག་ན་གཅིག་དང་མི་གཅིག་པའི་བཤད་ཚུལ་འདྲ་མིན་འདུག སྐབས་དང་དུས་ལ་ཨ་དཀོན་ལགས་ལ་ཆ་ཡོད་རྒྱུས་ཡོད་དག་གིས་གཟུར་གནས་གསལ་བཤད་བྱེད་པ་བརྩེ་དུང་དང་ལ་རྒྱ་བསྔོ་སྨོན་སོགས་ཡོད་ཚད་རེད་སྙམ། གསལ་བཤད་གནང་བ་ཐུགས་རྗེ་ཆེ་ཞུ།།
འདི་ཙམ་གྱིས་གསལ་བཤད་གནང་བར་བདེན་དབང་ག་རེ་ཡོད་པ་རེད། རྒྱའི་ཉེན་རྟོག་པས་དོག་གནས་ཡོད་ཁུལ་གྱིས་བོད་པ་གསུམ་བཟུང་ནས་མི་ཚད་ཕལ་ཆེར་གསོད་མཁན་ཁོང་ཚོ་ཡིན་པ་ཐག་བཅད་གནང་ཡོད། དེ་ལྟར་ཡིན་ན་རྒྱས་ལྷ་བཟོ་བ་འདི་མ་བཟུང་བ་ག་རེད། མ་གཞི་ནས་ཨ་དཀོན་ལགས་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་ནའང་ཁོང་གི་དེང་དུས་འགྲོ་སྟངས་མཁྱེན་བཞིན་དུ་དངུལ་དམར་ཕོན་ཆེན་ལག་ཉར་བྱས་མེད་པའང་གསལ་ངོས་རེད། གང་ནས་བལྟས་ཀྱང་དོན་རྐྱེན་འདིའི་སྔ་གཞུག་ན་གསང་བ་ཞིག་ཏན་ཏན་ཡོད་ངེས།
ཨ་དཀོན་ལགས་བཀྲོངས་ཚུལ་གསལ་བྱེད་བྱས་པ་དེ་ལེགས་པོ་འདུག དེ་མིན་མང་བོ་ཞིག་ཐ་ཚོམ་གྱིས་ཁེངས་འདུག ང་ཚོ་ཚང་མས་སྒོར་མོ་རག་པའི་ཆེད་དུ་དཀའ་ལས་རྒྱག་གི་ཡོད་པ་རེད། སྒོར་མོའི་ཆེད་དུ་གསོད་མཁན་མང་བོ་ཡོད་པ་མཁྱེན་གསལ་རེད། ད་ཚང་མས་སྨོན་ལམ་འདོན་རྒྱུ་གལ་ཆེན་པོ་རེད། །
གསལ་བཤད་བྱས་པ་ཐུག་རྗེ་ཆེ་ད་ནི་ང་ཚོས་སྔོ་སྨོན་གཏོན་ཡ་རང་རེད་་་སྐྱེས་བུ་ཁོང་གི་ས་ལམ་ལ་བར་ཆད་མེད་པ་ཤོགས།
གསལ་བྱེད་ཡག་པོ་བྱེད་ཐུབ་མི་འདུག ཐུབ་བསྟན་ཀུན་གསལ་ཁོ་གསོད་མཁན་དངོས་ཡིན་པ་སུས་ཤེས་པ་རེད། བླ་མ་ཡེ་ཤེས་ལ་བདེན་དཔུང་གང་ཡོད་དམ། མི་གཅིག་གིས་མི་གསུམ་བསད་ཐུབ་བམ། ལོ་རྒྱུས་གསར་བོ་བཟོས་དགོས་ས་རེད། དངུལ་ག་ཚོད་ཀྱིས་ཆེད་དུ་དང་། ཇི་ལྟར་དུས་ཆེད་་་དང་ ཨ་ནེ་ཞིག་ཤི་མེད་ནས་ལྷག་ཡོད་རབས་བཤད་འདུག ད་དུང་གསང་ཞིག་ཡོད་པར་བསམ་གྱིན་འདུག རྒྱ་བོད་བར་རམ། ཆོས་ལུགས་ཆོལ་ཁ། རོགས་དན་མང་ཉུང་སོགས་གང་ཤེས། གསལ་བཤད་གནང་རོགས།
གསལ་བཤད་གནང་བ་བཀའ་དྲིན་ཆེ་མང་པོ་མི་བཤད་གནད་དམ་པ་ཞིག་ལ།
ཨ་དཀོན་རིན་པོ་ཆེ་མཆོག་དགོངས་པ་མ་ཟིན་པར་རྐྱེན་ལམ་དུ་སོང་བ་ལ་རང་གཞན་ཀུན་ལ་ཕང་སེམས་ཆེ་ཡང་བྱ་ཐབས་བྲལ།
ཁོང་གི་ཚོགས་མི་སྐུ་འཁོར་ཉེ་འབྲེལ་ཡོང་ལ་གདུང་སེམས་མཉམས་བསྐྱེད་དང་། དམ་པ་གང་གི་ས་ལམ་ལ་བར་ཆད་མེད་ཅིང་ཐུགས་དགོངས་ཡོངས་སུ་རྫོགས་པ་དང། ཡང་སྲིད་མྱུར་དུ་འབྱོན་ནས་གདུལ་བྱའི་ལྷག་མར་གྱུར་བ་སྣམས་ལ་ཕན་བདེའི་འོད་ཟེར་སླར་ཡང་ཆར་བའི་སྨོན་ལམ་སྙིང་ཐག་པ་ནས་འདེབས་པ་ལགས་སོ།
གསལ་ཕན་གང་ཡང་མི་ཐོག་ཞིང་རྒྱབ་རྟེན་ལ་རྒྱ་ཡི་ལུང་དྲང་ནས་འབྲེལ་བཤད་འདི་འདྲ་ཁོང་མེད་རང་རེད།
རེད། ཨ་ནི་མ་བསད་པ་དེའི་སྐོར་ལ་མང་ཙམ་གོ་ཐོས་ཡོད་པས་་་་་་
གསལ་ཁ་ཅི་གང་མི་འདུག་དེ་ལས་ད་ཁ་བཙུམ་ན་དགའ་ས་རེད། མི་ཤེས་ཤེས་མདོག
ཧྰུཾ་ཤི་ཕཊ་འགྱེལ་གྱིས་འདི་འདྲ་བྲིས་འདུག
ཆོས་རྗེ་ཨ་དཀོན་རིན་པོ་ཆེ་འདས་རྐྱེན་དོན་དངོས་ཀྱི་གསར་འགྱུར།
སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༡༠་པའི་ཚེས་པ་༨་ཉིན་འཛམ་གླིང་ཤར་ནུབ་གཉིས་སུ་ཉན་ན་རྣ་བར་མི་འགྲོ་ཞིང་། བལྟ་བ་མིག་གིས་མི་བཟོད་པ་དང་། སེམས་ན་བློ་ཡིས་ལྕོག་ཐབས་བྲལ་བའི་གནས་ཚུལ་ཐབས་རྡུག་ཅིག་བྱུང་བ་ནི། ཆེས་སྙན་གྲགས་འབར་བའི་འཛམ་གླིང་རོགས་པ་ཚོགས་པའི་ཚོགས་གཙོ། ཆོས་བརྒྱུད་དང་། མི་རིགས་རིས་མེད་ཡོངས་ཀྱི་སྦྱིན་བདག་ཆེན་མོ། མཆོག་སྤྲུལ་༧ཨ་དཀོན་རིན་པོ་ཆེ་བོད་མི་ཙམ་པོ་བ་གསུམ་གྱིས་རྒྱ་ནག་ཁྲིན་ཏུ་གྲོང་ཁྱེར། དམ་པ་ཁོང་གི་གཟིམ་ཤག་ནང་དུ་སྐུ་བཀྲོངས་སོང་བ་རེད། ཁོང་སྐུ་གཤེགས་པའི་གནས་ཚུལ་གྱི་ཐད་ལ་དོན་མེད་ཀྱི་གླེང་བརྗོད་སྣ་ཚོགས་དང་། ངེས་མེད་ཀྱི་འཆལ་གཏམ་འདྲ་མིན་གྱི་བཤད་ཚུལ་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་པ་ནི། གནས་ལུགས་དང་། མི་རིགས་ལ་དུང་བ་དེ་ཙམ་མེད་པའི་སྒྲོ་འདོགས་ལ་དགའ་བ་དང་། དོན་དངོས་ཀྱི་གནས་ཚུལ་རྩ་བ་ནས་མ་ཤེས་པ་དང་། རིན་པོ་ཆེ་ཁོང་གི་རླབས་ཆེ་བའི་མི་ཚེའི་ཕུགས་འདུན་དང་འདོར་མི་སྲིད་པའི་བདེན་དོན་གྱི་དམ་བཅའ་དག་མ་རྟོགས་པའི་རྐྱེན་གྱིས་རེད།
སྤྱི་ཚོགས་སུ་གླེང་བརྗོད་དུ་མ་ལས་གཙོ་ཆེ་བ་གསུམ་ཙམ་ཞིག་མཆིས་ཏེ། ཆོས་བརྒྱུད་དང་། གྲུབ་མཐའ་ལ་ཁག་འཇོག་གིས་འཐེན་འཁྱེར་གྱི་གཏམ་སྨྲ་བ་ནི། ཁོང་གི་ལོ་རྒྱུས་ལ་ཕྱིར་མིག་ཅེར་མ་མྱོང་བའི་དམུས་ལོང་བ་ཞིག་གཏམ་ལས། གཏད་སོ་དང་། དམིགས་འབེན་བྱ་རིན་ཡོད་པ་ཞིག་གཏན་ནས་མ་རེད། མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེ་འཛམ་གླིང་ཤར་ནུབ་གཉིས་དང་། རྒྱལ་ཕྱི་ནང་བར་གསུམ་གང་དུ་མཛད་པ་དང་། འཕྲིན་ལས་འཇུག་པའི་ས་ཕྱོགས་དག་ན་གཅིག་ལྟོས་དང་། ཁོང་གིས་རིས་མེད་ཀྱི་གྲུབ་མཐའ་བསྐྱངས་ཏེ་བོད་བརྒྱུད་ནང་བསྟན་གྱི་ས་དགེ་བཀའ་རྙིང་གི་དགོན་སྡེ་དག་ལ་འདྲ་མཉམ་གྱིས་རོགས་སྐྱོར་གནང་བར་མ་ཟད། ཆོས་ལུགས་དང་། མི་རིགས་གཞན་པ་དག་ལ་ཡང་འདྲ་མཉམ་གནང་བ་ནི། ལོ་ངོ་བཅུ་ཕྲག་ཁ་ཤས་སོང་ཡོད་པའི་ལོ་རྒྱུས་ནང་ཕྱིར་མིག་བལྟས་པ་ཡིན་ན། མི་རིགས་ནག་པོ་ལུང་པ་ནས། ཡུ་རོབ་ཁུལ་དང་། རྒྱ་དཀར་ནག བལ་ཡུལ། བོད་ལྗོངས་དང་། ཞིང་ཆེན་ལྔའི་དགོན་སྡེ་དང་། སློབ་གྲྭ། རྒན་གསོ་ཁང་དག་ཆོལ་ཁ་དང་། ཆོས་བརྒྱུད་རིས་མེད་གནང་བ་ལས། རང་ཕྱོགས་ཁོ་ན་དང་། རང་གི་ཆོས་བརྒྱུད་ལས་གཞན་ལ་རོགས་སྐྱོར་གནང་མེད་པའི་རྣམ་པ་ཙམ་ཡང་་མཐོང་དུ་མེད་ན། དངོས་སུ་འཁྱོགས་པའི་ཕྱག་ལས་གནང་མེད་པ་ཕར་ལྟས་ཚུར་གཟིགས་རེད།
མི་སྒེར་གྱི་དངུལ་དང་འབྱོར་བའི་ཆེད་དུ་རྩོད་པ་བྱུང་བ་རེད་ཟེར་བ་ཡང་མི་བདེན་ཏེ། ཁོང་གི་འདས་པའི་ཕྱག་བཞེས་དང་། ད་ལྟའི་བྱ་བ། མ་འོངས་པའི་འཆར་གཞིའི་བྱ་བཞག་ཐམས་ཅད། འཛམ་གླིང་རོགས་ཚོགས་ཀྱི་དམིགས་ཡུལ་དང་མ་འབྲེལ་ཞིང་། སྒེར་གྱི་ཁེ་ལས་གཉེར་ནས་ཁོང་རང་ཉིད་སྐྱིད་པོ་གཏོང་མཁན་ཞིག་གཏན་ནས་མ་རེད། དཔེར་ན་ཁོང་གིས་ནམ་རྒྱུན། ང་མ་ཤི་བར་དུ་གུང་སེང་གཏན་ནས་མེད། ག་དུས་ཤི་སོང་ན་དེ་དུས་གུང་སེང་རེད། ཅེས་གསུངས་ཏེ་ཉིན་མཚན་དལ་མེད་དུ་ཕྱག་ལས་ཀྱིས་བྲེལ་བ་ལས་ཉིན་གཅིག་ལྷོད་པོར་བཞུགས་པ་མཐོང་རྒྱུ་མེད་པ་ལྟ་བུ་རེད། ད་དུང་ཟས་ཡག་པོ་ཞིག་ཟ་རྒྱུ་རག་ན་ཡང་། ཉམ་ཐག་སྤྲང་པོ་དེ་ཚོའི་དཀའ་སྡུག་དྲན་ཡོང་དུས་ཟ་འདོད་མེད་པ་ཆག་གི་འདུག་གསུང་པ་ནི། ཁོང་དང་འབྲེལ་འདྲིས་ཆེ་བའི་ཆོལ་ཁ་རིས་མེད་ཀྱི་མཐོ་རིམ་མི་སྣ་དང་། སློབ་གྲྭ་བ། གྲྭ་བཙུན་ཚོའི་ཤེས་ཚོད་རེད། དེར་བརྟེན་མི་སྒེར་དཔལ་འབྱོར་གྱི་གནད་དོན་ཙམ་གྱིས་ཁོང་སྐུ་བཀྲོངས་བའི་གནས་ཚུལ་ནི་སྐྱེས་བུ་དམ་པ་ཁོང་ལ་ཐོན་མི་སྲིད་པའི་བདེན་དཔུང་བྱེད་ཐུབ་པས། ཁོང་གི་སྦྱིན་པའི་ཕྱག་འོག་འཚར་ལོངས་བྱུང་བའི་རོགས་པའི་སློབ་ཕྲུག་དག་གིས་བདེན་དཔུང་བྱ་བའི་དུས་ཚོད་རན་འདུག་བསྙམ།
གཞན་ཡང་སྐྱེ་བོ་མུ་ཁ་ཅན་དང་། ལག་དམར་བ་ཚོས་ཟེར་ཚུལ་ལྟར་ན། སྐུ་འདྲ་དང་། ཐང་ཀ་བྲིས་པ་ལ་འབྲི་ཡོན་མ་སྤྲད་པ་སོགས་ཀྱིས་སྐུ་བཀྲོངས་པ་རེད་ཟེར་བ་ནི། དེ་ལས་ཀྱང་རྒྱུ་མཚན་གཏན་ནས་མེད་པའི་མུ་ཅོར་ཞིག་སྟེ། མི་རིགས་དཀར་ནག་གཉིས་ཀའི་དབུལ་པོ་དུ་མའི་མགོན་དཔུང་དུ་བཞེངས་བཞིན་པའི་ཐུགས་རྗེའི་སྤྱན་ཡངས་པ་དང་། དངུལ་ལོར་དུང་ཕྱུར་གཞན་ལ་གཏོང་ཕོད་པ་ཞིག་གིས་བྱ་བ་ཉི་ཚེ་བ་ཞིག་དང་། གང་ཟག་རེ་ཟུང་ལ་རྡུག་གཏད་ག་ལ་སྲིད། དེ་ནི་འཛམ་གླིང་རོགས་ཚོགས་ཀྱི་དྭ་ཕྲུག་ཁྲི་འབུམ་གྱི་ཚེ་སྲོག་དང་། ཤེས་ཡོན། འཚོ་བའི་རྟེན་གཞིའི་མ་དངུལ་དག་བཙན་འཕྲོག་བྱེད་འདོད་པའི་གཤེན་རྗེ་ལག་དམར་དེ་ཚོའི་རྒྱབ་ལ་ལངས་འདོད་པའི་རྫུན་གཏམ་ཞིག་ཡིན་ཏེ། ལག་དམར་བ་ཐུབ་བསྟན་ཀུན་གསལ། རིན་པོ་ཆེ་ཁོང་གིས་ཕྱི་རྒྱལ་ལ་ཁྲིད་ནས་བཟུང་ལོ་མང་རིང་འཚོ་བའི་འགྲོ་སོང་སོགས་ཨ་དཀོན་རིན་པོ་ཆེས་གནང་བར་མ་ཟད། དགོན་པར་རྒྱུན་བཞུགས་ཀྱི་དགེ་འདུན་པ་རྣམ་པར་གླ་ཆ་དམིགས་བསལ་མེད་པ་དང་། གཞུང་གི་ལས་གཉེར་གྱི་ཐོབ་ཐང་མེད་ན་གླ་ཆ་སྤྲད་ན་ཡང་ནག་ཚོང་དུ་འགྲོ་བ་སོགས་དཀའ་དུ་མ་མཆིས་ཀྱང་། ཁོ་ལ་སྔ་ཕྱི་བར་གསུམ་རིན་པོ་ཆེ་སྐུ་མཆེད་གཉིས་ནས་ཕྱག་རྔན་ཨ་སྒོར་དང་། དབྱིན་སྒོར་ག་ཚོད་གནང་ཡོད་པ་འདི་ནས་གསལ་བཤད་མི་དགོས་པར་ཁོ་རང་གིས་གསལ་པོ་ཤེས་ངེས་ཡིན། དེས་མི་ཚད་སྐུ་མཆེད་གཉིས་ཀྱིས་ནང་མི་ལྟར་རྩིས་ཆེ་བ་དང་། བསམ་ཡས་གླིང་གི་དགེ་འདུན་པ་ལས་སྣེ་སྐྱ་སེར་ཚང་མས་ཤེས་གསལ་ལྟར་རེད། མ་ཚད་ལག་དམར་བ་ཐུབ་བསྟན་ཀུན་གསལ་དང་། ཕོ་སར་འགའ་ཞིག་ཉེ་ཆར་རིན་པོ་ཆེ་སར་ཡོང་སྟེ། ཁོ་ལ་ཉིན་རེའི་གླ་དོད་དགོས་ཚུལ་བཤད་དུས། ཨ་དཀོན་རིན་པོ་ཆེས་ཁོ་ལ་ཁྱོད་རང་བདེ་བོ་མེད་ན་དང་པོ་སྨན་ཁང་དུ་སོང་ནས་ནད་བཅོས་གྱིས་དང་། འགྲོ་གྲོན་ཆ་ཚང་ངས་གཏོང་ཆོག གཞུག་ནས་ང་གཉིས་བཤད་ཆོག་ཅེས་གསུངས་པ་ཡང་། ཁོང་གི་ཚ་བོ་འདས་པོའི་བསྐྱར་ཟློས་བྱས་པའི་གནས་ཚུལ་སྐད་འཕྲིན་ཐོག་ཏུ་ཡོད། ཁོ་དང་པོ་ཉམས་ཆུང་དང་། གཤིས་འཇམ་ཟོལ་གྱིས་བསླེབ་པ་ནི་ཝ་མོ་བཞིན་རང་གཤིས་ངོ་མ་དེ་བསྟན་མེད་ན་ཡང་། འདི་ལོར་ཁོའི་ཧ་ལའི་དུག་ལས་གནག་བསམ་སྦྱོར་གཉིས་ལྷང་ལ་བུད་པ་རེད།
སྐུ་བཀྲོངས་རྐྱེན་ངོ་མ་ནི་དྲིན་ལན་ལོག་མཇལ་བྱེད་མཁན་ཐུབ་བསྟན་ཀུན་གསལ་གཙོར་བྱས་པའི་མི་ངན་དེ་ཚོའི་དམིགས་ཡུལ་ངོ་མ་ནི། འཛམ་གླིང་རོགས་པ་ཚོགས་པའི་སྒོར་མོ་དག་བཙན་གྱིས་ཟ་འདོད་དང་འཕྲོག་འདོད་ཀྱིས་མཚོན་ཆ་འཁྱེར་ནས་ཡོང་བ་རེད། དེ་ཡང་ཁོ་ཚོའི་དམིགས་ཡུལ་དང་འཆར་གཞི་ངན་པ་སྔར་ནས་ཡོད་པ་ནི། ལག་དམར་བ་ཁོ་རང་གི་སྔར་གྱི་བཤད་མྱོང་བའི་སྐད་ཆ་དེས་བདེན་དཔང་བྱེད་ཆོག
དེ་སྔོན་ཁོ་རང་གིས་ཨ་དཀོན་སྤྲུལ་སྐུའི་དབྱིན་ཇི་ནས་ལྷ་འབྲི་ཡོན་སྤྲད་མ་སོང་བས་སྒོར་མོ་ཁྲི་༢༠༠་འཁུར་ཤོག་ཟེར་དགོས་ཞེས་དང་། ཡུལ་དང་། དུས་ཚོད་དེར་སྲོལ་རྩ་བ་ནས་མེད་པའི་རིན་གོང་ཆེན་པོ་དང་། ཁྱད་སོད་ཀྱི་གཏམ་མང་པོ་བཤད་མྱོང་ཡོད་པ་རེད། དེ་འདྲའི་ཁོ་ཚོས་དམིགས་ཡུལ་དང་། ཚོད་མེད་ཀྱི་ཧམ་སེམས་འཆང་བ་དེ་དག་ཨ་དཀོན་རིན་པོ་ཆེ་ཁོང་གིས་ཁས་ལེན་མ་བྱས་པའི་རྐྱེན་གྱིས་བཀྲོངས་སོང་བ་ཡིན་པར་མ་ཟད། འཛམ་གླིང་རོགས་པ་ཚོགས་པའི་དཔལ་འབྱོར་དང་སྒོར་མོ་ནི་ཉམ་ཐག་དྭ་ཕྲུག་ཁྲི་འབུམ་མང་པོའི་ཚེ་སྲོག་དང་འབྲེལ་བའི་ནོར་བུ་ཞིག་ཡིན་པས་ལག་དམར་བ་ཁོ་ཚོའི་འདོད་བློ་སྐོང་ཆེད་ཙམ་དུ་བཟོ་མི་སྲིད་པ་ནི། འཛམ་གླིང་རོགས་པ་ཚོགས་པའི་ཚོགས་གཙོ་མཆོག་གིས་རང་ཉིད་ཀྱི་རིན་ཐང་བྲལ་བའི་སྐུ་ཚེ་ཡང་བློས་གཏོང་བྱས་པ་འདིས་མཚོན་ནུས་པར་མ་ཟད། ལག་དམར་དེའི་གྱོན་གོས་སོགས་བཅའ་ལག་འགའ་ཞིག་བསམ་ཡས་གླིང་ལ་ལུས་ཡོད་པ་དག་རིན་པོ་ཆེ་མཆོག་གིས་ཉར་ཚགས་གནང་བ་དང་། གཞུག་ནས་རྩིས་སྤྲོད་དགོས་པའི་བཀའ་སློབ་ཡང་གནང་ཡོད། ཁོང་དང་འབྲེལ་བ་བྱུང་ཚར་ནས་བཟུང་དཀའ་རྡུག་དང་། འགལ་འདུ་ཇི་ལྟར་བྱུང་ཡང་བློས་མི་གཏོང་བ་དེ་ཡང་རླབས་ཆེན་གྱི་སྐྱེས་བུ་ཁོང་གིས་འདོར་ཐབས་མེད་པའི་ཁྱད་ཆོས་ཤིག་ཀྱང་རེད།
གཞན་ཡང་ཁོང་གི་ཚ་བོ་བློ་དགའ་དང་བླ་མ་འཆི་མེད་དབང་རྒྱལ་གཉིས་ཀྱང་རིན་པོ་ཆེ་ཁོང་གི་ཚེ་སྲོག་དང་། འཛམ་གླིང་རོགས་པ་ཚོགས་པའི་དཔལ་འབྱོར་ལ་སྲུང་སྐྱོབ་ཀྱི་ཆེད་དུ་ལག་དམར་བ་དེ་ཚོས་ཉེས་མེད་ཁོང་གཉིས་ཀྱང་འཇིག་རྟེན་ཕ་རོལ་ཏུ་བཏང་བཞག་པ་རེད།
དགོངས་ལོ་བདུན་ཅུ་དོན་གསུམ་ལ་ཕེབས་པའི་ཆོས་རྗེ་ཁོང་ནི་ཉིན་མཚན་གཉིས་ཀར་ཉམ་ཐག་དབུལ་པོ་ཚོའི་ཆེད་དུ་ཕེབས་བཞིན་པ་ན། གློ་བུར་དུ་མར་མེ་རླུང་གིས་བརྡས་པ་བཞིན་ནག་འཐུམ་མེ་བཏང་བ་ནི། སྤྱིར་ཤར་ནུབ་ཀྱི་དབུལ་འཕོངས་སོགས་ཀྱི་གྱོང་གུད་དང་། དགོས་ཁོང་ལ་རེ་ལྟོས་འཆའ་བའི་བོད་གངས་ཅན་པའི་སྐྱ་སེར་རྒན་གཞོན་ཀུན་ལ་བསོད་ནམས་དེ་ཙམ་མེད་པའི་བརྡ་རུ་མངོན། དངོས་ཡོད་ཀྱི་གནས་ཚུལ་འདི་དག་བོད་གངས་ཅན་པའི་སྐྱེ་བོ་མཆོག་དམན་ཀུན་གྱིས་ཐུགས་ལ་དུས་ནམ་ཡང་བཟུང་བར་ཞུ།
སྤྱི་ལོ་༢༠༡༣་ལོའི་ཟླ་༡༠་པའི་ཚེས་༡༠་ཉིན་ལ་བོད་ཕྱི་ནང་གཉིས་ནས་རྩད་གཅོད་རག་ཙམ་བྱས་པའི་གྲུབ་འབྲས་སུ་དགེ་འདུན་ནས་ཕུལ།
དངུལ་འཕྲོག་ཆེད་དུ་བསད་ཟེར་བ་དེ་བདེན་དུ་འཛིན་ཐུབ་པ་ཞིག་མ་རེད། རོགས་ཚོགས་ཀྱི་དངུལ་ཆ་ཚང་དངུལ་ཁང་བརྒྱུད་ནས་ཡོང་བ་མ་གཏོགས་ནག་ཚོང་རྒྱག་མཁན་གྱི་དངུལ་བཞིན་ཤོག་སྒོར་བརྩེགས་མ་ལག་ཏུ་བཟུང་ནས་འགྲོ་གི་མེད་པ་ཚང་མས་ལོས་ཤེས། དངུལ་འཕྲོག་ཏུ་ཡོང་བ་ཡིན་ན་དངུལ་འཕྲོག་ཐུབ་ཡོད་དང་མེད། ཁོང་ཚོ་ཆ་རྒྱུས་ཆེན་པོ་ཡོད་མཁན་དེ་འདྲ་ཡིན་པའི་ཆ་ནས་དངུལ་འཕྲོག་རྒྱུ་མེད་བཞིན་དུ་གསོད་པ་ནི་ག་ལ་སྲིད།
ནང་ཚེགས་ཀྱི་སྐད་རེད། ཡིད་མ་ཆེས་ན་ཅི་ཡེད་ཡ་ཡོད་མ་རེད། སྤོབས་གཅེས་ལ
འདིར་གཟིགས
http://blog.amdotibet.cn/ogyenling/archives/98390.aspx
ཨ་ཀོང་རིན་པོ་ཆེའི་བསྐོར་ཀྱི་གསར་འགྱུར་ཡག་ཤོས་དེའི་ཨོ་རྒྱན་ཉི་མས་བཀོད་འདུག
དེ་མིན་གསར་འགྱུར་ཁ་ཤས་རི་བོང་ཅལ་འདྲོག་གི་གཏམ་རྒྱུད་ཀྱི་རྒྱུས་རུ་གྱུར་འདུག
དུས་བབ་དྲ་ངོས་སུ་བཏབ་པའི་མཆན་ཞིག
རྨེ་འབྲོག་མོ།
༢༠༡༣/༡༠/༡༠ ཉིན་འདོན་སྤེལ་བྱས། ཁྱེད་ཀྱི་ཐུགས་རྗེ་བཀའ་དྲིན་གྱིས་ངའི་དམའ་འབྲིང་དང་འབྲིང་རིམ་གྱི་སྐེས་ཐེམ་ལེགས་པོར་འགྲིམས་ཐུབ་སོང་། སྐྱེས་ཆེན་ལགས་ཐུགས་རྗེ་ཆེ། དེ་རིང་སྐྱོ་བའི་ངང་ཁྱེད་ཀྱི་འདས་པ་བྲིས་ཁུལ་ཡིན། ང་དང་ང་འདྲ་བའི་ཁྱེད་ཀྱི་བྱམས་བརྩེ་ཡིས་བསྐྱངས་བའི་སློབ་བུ་གྲངས་མེད་ཅིག་གིས། དེ་རིང་འཛམ་གླིང་གི་ཡུལ་ཕྱོགས་གང་ས་ན་ཁྱེད་རང་གླེང་ཞིང་སེམས་ཁོང་ན་སྐྱོ་བའི་མཆི་མ་འཁྱིལ་ཡོད།
མ་ཎི་བཀའ་འབུམ་ནང་ནས་ཁོལ་དུ་ཕྱུང་བའི་སྤྱན་རས་གཟིགས་ཀྱི་བསྟོད་པ་ཁག་འགའ་ཞིག་བཞུགས་སོ།
སྤྱན་རས་གཟིགས་ཀྱི་གཙོ་འཁོར་དོན་བསྟོད། ཨོཾ་མ་ཎི་པདྨེ་ཧཱུཾ། འགྲོ་དྲུག་ཀུན་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས།། སྟོང་དང་སྙིང་རྗེ་དབྱེར་མེད་ཐུགས་མངའ་བས།། འགྲོ་བའི་སྡུག་བསྔལ་ཐམས་ཅད་སེལ་མཛད་པའི།། ཐུགས་རྗེ་ཆེན་པོ་ཉིད་ལ་གསོལ་བ་འདེབས།། བདག་དང་མོས་པའི་གང་ཟག་ལ།། བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཨོཾ་མ་ཎི་པདྨེ་ཧཱུཾ། ཆོས་དབྱིངས་ཡེ་ཤེས་ཆེ་ལ་མངའ་བརྙེས་མ།། དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་ཀྱི།། ཐབས་དང་ཤེས་རབ་གཉིས་མེད་ཡུམ་གྱི་ཚུལ།། ལྷ་མོ་ཡིག་དྲུག་མ་ལ་གསོལ་བ་འདེབས།། བདག་དང་མོས་པའི་གང་ཟག་ལ།། བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཨོཾ་མ་ཎི་པདྨེ་ཧཱུཾ། ཡེ་ཤེས་རིག་པ་ཉིད་ལས་བསྐྱེད་པའི་ལྷ།། འགྲོ་བ་འདུལ་ཕྱིར་རྟགས་ཀྱི་སྐུར་བསྟན་ནས།། སེམས་ཅན་ཀུན་གྱི་རེ་བ་སྐོང་མཛད་པ།། སྲས་པོ་ནོར་བུ་འཛིན་ལ་གསོལ་བ་འདེབས།། བདག་དང་མོས་པའི་གང་ཟག་ལ།། བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཨོཾ་མ་ཎི་པདྨེ་ཧཱུཾ། ཆོས་ཉིད་དབྱིངས་ལ་རྟགས་ཀྱི་ལྷ་མོའི་སྐུ།། བུད་མེད་གཟུགས་ཀྱིས་འགྲོ་བ་འདུལ་མཛད་ཅིང་།། འཁོར་བ་དབང་སྡུད་ཐུགས་རྗེས་འཛིན་མཛད་པའི།། སྲས་མོ་རིག་སྔགས་འཛིན་ལ་གསོལ་བ་འདེབས།། བདག་དང་མོས་པའི་གང་ཟག་ལ།། བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཨོཾ་མ་ཎི་པདྨེ་ཧཱུཾ། རྒྱལ་བ་དྲུག་པ་རིགས་ལྔའི་སྤྱི་མིང་ཅན།། སྐུ་དྲུག་ཡེ་ཤེས་དྲུག་དང་རབ་ལྡན་པས།། འགྲོ་དོན་ཕྲིན་ལས་རིགས་ཀྱི་སྐུར་སྣང་བ།། རྒྱལ་བ་རིགས་དྲུག་རྣམས་ལ་གསོལ་བ་འདེབས།། བདག་དང་མོས་པའི་གང་ཟག་ལ།། བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཨོཾ་མ་ཎི་པདྨེ་ཧཱུཾ། ཕ་རོལ་ཕྱིན་དྲུག་ཡེ་ཤེས་དྲུག་གི་ངང་།། འགྲོ་དྲུག་སྒྲིབ་སྦྱོང་ཡུམ་གྱི་རྟགས་འཛིན་ཞིང་།། ཕྲིན་ལས་སྣ་ཚོགས་ཐབས་ཀྱི་འདུལ་མཛད་པའི།། ཕ་རོལ་ཕྱིན་དྲུག་ཡུམ་ལ་གསོལ་བ་འདེབས།། བདག་དང་མོས་པའི་གང་ཟག་ལ།། བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེའི་སྤྲུལ་པ་སྣ་ཚོགས་ཐབས་ལ་མཁས།། འགྲོ་དྲུག་གནས་སུ་ཐུབ་དྲུག་སྐུ་སྤྲུལ་ནས།། གང་ལ་གང་འདུལ་དེ་ལ་དེ་འདུལ་མཛད།། སྤྲུལ་སྐུ་ཐུབ་པ་དྲག་ལ་གསོལ་བ་འདེབས།། བདག་དང་མོས་པའི་གང་ཟག་ལ།། བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཨོཾ་མ་ཎི་པདྨེ་ཧཱུཾ། འགྲོ་བའི་དོན་དུ་སྤྲུལ་པའི་སྐུར་སྤྲུལ་ནས།། སངས་རྒྱས་བསྟན་པ་ཡོངས་སུ་སྐྱོང་མཛད་ཅིང་།། དམ་ཆོས་གསུང་གིས་འགྲོ་བའི་དོན་མཛད་པ། དུས་གསུམ་སངས་རྒྱས་སྟོང་ལ་གསོལ་བ་འདེབས།། བདག་དང་མོས་པའི་གང་ཟག་ལ།། བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཨོཾ་མ་ཎི་པདྨེ་ཧཱུཾ། འདི་ཡན་གཙོ་འཁོར་དོན་བསྟོད་ཡིན་ནོ།།
ཡི་གེ་དྲུག་པའི་དགུ་ཕྲུག་ནས་བསྟོད་པ་ནི།
ཨོཾ་མ་ཎི་པདྨེ་ཧཱུཾ། སྙིང་པོ་ཡི་གེ་དྲུག་པ་འདི།། མ་ཎི་འདི་ལྟར་སྒྲིབ་པ་སྦྱོང་།། མ་ཎི་འདི་ལྟར་ངོ་མཚར་ཆེ།། མ་ཎི་འདི་ལྟར་བྱིན་རླབས་ཆེ།། མ་ཎི་འདི་ལྟར་དངོས་གྲུབ་ཐོབ།། མ་ཎིའི་ཡོན་ཏན་མཛད་མི་འགྱུར།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་ཡེ་ཤེས་ལྔ་ལ་ཕྱག་འཚལ་བསྟོད།། ཨོཾ་སྐུ་ལྔ་རྫོགས་ལ་ཕྱག་འཚལ་བསྟོད།། ཨོཾ་འགྲོ་བའི་དོན་ལ་ཕྱག་འཚལ་བསྟོད།། ཨོཾ་ཐོག་མར་འབྱུང་ལ་ཕྱག་འཚལ་བསྟོད།། ཨོཾ་འགྱུར་བ་མེད་ལ་ཕྱག་འཚལ་བསྟོད།། ཨོཾ་འབྱུང་ལྔའི་ངང་ལ་ཕྱག་འཚལ་བསྟོད།། ཨོཾ་འདོད་པའི་དོན་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་རང་བྱུང་དོན་ལ་ཕྱག་འཚལ་བསྟོད།། མ་སྤྲོས་པས་དབེན་ལ་ཕྱག་འཚལ་བསྟོད།། མ་རྒྱུ་རྐྱེན་བྲལ་ལ་ཕྱག་འཚལ་བསྟོད།། མ་མཐའ་བཞི་བྲལ་ལ་ཕྱག་འཚལ་བསྟོད།། མ་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་བསྟོད།། མ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད།། མ་བྱིང་རྒོད་མེད་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཎི་སྐྱོན་དང་བྲལ་ལ་ཕྱག་འཚལ་བསྟོད།། ཎི་རྟག་ཆད་སྤངས་ལ་ཕྱག་འཚལ་བསྟོད།། ཎི་འགག་པ་མེད་ལ་ཕྱག་འཚལ་བསྟོད།། ཎི་ཞེན་པ་ལོག་ལ་ཕྱག་འཚལ་བསྟོད།། ཎི་སྒོམ་དུ་མེད་ལ་ཕྱག་འཚལ་བསྟོད།། ཎི་གསལ་འགྲིབ་མེད་ལ་ཕྱག་འཚལ་བསྟོད།། ཎི་ཡེངས་སུ་མེད་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། པད་ཞེན་ཆགས་བྲལ་ལ་ཕྱག་འཚལ་བསྟོད།། པད་ཆགས་སྡང་བྲལ་ལ་ཕྱག་འཚལ་བསྟོད།། པད་ཐབས་ཀྱིས་འབྱུང་ལ་ཕྱག་འཚལ་བསྟོད།། པད་ཉམས་པ་མེད་ལ་ཕྱག་འཚལ་བསྟོད།། པད་བཅོས་དང་བྲལ་ཕྱག་འཚལ་བསྟོད།། པད་ཡངས་དོག་མེད་ལ་ཕྱག་འཚལ་བསྟོད།། པད་རེ་དོགས་མེད་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། མེ་རེ་དོགས་མེད་ལ་ཕྱག་འཚལ་བསྟོད།། མེ་རང་རོན་རྫོགས་ལ་ཕྱག་འཚལ་བསྟོད།། མེ་གཞན་དོན་འབྱུང་ལ་ཕྱག་འཚལ་བསྟོད།། མེ་ཡོན་ཏན་ཐོབ་ལ་ཕྱག་འཚལ་བསྟོད།། མེ་དྲི་མ་མེད་ལ་ཕྱག་འཚལ་བསྟོད།། མེ་སྡིག་སྒྲིབ་སྦྱོང་ལ་ཕྱག་འཚལ་བསྟོད།། མེ་རྣམ་པར་དག་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཧཱུཾ་སེམས་ཉིད་དོན་ལ་ཕྱག་འཚལ་བསྟོད།། ཧཱུཾ་འཁོར་འདས་དོན་ལ་ཕྱག་འཚལ་བསྟོད།། ཧཱུཾ་ངོ་བོ་ཉིད་ལ་ཕྱག་འཚལ་བསྟོད།། ཧཱུཾ་མ་བཅོས་ངང་ལ་ཕྱག་འཚལ་བསྟོད།། ཧཱུཾ་རྩོལ་སྒྲུབ་བྲལ་ལ་ཕྱག་འཚལ་བསྟོད།། ཧཱུཾ་ཐིག་ལེ་གཅིག་ལ་ཕྱག་འཚལ་བསྟོད།། ཧཱུཾ་ཆོས་ཉིད་ངང་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་ཎི་འདི་ལྟར་ངོ་མཚར་ཆེ།། ངོ་མཚར་ཇི་ལྟར་ཆེ་ཞེ་ན།། དབུས་དེ་བཞིན་རིགས་ཀྱི་གནས་མཆོག་ཏུ།། བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས།། ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས།། གཏི་མུག་མ་སྤངས་གནས་སུ་དག། བྱོལ་སོང་བླུན་རྨོངས་ཞི་བར་བྱས།། དེས་ན་ངོ་མཚར་ཆེ་ཞེས་བྱ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཤར་རྡོ་རྗེ་རིགས་ཀྱི་གནས་མཆོག་ཏུ།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས།། ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས།། ཞེ་སྡང་མ་སྤངས་གནས་སུ་དག། དམྱལ་བའི་སྡུག་བསྔལ་ཞི་བར་བྱས།། དེས་ན་ངོ་མཚར་ཆེ་ཞེས་བྱ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ།། ལྷོ་རིན་ཆེན་རིགས་ཀྱི་གནས་མཆོག་ཏུ།། བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས།། ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས།། ང་རྒྱལ་སེར་སྣ་རང་སར་དག། ཡི་དྭགས་བཀྲེས་སྐོམ་ཞི་བར་བྱས།། དེས་ན་ངོ་མཚར་ཆེ་ཞེས་བྱ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ནུབ་པདྨ་རིགས་ཀྱི་གནས་མཆོག་ཏུ།། བཅོམ་ལྡན་སྣང་བ་མཐའ་ཡས་ཀྱིས།། ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས།། འདོད་ཆགས་མ་སྤངས་གནས་སུ་དག། མི་ཡི་སྡུག་བསྔལ་ཞི་བར་བྱས།། དེས་ན་ངོ་མཚར་ཆེ་ཞེས་བྱ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། བྱང་ལས་ཀྱི་རིགས་ཀྱི་གནས་མཆོག་ཏུ།། བཅོམ་ལྡན་དོན་ཡོད་གྲུབ་པ་ཡིས།། ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས།། ཕྲག་དོག་མ་སྤངས་གནས་སུ་དག། ལྷ་མིན་ཕྲག་དོག་ཞི་བར་བྱས།། དེས་ན་ངོ་མཚར་ཆེས་ཞེས་བྱ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་བགྲོངས།། ཁྱབ་གདལ་ཆེན་པོའི་གནས་མཆོག་ཏུ།། འཕགས་པ་ཐུགས་རྗེ་ཆེན་པོ་ཡིས།། ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས།། རྟག་ཆད་མ་སྤངས་གནས་སུ་དག། ལྷ་ལྟུང་བའི་སྡུག་བསྔལ་ཞི་བར་བྱས།། དེས་ན་ངོ་མཚར་ཆེ་ཞེས་བྱ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་ཎིས་སྒྲིབ་པ་སྦྱོང་བ་ནི།། སུམ་ཅུ་རྩ་གསུམ་ལྷ་ཡུལ་ན།། ལྷ་བུ་དྲི་མ་མེད་པ་ཡིས།། མཚམས་མེད་ལྔ་ཡི་ལས་བྱས་པས།། རྡོ་རྗེ་དམྱལ་བར་སྐྱེས་པ་ལ།། བརྒྱ་བྱིན་ལྷ་ཡིས་ཐུབ་པ་ཡིས།། ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས།། རྡོ་རྗེ་དམྱལ་ནས་ཐོན་ནས་ནི།། རྡོ་རྗེ་ལྟ་བུའི་དགོངས་པ་ཤར།། དེས་ན་སྒྲིབ་པ་སྦྱོང་ཞེས་བྱ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། རི་རབ་ཆེན་པོའི་ཁོང་སེང་ན།། ལྷ་མིན་སྣང་བྱེད་ཅེས་བྱ་བས།། སྲོག་གཅོད་བྱས་པའི་རྣམ་སྨིན་གྱིས།། ཚ་བའི་དམྱལ་བར་སྐྱེས་པ་ལ།། བཅོམ་ལྡན་ཐབས་བཟངས་ཐུབ་པ་དེས།། ཨོཾ་མ་ཎི་པདྨེ་ཧཱུཾ་ བརྗོད་པས།། ཚ་བའི་དམྱལ་བའི་གནས་ནས་ཐར།། དཔའ་བར་འགྲོ་བའི་རྟོགས་པ་ཤར།། དེས་ན་སྒྲིབ་པ་སྦྱོང་ཞེས་བྱ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་ག་དྷ་ཡི་གྲོང་ཁྱེར་དུ།། སྟོབས་ལྡན་བུ་ནི་མ་སྐྱེས་དགྲས།། ཕ་བསད་པ་ཡི་རྣམ་སྨིན་གྱིས།། གྲང་བའི་དམྱལ་བར་སྐྱེས་པ་ལ།། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས།། ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས།། གྲང་བའི་དམྱལ་བའི་གནས་ནས་ཐར།། སྒྱུ་མ་ལྟ་བུའི་དགོངས་པ་ཤར།། དེས་ན་སྒྲིབ་པ་སྦྱོང་ཞེས་བྱ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། གང་བཟང་བུ་ནི་ལྔ་བརྩེགས་ཀྱིས།། སངས་རྒྱས་གསེར་ཐུབ་བསྟན་པ་ལ།། དམ་པའི་ཆོས་ལ་སྐུར་པ་བཏབ།། དེ་ཡི་རྣམ་སྨིན་དུད་འགྲོར་སྐྱེས།། སྒྲིབ་སེལ་ཤཱཀྱ་སེང་གེ་ཡིས།། ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས།། གླེན་ལྐུགས་བྱོལ་སོང་གནས་ནས་ཐར།། གསལ་ལ་མི་རྟོག་དགོངས་པ་ཤར།། དེས་ན་སྒྲིབ་པ་སྦྱོང་ཞེས་བྱ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། རྒྱལ་བུ་མཛེས་ལྡན་བྱ་བ་ཡིས།། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ།། རྒྱལ་བུས་སེར་སྣ་འཇུས་འགེགས་བྱས།། དེ་ཡི་རྣམ་སྨིན་ཡི་དྭགས་སྐྱེས།། འཕགས་པ་ནམ་མཁའ་མཛོད་ཆེན་གྱིས།། ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས།། དགོས་འདོད་ཕུན་སུམ་ཚོགས་པ་བྱུང་།། ལོངས་སྤྱོད་འགག་མེད་དགོངས་པ་ཤར།། དེས་ན་སྒྲིབ་པ་སྦྱོང་ཞེས་བྱ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། གྱད་ཡུལ་མི་ཐུང་སོར་ཕྲེང་གིས།། མི་སྟོང་དགུ་བརྒྱ་གོ་དགུ་བསད།། དམྱལ་ཁམས་བཅོ་བརྒྱད་གནས་སུ་ལྷུང་།། ཐུབ་པའི་དབང་པོ་སྟོབས་ཅན་གྱིས།། ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས།། ཚ་གྲང་སྡུག་བསྔལ་བདེ་བར་གྱུར།། སེང་གེའི་སྟོབས་ཀྱི་དགོངས་པ་ཤར།། དེ་ལྟར་སྒྲིབ་པ་སྦྱོང་ཞེས་བྱ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་ཎིས་སྒྲིབ་པ་དེ་ལྟར་སྦྱོང་།། མ་ཎི་བྱིན་རླབས་ཆེ་བ་ནི།། ཨོཾ་རང་བྱུང་ཡེ་ཤེས་འདི་བཟླས་པས།། ཤེས་རབ་ཆེན་པོའི་རང་ཉིད་ནས།། འཆལ་བའི་དྲི་མ་རྣམ་དག་པས།། ཤེས་རབ་ཕ་རོལ་ཕྱིན་པ་རྫོགས།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་བྱམས་པ་ཆེན་པོ་འདི་བཟླས་པས།། བསམ་གཏན་མ་ཡེངས་ཏིང་འཛིན་གྱིས།། གཡེང་བའི་དྲི་མ་རྣམ་དག་པས།། བསམ་གཏན་ཕ་རོལ་ཕྱིན་པ་རྫོགས།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཎི་ཀུན་གྱི་འབྱུང་གནས་འདི་་བཟླས་པས།། ཉོན་མོངས་མ་ལུས་ཞི་བྱས་ནས།། འཆལ་བའི་དྲི་མ་རྣམ་དག་པས།། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། པད་དྲི་མེད་གསལ་བ་འདི་བཟླས་པས།། འགྲོ་བའི་དོན་ལ་རབ་བརྩོན་ཞིང་།། ལེ་ལོའི་སྒྲིབ་པ་རྣམ་དག་པས།། བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མེ་སྨིན་པར་བྱེད་པ་འདི་བཟླས་པས།། ལོངས་སྤྱོད་མི་ཟད་དགོས་འདོད་འབྱུང་།། སེར་སྣའི་དྲི་མ་རྣམ་དག་པས།། སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཧཱུཾ་སྡུད་པར་བྱེད་པ་འདི་བཟླས་པས།། སྡུག་བསྔལ་བདེ་བར་ཤེས་པ་ཡིས།། ཁོང་ཁྲོའི་དྲི་མ་རྣམ་དག་པས།། བཟོད་པའི་ཕ་རོལ་ཕྱིན་པ་རྫོགས།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་ཡེ་ཤེས་རང་གསལ་འདི་བཟླས་པས།། ཤེས་རབ་ཆེན་པོ་འདི་ཉིད་ཀྱིས།། འཕོ་ལྟུང་ཞི་ནས་ཕུན་སུམ་ཚོགས།། ལྷ་རུ་སྐྱེ་བའི་གཡང་ས་གཅོད།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་འགག་པ་མེད་པ་འདི་བཟླས་པས།། བསམ་གཏན་ཐུགས་རྗེ་ཆེན་པོ་འདིས།། འཐབ་རྩོད་ཞི་ནས་བདེ་བར་གནས།། ལྷ་མིན་སྐྱེ་བའི་གཡང་ས་གཅོད།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཎི་གཉིས་སུ་མེད་པ་འདི་བཟླས་པས།། ཉོན་མོངས་ཞི་ནས་ཆོས་ཉིད་ཤར།། འགྱུར་བ་ཞི་ནས་སྐུ་གསུམ་ཐོབ།། མི་རུ་སྐྱེ་བའི་གཡང་ས་གཅོད།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲངས།། པད་དག་ཅིང་དྲི་མེད་འདི་བཟླས་པས།། ལེ་ལོ་སྤངས་པའི་དད་བརྩོན་གྱིས།། རྨོངས་པ་ཞི་ནས་རིག་པ་གསལ།། བྱོལ་སོང་སྐྱེ་གནས་གཡང་ས་གཅོད།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མེ་ཡེ་ཤེས་ཆེན་པོ་འདི་བཟླས་པས།། བཟོད་པས་ཞེ་སྡང་རབ་སྤངས་ནས།། ཚ་གྲང་ཞི་ནས་བདེ་བར་གནས།། དམྱལ་བར་སྐྱེ་བའི་གཡང་ས་གཅོད།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་ཡེ་ཤེས་ཆེན་པོ་འདི་བཟླས་པས།། གཟུགས་སྡུག་མི་སྡུག་འཛིན་པ་མེད།། མིག་འཛིན་པ་མེད་པ་ཆོས་ཀྱི་དབྱིངས།། གཟུགས་དབྱིངས་སུ་གྲོལ་ཞིང་དབྱིངས་སུ་ཐིམ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་རྣམ་དག་མ་འགགས་འདི་བཟླས་པས།། སྒྲ་སྙན་མི་སྙན་ལ་འཛིན་པ་མེད།། རྣ་བ་འཛིན་པ་མེད་པ་ཆོས་ཀྱི་དབྱིངས།། གཟུགས་དབྱིངས་སུ་གྲོལ་ཞིང་དབྱིངས་སུ་ཐིམ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཎི་ཡེ་ཤེས་རང་བྱུང་འདི་བཟླས་པས།། དྲི་ཞིམ་མི་ཞིམ་ལ་འཛིན་པ་མེད།། སྣ་འཛིན་པ་མེད་པ་ཆོས་ཀྱི་དབྱིངས།། དྲི་དབྱིངས་སུ་གྲོལ་ཞིང་དབྱིངས་སུ་ཐིམ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། པད་རང་གསལ་ཆེན་པོ་འདི་བཟླས་པས།། རོ་ཞིམ་མི་ཞིམ་ལ་འཛིན་པ་མེད།། ལྕེ་འཛིན་པ་མེད་པ་ཆོས་ཀྱི་དབྱིངས།། རོ་དབྱིངས་སུ་གྲོལ་ཞིང་དབྱིངས་སུ་ཐིམ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མེ་ཆོས་དབྱིངས་མ་བཅོས་འདི་བཟླས་པས།། རེག་འཇམ་རྩུབ་གཉིས་ལ་འཛིན་པ་མེད།། ལུས་འཛིན་པ་མེད་པ་ཆོས་ཀྱི་དབྱིངས།། རེག་དབྱིངས་སུ་གྲོལ་ཞིང་དབྱིངས་སུ་ཐིམ།། སྐལ་ལྡན་ཀུན་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཧཱུཾ་ཆོས་ཉིད་འགྱུར་མེད་འདི་བཟླས་པས།། ཆོས་དགའ་མི་དགའ་ལ་འཛིན་པ་མེད།། སེམས་འཛིན་པ་མེད་པ་ཆོས་ཀྱི་དབྱིངས།། ཆོས་དབྱིངས་སུ་གྲོལ་ཞིང་དབྱིངས་སུ་ཐིམ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཧཱུཾ་ཡེ་ཤེས་རྣམ་ལྔ་འདི་བཟླས་པས།། དུག་ལྔ་རྩད་བཅད་སྐུ་ལྔ་ཐོབ།། རང་བྱུང་མ་འགགས་ཅིར་ཡང་ཤར།། སྟོང་པ་ཆེན་པོ་ཆོས་ཀྱི་དབྱིངས།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་རང་གནས་མཐའ་བྲལ་འདི་བཟླས་པས།། སྤྲོས་བྲལ་མཉམ་པ་རིས་མེད་དང་།། ཐུགས་རྗེ་ཀུན་ལ་ཁྱབ་པ་ཡིས།། མ་འགགས་རྩལ་དུ་རང་བྱུང་ཤར།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཎི་ཡེ་ཤེས་རང་ལོག་འདི་བཟླས་པས།། རྟོག་པའི་མ་རིག་ཡེ་ཤེས་གསལ།། འཁོར་བའི་གནས་ནས་ཟློག་པར་བྱེད།། བྱང་ཆུབ་གནས་སུ་བདེ་བར་གནས།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། པད་གཉིས་མེད་ཡེ་ཤེས་འདི་བཟླས་པས།། ཡོད་མེད་འཛིན་པའི་མཐའ་གཉིས་བསལ།། མཐའ་བྲལ་རྟེན་མེད་ལྟ་བའི་ངང་།། གཉིས་སུ་མེད་པར་མཉམ་པར་གནས།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མེ་ཡེ་ཤེས་མེ་འོད་འདི་བཟླས་པས།། རྣམ་རྟོག་མཚན་མ་རང་སར་སྲེག། དུག་ལྔ་མ་སྤངས་དབྱིངས་སུ་ཐིམ།། མཉམ་ཉིད་བྱང་ཆུབ་སེམས་སུ་གནས།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཧཱུཾ་ཐུགས་ཀྱི་ཆོས་ཉིད་འདི་བཟླས་པས།། ཆོས་ཉིད་མ་བཅོས་རྟོགས་ན་གསལ།། ཐམས་ཅད་བྱང་ཆུབ་སེམས་སུ་འདུས།། འགྱུར་བ་མེད་པའི་ངང་དུ་གསལ།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་གཏི་མུག་འཇོམས་པ་འདི་བཟླས་པས།། མ་རིག་རིག་པའི་ཡུལ་དུ་གསལ།། དབྱིངས་ལས་མེ་འགྱུར་རང་སར་བརྟན།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཤར།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་ཞེ་སྡང་འཇོམས་པ་འདི་བཟླས་པས།། རང་རིག་བྱང་ཆུབ་སེམས་སུ་གསལ།། གསལ་ལ་དག་པའི་ངང་ཉིད་ལས།། མེ་ལོང་ལྟ་བུའི་ཡེ་ཤེས་ཤར།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཎི་ང་རྒྱལ་འཇོམས་པ་འདི་བཟླས་པས།། ཆོས་ཉིད་མཉམ་པ་མ་འདྲེས་ཤར།། རང་གསལ་ཉིད་ཀྱི་ངང་ཉིད་ལས།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཤར།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། པད་འདོད་ཆགས་འཇོམས་པ་འདི་བཟླས་པས།། ཆོས་ཉིད་དབྱིངས་ལ་འཕེལ་འགྲིབ་མེད།། རིག་པ་དུས་གསུམ་འདུས་མ་བྱས།། སོ་སོར་རྟོག་པའི་ཡེ་ཤེས་ཤར།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མེ་ཕྲག་དོག་འཇོམས་པ་འདི་བཟླས་པས།། ཤེས་བྱ་ཡེ་ནས་དག་པ་ལ།། མི་འགྱུར་དབྱིངས་ནས་མི་གཡོ་བ།། བྱ་བ་ནན་ཏན་ཡེ་ཤེས་ཤར།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཧཱུཾ་དུག་ལྔ་འཇོམས་པ་འདི་བཟླས་པས།། གསང་བ་ཐུགས་ཀྱི་ཡི་གེ་ལས།། རང་རིག་སེམས་ཀྱི་དོན་གསལ་བས།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་དོན་དམ་སྐུ་འཆར་འདི་བཟླས་པས།། འཛིན་པའི་སྡུག་བསྔལ་ཞི་བར་བྱེད།། འདོད་ཡོན་དྲུག་ལ་མ་ཞེན་པས།། ཆོས་ཀྱི་སྐུ་ཡི་ངོ་བོ་ཉིད།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་སྤྲོས་དང་བྲལ་བ་འདི་བཟླས་པས།། ཐུགས་རྗེ་བྱམས་པས་སྐྱོབ་པར་བྱེད།། བདག་གཞན་ཕྱོགས་ཆ་མི་འཛིན་པས།། ལོངས་སྤྱོད་རྫོགས་པའི་ངོ་བོ་ཉིད།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཎི་ཀུན་གྱི་ས་བོན་འདི་བཟླས་པས།། ཐུགས་རྗེའི་ཞགས་པས་འགྲོ་བ་འཛིན།། ཀུན་ལ་ཁྱབ་པའི་ཐུགས་རྗེ་ཅན།། སྤྲུལ་པའི་སྐུ་ཡི་ངོ་བོ་ཉིད།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། པད་དག་ཅིང་དྲི་མེད་འདི་བཟླས་པས།། བག་ཆགས་ངན་པ་བྱང་བྱས་ནས།། སྣང་བ་འགྱུར་བའི་ཐུགས་རྗེ་ཅན།། ངོ་བོ་ཉིད་སྐུའི་ངོ་བོ་ཉིད།། སྐལ་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། མེ་ཞེན་འཛིན་སྤངས་པ་འདི་བཟླས་པས།། བཏང་སྙོམས་གཉིས་སུ་མི་བྱེད་པས།། འདོད་པའི་གདུང་བས་མ་ཞེན་པ།། མངོན་བྱང་སྐུ་ཡི་ངོ་བོ་ཉིད།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཧཱུཾ་ཁོང་ནས་འབྱུང་བ་འདི་བཟླས་པས།། མི་འགྱུར་གདེངས་དང་ལྡན་པ་ཡིས།། ཐོག་མཐའ་མེད་ནས་གནས་པ་འདི།། རྡོ་རྗེའི་སྐུ་ཡི་ངོ་བོ་ཉིད།། སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཡི་གེ་དྲུག་པའི་དགུ་ཕྲུག་ནས་བསྟོད་པའོ།།
སྐུ་ལ་བསྟོད་པ་ནི།
ཨོཾ་མ་ཎི་པདྨེ་ཧཱུཾ། གནས་རི་བོ་ཏ་ལ་ཡི་རྩེ་མོ་ན།། ཆོས་དབྱིངས་ཡེ་ཤེས་གཞལ་ཡས་ཁང་།། ཉི་ཟླ་པདྨའི་གདན་སྟེངས་ནས།། སྤྱན་རས་གཟིགས་ཀྱི་བྱིན་གྱིས་རློབས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས།། འགྲོ་བའི་མགོན་པོ་བྱང་ཆུབ་སེམས།། སྟོང་དང་སྙིང་རྗེ་དབྱེར་མེད་ཐུགས།། ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས།། སྐུ་མདོག་དཀར་ལ་འོད་ཟེར་འཕྲོ།། ཆོས་སྐུ་དྲི་མ་མེད་པའི་རྟགས།། རྗེ་རྣམ་དག་སྐུ་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཞལ་ནི་འཛུམ་པའི་མདངས་དང་ལྡན།། སྤྱན་དཀྱུས་རིང་ལ་ཤངས་དབྱིབས་མཐོ།། སྤྱན་རྩ་དམར་བས་ཀུན་ལ་གཟིགས།། སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཕྱག་ནི་རྣམ་པ་བཞི་རུ་བྱུང་།། ཚད་མེད་རྣམ་པ་བཞི་ལྡན་པས།། འགྲོ་དོན་ཕྱོགས་མེད་མཛད་པའི་རྟགས།། རྗེ་ཀུན་གྱི་མགོན་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཕྱག་གཡས་མུ་ཏིག་ཕྲེང་བ་བསྣམས།། ཐུགས་རྗེ་རྒྱུན་ཆད་མེད་པ་ཡིས།། འཁོར་བའི་གནས་ནས་འདྲེན་པའི་རྟགས།། རྗེ་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཕྱག་གཡོན་པདྨ་དཀར་པོ་བསྣམས།། འགྲོ་དྲུག་གནས་སུ་དོན་མཛད་ཀྱང་།། འཁོར་བའི་སྐྱོན་གྱིས་མ་གོས་རྟགས།། རྗེ་ཡེ་སངས་རྒྱས་ལ་ཕྱག་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཕྱག་གཉིས་ཐུགས་དཀར་ཐལ་མོ་སྦྱར།། སྟོང་དང་སྙིང་རྗེ་དབྱེར་མེད་པས།། སེམས་ཅན་དོན་ལ་གནས་པའི་རྟགས།། རྗེ་མཉམ་ཉིད་དཔལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ལྗགས་ལ་པདྨ་འདབ་དྲུག་གསལ།། ཡི་གེ་དྲུག་པ་ཚངས་པའི་གསུང་།། སྙིང་པོ་འགྲོ་དྲུག་སྒྲིབ་སྦྱོང་རྟགས།། རྗེ་འགྲོ་དོན་མཛད་ལ་ཕྱག་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གནས།། ཡེ་ཤེས་རང་བྱུང་འབྲུ་དྲུག་ཤར།། ཡེ་ཤེས་རང་ལ་གསལ་བའི་རྟགས།། རྗེ་ཐུགས་གསལ་མཁྱེན་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས།། ཡེ་ཤེས་ལྔ་ཡི་རང་བཞིན་ཤར།། སྐུ་ལྔས་འགྲོ་བའི་དོན་མཛད་རྟགས།། རྗེ་རིགས་ལྔའི་མགོན་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། རིན་ཆེན་རྒྱན་སྣ་མང་པོས་བརྒྱན།། འོད་ཟེར་རྣམ་ལྔ་ཕྱོགས་མེད་འཕྲོ། འདོད་ཡོན་རང་སར་དག་པའི་རྟགས།། རྗེ་དགོས་འདོད་འབྱུང་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎིཔདྨེ་ཧཱུཾ། ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས།། ཁ་རྗིད་པའི་ཚུལ་གྱི་མདངས་དང་ལྡན།། མཉམ་བཞག་དོན་ལ་མ་གཡོས་རྟགས།། རྗེ་འགྱུར་བ་མེད་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཉི་ཟླ་པདྨའི་གདན་ལ་བཞུགས།། ཐབས་ཤེས་གཉིས་སུ་མེད་པ་ཡི།། ཐུགས་རྗེའི་འོད་ཀྱིས་སྙོམས་པའི་རྟགས།། རྗེ་བྱིན་རླབས་ཅན་ལ་ཕྱག་འཚལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེ་ཆེན་པོས་བྱིན་གྱིས་རློབས།། སྤྱན་རས་གཟིགས་ཀྱིས་བྱིན་གྱིས་རློབས།། འགྲོ་བའི་མགོན་པོས་བྱིན་གྱིས་རློབས།། འཇིག་རྟེན་དབང་པོས་བྱིན་གྱིས་རློབས།། རྒྱལ་སྲས་མཆོག་གིས་བྱིན་གྱིས་རློབས།། ཡིད་བཞིན་ནོར་བུས་བྱིན་གྱིས་རློབས།། སྐུ་ལ་བསྟོད་པའོ།།
གསུང་ལ་བསྟོད་པ་ནི།
ཨོཾ་མ་ཎི་པདྨེ་ཧཱུཾ། མ་ཎི་པདྨེ་འདི་བཟླས་པས།། ཉོན་མོངས་དུག་ལྔ་དབྱིངས་སུ་དག། སྐུ་དྲུག་ཡེ་ཤེས་དྲུག་ཏུ་ཤར།། མ་ཎི་འདི་ལྟར་ངོ་མཚར་ཆེ།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་ཎི་པདྨེ་འདི་བཟླས་པས།། འགྲོ་དྲུག་སྒྲིབ་པ་གནས་སུ་སྦྱངས།། རིགས་དྲུག་སྐྱེ་བའི་སྦྱངས་ས་བཅད།། མ་ཎི་འདི་ལྟར་སྒྲིབ་པ་སྦྱོང་།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་ཎི་པདྨེ་འདི་བཟླས་པས།། དུས་གསུམ་སངས་རྒྱས་མཉེས་པར་མཛད།། ཁམས་གསུམ་སེམས་ཅན་སྒྲིབ་པ་སྦྱོང་།། མ་ཎི་འདི་ལྟར་བྱིན་རླབས་ཆེ།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་ཎི་པདྨེ་འདི་བཟླས་པས།། བདེ་གཤེགས་སྐུ་གསུང་ཐུགས་ཀྱང་མཆོད།། ཚུར་འདུས་དངོས་གྲུབ་དབྱིག་ལྟར་སྡུད།། མ་ཎི་འདི་ལྟར་དངོས་གྲུབ་ཐོབ།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་ཎི་པདྨེ་འདི་བཟླས་པས།། འགྲོ་དྲུག་སྡུག་བསྔལ་གཏན་ནས་སེལ།། སྐུ་དྲུག་ཡེ་ཤེས་དྲུག་ཏུ་ཐོབ།། མ་ཎི་འདི་ལྟར་བྱིན་རླབས་འཕེལ།། ཨོཾ་མ་ཎི་པདྨེ་ཧཱུཾ། མ་ཎི་པདྨེ་འདི་བཟླས་པས།། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས།། འཁོར་བ་མ་སྟོང་བར་དུ་བཞུགས།། མ་ཎིའི་བྱིན་རླབས་འཛད་མི་འགྱུར།། ཨོཾ་མ་ཎི་པདྨེ་ཧཱུཾ། གསུང་ལ་བསྟོད་པའོ།།
ཐུགས་ལ་བསྟོད་པ་ནི།
ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེ་ཆེན་པོ་ཆོས་ཀྱི་སྐུ།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། ཆོས་དབྱིངས་ཡེ་ཤེས་གསལ་བའི་ངང་།། ཐུགས་ཆོས་ཀྱི་སྐུ་ལ་གཉིས་མེད་འདུད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེ་ཆེན་པོ་ལོངས་སྤྱོད་སྐུ། གསལ་ལ་མ་འགགས་རང་བྱུང་ཤར།། མེ་ལོང་ཡེ་ཤེས་གསལ་བའི་ངང་།། ཐུགས་ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟོད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ། སྣ་ཚོགས་སྣང་བ་རིས་མེད་འཆར།། མཉམ་པ་ཉིད་ཀྱི་ཡེ་ཤེས་ངང་།། ཐུགས་སྤྲུལ་པའི་སྐུ་ལ་གཉིས་མེད་འདུད།། ཨོཾ་མ་ཎི་པདྨེ། ཐུགས་རྗེ་ཆེན་པོ་ངོ་བོ་ཉིད་ཀྱི་སྐུ། མ་བཅོས་རང་བྱུང་རྣམ་པར་དག། སོ་སོར་རྟོག་པའི་ཡེ་ཤེས་ངང་།། ཐུགས་ངོ་བོ་ཉིད་ཀྱི་སྐུ་ལ་འདུད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེ་ཆེན་པོ་མངོན་པར་བྱང་ཆུབ་སྐུ།། སེམས་དང་ཆོས་སུ་དབྱེ་བ་མེད།། བྱ་བ་ནན་ཏན་ཡེ་ཤེས་ངང་།། ཐུགས་མངོན་པར་བྱང་ཆུབ་སྐུ་ལ་འདུད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེ་ཆེན་པོ་རྡོ་རྗེའི་སྐུ།། ཆོས་ཉིད་དོན་ལ་འགག་པ་མེད།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་།། ཐུགས་རྡོ་རྗེ་ལྟ་བུའི་སྐུ་ལ་འདུད།། ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་ལ་བསྟོད་པའོ།
ཡོན་ཏན་བསྟོད་པ་བཀྲ་ཤིས་སྨོན་ལམ་དང་བཅས་པ།
ཨོཾ་མ་ཎི་པདྨེ་ཧཱུཾ། དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། འགྲོ་དྲུག་ཀུན་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས།། བྱམས་དང་ཐུགས་རྗེའི་ཐུགས་ཀྱིས་སྐྱོབ་མཛད་པའི།། འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། ཡི་གེ་དྲུག་མ་ཤེས་རབ་དབྱིངས་ཀྱི་ཡུམ།། ནོར་བུ་འཛིན་པ་དབྱིངས་ལས་ཡེ་ཤེས་ཤར།། རིག་སྔགས་འཛིན་མ་ཆོས་དབྱིངས་མཉམ་པའི་ངང་།། ཐུགས་རྗེ་ཆེན་པོ་འཁོར་བཅས་བཀྲ་ཤིས་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། བདེ་གཤེགས་རིགས་དྲུག་སྐུ་དྲུག་ཡེ་ཤེས་དྲུག། ཕ་རོལ་ཕྱིན་དྲུག་འཁོར་བའི་ཕ་རོལ་སོན།། ཐུབ་དྲུག་སྤྲུལ་སྐུས་འགྲོ་དྲུག་སྡུག་བསྔལ་སྦྱོང་།། འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། འདས་པའི་སངས་རྒྱས་ཆོས་ཀྱི་དབྱིངས་ན་གནས།། ད་ལྟར་སངས་རྒྱས་སེམས་ཅན་འགྲོ་དོན་མཛད།། མ་འོངས་སངས་རྒྱས་འགྲོ་ཀུན་དོན་ལ་དགོངས།། དུས་གསུམ་སངས་རྒྱས་སྟོང་གི་བཀྲ་ཤིས་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། ཡི་གེ་དྲུག་པ་ཐུགས་རྗེ་སྤྲུལ་པའི་སྐུ།། འགྲོ་དྲུག་སྒྲིབ་སྦྱོང་འཁོར་བའི་གཡང་ས་གཅོད།། བྱང་ཆུབ་ལམ་འདྲེན་སྐུ་གསུམ་ས་ལ་འགོད།། སྙིང་པོ་ཡི་གེ་དྲུག་པའི་བཀྲ་ཤིས་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། སྤྱན་རས་གཟིགས་དབང་འགྲོ་དྲུག་ཡོངས་ལ་གཟིགས།། ཐུགས་རྗེ་ཆེན་པོའི་སྙིང་རྗེ་རྒྱུན་མི་ཆད།། འཇིག་རྟེན་དབང་ཕྱུག་འགྲོ་བ་ཡོངས་ཀྱི་མགོན།། འགྲོ་བའི་སྐྱབས་གནས་མཆོག་གི་བཀྲ་ཤིས་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་།། ལོངས་སྤྱོད་རྒྱས་ཤིང་བསམ་དོན་འགྲུབ་པ་དང་།། ཆོས་ལ་བར་ཆད་མེད་ཅིང་སྒྲུབ་པ་མཐར་ཕྱིན་ནས།། བརྒྱུད་འཛིན་བྱིན་གྱིས་བརླབས་པའི་བཀྲ་ཤིས་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། སྤྱན་རས་གཟིགས་ལ་སྐྱབས་སུ་མཆི།། བདེ་བ་ཅན་གྱི་གནས་མཆོག་ཏུ།། སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ།། ཕྱི་ནང་མེད་པའི་གཞལ་ཡས་ཁང་།། འཇིག་རྟེན་ཁང་ཁྱིམ་མིང་ཡང་མེད།། རི་བོ་ཏ་ལ་ར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། གཟུགས་ཀྱི་བྱེ་བྲག་ཇི་སྙེད་པ།། སྤྱན་རས་གཟིགས་ཀྱི་སྐུར་སྣང་བས།། ཕུང་པོ་ཤ་ཁྲག་མིང་ཡང་མེད།། རི་བོ་ཏ་ལ་ར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། སྒྲ་རུ་གྲགས་པ་ཇི་སྙེད་པ།། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། ཁྲོ་ཚིག་ང་རོའི་མིང་ཡང་མེད།། རི་བོ་ཏ་ལ་ར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། སེམས་ཀྱི་དྲན་རྟོག་ཇི་སྙེད་པ།། རང་རིག་ཡེ་ཤེས་འོད་གསལ་བས།། དུག་ལྔ་རྣམ་རྟོག་མིང་ཡང་མེད།། རི་བོ་ཏ་ལར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། འོད་ཀྱི་སྣང་བ་ཇི་སྙེད་པ།། ཆོས་ཀྱི་སྣང་བ་རྒྱུན་མི་ཆད།། ཉིན་དང་མཚན་མོའི་མིང་ཡང་མེད།། རི་བོ་ཏ་ལར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། འབྱུང་བའི་བྱེ་བྲག་ཇི་སྙེད་པ།། ཡེ་ཤེས་ལྔ་ཡི་འོད་ཟེར་ལས།། འབྱུང་བ་ལྔ་ཡི་མིང་ཡང་མེད།། རི་བོ་ཏ་ལར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། སྐྱེ་ཤིའི་བྱེད་བྲག་ཇི་སྙེད་པ།། པདྨའི་སྟེང་དུ་རྫུས་སྐྱེས་པས།། སྐྱེ་བ་རྣམ་བཞིའི་མིང་ཡང་མེད།། རི་བོ་ཏ་ལར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། ཟས་ཀྱི་བྱེ་བྲག་ཇི་སྙེད་པ།། འཆི་མེད་བདུད་རྩིའི་ཟས་ཟ་བས།། ཕུང་པོ་ཁམས་ཟས་མིང་ཡང་མེད།། རི་བོ་ཏ་ལར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། སྐོམ་གྱི་བྱེ་བྲག་ཇི་སྙེད་པ།། བདེན་ཆེན་རྒྱུན་གྱི་ཆུ་འཐུངས་བས།། འཇིག་རྟེན་སྐོམ་གྱི་མིང་ཡང་མེད།། རི་བོ་ཏ་ལར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། གོས་ཀྱི་བྱེ་བྲག་ཇི་སྙེད་པ།།། མཉམ་པ་རིས་མེད་གོས་གྱོན་པས།། འཇིག་རྟེན་གོས་ཀྱི་མིང་ཡང་མེད།། རི་བོ་ཏ་ལར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། བཞོན་པའི་བྱེ་བྲག་ཇི་སྙེད་པ།། བརྩོན་འགྲུས་མྱུར་བའི་རྟ་ཞོན་པས།། འཇིག་རྟེན་རྟ་ཡི་མིང་ཡང་མེད།། རི་བོ་ཏ་ལར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། གྲོགས་ཀྱི་བྱེ་བྲག་ཇི་སྙེད་པ།། ཐབས་དང་ཤེས་རབ་གཉིས་མེད་པས།། སྐྱེས་པ་བུད་མེད་མིང་ཡང་མེད།། རི་བོ་ཏ་ལར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། འཁོར་གྱི་བྱེ་བྲག་ཇི་སྙེད་པ།། རང་རིག་རང་ཤར་རང་གྲོལ་བས།། རྒྱལ་པོ་བློན་པོའི་མིང་ཡང་མེད།། རི་བོ་ཏ་ལར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། ནོར་རྫས་བྱེ་བྲག་ཇི་སྙེད་པ།། ཏིང་འཛིན་ལོངས་སྤྱོད་འཛད་མེད་པས།། འཇིག་རྟེན་འདོད་ཡོན་མིང་ཡང་མེད།། རི་བོ་ཏ་ལར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། མགོན་པོ་སྤྱན་རས་གཟིགས་དབང་ཁྱོད།། དང་པོ་བྱང་ཆུབཐུགས་བསྐྱེད་ནས།། ལམ་ལྔ་ས་བཅུ་བགྲོད་བྱས་ཤིང་།། ཕ་རོལ་ཕྱིན་པ་བཅུ་རྫོགས་ཏེ།། འགྲོ་བའི་དོན་དུ་སྐུ་བཞུགས་པ།། བདག་ནི་འཆི་བའི་དུས་ཀྱི་ཚེ།། རི་བོ་ཏ་ལར་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། རི་བོ་ཏ་ལར་སྐྱེས་ནས་ཀྱང་།། སྤྱན་རས་གཟིགས་ཀྱི་ཞབས་དྲུང་དུ།། སྐྱེ་ཤི་མེད་པའི་སྐུ་བརྙེས་ནས།། ཆོས་ཀྱི་བདུད་རྩི་འཐུང་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། བདག་གིས་སྨོན་ལམ་འདི་བཏབ་པས།། འགྲོ་བ་རིགས་དྲུག་སེམས་ཅན་རྣམས།། སོ་སོའི་སྡིག་སྒྲིབ་ཀུན་བྱང་ནས།། སྡུག་བསྔལ་མ་ལུས་ཞི་གྱུར་ཏེ།། བྱང་ཆུབ་ལམ་ལ་རབ་བཞུགས་ནས།། ཁམས་གསུམ་འཁོར་བ་སྟོང་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། ཡི་གེ་དྲུག་པའི་ཡོན་ཏན་བསྟོད་པ་བཀྲ་ཤིས་སྨོན་ལམ་དང་བཅས་པ། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་མཛད་པ་རྫོགས་སོ། མངའ་བདག་མྱང་གི་གཏེར་མའོ།། །།