བསེ་རུ།
རང་ཅག་བོད་གངས་ཅན་གྱི་ཡུལ་དེར་བཙན་པོའི་དུས་རབས་ཀྱི་ཉི་གཞོན་ཤར་བ་ནས་བཟུང༌། བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་ཐོག་ཞེ་གཉིས་པ་ཁྲི་དར་མ་ཨུ་དུམ་བཙན་གྱི་བར་རིམ་པར་བྱོན་པའི་དབུས་ནས་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་བསྐྱོད་པའི་རྒྱལ་མཚན་གྱི་ཏོག་ལྟ་བུ་སུམ་གཉིས་དབང་དུ་བསྒྱུར་བར་མཛད།
བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེན་མི་སྣ། བོད་ཁམས་གཅིག་གྱུར་གྱི་རྒྱལ་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྟེ་བོད་རྒྱལ་སོ་གསུམ་པ་དེའི་སྐབས་ནས་བཟུང་གུང་རི་གུང་བཙན་དང༌། མང་སྲོང་མང་བཙན་བར་རྒྱལ་ཐོག་གསུམ་རིང་བཙན་པོའི་ཞབས་འདེགས་ཞུ་མྱོང་བའི་མགར་གྱི་མི་རྒྱུད་དང་བཅས་པའི་སྐོར་ཅུང་ཟད་བརྗོད་པར་བྱའོ།།
དེ་ཡང་བཙན་པོ་སྲོང་བཙན་སྒམ་པོའི་མཚན་སྙན་འཛམ་གླིང་ཕྱོགས་བཅུར་ཁྱབ་པ་ནི་རྒྱུ་མེད་རྐྱེན་མེད་ཅིག་ལས་བྱུང་བ་ཞིག་མ་ཡིན་པར། དེ་ནི་སྐབས་དེའི་མེད་ཐབས་མེད་པའི་བློན་ཆེན་བཞི་སྟེ་མགར་སྟོང་བཙན་ཡུལ་བཟུང་ལ་སོགས་པའི་རྨད་དུ་བྱུང་བའི་ལྷག་བསམ་དང༌། ཞུམ་པ་མེད་པའི་སྙིང་སྟོབས་ལ་ལྟོས་ཚབས་ཆེ་བ་ཞིག་ཡིན་པ་ནི་སྨྲོས་མེད་ལགས། དེར་བརྟེན་མེད་ཐབས་མེད་པའི་བློན་ཆེན་བཞིའི་ཡ་གྱལ་མགར་སྟོང་བཙན་ཡུལ་བཟུང་གི་མཛད་རྗེས་སྐོར་ཐོག་མར་བརྗོད་པར་འདོད། མགར་སྟོང་བཙན་ཡུལ་བཟུང་ནི་༡ སེ་རྨུ་ལྡོང་སྟོང་སྟེ་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ཞང་པོ་ལྷ་རིགས་སྒོ་ལས་མཆེད་པའི་འགར་ཀེ་འགོས་གསུམ་ལ་སོགས་རུས་ཚན་བཅོ་བརྒྱད་དུ་གྱེས་པའི་ནང་ནས་མགར་གྱི་རུས་ཚན་དུ་སྐུ་འཁྲུངས། ཁོང་གི་མགར་གྱི་རུས་རྒྱུད་ནང་གི་བློན་པོའི་རབ་གསུམ་པ་ཡིན་ཀྱང༌། ཁོང་གི་ཡབ་ཡུམ་གྱི་མཚན་སྔར་གྱི་རྒྱལ་རབས་ལོ་རྒྱུས་ཁག་ནང་གསལ་ཁ་མེད། འཁྲུངས་ཡུལ་ལ་བཞེད་ཚུལ་མི་འདྲ་བ་གཉིས་བྱུང་བ་ནི། ༡བོད་ལྗོངས་ལྷོ་ཁ་ས་ཁུལ་ཁོངས་གཉལ་ཞེས་པའི་ས་ཆར་འཁྲུངས་པར་བཞེད་ཚུལ་ཞིག་དང༌། ༢ལྷ་སའི་ཉེ་འདབས་སྟོད་ལུང་ལྡིང་ག་དགོན་པའི་ཉེ་འགྲམ་གྱི་མགར་ཚང་གོག་ཅེས་པའི་ཁྱིམ་ཚང་དུ་འཁྲུངས་པར་བཞེད་ཚུལ་གཅིག་བཅས་བཞེད་ཚུལ་མི་འདྲ་བ་གཉིས་ཡོད་པ་ལས་ཕྱི་མས་འདོད་པའི་ཡུལ་དེའི་ནང་མགར་གྱི་ཕོ་བྲང་ཡིན་ཟེར་བའི་གྱང་རོ་མང་པོ་ཡོད་ཅིང༌། དགོན་པ་དེའི་རྡོ་གཅལ་དབུས་སུ་ཤུག་པ་ཞིག་ཡོད་པ་དེ་ཡང་མགར་གྱིས་བཙུགས་པ་རེད་ཅེས་དམངས་ཁྲོད་དུ་ཡོངས་ཁྱབ་ཀྱི་ཤོད་རྒྱུན་ཞིག་ཡོད།དེས་ན། ཁོ་བོ་ནི་སྟོད་ལུང་མགར་ཚང་གོག་ཏུ་འཁྲུངས་པར་འདོད་ཅིང༌། དེ་ནི་དམངས་ཁྲོད་ཡོངས་ཁྱབ་ཀྱི་བཤད་རྒྱུན་མ་ཉམས་པར་གནས་ཡོད་པ་དང༌། མགར་གྱི་ཕོ་བྲང་གི་ཤུལ་ཡིན་ཟེར་བའི་མཚན་དོན་ཙམ་ལ་བརྟེན་ནས་ཀྱང་ཁོང་གི་འཁྲུངས་ཡུལ་འཁྲུལ་མེད་ཡིན་པར་རམ་འདེགས་བྱེད་ནུས། མགར་གྱི་མི་རྒྱུད་སྔ་མས་ཀྱང་བོད་ཀྱི་བཙན་པོའི་བློན་པོ་བྱེད་མྱོང་བ་ནི། བོད་ཀྱི་བཙན་པོ་ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན་གྱི་སྐབས་སུ་མགར་སྒྲ་རྫི་མུན་གྱིས་རྒྱལ་པོ་དེའི་བློན་པོ་བྱས་ཞེས་རྒྱལ་རབས་ལོ་རྒྱུས་ཁག་ནས་གསུངས་པ་ལས་ཀྱང་རྟོགས་ཐུབ་པ་ཞིག་ཡིན།
མགར་སྟོང་བཙན་ཡུལ་བཟུང་བཙན་པོ་སྲོང་བཙན་སྒམ་པོའི་བློན་པོར་གྱུར་ཚུལ་ནི། ༢སྲོང་བཙན་དགུང་གྲངས་བཅུ་གསུམ་ཐོག་ཁྲི་ལ་འཁོད་ཅིང༌། བློན་ཆེན་མྱང་པོ་རྗེ་ཞང་སྣང་དང༌། མགར་མང་ཞང་སུམ་སྣང༌། ཁྱུང་པོ་སྤུང་སད་ཟུ་ཙེ། དབས་དབྱི་ཚབ་ལ་སོགས་པ་རྣམས་ཀྱིས་དེའི་སྐབས་བཙན་པོར་རམ་འདེགས་ཀྱིས་ཆབ་སྲིད་བསྐྱངས་ཤིང༌། དུས་ཡུན་གང་འཚམ་སོང་བའི་རྗེས་བཙན་པོ་དང་མྱང་པོ་རྗེ་ཞང་སྣང་གི་བར་དུ་ཁྱུང་པོ་སྤུང་ཟད་ཟུ་ཙེས་ཕྲ་མ་བཅུག་སྟེ།བཙན་པོ་དང་བློན་པོ་མྱང་གི་བར་འགལ་ཟླ་བཟོས་ནས་ཁོང་ཉིད་རྒྱལ་པོའི་བློན་པོའི་གོ་གནས་བཟུང༌།
དེ་ནས་ཁྱུང་པོ་སྤུང་ཟད་ཟུ་ཙེ་བགྲེས་ཡོལ་ལྟ་བུར་བཏང་རྗེས་མགར་སྟོང་བཙན་ཡུལ་བཟུང་བཙན་པོའི་བཀའ་ཡི་བློན་པོར་བཀུག་གནང་བ་ཞིག་རེད། མགར་གྱི་མཛད་རྗེས་ནི། ཁྱུང་པོ་སྤུང་ཟད་ཟུ་ཙེས་བློན་ཆེན་གྱི་གོ་གནས་བཟུང་བ་དང་སྟབས་བསྟུན་ཁོང་གིས་བཙན་པོ་བཀྲོང་རྩིས་བྱེད་སྐབས་མགར་གྱིས་རྣམ་དཔྱོད་རིག་པའི་རྩལ་གྱིས་བརྟག་ཅིང་དཔྱད་པའི་ཚེ་གསང་བ་དེ་ཤེས་ཏེ། རྒྱལ་པོའི་བླ་སྲོག་སྐྱབས་ཐུབ་པ་དེ་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ཆག་འཇིག་གི་ཉེན་ཁ་ལས་བསྐྱབས་པ་ཞིག་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་རེད། ས་ཕག་༦༣༩ལོར་བལ་ཡུལ་ནས་བལ་བཟའ་ཁྲི་བཙུན་དང༌། ལྕགས་གླང་༦༤༡ལོར་རྒྱ་ནག་ནས་རྒྱ་བཟའ་ཀོང་ཇོ་གཉིས་གདན་དྲངས་པའི་སྐབས་སུའང་མགར་སྐུ་ངོ་མ་ཕེབས་ཡོད་པ་རེད། དེ་ཡང༌།༣མགར་སྟོང་བཙན་ཡུལ་བཟུང་དང༌།ཐོན་མི་སམ་བྷོཊ་གཉིས་ཀྱིས་ཐོག་དྲངས་པའི་བློན་འཁོར་རྟ་པ་བརྒྱ་ལམ་དུ་ཆས་ནས་མཐར་བལ་པོའི་ཡུལ་གྱི་གྲོང་ཁྱེར་ཞེས་པའི་ཚིག་དོན་ལས་མགར་བལ་ཡུལ་དུ་ཕེབས་ཡོད་པ་བསྟན་ཅིེང༌།ཡང༌།དེ་ཡང་བལ་བཟའ་ཁྲི་བཙུན་གདན་དྲངས་པའི་མཇུག་ཏུ། “རྒྱ་ནག་གི་ལྷ་གཅིག་དེ་ཡང་གདན་འདྲེན་པར་བྱེད་པས་བཀའ་ཡི་གནང་བ་ཞུ།„ཞེས་པས་མགར་རྒྱ་ནག་ཏུ་ཕེབས་ཡོད་པ་ནི་ཤུགས་ལ་རྟོགས་ཐུབ་པ་ཞིག་རེད། ལྷག་པར་ཀོང་ཇོ་གདན་འདྲེན་སྐབས་མཐའ་བཞིའི་རྒྱལ་ཁབ་ནས་ཀྱང་ཀོང་ཇོ་སློང་མཁན་བསླེབས་ཡོད་སྟབས། རྒྱ་རྒྱལ་གྱིས་བློན་པོ་རྣམས་རིག་རྩལ་འགྲན་དུ་བཅུག་པས་མགར་ཉིད་བློན་པོ་གཞན་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པས་བྱ་སྒོ་མཐའ་དག་ཐོགས་མེད་དུ་བསྒྲུབས་ཐུབ་པས་ཀོང་ཇོ་བཙུན་མོར་མི་སྟེར་རང་སྟེར་ལྟ་བུར་ཐུག་སྟེ་སྟེར་དགོས་བྱུང་ཡོད་པ་ནི་བོད་མིའི་དམངས་ཁྲོད་དུ་ཡང་བཤད་རྒྱུན་རྒྱ་ཁྱབ་ཏུ་སོང་ཡོད།
བཙུན་མོ་སྔ་ཕྱི་གཉིས་བོད་དུ་གདན་དྲངས་པ་ཙམ་གྱིས་ཀྱང་བོད་ཀྱི་ཆབ་སྲིད་སྲ་བརྟན་དང༌། དཔལ་འབྱོར། རིག་གནས།ཚོང་འབྲེལ་སོགས་གང་ཅིར་རྒྱ་བསྐྱེད་ཀྱི་ནུས་པ་ཤུགས་ཆེ་ཞིག་ཐོན་ཡོད་པ་མ་ཟད།ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཡང་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད་པ་རེད།༤ “མགར་སྟོང་བཙན་ཡིག་རྨོངས་པ་ཞིག་ཡིན་ཀྱང༌། རང་བཞིན་གྱི་རྣམ་དཔྱོད་ཀྱི་རྩལ་ཕུལ་དུ་བྱུང་ཞིང་ངང་ཚུལ་བརྟན་པ།གཡུལ་གྱི་བྱ་བར་མཁས་པ། བོད་པ་རྣམས་ཀྱི་རྒྱབ་རྟེན་ཁོང་ལ་བཅོལ་ཏེ་བོད་རྒྱལ་ཁབ་དེ་ཉིད་སྟོབས་འབྱོར་མངའ་ཐང་ལྡན་པ་ཞིག་ཏུ་གྱུར་པ་ཡིན།„ ཞེས་པའི་ཚིག་དོན་ལས་རྟོགས་ཐུབ་པ་ནི་བློན་ཆེན་མགར་ནི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཀ་བ་ལྟ་བུ་ཞིག་ཆགས་ཡོད་པ་དེ་ཡིན། དེའི་སྐབས་བཙན་པོ་དང་བློན་པོའི་བར་དམ་ཚིག་འོ་ཆུ་གཅིག་འདྲེས་ངང་རྒྱལ་ཁམས་ཆོས་བཞིན་སྐྱོང་གི་ཡོད་པ་ནི་་༥བླ་ན་རྗེ་སྒམ་ཁྲི་སྲོང་བཙན། འོག་ན་བློན་མཛངས་སྟོང་བཙན་ཡུལ་བཟུང༌། „ཞེས་གསུངས་པ་བཞིན་རྒྱལ་བློན་གཉིས་ཀྱིས་འབངས་ཚུལ་བཞིན་སྐྱོང་གི་ཡོད་པ་བསྟན་ཡོད། ༦༥༠ལྕགས་ཁྱི་ལོ་སྲོང་བཙན་དགུང་གྲངས་སོ་བཞིའི་ཐོག་གྲོངས།
༦༥༡ལྕགས་ཕག་ལོར་སྲོང་བཙན་གྱི་འདས་མཆོད་བྱས་ཤིང༌། མགར་གྱིས་གཙོ་འགན་འཁུར་ཏེ་ཞིང་འབྲོག་སྐོར་ལ་ཞིབ་བཤེར་ཐེངས་གཅིག་མཛད། བཙན་པོ་སྲོང་བཙན་འདས་རྗེས་བོད་འབངས་ཀྱི་ཆབ་སྲིད་དང༌།དཔལ་འབྱོར།རིག་གནས་སོགས་ལེགས་ཉེས་ཅི་ཡོང་ཚང་མ་བློན་པོར་རག་ལས་པས་བློན་ཆེན་མགར་གྱིས་གཙོས་བློན་པོ་རྣམས་ལ་ཐུག་ཅིང༌། ཁོང་ཚོས་ཀྱང་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་བཙན་པོ་བཞུགས་པའི་སྐབས་དང་མཚུངས་པའི་རྒྱལ་ཁམས་ཚུལ་བཞིན་བསྐྱངས་པ་མ་ཟད།མཐའ་བཞིའི་རྒྱལ་ཕྲན་འགའ་ཞིག་གིས་ངོ་ལོག་བྱས་ཀྱང་དཔའ་འཁུམས་པར་བྱས་པ་དང༌། ༦༥༢ཆུ་བྱི་ལོར་གློ་བོའི་ཡུལ་དང་རྩང་ཧྱང་བོད་ཀྱི་ཆབ་འོག་ཏུ་བཅུག་༦༥༣ ཆུ་གླང་ལོར་གཡུག་ཅེས་པའི་ཡུལ་དུ་ཤ་ཁྲལ་འཇལ་བའི་སྲོལ་ཐོག་མར་བཙུགས། ༦༥༤ཤིང་སྟག་ལོར་མོང་པུ་ཧྲལ་རྫོང་དུ་ཆབ་འོག་གི་འགོ་གཙོ་རྣམས་བསྐོངས་ནས་ཚོགས་འདུའི་ཐོག་ཆབ་སྲིད་དང༌། དཔལ་འབྱོར། རིག་གཞུང༌། དམག་དོན་དང་བཅས་པའི་སྐོར་གྲོས་བསྡུར་གནང་བ་མ་ཟད། རྒོལ་གཡུང་དབྱེ་བ་བཀར་ཏེ་ཁྱིམ་གྲངས་བརྩི་བའི་སྲོལ་བཙུགས་ཤིང༌། ༦༥༥ཤིང་ཡོས་ལོར་བཀའ་ཁྲིམས་ཀྱི་ཡི་གེ་བྲིས། ༦༥༦མེ་འབྲུག་ལོར་གཙམ་གྱི་ཡུལ་མར་ཞེས་པ་ནས་ཤ་ཁྲལ་ཆེན་པོ་བསྡུས། དེ་ནས་༦༥༧མེ་སྦྲུལ་ལོ་ནས་༦༦༦ ཤིང་ཡོས་ལོ་བར་མགར་གྱིས་རྒྱལ་ཕྲན་འ་ཞ་དང་ཞང་ཞུང་གཉིས་ཀྱི་འཁོས་ཀ་མཛད་ཅིང༌། ༦༦༦ས་རྟ་ལོར་གྲུ་གུའི་ཡུལ་དུ་དམག་དྲངས། ༦༦༥མེ་རྟ་ལོར་དམག་ཐོག་ཏུ་གྲོངས་ཞེས་གསུངས་པ་དང༌། ༧ཁོང་ཉིད་འ་ཞའི་ཡུལ་དུ་ལོ་ངོ་བརྒྱད་རིང་བཞུགས་ཤིང༌།༦༦༦ཤིང་ཡོས་ལོར་རིམས་ནད་དམ་གཉན་གྲོག་ཚང་ཕོག་པས་རྐྱེན་བྱས་ཏེ། ༦༦༧མེ་ཡོས་ལོར་རིས་པུ་ས་ཆར་སྐུ་གྲོངས། ༨མགར་སྟོང་བཙན་ཡུལ་བཟུང་དེ་ཉིད་ཀྱིས་མང་སྲོང་མང་བཙན་ཁྲིར་འཁོད་པའི་ལྕགས་ཁྱི་ལོ ༦༥༠ལོ་ནས་མེ་ཡོས་༦༦༧ལོ་བར་ལོ་ངོ་ཧྲིལ་པོ་བཅོ་བརྒྱད་རིང་བོད་ཀྱི་ཆབ་སྲིད་བསྐྱངས་ཤིང་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་ཕྲན་ཁག་ལ་ཞི་དྲག་གཉིས་ཀྱི་ཐོག་ནས་འབྲེལ་ལམ་ཟམ་མི་ཆད་པར་བྱས་ཤིང༌། བོད་ཀྱི་སྤྱི་ཚོགས་ལ་མཁོ་བའི་ཕྱིའི་རིག་གཞུང་མང་པོ་ཞིག་ནང་འདྲེན་མཛད་ཅིང༌། མི་རིགས་ཀྱི་སྟོབས་འབྱོར་མངའ་ཐང་རྒྱས་པར་བྱས་རྗེས་རླབས་ཆེན་བཞག་གནང་ཡོད་པ་ནི་ལོ་རྒྱུས་ཀྱི་མེ་ལོང་ནང་ནས་བསུབ་ཐབས་བྲལ་བའི་གཟུགས་བརྙན་ཞིག་རེད།
བློན་ཆེན་མགར་སྟོང་བཙན་ལ་སྲས་བཞི་ཡོད་པ་ནི། མགར་བཙན་སྙ་ལྡོམ་བུ་དང༌།མགར་ཁྲི་འབྲིང་བཙན་བྲོད། མགར་བློན་ཟི་མདོ་ཡེ།མགར་འབལ་བློན་ནམ་མགར་བཙན་གཉན་སྲུང་སྟོན་བཅས་ཡོད་པ་སྔར་གྱི་བོད་ཀྱི་ལོ་རྒྱུས་ཁག་ཞལ་མཐུན་ཡང༌། ཐང་ཡིག་གསར་རྙིང་དུ་མགར་ལ་སྲས་ལྔ་ཡོད་པར་བཞེད་ཡོད་པ་ནི་འདི་ལྟར། བུ་ཆེ་བ་བཙན་གཉའ་ལྡོམ་བུ་དང༌། འབྲིང་བ་ཁྲི་འབྲིང་བཙན་བྲོད། གསུམ་པ་བཙན་བྲོད། བཞི་པ་ཟི་མདོ་ཡེ། ལྔ་པ་འབལ་བློན་ཞེས་གསུངས་འདུག་པས་དཔྱད་གཞིར་སྣང༌།
མགར་སྟོང་བཙན་ཡུལ་བཟུང་གི་སྲོང་བཙན་སྐབས་སུ་རྒྱལ་ཐབས་ཆབ་སྲིད་ཀྱི་བྱ་བ་སྤྱི་དང༌། བྱེ་བྲག་གཡུལ་གྱི་ལས་ཐབས་ཐོག་མཛད་རྗེས་རླབས་ཆེན་བཞག་ཡོད་ཅིང༌། གུང་སྲོང་གུང་བཙན་སྐབས་སུའང་རྒྱལ་སྲིད་ཀྱི་བྱ་བ་བསྐྱངས་ཡོད་པ་ནི་རྒྱའི་དེབ་ཐེར་ལས་སྲོང་བཙན་སྐུ་འདས་་་་ཞེས་པ་ནས་སྲོང་བཙན་ལ་སྲས་མེད་པས་ཚ་བོ་ཞིག་ཁྲི་ལ་འཁོད་དེ་ན་སོ་ཆུང་སྟབས་རྒྱལ་སྲིད་ཀྱི་བྱ་བ་རྣམས་མགར་སྟོང་བཙན་གྱིས་བསྐྱངས་སོ་„ ཞེས་པས་བསྟན་ཅིང༌།མང་སྲོང་མང་བཙན་གྱི་སྐབས་སུ་ཡང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཡོད་པ་ནི་༩ཁོང་ནར་མ་སོན་བར་ཕྱི་ནང་གི་བྱ་བ་ཐམས་ཅད་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གིས་འགན་འཁུར་ཏེ་ལོ་བཅོ་བརྒྱད་ཙམ་རིང་བོད་བཙན་པོའི་ཆབ་སྲིད་ལེགས་པར་བསྐྱངས་པ་དང༌།ཞེས་གསུངས་པ་སོགས་ལས་བློན་ཆེན་མགར་དེ་ཉིད་བོད་ཀྱི་བཙན་པོ་རིམ་བྱོན་གསུམ་གྱི་སྐུ་རིང་ལ་ཆབ་སྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་མཁན་ཞིག་ཡིན་པ་བསྟན་ཡོད།།
བློན་ཆེན་མགར་གྱི་སྲས་ཀྱི་མཛད་རྗེས་སྐོར།
ཡབ་བློན་ཆེན་མགར་སྟོང་བཙན་གྲོངས་པའི་རྗེས་སུ་བུ་ཆེ་བ་མགར་བཙན་གཉེན་ལྡོམ་བུ་བཙན་པོས་ཡབ་ཀྱི་གོ་སར་བསྐོས་ཏེ་བློན་ཆེན་གྱི་མཚན་གནས་བཟུང་ཞིང༌། གཅུང་མགར་ཁྲི་འབྲིང་བཙན་བྲོད་སོགས་གཞན་གསུམ་གྱིས་དམག་དཔོན་བྱས་ཏེ་ལོ་དེ་རང་ལ་རྒྱའི་ས་མཚམས་སུ་དམག་དྲངས།འཇང་རིགས་ཡུལ་ཚན་བཅུ་གཉིས་ཙམ་བཅོམ་པ་དང༌།ནུབ་ཕྱོགས་ཀྱི་གྲུ་གུ་མཚོ་ཆེན་བཅུ་གཉིས་བོད་ཀྱི་ཆབ་འོག་ཏུ་བཅུག༡༠ལྕགས་ཕག་༦༧༠ ལོར་ཐང་ལ་དམག་དྲངས་ཤིང༌། ཤིན་ཅང་བོད་ཀྱི་ཆབ་འོག་ཏུ་བཅུགརྒྱའི་ཡུལ་མཚོ་བཅོ་བརྒྱད་དབང་དུ་བསྡུས་པ་ལ་སོགས་པའི་མཛད་རྗེས་ཁག་ལ་མགར་གྱི་བུ་རྒྱུད་རྣམས་ཀྱི་མཉམ་རུབ་ཀྱིས་ཞུགས་ཤིང༌། བུ་ཆེ་བ་བཙན་སྙ་ལྡོམ་བུ་ནི་མེ་སྤྲེལ་༦༨༥ ལོར་མང་ཉེན་སྟག་ཚབ་ཟེར་བའི་བློན་པོ་ཞིག་དང་ཁ་མཆུ་བྱུང་སྟེ། ཤངས་ཀྱི་སུམ་ཆུའི་ཁར་མང་ཉེན་སྟག་ཚབ་ཀྱིས་བསད་པ་ཞིག་རེད་འདུག་ལ་དེ་ནི་མགར་རུས་རྒྱུད་ནང་ཁུལ་དུ་བྱུང་བའི་བློ་ཕམ་གྱི་གནས་ཚུལ་ཞིག་ཀྱང་ཡིན།དེའི་རྗེས་བཙན་པོས་མགར་ཁྲི་འབྲིང་བཙན་བྲོད་ལ་བློན་ཆེན་གྱི་གོ་གནས་བསྩལ་བས་ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས། ༡༡འདིས་མང་སྲོང་མང་བཙན་གྱི་སྐུ་དུས་སུ་རང་གི་གཅེན་པོ་མགར་བཙན་སྙ་ལྡོམ་བུ་ལ་གཞོགས་འདེགས་བྱས་ནས་དམག་དོན་དང༌། ཆབ་སྲིད། དཔལ་འབྱོར་སོགས་ཀྱི་ཐོག་ཐུགས་འགན་ཆེན་པོ་འཁུར་བ་མ་ཟད། རང་གི་གཅེན་པོ་འདས་རྗེས་བཙན་པོའི་བཀའ་བཞིན་བློན་ཆེན་གྱི་འགན་འཁུར་ནས་བཙན་པོར་ཆབ་སྲིད་བསྐྱངས་རོགས་ཞུས།སྤྱི་ལོ་༦༩༥མེ་ཁྱི་ལོར་མགར་བཙན་ཉེན་གུང་རྟོན་བཙན་པོར་ངོ་ལོག་པ་དང༌། ལོ་དེའི་དགུན་དུས་སུ་ཁོང་ལ་བཀའ་ཁྲིམས་ཐག་གཅོད་གནང་ནས་ཉེན་ཀར་ལྕང་བུ་ཞེས་པའི་ས་གནས་སུ་སྲོག་ཐོག་ཏུ་བཏང་བ་དང༌། ལོ་དེར་མགར་ཁྲི་འབྲིང་བཙན་བྲོད་ནི་འ་ཞའི་ཡུལ་དུ་དམག་རྒྱག་ཏུ་བསྐྱོད་ཅིང་རྒྱ་དམག་ཕམ་པར་བྱས་ཏེ་ཤར་ཕྱོགས་སུ་རྒྱལ་ཁམས་རྒྱ་བསྐྱེད་གནང་བཞིན་ཡོད་འདུག བཙན་པོས་མགར་གུང་རྟོན་སྲོག་ཐོག་ཏུ་བཏང་བ་དེས་བཙན་པོ་དང་མགར་མི་རྒྱུད་བར་འགལ་བ་དང༌།འཐབ་རྩོད་ཛ་དྲག་ཆེ་ཆེར་འགྱུར་བའི་འགོ་བརྩམས།
མགར་ཁྲི་འབྲིང་བཙན་བྲོད་དམག་དཔུང་ཁྲིད་ནས་ཕྱི་ཕྱོགས་སུ་གནས་བཞིན་པའི་སྐབས་བཙན་པོས་རི་དྭགས་རྔོན་པར་ཕེབས་རྒྱུར་ཞལ་གཡར་ཏེ་ཕྱོགས་དེར་དཔུང་བསྐྱོད་ཀྱིས་གཡུལ་བསྲེས་ནས་ཁྲི་འབྲིང་གི་དམག་མི་ཉུང་བ་ཞིག་བསད་པས་བཙན་པོས་ཁྲི་འབྲིང་སོགས་འགུག་པར་བཏང་ཡང་བཀར་མ་བརྩིས་པར་མ་བྱོན་པས་བཙན་པོས་དམག་སྣ་འཁྲིད་དེ་བྱོན་པ་ཙམ་གྱིས་ཟིལ་ཤུགས་ཀྱིས་དམག་རྒྱག་མི་དགོས་པར་ཁྲི་འབྲིང་དཔུང་ཁ་འཐོར་དུ་སོང་བས་ཁྲི་འབྲིང་རང་སྲོག་དོར་བ་མ་ཟད་བློས་ཐུབ་ཀྱི་དམག་མི་སོགས་མི་བརྒྱ་ལྷག་ཀྱང་མཉམ་དུ་ལྕེབས་པས་སྤུན་བཙན་པོའམ་སྟག་ར་ཁོང་ལོད་ཟེར་བ་རང་གི་དམག་དཔུང་དང༌།གཅེན་པོའི་བུ་མང་རྗེ་སྟག་ཚབ་སོགས་འཁྲིད་ནས་ཐང་གི་རྒྱལ་ཁམས་སུ་བྲོས་ཏེ་སྐྱབས་བཅོལ་ཞུས་རྗེས་ཐང་གི་བསུ་བ་དང་བཅས་གོང་མའི་སྐུ་སྲུང་གཡོན་རུའི་དམག་སྤྱི་སོགས་ཀྱི་གོ་མིང་གནང་ཚུལ་ནི། ཐང་ཡིག་གསར་མ་དང་ཏུན་ཧོང་ཡིག་རྙིང་སོགས་སུ་གསལ་ཡོད། གོང་དུ་བཙན་པོས་ཐབས་བརྒྱ་ཇུས་སྟོང་གིས་མགར་ཁྲི་འབྲིང་བཙན་བྲོད་ཀྱི་དམག་དཔུང་ལ་ཁ་གཏད་ཐོག་ཁྲི་འབྲིང་ཕམ་ཉེས་སུ་གཏོང་དགོས་དོན་ནི། མགར་གྱི་རུས་རྒྱུད་ལས་བྱུང་བའི་བློན་པོ་རྣམས་ཀྱིས་ཕན་ཚུན་རྒྱབ་རྩ་གནོན་རེས་བྱས་ཏེ་བློན་པོ་གཞན་དག་ལ་གླགས་འཚོལ་བའི་གོ་སྐབས་མ་བྱིན་པ་དང༌། མགར་གྱི་མི་རྒྱུད་རྣམས་ཀྱིས་བློ་ཐབས་དང་འཇོན་ཐང་ལ་བརྟེན་ནས་བཙན་པོ་མང་སྲོང་མང་བཙན་དང༌། ཁྲི་འདུས་སྲོང་ཡབ་སྲས་ཀྱི་རིང་ལ་ཆབ་སྲིད་ཀྱི་དབང་ཆ་ཡོད་ཚད་བཟུང་ཡོད་པའི་སྐབས་བཙན་པོ་རང་ཉིད་བོད་འབངས་ཀྱི་བཙན་པོ་ཞིག་ཡིན་ཀྱང་མགར་རུས་རྒྱུད་ཚོའི་དབང་ཤུགས་བཙན་པས་སླད་མར་བཙན་པོ་རང་ཉིད་བོད་འབངས་སྤྱི་ལ་དབང་བསྒྱུར་བའི་སྲིད་དབང་ཞིག་འཛུགས་པར་དེ་རྣམས་གེགས་ཤིག་ཡིན་པར་གཟིགས་ཏེ་སྲོག་ཁྲིམས་གཅོད་པ་ལ་སོགས་པའི་ལས་ཐབས་རྣམས་བརྩམས་པ་ཞིག་རེད།
དེ་ནས་བཟུང་མགར་གྱི་རུས་རྒྱུད་རྣམས་ཀྱིས་བོད་ཀྱི་བཙན་པོའི་བློན་པོ་བྱ་རྒྱུ་མཇུག་སྒྲིལ་བ་ཞིག་རེད། འོན་ཀྱང༌། མགར་གྱི་རུས་རྒྱུད་རྒྱ་བོད་ས་མཚམས་སུ་གནས་ཡོད་མིན་ཆ་མི་འཚལ། རྒྱལ་ཐོག་གསུམ་གྱི་རིང་བློན་ཆེན་མགར་སྟོང་བཙན་དང༌། བུ་ཆེ་བ་མགར་བཙན་སྙ་ལྡོམ་བུ་སོགས་ཀྱིས་བློན་ཆེན་གྱི་འགན་དབང་བསྟུད་མར་ཤུལ་འཛིན་བྱས་ཏེ་བོད་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། དམག་དོན་སོགས་གང་ཅིར་བྱས་འབྲས་གཟེངས་སུ་ཐོན་པ་བཞག་ཡོད་པ་རེད། ད་ལྟའི་ཆར་ང་ཚོས་འདས་ཟིན་པའི་བྱུང་རབས་ལས་འབྱུང་འགྱུར་ལ་སྨན་པའི་བསླབ་བྱ་ལེན་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཞིག་ཡིན་པ་ལས། ལོ་རྒྱུས་ཀྱི་ཆེད་དུ་ལོ་རྒྱུས་ཙམ་ཤོད་པ་དང་། མཛད་རྗེས་ཙམ་ལ་ཡིིད་སྨོན་ནས་འདུག་རྒྱུ་ནི་ད་ལྟའི་ལས་འགན་ངོ་མ་ཞིག་མིན་པར་སེམས་སོ། །
དཔྱད་གཞིའི་ཡིག་ཆ་ཁག
༢ གཡུ་ཡི་ཕྲེང་བ། སྟོད་ཆ། དེབ་དཀར།
༣ གཡུ་ཡི་ཕྲེང་བ། སྟོད་ཆ། རྒྱལ་རབས་གསལ་མེ།
༤ ཐང་ཡིག་གསར་རྙིང༌།
༥ དེབ་ཐེར་དཀར་པོ།
༦ དེབ་ཐེར་གསལ་མེ་ལོང་།
༧ གཡུ་ཕྲེང༌། སྟོད་ཆ།
༨ དོན་གྲུབ་རྒྱལ་གྱི་གསུང་རྩོམ། ཤོག་གྲངས།༣༦༩
༡༠ དེབ་ཐེར་ཀུན་གསལ་མེ་ལོང་།
༡༡ གངས་ལྗོངས་གྲགས་ཅན་མི་སྣའི་ལོ་རྒྱུས།
༡༢ མཁས་དབང་དམུ་དགེ་བསམ་གཏན་གྱི་གསུང་འབུམ། པོད།༣པ།
༡༣ ལོ་རྒྱུས་བློ་གསར་འབབ་སྟེགས།
༡༤ བསྟན་རྩིས་ཀུན་ལས་བཏུས་པ།
མགར་སྟོང་བཙན་ཡུལ་སྲུང༌།
From Wikipedia
རྩོམ་སྒྲིག་པ་དཔལ་མཆོག
(གསལ་བཤད། འདི་ནི་ཝེ་ཁེ་རིག་མཛོད་དམ། རང་དབང་གི་རིག་མཛོད་ཆེན་མོ་http://bo.wikipedia.org/wiki ལས་འདིར་ཀུན་ལ་མཁྱེན་རྟོགས་སླད་དྲངས་པ་ཞིག་ཡིན། བསེ་རུས།)
བློན་པོ་མགར་སྟོང་བཙན་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་ཆེན་བཞིའི་ནང་གི་གཅིག་ཡིན་ཅིང༌། འཁྲུངས་ཡུལ་སྟོད་ལུང་རམ་པ་ནས་ཡིན་པ་དེང་སང་གནས་དེར་མགར་གྱི་ཕོ་བྲང་ཆགས་པའི་ཡུལ་ཡིན་ཟེར་བ་མཐོང་རྒྱུ་ཡོད།
མགར་འདི་རིག་པ་རྣོ་ཞིང་ཆབ་སྲིད་དང་དམག་དོན་ལ་མཁས་པས་སྔ་རྗེས་སུ་རྒྱལ་པོ་སྲོང་བཙན་སྒམ་པོས་མངགས་པ་ལྟར་བལ་ཡུལ་དུ་སོང་ནས་བལ་བཟའ་ཁྲི་བཙུན་གདན་དྲངས་པ་དང༌། བཙན་པོ་མང་སྲོང་མང་བཙན་གྱིས་སྲིད་དབང་བཟུང་སྐབས་ལོ་བཅོ་ལྔའི་རིང་བཙན་པོར་ཆབ་སྲིད་ཀྱི་རོགས་རམ་བྱས་པ། གོང་མ་ཐང་ཀའོ་ཙུང་གི་སར་འཚམས་འདྲིར་སོང་བ་སོགས་སྙན་ལ་རིང་བའི་ལོ་རྒྱུས་ངོ་མཚར་ཆེ་བ་མང་པོ་ཤོད་རྒྱུན་ཡོད་ཅིང༌། བོད་དུ་རུ་བཞི་དང་སྟོང་སྡེ་དྲུག་བཅུ་རྩ་བཞིར་བགོས་ནས་དམག་སྲིད་ཟུང་འབྲིལ་གྱིས་སྲིད་དབང་འཛུགས་པ་དང༌། ས་ཞིང་གི་རྒྱ་ཁྱོན་རྩིས་ནས་ཁྲལ་བསྡུ་བའི་ལམ་ལུགས་འཛུགས་པ། ས་ཞིང་འབངས་ལ་དབང་བ་དང༌། དམག་དཔུང་ལ་དབང་བ། དམག་དཔོན་ལ་དབང་བ། བློན་ཆེན་ལ་དབང་བ། རྒྱལ་པོ་ལ་དབང་བ་སོགས་རིགས་ལྔར་བགོས་ཏེ་བཀས་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་འཛུགས་པ་སོགས་བྱས་རྗེས་ཆེན་པོ་བཞག་ཡོད་པར་བརྟེན། བོད་དུ་བློན་པོ་མགར་སྟོང་བཙན་ལ་སྙན་གྲགས་ཆེན་པོ་ཡོད། གོང་མ་ཐང་ཐའི་ཙུང་གིས་ཀྱང་བློན་པོ་མགར་སྟོང་བཙན་གྱིས་བཤད་པའི་སྐད་ཆ་བློ་ལ་བབས་པོ་བྱུང་ནས་རང་ཉིད་ཀྱི་ཚ་མོ་ཀོང་ཇོ་ཞིག་བག་མར་སྤྲད་ཀྱང་ཐབས་ལ་མཁས་པས་དང་དུ་མ་བླངས་ཤིང༌། གོང་མས་སླར་ཡང་བློན་པོ་མགར་ལ་ཡང་གཡིའུ་གཡུ་ཐའི་ཅང་ཇུན་གཡས་རུའི་སྐུ་སྲུང་དམག་སྤྱི་ཆེན་པོ་ཞེས་པའི་གོ་གནས་སྤྲད། རྒྱལ་པོ་སྲོང་བཙན་སྒམ་པོ་འདས་རྗེས་སུའང་མང་སྲོང་མང་བཙན་གྱིས་སྲིད་དབང་བཟུང་བའི་ལོ་བཅོ་ལྔའི་རིང་རོགས་རམ་བྱས་ཤིང༌། ཚེ་སྨད་དུ་འ་ཞའི་ཡུལ་དུ་སྔ་རྗེས་བསྡོམས་ལོ་དྲུག་དང་གྲུ་གུའི་ཡུལ་དུ་ལོ་གཅིག་བཅས་མཐའ་སྲུང་བློན་ཆེན་གྱི་ལས་འགན་ཁུར། ཐང་ཀའོ་ཙུང་གི་ཆེན་ཧཕེང་ཁྲི་ལོ་གཉིས་པ་མེ་ཡོས་༦༦༧ ལོར་འ་ཞའི་ཡུལ་ནས་བོད་ས་གནས་སུ་ཕྱིར་ལོག་བྱས་པའི་ལམ་བར་ཟིང་མདའ་ཟེར་བའི་ས་ཆར་སླེབས་སྐབས་གཉན་འབྲས་ཀྱི་ན་ཚ་བྱུང་ནས་འདས། བོད་ཀྱི་དམངས་ཁྲོད་ཤོད་རྒྱུན་དུ་བློན་པོ་མགར་ཡང་ཚེ་མཇུག་ལ་རྒྱལ་པོ་སྲོང་བཙན་སྒམ་པོས་བཙོན་ཁང་ནང་བཅུག་ཐོག་མིག་བཏོན་ནས་བསད་པར་བཤད་པ་ནི།
བློན་པོ་མགར་གྱི་སྤུན་མཆེད་མགར་བཙན་ཉེན་གུང་སྟོན་ཟེར་བ་ཞིག་ཡོད་པ་དེ་རྒྱལ་པོ་འདུས་སྲོང་མང་པོ་རྗེའི་བློན་པོ་ཡིན་པ་རྗེས་སུ་རྒྱལ་པོ་ལ་བློ་ལོག་པ་རྒྱལ་པོས་ཤེས་ནས་ཤིང་ལུག ༦༩༥ལོ་ལ་ཁྲིམས་ཀྱི་ཆད་པ་བཅད་དེ་སྲོག་ཐོག་བཏང་བའི་སྐོར་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཤོག་དྲིལ་ནང་གསལ་བ་དེ་འདྲ་ཞིག་ལ་གོ་ནོར་ཐེབས་པ་ཡིན་ཚོད་ལས། བློན་པོ་མགར་སྟོང་བཙན་བཙོན་འཇུག་དང་ཁྲིམས་གཅོད་བྱས་པའི་ལོ་རྒྱུས་ཁུངས་བཙན་གང་ཡང་མེད། བློན་པོ་མགར་ལ་བུ་ལྔ་ཡོད་མགར་བཙན་སྙ་ལྡོམ་བུ། མགར་ཁྲི་འབྲིང༌། མགར་བཙན་བྲོད། བློན་ཟི་མདོ་ཡེ། བློན་འབལ་ལོནཔ་ལས་བུ་ཆེ་བ་བཙན་སྙས་ཕ་འདས་རྗེས་ལོ་ངོ་དྲུག་སོང་བ་ཆུ་སྤྲེལ་༦༧༢ ལོ་ནས་བློན་ཆེན་གྱིས་གོ་གནས་བཟུང་ཞིང༌། བུ་གཞན་གསུམ་གྱིས་དམག་དཔོན་བྱས། ཤིང་བྱ་༦༨༥ ལོར་བློན་མང་ཉེན་སྟག་ཚབ་དང་མ་མཐུན་པར་ནང་དམེ་བྱུང་སྟེ་མང་ཉེན་སྟག་ཚབ་ཀྱིས་བསད། དེ་རྗེས་ཚབ་ཏུ་བུ་གཉིས་པ་ཁྲི་འབྲིང་གི་བློན་ཆེན་བྱས། དེ་ནས་ལོ་ངོ་བཅུ་བཞི་སོང་བ་ས་ཁྱི་༦༩༨ ལོར་རྒྱལ་པོ་འདུས་སྲོང་མང་པོ་རྗེ་དང་མ་མཐུན་པར་རྒྱལ་པོས་ཁྲི་འབྲིང་ལ་དམག་དྲངས་ཏེ་ཁྲི་འབྲིང་རང་སྲོག་བཅད། བཙན་བྲོད་དང་སྤུན་མཆེད་གཞན་རྣམས་ཀྱིས་རང་གི་འཁོར་གཡོག་ཁྲིད་དེ་ཐང་རྒྱལ་རབས་ལ་མགོ་བཏགས་ཞུ་བར་སོང༌། སྐབས་དེར་ཐང་གི་གོང་མ་ནི་བཙུན་མོ་འུ་ཙི་ཐིའན་ཡིན་པས་སྐུ་སྲུང་དམག་བཏང་ནས་བསུ་བ་བྱས་ཏེ། བཙན་བྲོད་ལ་ཐེའུ་ཙིན་དང༌། ཧཕུ་གོ་དམག་དཔོན་ཆེན་པོ་ཀོས་དེ་ཇུན་ཝང་ཞེས་པའི་ཆོ་ལོ་དང༌། མང་པོ་རྗེ་ལ་ཙོའུ་ལིང་ཏའི་ཇང་གུན་ཨན་གུའི་གུང་ གཡོན་རུའི་དམག་སྤྱི་ཆེན་པོ་ ཞེས་པའི་ཆོ་ལོ་སྤྲད་དེ་ཐང་གི་བློན་པོའི་གྲས་སུ་བཞག།
མགར་སྟོང་བཙན་ཚེ་མཇུག་ཏུ་མཚོ་སྔོན་པོའི་འགྲམ་གྱི་རི་ཆེན་ཞིག་གི་རྩར་གྲོངས་རྗེས་ཁོང་གཞི་བདག་དྲག་རྩལ་ཅན་ཞིག་ཏུ་གྱུར་པ་དང་། ས་གནས་མི་མང་གིས་རི་དེ་ལ་བློན་པོ་གསེར་ཆེན་ཞེས་བཏགས་ནས་མགར་དམ་པར་རྗེས་དྲན་མཆོད་འབུལ་རྒྱ་ཆེན་བྱེད་བཞིན་ཡོད།
འདི་སྐོར་ལ་དགེ་ཆོས་ཀྱི་དེབ་དཀར་ན་བཀའ་མ་ལོག་དང་རྒྱ་དུར་ཐང་འགྲེལ་སྐབས་གསལ་བོ་ཅིག་ཡོད་བསམ། གང་ལྟར་མཚོ་སྔོན་ཕྱོགས་ཀྱི་ཁ་རྒྱུན་ལ་མགར་སྟོང་བཙན་ཚེ་མཇུག་དུ་གནས་དབྱུང་བཏང་བ་དང་དེ་ཡང་མཚོ་སྔོན་པོའི་ཕྱོགས་ནས་རྒྱལ་མཚམས་སྲུང་ནས་སྐུ་ཚེའི་འཕེན་པ་རྫོགས་པ་ཅིག་བཤད་རྒྱུན་ཡོད་ཀི འོན་ཀྱང་ཁ་རྒྱུན་དེ་ཡིག་ཐོག་ཏུ་བཀོད་ཡོད་པ་ད་ལྟའི་བར་དུ་མཐོང་རྒྱུ་མི་འདུག
ཁོང་གིས་མི་ཚེ་གང་བོར་བོད་མི་རིགས་ཀྱི་ཆེད་དུ་དཀའ་ངར་ཞེ་དྲག་མྱོང་ཡོད་རེད་ལ། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དངོས་ཡིན་ཟེར་བའི་སྲང་བཙན་ཁོང་གི་ཞབས་ཞུ་ཧུར་ཐག་ཞུས་མྱོང་བའི་བློན་ཆེན་ཁོང་ནི་གཞི་བདག་ཅིག་ལས་སྐྱེས་པར་མ་བཞེས་པ་ནི་ཅི་འདྲའི་ཡ་མཚན་པའི་གནས་སུ་རེད་ཨང་།
ཟུར་ཙམ་བལྟས་ཡིན། ཏུན་ཧོང་ལྟར་ན་མགར་ཁྲི་སྒྲ་འཛི་རྨུན་ནི་གནམ་རི་སློན་བཙན་གྱི་བློན་པོ་རེད། དེ་ཡང་ ་་དེ་འི་འོག་དུ་།། མགར་ཁྲི་སྒྲ་འཛི་རྨུན་གྱིས་བྱསྟེ།།འཛངས་རྒྱ་དང་ལྟག་བརྟན་ནི།། འདྲོན་པོ་མྱི། གསུམ་འགྲོགས་ཏེ་འགྲོ་ན་།། འདྲོན་པོ་ཐོག་མ་འི་སྙིང་ལ་འདི་སེམས། བར་མ་འི་སྙིང་ལ་འདི།།སེམས།། ཐ་མ་འི་སྙིང་ལ་འདི་སེམས་ཤེས།། གྲོགས་པོ་གཏམ་བྱས་པ་དང་།། བདེན་ནམ་བརྫུན།། འདྲོན་པོ་གསུམ་ཁ་བཀལ་ཏེ་རྨས་ན།། ཁྲི་སྒྲ་འཛི་རྨུན་མཆི་བ་བཞིན་མད་དེ།།འཛངས་ཀྱང་།།ནི་དེ་ཙམ་མོ།། དེ་འི་འོག་ཏུ་མྱང་མང་བོ་རྗེ་ཞང་སྣང་གིས་བྱས་སོ།། བཙན་པོ་ཡབ་ཁྲི་སློན་བཙན་དགུང་དུ་གཤེགས། །སྲས་ཁྲི་སྲོང་བཙན་གྱི་རིང་ལ་་ཞེས་སོགས་གསལ་བས་བརྟག་འཚལ། དབས་དབྱི་ཚབ་ཀྱང་གནམ་རི་སློན་བཙན་གྱི་བློན་པོ་ཡིན་པ་ལ་རྒས་ནས་ཉི་མ་འདེ་རུ་བཏང་ཡོད་པ་ཞིག་ཡིན་པ་གསལ།
ཏུན་ཧོང་ནང་། འཁྲུངས་ཡུལ་གྱི་སྐོར་གསལ་བོ་མི་ཤེས་ཀྱང་མགར་མི་རྒྱུད་ཀྱི་འདུག་ས་བྱ་པུའམ་བྱ་ཕུ་ཡིན་པ་གསལ། མཚམས་རེར་བྱ་མདའ་ཞེས་ཀྱང་གསལ། མགར་སྟོང་བཙན་གྱི་སྐབས་ཀྱང་དེ་ག་རང་རེད་ལ། ཁྲི་འབྲང་ལ་བཀྱོན་ཕབས་སྐབས་ཀྱང་། བྱ་ཕུ་ནི་ལུང་ཆུང་ནས་ཞེས་འགྱུར་བ་མི་འདུག གནས་སྐབས་དེ་ཙམ་ཡིན།
དོན་དམ་པས་མགར་ལ་བུ་ག་ཚོད་ཅིག་ཡོད་མེད་དེའང་བཤད་ཁག་པོ་འདྲ་ཞིག་འདུག ཏུན་ཧོང་གི་ལོ་ཚིགས་གནད་བསྡུས་གཅིག་པོའི་ནང་ཡང་མགར་གྱི་མཚན་ཅན་དུ་མ་ཞིག་སླེབས་ཡོད་པ་རེད།
མགར་འ་ཞ་ནས་སླར་ལོག་ནས་གཤེགས་པོ་དེ་གསལ་པོ་རེད། ནད་ག་རེ་བྱུང་མིན། ལོ་དུས་ཚང་མ་གསལ་པོ་རེད།
མཚོ་སྔོན་པོའི་ཕྱོགས་ཀྱི་གཏམ་བརྒྱུད་དེ་ཚོ་ཕལ་ཆེར་མགར་ཁྲི་འབྲིང་བཙན་བྲོད་དང་འབྲེལ་བ་ཡོད་པ་ཞིག་མིན་ནམ་སྙམ། མགར་གྱི་མི་བརྒྱུད་ཀྱི་མཐའ་མཚམས་རྒྱ་བསྐྱེད་བྱེད་སའང་བྱང་ཕྱོགས་འ་ཞ་དང་རྒྱ་གྲུ་གུའི་ཕྱོགས་ཡིན་པ་གསལ་པོ་རེད།
འདིའི་སྐོར་ད་རུང་མུ་མཐུད་ཁ་བརྡ་བྱེད་འདོད་ཡོད།
བློན་ཆེན་མགར།
སྲོང་བཙན་སྲོག་བསྐྱབས་བློན་ཆེན་མགར། །
རིགས་པ་རྣོ་ཞིང་དམག་ཇུས་མཁས། །
རང་སྲོག་དོར་ཕོད་དཔའ་མཛངས་ལྡན། །
ཡིག་རྨོངས་བཤད་ཚུལ་ཡིད་ཆེས་དཀའ། །
དཔའ་བོའི་མི་ལུས་དོར་རྗེས་སུ། །
ཞི་བདག་བློན་པོ་གསེར་ཆེན་ལ། །
སྐྱེས་པའང་སྲིད་དེ་ཁྲི་སྲོང་བློན། །
པགས་བཤུས་འདས་རྗེས་གནོད་སྦྱིན་འཁྲུངས། །
བོད་ཀྱི་བློན་ཚོགས་རྒྱལ་འགྱུར་ཅིག །
མི་ལུས་དོར་རྗེས་བོད་ཀྱི་ཡུལ་ལྷ་གཞི་བདག་དུ་སྐྱེས་པ་ཡང་རང་ཉིད་བོད་ཞེན་ཆེན་ནས་བསམ་བཞིན་དུ་སྐྱེ་བ་བཞེས་པ་ལོས་ཡིན་སྙམ།
གསོན་དུས་བོད་དུ་བྱས་རྗེས་བཞག གྲོངས་རྗེས་བོད་ཀྱི་གཞི་བདག་ལ་སྐྱེ། གཏམ་རྒྱུད་འདིས་འུ་ཅག་ལ་ངོ་འཚང་ཞིག་འདྲི་བཞིན་མི་འདུག་གམ། ང་ཚོས་ནམ་རྒྱུན་རང་ཉིད་བོད་པ་ཡིན་ཟེར་ནས་སྐད་རྒྱག་གི་ཡོད་པ་མིན་ནམ།
ཏུན་ཧོང་ཡིག་རྙིང་ནང་། རྒྱལ་ཕྲན་དང་རྒྱལ་རབས་རིམ་བྱུང་གི་མིང་ཟེར་བའི་ནང་། ་་ཡུལ་ངས་པོའི་ཁྲ་སུམ་ན།། རྗེ་དགུག་གྲི་འི་ཟིང་པོ་རྗེ།། བློན་པོ་མགར་དང་གཉན་གཉིས་་ ཞེས་ཡུལ་གང་ཡིན་པ་བཤད་ཡོད་ཡོད་པ་རེད། དེ་ནས་ཟིང་པོ་རྗེ་སྲིད་བརླག་ནས་མང་པོ་རྗེ་སུམ་བུ་ནི་དྲུ་གུ་ཡུལ་དུ་བྲོས་ཏེ། ་་ཕགི་ཡུང་བ་སྣ་མན་ཆད།། རྐོང་བྲེ་སྣ་ཡན་ཆད།། བཙན་པོ་པྱག་ཏུ་བོན་ཏོ།། བཙན་པོ་ཁྲི་སློན་བཙན་གྱིས།། ཡུལ་ངས་པོ་ལས།། འཕན་ཡུལ་དུ་མྱིང་སྤོས་སོ།། ཞེས་མིང་འཕན་ཡུལ་དུ་སྤོས་འདུག
ད་ས་མིང་ངས་པོ་ཡིན་པ་དང་རྗེས་སུ་མིང་དེ་འཕན་ཡུལ་དུ་སྤོས་པ་ངོ་འཕྲོད། དེ་ནས་ལུང་ཆུང་བྱ་ཕུ་ཡིན་པ་ངོ་འཕྲོད། མདོར་དེད་ན་སྐྱི་ཆུའི་སྟོད་རྒྱུད་དང་ད་ལྟའི་འཕན་པོའི་ཕྱོགས་དེ་འདྲ་ཞིག་གི་ནང་འཁེལ་གི་ཡོད་པ་འདྲ། དེའི་ལྷག་མི་ཤེས། ཁྱེད་རང་གོང་དུ་བྲིས་པ་དེ་ཚོ་གཞན་དང་གཞན་དུ་བཀོད་ཡོད་པ་ཀློག་མྱོང་། ང་ཚོ་ལ་དུས་ཚོད་མེད་པ་མ་གཏོགས་པང་སྒྲིག་ནས་ཞིབ་ཚགས་ཀྱིས་ཕྱིན་པ་ཡིན་ན་གུང་འགྲིགས་རྒྱུ་ཞིག་ཡོད་ནའང་ཐང་གི ད་རུང་ཟིང་པོ་རྗེའི་སྲིད་བརླག་ནས། དབའས་དབྱིཚབ་སོགས་ལ་བྱ་དགའ་གནང་སྐབས་ས་མིང་དེ་ཚོ་ལས་ཀྱང་ཕཧྱོགས་ཙ་ཤེས་གི་རེད། གོང་གསལ་གྱི་ཁྱེད་ཀྱི་མིང་དེ་ཚོའང་ཕལ་ཆེར་འདིའི་ཁོངས་ཤིག་ལ་ཡོང་གི་ཡོད་པ་འདྲ་བོ་འདུག དབའས་དབྱི་ཚབ་ཀྱི་ས་ཁོངས་ ་་མལ་ཏྲོ་་ཡོད་པ་རེད། མགར་གྱི་ས་ཆ་དེ་དབའས་དབྱི་ཚབ་ཀྱི་ཁོངས་མིན་འགྲོ་བསམ་བསམ་ཞིག་འདུག་སྟེ་ཏག་ཏག་མེད།
མགར་གྱི་སྐོར་ལོ་རྒྱུས་ཁ་ཟིན་སྣ་ཟིན་གང་འཚམས་ཤིག་ཀློག་པ་ཡིན་ཡང་ད་རུང་བརྟག་དགོས་ཀྱི་འདུག མགར་གྱི་བུ་རྒྱུད་ཀྱི་སྐོར་སོགས་སང་ཉིན་སོ་དུས་ཚོད་ཡོད་ན་གླེང་ཆོག ལྷག་པར་དུ་བསེ་རྒྱལ་མཚན་འབུམ་གྱི་སྐོར་ང་ལ་གླེང་འདོད་ཆེན་པོ་ཡོད།
མགར་གྱི་རྒྱུད་པ་བཤད་ན་དབུས་ན་ཡོད་པ་རེད་ལ། ཁམས་སྡེ་དགེ་ནའང་ཡོད་པ་རེད། ཡུལ་མདོ་སྨད་ན་རྒྱ་ཆེན་པོ་ཡོད་པ་རེད། རེབ་གོང་མགར་རྩེ། རྩེ་ཁོག་མགར་རྩེ། མགར་ཚོ་ཆེན་བཅོ་བརྒྱད། གྱ་ས་མགར་རྩེ་སོགས་སོ། ད་རུང་རྒྱའི་ཡུལ་ནའང་མང་པོ་ཡོད་པ་འདྲ།
དེ་དུས་ཀྱི་མགར་སྟོང་བཙན་ཚང་དང་དེང་སང་གི་རྒྱ་རི་ཚང་གཉིས་འདྲ་ས་མང་ནི་མིན་ནམ། ཡང་མིན་ན་རྒྱ་རི་ཚང་ཡང་མགར་སྟོང་བཙན་གྱི་བརྒྱུད་པ་ཞིག་ཡིན་པ་འདྲ།
ང་ཚོའི་བོད་ཀྱི་ལོ་རྒྱུས་ཁག་ནང་བློན་པོ་མགར་གྱིས་རྒྱ་བཟའ་བསུས་ནས་སླར་ལོག་པར་འགོར་འགྱང་ཕྱིན་པའི་ལོ་རྒྱུས་ཤིག་ཡོད་པ་རེད། རྒྱུ་མཚན་ནི་བློན་པོ་མགར་མི་གཏེར་ཉར་བའི་སྒྲུང་ཞིག་དྲངས་ཡོང་གི་ཡོད་པ་རེད། དེ་ནས་དམངས་ཁྲོད་དུ་རྒྱ་བཟའ་དང་མགར་ལ་འབྲེལ་བྱུང་སྟེ་བུ་ཞིག་སྐྱེས་ནས་ལམ་བར་འགོར་ཅི་ཐུབ་བྱས་པའི་བཤད་རྒྱུན་ཞིག་ཀྱང་ཡོད་པ་རེད། དེའི་སྐབས་ཀྱི་ཤུལ་རྗེས་བྲག་རྐོས་རི་མོ་ཡིན་སྐད་དེ་འདྲའང་དལྟ་ཁམས་ཡུལ་ཤུལ་སོགས་ན་མཐོང་རྒྱུ་ཡོད་པ་རེད། དེ་ནས་རྒྱ་བཟའ་ལྷ་སར་སླེབས་ཚར་བའི་རྗེས་སྲོང་བཙན་གྱིས་རྒྱ་བཟའ་ལ་ལམ་སང་ཐུག་འཕྲད་མ་བྱས་པའི་ལོ་རྒྱུས་ཤིག་ཀྱང་ཡོད་པ་རེད།
དེ་ཚོ་ལོ་རྒྱུས་ཀྱི་བཤད་རྒྱུན་ཙམ་མིན་པར་ཏུན་ཧོང་ཡིག་རྙིང་ནང་བདེན་པ་ར་འཕྲོད་བྱུང་ཡོད་པ་ནི། རྒྱ་བཟའ་བློན་པོ་མགར་གྱིས་ ༦༤༡ ལོར་རྒྱ་ནག་ནས་གདན་དྲངས་ཀྱང་སྲོང་བཙན་དང་ལོ་གསུམ་ལས་འགྲོགས་མེད་པར་སྲོང་བཙན་༦༥༠ལོར་གྲོངས་པ་རེད། ད་ལམ་བར་དུ་ལོ་དྲུག་བདུན་ཞིག་འགོར་ཡོད་པ་དེ་ཡང་གསལ་པོ་རེད། ད་ལམ་བར་དུ་ཅིའི་ཕྱིར་འགོར་བ་རེད། དེ་ལ་ཕལ་ཆེར་རྙོག་འཛིངས་ལྡན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡོད་རྒྱུ་རེད་དེ་སུས་ཤེས།
ངས་འདིར་བཤད་འདོད་པ་ནི། མགར་དང་རྒྱ་བཟའི་བར་སྲས་ཤིག་ཡོད་པ་རེད་ཟེར་བ་དེ་རེད། དེ་ནི་བཤད་རྒྱུན་ལྟ་བུ་ཞིག་ཡིན་ནའང་སྲས་ཀྱི་མིང་དང་སྲས་ཀྱི་རྒྱུད་པ་དང་བཅས་པ་མདོ་སྨད་མགར་རྩེའི་ལོ་རྒྱུས་ནང་བཤད་དུ་ཡོད་པ་རེད། མགར་དང་རྒྱ་བཟའ་གཉིས་ལ་སྲས་ཤིག་བྱུང་བ་དེའི་མགོར་བསེའི་རྒྱལ་མཚན་བཙུགས་ནས་རྨ་ཆུ་ལ་བསྐུར་འདུག་པར། བཟའ་མི་གཉིས་ཀྱིས྄དེ་རྙེད་ནས་བདག་སྐྱོང་བྱས་ཏེ་མིང་ལ་བསེ་རྒྱལ་མཚན་འབུམ་ཞེས་བཏགས་ཏེ་བདག་སྐྱོང་བྱས་པའི་རྒྱུད་པ་ནས་རེབ་གོང་མགར་རྩེ་བྱུང་བ་ཡིན་པའི་བཤད་ཚུལ་ཞིག་ཡོད་པ་རེད། ཡིན་ནའང་དེ་ནི་བཤད་ཚུལ་མི་འདྲ་བ་ཡོད་པའི་ནང་གི་གཅིག་རེད།
བོད་བཙན་པོའི་དུས་བོད་དམག་དཔུང་འཇུག་བྱེད་སྟངས་དང་། དམག་གི་ཁྲབ་རྨོག་གྱོན་སྟངས། གོ་མཚོན་ཐོགས་སྟངས། དམག་སྒར་ཕིབས་སྟངས། དམག་འཐབ་བྱེད་སྟངས་སོགས་གསལ་བའི་ལོ་རྒྱུས་གླེགས་བམ་དེ་འདྲ་དེང་སང་མཇལ་རྒྱུ་ཡོད་པ་རེད་དམ།
དེ་སྔོན་ཕྲན་གྱིས་ཇིང་གིར་རྒྱལ་བ྄ོའི་ལོ་རྒྱུས་ཤིག་མཇལ་སོང་། མོང་གྷོལ་གསང་བའི་ལོ་རྒྱུས་ཟེར་བ་དེ་དང་སྦྱར་ནས་བརྩམས་འདུག དེབ་དེ་ནང་སོག་དམག་དཔུང་འཇུག་བྱེད་སྟངས་དང་ལམ་བར་ནས་དམག་སྒར་ཕུག་སྟངས། དམག་ཆས་དང་ལམ་རྒྱགས་བསྣམས་སྟངས། གཡུལ་སར་དམག་འཐབ་བྱེད་སྟངས་སོགས་ཧ་ཅང་གསལ་བའི་དེབ་ཞིག་འདུག་པ་་ཀློག་སྤྲོ་བྱུང་ལ། ད་བར་ཕྱི་གླིང་ལོ་རྒྱུས་སྨྲ་བ་ཚོའི་ཁྲོད་ཇིང་གིར་སོག་དམག་ལ་གདེངས་འཇོག་ཚད་མཐོན་པོ་ཕུལ་ཡོད་པའི་དེབ་ཐེར་ཞིག་འདུག
སྐབས་དེར་མདོ་ལ་རིང་མོའི་ཞོལ་ནས་ཐང་དམག་ལ་གཡུལ་འགྱེད་པའི་རྣམ་པ་དེ་ཡང་འདི་འདྲ་ཞིག་མིན་འགྲོ་བསམས་སོང་།
དེ་སྐབས་ཀྱི་རྟ་དམག་སྟོང་ཕྲག་མང་པོ་དེ་ཚོ་ཡར་ཀླུང་དང་ལྷ་ས་ནས་སླེབས་པ་རེད་དམ། མདོ་སྟོད་སྨད་ནས་བསྡུ་བསྐོང་བྱས་པ་རེད།
ཤར་དཀྱིལ་གྱི་བོད་བཙན་པོའི་རྒྱལ་ཁབ་ཟེར་བའི་ལོ་རྒྱུས་གླེགས་བམ་དེ་ནང་བོད་བཙན་པོའི་དུས་བོད་དམག་གིས་མདོ་སྨད་ནས་ཐང་དམག་དང་ཁྱོ་ཤི་་ང་གསོན་གྱི་དམག་འཐབ་ཡང་ཡང་་བྱས་འདུག་པ་དེ་མཇལ་སྐབས། དེ་འདྲའི་སྟོབས་ཤུགས་ཆེ་བའི་དམག་དཔུང་དང་བཞོན་རྟ་དེ་རྣམས་མདོ་སྨད་དང་མེལ་སྟོང་ཕྲག་བདུན་རྒྱས་ཆོད་པའི་བོད་རྒྱལ་ས་གཅིག་པུ་ནས་དཔུང་འཇུག་བྱས་པ་མ་ཡིན་པར་། དམག་དང་བཞོན་རྟ་མང་ཆེ་བ་ས་གནས་དེ་བར་རྒྱུས་མངའ་ཆེ་ཞིང་། ཡུལ་དེར་དུས་རབས་མང་པོའི་རིང་ཁྱིམ་མཚེས་རྒྱལ་ཁབ་ཞུང་ནུའུ་དང་སྤྱང་རིགས་སོགས་ལ་མི་རབས་མང་པོའི་གཡུལ་འབྱེད་བྱེད་མྱོང་མཁན་རྣམས་དྲག་འདེམས་བྱས་ཏེ་བཙན་པོའི་དཔག་དཔུང་ལ་དཔུང་རོགས་ཁ་སྣོན་བྱས་ཡོད་པའི་གདེངས་ཚོད་ཅིག་ངང་གིས་སླེབས།
ཨོ་དེ་མི་ཤེས་ད། རྒྱ་རི། ལྷ་རྒྱ་རི། རྒྱ་ལོ། རྒྱ་ནག་ཚང་ཟེར་བ་ལྟ་བུ་མང་པོ་འདུག་ག ད་བོད་སྐད་བཤད་མཁན་ཞིག་ཡིན་ན་བོད་དང་རྒྱ་སྐད་བཤད་མཁན་ཞིག་ཡིན་ན་རྒྱ་རེད་ཅེས་བཤད་ན་འགྲིགས། དེ་མིན་ཁུངས་ཞེ་དྲགས་དེད་ན་ཚང་མ་སོག་པོ། ཡང་ན་ཚང་མ་བོད། ཡང་ན་ཚང་མ་རྒྱ་རེད།
ཤ་མདོག་ྒིས་ང་ཚོ་ཚང་མ་གཅིག་ཡིན་པ་སྟོན་གི་ཡོད་པ་རེད། སྐད་ཀྱིས་ཀྱང་དེ་ལ་ར་སྤྲོད་དགའ་རབས་བྱེད་ཐུབ་གི་ཡོད་པ་རེད།
བོད་ཀྱི་ལོ་རྒྱུས་ནང་སྟོད་ཀྱི་དཔའ་སྡེ་གསུམ། སྨད་ཀྱི་དཔའ་སྡེ་གསུམ། བར་གྱི་དཔའ་སྡེ་གསུམ་ཡོད་པ་རེད། དེ་ལ་བལྟས་ན་བོད་ས་ཡོངས་རྫོགས་ཡོད་པ་འདྲ་བོ་ཞིག་ཡོད་པ་རེད། དེ་མིན་སྲོང་བཙན་སྐབས་ཀྱི་བོད་ཀྱི་སྟོང་སྡེ་དབྱེ་སྟངས་གཅིག་པོར་བལྟས་ན་དབུས་གཙང་གཅིག་པོའི་ཐོག་ཞང་ཞུང་དང་སུམ་པ་བསྣན་པ་ཙམ་ལས་ཡོད་པ་མ་རེད། དངོས་གནས་ཡིན་ན་སྲོང་བཙན་སྐབས་བོད་ཡུལ་གཅིག་གྱུར་བྱས་པ་ཙམ་རེད། དེ་སྐབས་དབུས་གཙང་གི་དམག་དང་དེ་ནས་ཞང་ཞུང་དང་སུམ་པ་ཙམ་རེད་སྙམ་པ་བདག་སེམས་སོ།
མཁས་པའི་དགའ་སྟོན་ནང་།
སྟོད་ཀྱི་དཔའ་སྡེ་གསུམ་ནི།
རི་བྲང་སྟག་པ་གོང་ཡན་ཆད། མོན་འབྲས་ཁ་བཞི་མན་ཆད་ན། འབྲོ་དང་། ཁྱུང་། མགར། སྣུབས། གཉན་བཅས་ལྔ་པོས་གུ་གེ་དང་། ཅོག་ལ་གཉིས་ལ་སྡེ་ཚོ་ལྔ་ཡོད་པ་དེའི་དཔོན་པོ་བྱས། གྲུ་གུ་གསེར་མིག་ཅན་གྱི་ཆུང་མ་ཧོར་མོ་བང་མདུང་ཅན་བྱ་བ་ནུ་མ་གཡས་པ་མེ་བཅས་བསྲེགས་ཏེ་འཇིགས་རྔམ་སྟོན་ཅིང་། མདའ་སྤར་མོ་གསུམ་གྱི་མགོ་ཙམ་པའཕེན་པའི་ཚེ་ན་རྡོ་ལེབ་ལའང་ཅུར་ཏེ་འགྲོ་བ་འཇིགས་པ་ཅན་ལ་ཅི་མི་སྙམ་པར་འཐབ་ཚེ། དཔའ་ཚན་དུ་སྟག་གི་སྤྱིལ་བུ་ཕུབ། འོག་རྟ་གཡུལ་ས་དེ་ཁར་བསད། གདོང་ཁྲག་གིས་བྱུགས་ཏེ་སླར་མི་ལྡོག་པའི་རྩིས་སུ་བྱས་ནས་རྒོལ་བས་གྲུ་གུ་བཏུལ་དཔའ་རྟགས་བླངས།
བར་གྱི་དཔའ་སྡེ།
རི་པེ་ནམ་ལུང་ཡན་ཆད། ཆ་སྐོར་དར་བས་མན་ཆད་ཡུལ་དེ་ན་སྦས་རྒྱ་སྡེ་བཅུ་གཉིས་གནས་པས་ནགས་ཤོད་ཀྱི་དཔོན་བྱས་ཏེ། ལྗང་མོ་ཐག་མདུང་གི་རྩེ་མོ་བཙུགས་ནས་དམག་གསེབ་ཏུ་རྒྱུག་པ་ལ་རྒོལ་བའི་ཚེ་དཔའ་ཚན་དུ་རལ་གྲི་ལ་རི་མོ་བྲིས་། དུར་རྒྱགས་ལྟོར་ཟོས། ཚེ་སློག་རྒྱབ་ཏུ་གོན་ཏེ་མི་སྡུག་པའི་ཆས་སུ་བྱས་ནས་རྒོལ་བས་ལྗང་བཏུལ་ལོ།
སྨད་ཀྱི་དཔའ་སྡེ།
རྨ་སྦོམ་ར་མན་ཆད། ཀ་ཐང་ཀླུ་ཚེས་ཡན་ཆད་ན་འཐོང་ཁྱབ་སྲིད་སྡེ་དགུ་དང་འ་ཞ་སྟོང་སྡེ་དྲུག་གནས་པ་ལ་། རྒྱའི་སོ་མཁར་གྱི་ལྕགས་རིའི་སྟེང་དུ་རྟ་པ་དགུ་སྒྲིག་རྒྭགས་པའི་ནང་ནས་མི་མཁར་ཐུང་ཙམ་གྱིས་སྟ་རེའི་ཁ་ཁྲི་རེ་ཙམ་པ་ཐོགས་ཏེ་རྒོལ་བའི་ཚེ། ལྟོང་ལྟོང་གི་བུ་ཕྱུགས་མཚམས་ཀྱིས་དཔོན་བྱས། དཔའ་ཚན་དུ་རལ་གྲིའི་ཤུབས་བཅགས། ཁ་ཆེམས་གཉེན་ཉེ་ལ་བཞག བུ་སྨད་ཉེ་དྲུང་ལ་བཅོལ་ཏེ་སླར་དམག་ས་ནས་མི་ལྡོག་པའི་རྩིས་ཀྱིས་རྒོལ་བས་རྒྱ་ཐུལ་བའི་དཔའ་རྟགས་བླངས།
བོད་བཙན་པོའི་སྐབས་དང་དེའི་ཡར་སྔོན་གྱི་མདོ་སྟོད་སྨད་ས་ཁུལ་གྱི་ལོ་རྒྱུས་སྟོང་ཆ་འདི་སྐོང་ཐུབ་མཁན་ཞིག་འབྱོན་ཀི་་རེད་བསམས། ཀོ་ལིམ་སྦི་ཡ་གཅུག་ལག་སློབ་གཉེར་ཁང་ན་བོད་ཀྱི་ལོ་རྒྱུས་དགེ་རྒན་ཞིག་འདུག ཁོས་ཅིག་བལྟ་ཀི་ཡིན་ཟེར།
ཁོས་རྒྱ་ཡིག་ཤེས་ཀི་འདུག དེ་མ་ཤེས་ཐབས་མེད་རེད། དེའི་སྒང་ལ་བོད་ཡིག་ཀྱང་ཡག་པོ་ཤེས་ཀི་འདུག དེའི་སྒང་ལ་མདོ་སྨད་ཀྱི་ཡུལ་དེ་ཚོར་ཁོ་དགའ་སྣང་ཆེན་པོ་འདུག ཧར་ཝུར་སློབ་གྲ་ཆེན་མོ་ནས་ཐོན་པ་ཞིག་རེད།
ཁོས་བློ་བཟང་ཡོན་ཏན་ངོ་ཤེས་ཀི་འདུག ཁོ་མཁས་པ་རེད་ཟེར་ནས་མགོ་གཡུག་གི་འདུག
རེད། རྒྱའི་ལོ་རྒྱུས་ནང་། ཆང་ངམ་སྤྱང་ཞེས་ཁོ་ཚོའི་ནུབ་ཕྱོགས་ཀྱི་མི་རིགས་མི་འདྲ་བའི་ཚོ་ཁག་མང་པོ་ཞིག་ཡོད་པ་དེ་ཚོར་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་རེད།
ཧོར་གཙང་འཇིགས་མེད་ཀྱིས་མདོ་སྨད་ལོ་རྒྱུས་བཏོན་ཚར་བའི་རྗེས་དེ་བ་ཞིག་ལ་ང་ལ་ཏག་ག་ཟིག་ཁ་པར་བཏང་སོང་། དེའི་སྐབས་ངས་ཁོ་ལ་སྐད་ཆ་འདི་དྲིས་པ་ཡིན། མདོ་སྨད་ཀྱི་ལོ་རྒྱུས་ག་དུས་ནས་མགོ་བཙུགས་པ་ཡིན་དེ་དྲིས་པ་ཡིན། ཁོས་གཉའ་ཁྲི་བཙན་པོ་ནས་མགོ་བཙུགས་པ་ཡིན་ཟེར། དེ་ནས་ངས་ལོ་རྒྱུས་དེ་རང་བཞིན་གྱིས་སྲིད་དོན་གྱི་ལོ་རྒྱུས་ཤིག་ནང་ལྷུང་ཚར་འདུག་བསམ་སོང་།
བོད་ཀྱི་ལོ་རྒྱུས་དེ་བཤད་དགོས་ན་སྲིད་དོན་ལོ་རྒྱུས་ལས་རིག་གཞུང་ལོ་རྒྱུས་དེ་སྲིད་དོན་ལོ་རྒྱུས་ལས་རྒྱ་ཆེ་བ་དང་ཡུན་རིང་བ་ཡོད་པ་རེད་འདོད། མང་པོ་ཞིག་གི་སེམས་ལ་བོད་རྒྱ་ཆེན་པོ་ཡིན་པ་དེ་ཆོས་རྒྱལ་ཚོའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད་བསམ་ནས་གུ་དོག་གི་བསམ་བློ་ཅན་ཕལ་ཆེར་བརྒྱ་ཆ་དགུ་བཅུ་ལྷག་རེད་འདུག དོན་ངོ་མ་རིག་གཞུང་ས་མཚམས་ལ་ཆོས་རྒྱལ་ཚོའི་སྐབས་མ་གཏོགས་སླེབས་ཡོད་པ་མ་རེད། སླེབས་པ་དེའང་ལོ་རྒྱུས་རིང་པོ་མ་རེད།
ད་གཞན་ཞིག་ནི་ནུབ་ཕྱོགས་པ་དེ་ཚོས་བོད་ཀྱི་ལོ་རྒྱུས་གཏིང་ཚིགས་པ་ཞིག་ཤེས་གི་མ་རེད། ཁོ་ཚོའི་འབུམ་རམས་པ་རབ་འབྱམས་པ་ཟེར་བ་དེ་ཚོ་ལས་ང་ཚོའི་ནང་མཁས་པ་མང་པོ་ཡོད་པ་རེད། ད་ང་ཚོས་ཉམས་ཞིབ་བྱེད་སྟངས་ལ་འགྱུར་བ་ཆེ་ཙམ་གཏོང་དགོས་པ་རེད་བསམས། བོད་ནང་རང་ལ་མགོ་འཐོམས་སྡོད་རྒྱུ་མི་འདུག མཐའ་འཁོར་གྱི་རྒྱལ་ཁབ་དེ་ཚོའི་གོམས་སྲོལ་ཆོས་རིག་སྐད་ལ་སོགས་པར་དོ་སྣང་བྱེད་དགོས་ངེས་སུ་མཐོང་། ས་གཤིས་ཆགས་ཚུལ། མིའི་རིགས་རིག་པ་སོགས་རྒྱ་ཆེ་ས་ནས་ཉམས་ཞིབ་བྱེད་ཐུབ་ན་ནུབ་ཕྱོགས་པ་ནུབ་ཕྱོགས་པ་ཟེར་ནས་འགྲམ་ཆུ་ལྡང་དགོས་པ་ཨེ་ཡོད། དེ་ནི་འབྲེལ་ཡོད་ལས་ཁུངས་ཚོས་འགན་འཁུར་དགོས་པ་རེད།
བོད་ནང་གི་ལོ་རྒྱུས་སྨྲ་བ་ཡིན་ཟེར་བདེ་ཚོ་ལས་།ཕྱི་རྒྱལ་གྱིས་བོད་ཀྱི་ལོ་རྒྱུས་་སྨྲ་བ་དག་གིས་བྲིས་བ་སྐོར་བརྒྱ་འགྱུར་གྱི་ཡག་གི་འདུག་བསམ་བཞིན་ཡོད་།དེང་དུས་ཀྱི་ལོ་རྒྱུས་སྨྲ་མ་ཕལ་ཆེར་བས་།དཔེ་དེབ་ཁ་ཤས་ལ་མགོ་འཁོར་ནས་བསྡད་འདུག་།
དེ་བས་ཕྱི་རྒྱལ་གྱིས་དཔེ་དེབ་དག་ཡག་པོ་ཤིག་མ་ཀློག་པར་།འདི་དང་འདི་ཞེས་ཁ་ཚོན་མ་བཅད་ན་བཟང་།བོད་པ་དག་གིས་སྐྱོན་ཆེ་ཤོས་ཤིག་ནི་རྒྱུ་མཚན་མེད་པར་འདི་ལྟ་བའི་སྐད་ཆ་ཆེན་པོ་འགའ་བཤད་རྒྱུ་དེ་རེད།
རྩ་བ་ཐོག་ནས་བཤད་ནས་།བོད་ཀྱི་ལོ་རྒྱུས་བོད་ཀྱི་གླེགས་བམ་བྲག་རི་འདྲ་བ་དག་གི་ནང་དང་།་དེ་དག་བཟོ་མཁན་གྱི་མི་།དེ་ལས་མཆེད་པའི་ལོ་ལོན་རྒན་པ་དེ་དག་གི་ཁ་ནང་ན་ཡོད་པ་རེད།་སློབ་གྲྭ་ན་ཨེ་ཡོད་བསམ་གིན་འདུག།
བློ་བཟང་ཡོན་ཏན་མཁས་པ་ཡིན་ན་དགའ་བོ་ཡོད། སྐད་ཆ་བཤད་སྟངས་དེ་ཚོ་ཉམས་ཞིབ་པ་ཞིག་གི་སྐད་ཆ་བཤད་སྟངས་མ་རེད། ཉམས་ཞིབ་ཅིག་བྱས་ནས་གཞན་གྱིས་མ་རྙེད་པའི་ཐན་ཐུན་རེ་རྙེད་ན་ཡིན་གཅིག་མིན་གཅིག་དེ་གཞི་རྩ་བཞག་ནས་གཤེ་གཤེ་གཏོང་ས་ཞིག་འཚོལ་དགོས་པ་དེ་ཁྱད་མཚར་པོ་རེད།
མ་གཞི་ང་འདི་ན་ཡོད་དེ། ང་དང་འབྲེལ་ཡོད་ཀྱི་མི་གང་ས་གང་ན་ཡོད། རྒྱ་གར། ཡོ་རོབ། ཨ་རི། བོད། ལྷ་ས་སོགས།
སྔོན་ཁོ་རྡོ་སྦས་རུ་སློབ་གྲུ་འགྲོ་སྐབས་རིག་པ་ཡག་པོ་ཅན་ཞིག་ཡིན་ཟེར། དེ་ནས་སྐུ་འབུམ་དུ་གྲྭ་བ་བྱེད་སྐབས་གྲྭ་པ་ཆོས་ཁོ་ན་ལས་དོ་སྣང་མེད་མཁན་ཚོར་སྤོར་ཤོབ་བཤད་ནས་ཡར་ཐོན་ཅན་ཡིན་མདོག་མདོག་བསྟན་ནས་དགེ་ཆོས་ཟེར་ན་ཁ་ནས་མི་འབྲལ་མཁན་ཞིག་ཡིན་ཟེར། དེ་ནས་རྗེས་སུ་ལོན་ཌོན་ལ་ཡོད་སྐབས་ཤིག་དོན་འགྲུབ་རྒྱལ་དང་དགེ་ཆོས་ལ་སྐྱག་དྲི་ཁ་གི་འདུག་ཟེར་ནས་རང་གི་གྲོགས་པོ་ཚོ་ཡང་ཧང་སངས་འདུག རྗེས་སུ་ཨ་རི་ལ་ཡོང་ནས་མི་ངོ་ཤེས་འགའ་ཆང་འཐུང་སྐབས་ཤིག་ཀྱང་ཆང་འཐུང་མཁན་དང་ར་བཟི་བཁན་ཚོ་ལས་ཆང་མ་འཐུང་མཁན་དང་ར་མ་བཟི་མཁན་ཁོ་སྡུག་ག་བྱུང་བའི་གནས་ཚུལ་ཡང་གོ་རྒྱུ་འདུག
འདིའི་སྔོམ་ན་སྔོན་མའི་རྩོམ་དེ་ཚོ་ཡག་རྒྱུ་མི་འདུག་ལྷག་པར་དུ་འབྲི་སྟངས། དབྱེ་མཚམས་ཕྱེ་སྟངས། དེ་ནས་ཁུངས་དེ་ཚོ་ཡིད་ཆེས་འཁེལ་བ་ཞིག་རེད་མི་འདུག རྗེས་མ་རྗེས་མ་ཡག་པོ་ཡོང་བའི་རེ་བ་ཡོད། ང་ནི་རྩོམ་པ་པོ་དེ་འདྲ་གང་ཡང་མིན། ཀློག་པ་པོ་ཞིག་ཡིན་ཟེར་ཡང་མ་འགྲིགས་པ་ཨེ་ཡོད་སྙམ། འདི་ཚོ་ཀློག་པ་པོ་ཞིག་གི་ངོས་ནས་བསམ་ཚུལ་རྨ་མེད་པ་ཡིན།
རྩ་བའི་ཆ་ནས་བོད་ཕྱི་ནང་གཉིས་ཀྱི་སློབ་གསོ་དེ་རྩ་བ་ཉིད་ནས་འགྲིག་གིན་མི་འདུག་།་ཇི་ལྟར་སློབ་གྲྭར་སོང་བ་དེ་ཙམ་གྱིས་སློབ་ཕྲུག་དེ་ཚོ་དེ་ཙམ་གྱིས་རིགས་པ་ཁས་མི་ལེན་མཁན་།རང་སྟོབས་ཀྱི་དཔྱད་པ་གཏོང་མི་ཐུབ་མཁན་ཞིག་ཏུ་ཆགས་བཞིན་པ་མ་ཟད།་ད་དུང་ངོ་ཚ་མེད་མཁན་།་སྤྲེའུ་ལད་འཁྲད་མཁན།མི་ཤེས་ཤེས་མཁན་ཞིག་ཏུ་ཆགས་ཡོང་གིན་འདུག་།ཆུང་དུས་དེ་འདྲ་བའི་སྲོལ་རྒྱུད་ལ་གོམས་ན་།རྗེས་སུ་བསྒྱུར་བསམ་ཡང་འགྱུར་དཀའ་བ་ཞིག་ཆགས་བསྡད་འདུག།
དེ་མགོ་ཚོས་མ་སོང་། ཁྱེད་རང་གིས་དཔེ་མཚོན་ཁ་ཤས་དྲོངས་དང།
ཆང་ངམ་སྤྱང་དེར་ཡང་རིགས་མང་པོ་ཡོད་ས་ཟེར།
ཡིག་ཐོག་ལ་སྔ་ཤོས་ཏེ་རྒྱ་ཡིག་མ་རེད་དམ། རྒྱ་ཡིག་གི་སྤྱང་དེར་ལུག་གི་འོག་ན་མི་ྒཟུགས་ཡོད་པ་ཞིག་དང་།ཡང་ལུག་ཡིག་གི་འོག་ན་བུད་མེད་ཡོད་པ་གཅིག་བཅས་འབྲི་སྟངས་གཉིས་་འདུག
ངས་འདིའི་སྐོར་ལ་བསམ་བློ་འདྲ་བཏང་མྱོང་། ལུག་འཚོ་མཁན་གྱི་འབྲོག་པ་ཕོ་མོ་ཟེར་བ་མིན་འགྲོ་བསམས་པ་ཞིག་ཀྱང་བྱུང་། ད་དུང་རྒྱ་དེ་ཚོར་ང་ཚོ་རི་མགོ་དང་རྩ་ཐང་དུ་སྡོད་མཁན་མི་རིགས་ཚོར་་མ་དག་པའི་ལྟ་སྟངས་ཡོད་མཁན་ཡིན་ཞིག་ཡིན་པས་གླེན་པ་ལུག་དང་འདྲ་བའི་མི་རིགས་ཟེར་བའང་མ་ཡིན་ནམ་སྙམ་བྱུང་། གང་ལྟར་འདིས་སྤྱང་འདི་ལུག་འཚོ་མཁན་གྱི་མི་རིགས་ཤིག་ཡིན་པ་ཐག་ཆོད་པ་རེད།
དེ་ནས་འབྲོག་པ་རྒོད་པོ་ཞུང་ནུའུ་ཚོ་རེད། རྒྱ་ཡིག་གི་ཞུང་ནུའུ་ཟེར་བའི་ཚིག་འདི་གདུག་རྩུབ་ཅན་དང་ཀླ་ཀློ་ཡི་གོ་བ་མིན་འགྲོ་བསམས། ཞིབ་ཚགས་ཉམས་ཞིབ་བྱེད་མ་མྱོང་། ཞུང་ནུའུ་འདི་མཐའ་གཅིག་ཏུ་སོག་པོའི་ཕ་མེས་རེད་ཟེར་ནའང་ཏག་ཏག་འེ་ཡིན་བསམས། དྲུ་གུའ྄ིལོ་རྒྱུས་ནང་དྲུ་གུ་མདའ་ཚན་བཅུ་གཉིས་སྤྱང་ཀི་ལས་བྱུང་ཟེར་ཀི་ཡོད་རེད་ལ་། ཞུང་ནུའུ་ཡིན་ཀྱང་ཟེར་ཀི་ཡོད་པ་རེད།
མདོ་སྨད་ནས་ཡར་ཅུང་ཙམ་སོང་ན་ཞུང་ནུའུ་ཡི་རྒྱལ་ཁབ་རེད། གཅིག་བྱས་ན་སྤྱང་དང་ཞུང་ནུའུ་ཡང་མདོ་ལ་དང་མཚོ་སྔོན་པོ་ནས་ཕར་གྱེས་པ་ཡིན་ཀྱང་སྲིད། དར་ལམ་གྱི་རྒྱུད་དེར་གདོད་མ་ནས་འབྲོག་པ་ཚོ་ཧེབ་ལངས་སྤྱད་ཀྱི་ཚོང་ཟོག་སྣ་མང་ཡར་སྐྱེལ་མར་སྐྱེལ་བྱེད་ཀྱིན་པ་རེད། མདོ་ལ་དང་མཚོ་སྔོན་པོའི་འབྲོག་པ་དེ་ཚོ་ག་ལེར་ག་ལེར་ཕར་ཚོང་བཅོམ་དུ་ཕྱིན། དེ་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རྒྱ་ནག་གི་ནུབ་བྱང་ལ་མཆེད། དེ་ནས་ཡིག་མཁན་དེ་ཚོས་ཞུང་ནུའུ་དང་སྤྱང་སོགས་ཀྱི་མིང་བཏགས་པའང་ཡིན་སྲིད་ཀི་རེད།
ད་དུང་གདོད་མའི་མི་ཉག་པ་དེ་ཚོའང་ཡོད་པ་རེད།
སོག་པོའང་ཇིང་གིར་རྒྱལ་བོས་གཅིག་གྱུར་མ་བྱས་གོང་། གདོད་མའི་འབྲོག་པ་ཚོ་ཁག་ཊ་ཊ་ཟེར་བ་དང་མུ་ཁི་རི་ཟེར་བ་སོགས་མང་པོ་མི་འདུག་གམ།
མོང་གྷོལ་ཟེར་བའི་ཐ་སྙད་འདིའང་རྗེས་ཤིག་ནས་བྱུང་བ་མིན་འགྲོ། ངས་བལྟ་མྱོང་བའི་ཇིང་གིར་རྒྱལ་བོའི་ལོ་རྒྱུས་དེ་ནང་སོག་པོ་ཚོས་ཟེར་ན་ཁོང་ཚོའི་ཕ་མེས་ཞུང་ནུའུ་ཡིན་ལབ་ཀྱིན་པ་རེད། དེ་ཡང་དབྱིན་ཇིའི་སྐད་དུ་ཧུང་སི་ཟེར་བ་དང་ཞུང་ནུའུ་ཟེར་བ་་གཅིག་འདྲ་བོར་ངོས་འཛིན་དང་་ སོག་སྐད་དུ་ཧུང་སི་ཟེར་བ་ཉི་མའི་གདུང་རྒྱུད་ཟེར་གི་ཡོད་ཚོད་འདུག
སོག་པོས་ཡུལ་ཆོས་ནང་གནམ་སྔོན་པོ་མཆོད་ཀི་ཡོད་པ་མ་རེད་དམ།
མགོན་པོ་ཕྱག་གཉིས་བ་།
ཁྱེད་རང་གིས་བློ་བཟང་ཡོན་ཏན་གྱིས་མི་སྒེར་གྱི་སྐད་ཆ་དེ་དག་སྤྱིའི་དྲ་རྒྱ་ཞིག་གི་ནང་བཏོན་ན་འགྲིག་གི་ཡོད་ན་།་ལྷག་པར་སྐད་ཆ་བདེན་པོ་ཡོད་ན་ཕལ་ཆེར་སྐྱོན་ཡོད་ཀྱིན་མ་རེད་།་བདེན་པོ་མིན་ཚེ་ཁ་ན་ཏའི་ཁྲིམས་ལུགས་ཀྱི་སྟེང་ནས་ཉེན་ཁ་ཡོད་པ་རེད་ད་།དེ་བཞིན་དྲ་རྒྱའི་བདག་པོ་དག་གིས་ཀྱང་སྐད་ཆ་འདི་དག་ལ་རྟོག་དཔྱད་བྱེད་ན་འགྲིག་།གྲོགས་པོ་ཚོ།་སེམས་ཆུང་བྱོས།
http://en.wikipedia.org/wiki/Canadian_defamation_law
“དེ་ནས་རྗེས་སུ་ལོན་ཌོན་ལ་ཡོད་སྐབས་ཤིག་དོན་འགྲུབ་རྒྱལ་དང་དགེ་ཆོས་ལ་སྐྱག་དྲི་ཁ་གི་འདུག་ཟེར་ནས་རང་གི་གྲོགས་པོ་ཚོ་ཡང་ཧང་སངས་འདུག རྗེས་སུ་ཨ་རི་ལ་ཡོང་ནས་མི་ངོ་ཤེས་འགའ་ཆང་འཐུང་སྐབས་ཤིག་ཀྱང་ཆང་འཐུང་མཁན་དང་ར་བཟི་བཁན་ཚོ་ལས་ཆང་མ་འཐུང་མཁན་དང་ར་མ་བཟི་མཁན་ཁོ་སྡུག་ག་བྱུང་བའི་གནས་ཚུལ་ཡང་གོ་རྒྱུ་འདུག”་
རིག་གཞུང་ལས་འཕྲོས་ནས་སྐད་ཆ་ག་རེ་བཤད་ན་འགྲིག་གི་རེད་།ང་ཚོས་ཁོ་བླུན་པོ་དང།་རྫུན་བཤད་གིན་།འཁྱལ་གཏམ་སྤེལ་མཁན་།་དེ་བཞིན་ཅོལ་ཆུང་རེད་ཟེར་ན་འགྲིག་གིན་རེད།་ཡིན་ནའང་འདྲ་བའི་སྐད་ཆ་བཤད་པ་ལ་ཉམས་པར་ཞོག་།ཁོ་བྱ་བ་ཅི་ཡང་ལས་ཕོད་མཁན་ཞིག་ཡིན་རབས་བཤད་གྱིན་འདུག་།་དྲ་བདག་གིས་ཀྱང་སྐད་ཆ་འདི་ལ་དཔྱད་པ་ངེས་པར་མཐོང།
ད་བོད་མི་རིགས་ཀྱི་འབྱུང་ཁུངས་དེ་བཤད་ན་ལོ་རྒྱུས་རིང་པོ་རེད། ཤར་ཕྱོགས་མི་རིགས་སེར་པོའི་འབྱུང་ཁུངས་གླེང་དགོས་པ་རེད། ས་གཤིས་ཀྱི་ཆགས་ཚུལ་གླེང་དགོས་པ་རེད། དེ་ནས་སྐད་གླེང་དགོས་པ་རེད། ཕར་ཚུར་སྐད་ཟུར་ཆགས་ཚུལ་གླེང་དགོས་པ་རེད། དང་པོ་འབྲོག་ལས་དར་ཚུལ། དེ་ནས་ཞིང་ལས་དར་ཚུལ། དེ་ནས་དེ་སོ་སོ་མཆེད་ཚུལ་གྱི་རིམ་པ་སོགས་མང་པོ་རེད།
མིའི་གདོང་གཤིས་ཚུན་ཆད་ལ་བལྟ་རྒྱུ་ཡོད་རྒྱུ་རེད། ད་ལྟ་DNA ལ་བརྟག་དཔྱད་གཏོང་རྒྱུའང་ཡོད་པ་རེད། མི་རིགས་ཀྱི་སྐོར་འདིར་ཁ་བརྡ་བྱེད་རྒྱུ་དགའ་རབས་འདུག་སྟེ་ད་དེ་རིང་མཚམས་འཇོག
ཚིག་འགའ་ཐལ་སོང་། ད་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྟངས་འགའ་གླེང་འདུག མགོན་ཕྱག་གིས་བཤད་པ་བཞིན། ཞིབ་འཇུག་བྱེད་སྟངས་ལ་འགྱུར་བ་ཞིག་གཏོང་དགོས་པ་ནི་སྨྲོས་མེད་རེད། དང་པོ་དེ་དཔྱད་གཞི་ནས་མགོ་འཛུགས་དགོས་པ་རེད་དྲན། གཉིས་པ་དེ་ཐབས་ལམ་ནས་བཙལ་དགོས་པ་རེད། དཔྱད་གཞིའི་ཁོངས་སུ་བོད་དང་ཁྱིམ་མཚེས་ཀྱི་ལོ་རྒྱུས་ཚུད་ཐུབ་པ་ཞིག་དང་། ཐབས་ལམ་གྱི་ཐད་ནས་མི་ཞིག་གིས་མིའི་འཇིག་རྟེན་ལ་ལྟ་སྟངས་ཞིག་དགོས་པ་རེད་དྲན།
གཉིས་པ་ དྲ་དེབ་འདིའི་ཐོག་ཏུ་དགེ་འདུན་ཆོས་འཕེལ་ལ་བཀའ་བཀྱོན་མང་པོ་བཏང་སོང་། དགེ་འདུན་ཆོས་འཕེལ་གྱིས་སྲོག་ལ་བབས་ཀྱང་འདོར་མི་རུང་བ་ཞེས་པ་དེ་བདེན་པ་འཛིན་པ་དང་བདེན་པ་སྐྱོང་བའི་དོན་དེ་རེད། མིང་འདྲ་མི་འདྲ་བྲིས་ནས་སོ་སོ་སུ་ཡིན་ཙམ་གྱི་བདེན་པ་ཡང་མི་སྐྱོང་མཁན་དག་གིས། ཚོགས་ཀྱི་གྲས་སུ་གཏམ་སྨྲ་བའི་ཡ་རབས་ཀྱི་ངོ་བོ་དེ་སྤངས་ཟིན་པ་རེད། ཁ་སྐད་ལ་བཤད་ན། ཅབ་ཆུང་ངམ་ཅོལ་ཆུང་རེད།
འདི་ཉེས་འཛུགས་དེ་འདྲ་མ་རེད། ཁོའི་སྐོར་གྱི་གསར་འགྱུར་རེད། གསར་འགྱུར་ལ་ཁུངས་དང་མི་སྟོན་རྒྱུ་མེད་པ་དེ་འདྲ་གང་ཡང་མེད། མཐའ་འཇུག བོད་ལ་མཚོན་ན་ཡ་རབས་ཀྱི་བསླབ་བྱ་ཡིན།
ཁ་ན་ཊའི་ཁྲིམས་ནང་ནའང་མི་རིགས་ཤིག་གི་ཆོས་ལུགས་གོམས་སྲོལ་ལ་བརྩི་འཇོག་བླ་ལྷག་ཏུ་ཡོད་པ་རེད།
ངའི་ཚིག་དང་པོ་དེ་དགའ་བོ་ཡོད་ཟེར་ནས་མགོ་བཙུགས་ཡོད། དེ་མ་གཏོགས་ཁྲིམས་བཤད་དགོས་ན། བློ་བཟང་ཡོན་ཏན་གྱིས་ཀྱང་བོད་མི་ཚོའི་སེམས་ནས་གུས་བརྩི་ཡོད་པའི་མཁས་དབང་མང་པོ་ཞིག་ལ་དམའ་འབེབས་མཐོང་ཆུང་བྱས་པ་དང་། ཁ་ཤས་ཀྱིས་སྔོན་རྒྱལ་བ་རིན་པོ་ཆེ་ལ་མང་པོ་ཞིག་བཤད་མཁན་དེ་ཡང་ཁོ་རེད་ཟེར་བ་དེ་ཚོ་རེ་རེ་བཞིན་རྩད་གཅོད་དགོས་པ་རེད། མྱིང་འདྲ་མི་འདྲ་མང་པོ་ཞིག་བཏགས་ནས་དྲ་ཁང་ནང་དཀྲུག་ཤིང་རྒྱབ་པ་དེ་ཚོ་ལའང་དྲ་ཐོག་ནས་ཞིབ་འཇུག་བྱེད་དགོས་བྱུང་གི་རེད། དེ་ཡིན།
འདི་ད་རུང་ཁ་བརྡ་བྱེད་ས་རེད། མིང་རྫུན་མ་རྐྱང་རྐྱང་བཀོད་ནས་རྫུན་མའི་མིང་ཞིག་ལ་ཅིག་ལབ་སོང་ཟེར་ནས་ཁྲིམས་བཤད་ན་ང་དགོད་རྒྱུ་རྐུབ་ནང་ནས་ཡོང་གི མིང་རྫུན་མ་ཞིག་གིས་མིང་རྫུན་མ་ཞིག་ལ་ཁྲིམས་ཀྱིསྐོར་བཤད་ན་དགོད་བྲོ་བོ་རེད།
མིང་ངོ་མ་དོན་ན་མིང་ངོ་མ་དོན་ནས་ཁ་བརྡ་བྱེད། ཁྱེད་རང་ག་རེ་ལ་སྐྲག་དགོས་པ་རེད། བོད་པ་ཟེར་བ་ཞིག་མ་གཏོགས་ཁྱེད་རང་གི་རྒྱབ་རྩ་ལངས་མཁན་མེད་པ། དེ་རིང་མེ་རི་གཏོར་མཁན་ཟེར་མཁན་ཞིག་ཁྱེད་རང་གི་རྒྱབ་རྩར་ལངས་ཀྱི་ཡོད་པ་དེ་ཡག་པོ་རེད། ཁྱེད་རང་ལ་རྒྱབ་རྩ་ལངས་མཁན་མང་དུ་འགྲོ་གི་འདུག
དགེ་རབ་།
གསང་བ་ཞིག་ཡིན་ན་གསང་དགོས་ནི་རེད་།་ང་ཚོ་མི་ཚང་མ་་གསང་བ་རེད་ཡོད་ནི་རེད་།་ཁྱེད་ལ་གསང་བ་རེ་ཡོད་རྒྱུ་རེད་བསམ་།་དེ་བས་ཁྱེད་ཁ་ཐུག་གི་འདི་འདྲའི་ཚོགས་གཏམ་མ་གཏོང་།་
ཞིབ་མཇུག་བྱེད་སྟངས་འགྱུར་བ་གཏོང་པའི་དུས་ལ་བབས་ཟེར་བ་ང་དངོས་གནས་འཐད་།་ངའི་ལྟར་བསམ་གིན་འདུག་།
༡་རང་གིས་གང་ལ་དཔྱད་ན་དེ་ནང་དོན་ཧ་གོ་ཆུགས་།
༢་རྩོད་གཞི་དེ་ལ་རྒྱུ་མཚན་ཡོད་མེད་བསམ་བློ་ཐོངས་
༣དེ་ནས་འཐད་ན་རྩོད་པ་མ་བྱེད་།
༤་མི་འཐད་ན་རྩོད་པའི་མགོ་རྩོམས་།་
༥་ཚིག་མ་རྩོད་དོན་རྩོད།
༦རིགས་པའི་སྒྲུབ་།
༧ལུངས་ཁུངས་ལྡན་དྲངས་།
༨རྩོད་མི་དགོས་བ་མ་རྩོད་།
༩་ཚིག་ལན་ན་ཚིག་ཐོབ།
༡༠་དོན་ལན་དོན་རྩོད་།
༡༡་སྒེར་དོན་རྩོད་པ་ཅིག་སེམས་ན་མ་དྲན།
༡༢བློ་གཟུ་བོ་ཞིག་བྱ་ཐབས་བྱོས་།་
འདི་ལ་འཐད་གིན་འདུག་གམ
ཀོ་ལིམ་སྦི་ཡའི་དགེ་རྒན་དེ་རོ་སྦིས་སྦར་ནེ་ཊི་མ་ཡིན་ནམ། བོད་ཀྱི་དེང་རབས་ལོ་རྒྱུས་སྐོར་འདྲ་སེ་འདུག
ངས་ཆེད་དམིགས་བློ་བཟང་ཡོན་ཏན་ལ་ཆེ་བསྟོད་བྱེད་ཀི་མེད། ངས་ཁོ་གོ་མྱོང་།ཡིན་ནའང་རིག་མ་མྱོང་།
བོད་རིག་ཞིབ་འཇུག་སྦྲ་ན་བློ་འཕེལ་རྫི་ནི་ཨ་རི་ནང་བོད་རིག་ཞིབ་འཇུག་པ་ཅུང་དྲག་ཤོས་ཤིག་རེད། ཁོས་ཚན་རིག་དང་ནང་ཆོས་ཟེར་བའི་དེབ་ཞིག་བྲིས་འདུག
། བོད་ནང་ཚན་རིག་སྐོར་ལ་སྐད་ཆ་བཤད་མཁན་དང་དོ་སྣང་སྤྲོད་མཁན་དང་པོ་དེ་དགེ་ཆོས་དང་གཉིས་པ་དེ་ཏ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་རེད་འདྲ་ཞིག་ལབ་འདུག དེ་ག་འདྲ་ཞིག་ཡིན་ན་བསམ་ནས་བཞག་པ་ཡིན།
དེ་ནས་ཡར་མར་ལ་ཁ་བརྡ་བྱས་དུས།བློ་བཟང་ཡོན་ཏན་ཟེར་མཁན་ཞིག་གིས་བཙན་པོ་ནོ་མོ་ཧན་ཟེར་མཁན་ཞིག་གིས་དུས་རབས་བཅོ་བརྒྱད་པའི་འགོར་བརྩམས་པའི་འཛམ་གླིང་རྒྱས་བཤད་ཟེར་བའི་དཔེ་དེབ་དེར་ཞིབ་འཇུག་བྱེད་ཀི་ཡོད་པ་གོ་སོང་།
འཇམ་དབྱངས་ནོར་བུའི་དྲ་ངོས་ཟིན་བྲིས་ཤིག་ནང་དུས་རབས་བཅུ་དགུ་ནང་བོད་ཡིག་ཐོག་འཛམ་གླིང་རྒྱས་བཤད་ཅིག་བྲིས་ཡོད་པ་རེད་ཅེས་སྤོབས་པ་ཆེན་པོ་བྱས་ནས་བཤད་འདུག་པ་དེའང་གོང་གི་དེབ་དེ་རེད་བསམས་སོང་།
དེ་ནས་བློ་བཟང་ཡོན་ཏན་གྱིས་རྩོམ་དེ་ཚོར་མིག་རྒྱང་རིང་་བའི་རྒྱུ་མཚན་ཞིག་འདུག་དྲན་སོང་། དེ་མིན་བློ་བཟང་ཡོན་ཏན་ལ་སྤྲེད་ལད་འཁྲབ་དགོས་བ་དེ་འདྲ་མེད་ལ། འཁོན་འཛིན་བྱེད་དགོས་པ་དེ་འདྲའང་མེད།
དགེ་འདུན་ཆོས་འཕེལ་ལ་བཅངས་བའི་བརྩེ་དུངས་དེ་ཆུང་དུ་སོང་མི་འདུག
རྡོ་སྦས་ཡོན་ཏན་གྱི་རྒྱབ་རྩར་ལངས་མཁན་ཚང་མ་འབྲི་སྟངས། སྐད་ཆ་བཤད་སྟངས། ཚིག་བེད་སྤྱོད་གཏོང་སྟངས། དེ་ནས་བརྗོད་པར་བྱ་བའི་དོན་སོགས་མང་པོ་ཞིག་ནས་ཁོ་རང་དང་གཅིག་པ་གཅིག་རྐྱང་རེད། ཁོས་ལོ་ཉུང་ནའང་བཅུ་གྲངས་ལྷག་ལ་བརྐྱང་ཡོང་བའི་སློབ་མ་མིན་ན་དེ་འདྲ་ཡིན་པ་དཔེ་མི་སྲིད། ད་རུང་་རྩོམ་ཡིག་གིས་ང་ཚོའི་སེམས་ནང་བཞག་པའི་མི་གཤིས་དེ་འང་གཅིག་པ་རེད།
ད་ངོ་མ་གཅིག་དུ་མར་དངོས་སུ་སྤྲུལ་བ་ཡིན་པ་འདྲ། སྐྱབས་སུ་མཆི།
རྒན་མགོན་པོ་ལགས།
ཁྱེད་ཀྱིས་ང་བློ་བཟང་ཡོན་ཏན་རེད་མ་བསམས། ང་རི་སྤྱང་ཁེར་འགྲོ་ཡིན།
འབྲོང་ར་སྨུག་པོ་ཟེར་བའི་མིང་འདིར་ཤིན་ཏུ་དགའ་སོང་།
མི་དེ་་རོ་སྦིར་སྦན་ན་ཊི་མ་རེད།
སློབ་དཔོན་དེས་བོད་ཀྱི་བཙན་པོའི་སྐོར་ལ་འཆད་འཁྲིད་གནང་གི་འདུག།
མགོན་པོ་ཕྱག་གཉིས་བ་ལགས་།
གསར་འགྱུར་བཀོད་ན་།གསར་འགྱུར་མང་པོ་བཀོད་རྒྱུ་ཡོད་རབས་འདུག་།་དང་པོ་སོག་རྫོང་ནས་བཟུང་ཏེ་།་ཡིནའང་ངས་དེ་སྐོར་ལ་ཞིབ་འཇུག་བྱེད་ཀིན་མེད་།་ཁྱེད་དང་མི་གཞན་ཚང་མ་་སྔོན་བརྡ་ཙམ་བཏང་བ་དེ་ཡིན་།་དེ་མ་རེད་ཟེར་ན་།་གཅིག་བྱས་ན་བློ་བཟང་ཡོན་ཏན་ལ་ཁྱེད་ལས་ལྷག་པའི་གསར་འགྱུར་བཀོད་རྒྱུ་ཡོད་ནའང་ཐང་།་ད་བོད་ཀྱི་ཡི་གེ་འབྲི་མཁན་ཚོས་དུས་འདི་འདྲ་ཤིག་ལ་སླེབས་པ་རེད་དམ་།་བསམ་བློ་ཡག་པོ་ཐོངས་།་ལྷག་པར་ཏུ་དྲ་རྒྱ་གཉེར་མཁན་ཚོ་ལ་།་ཁྱེད་ཚོས་ཕྱི་རྒྱལ་གྱི་ཁྲིམས་ལུགས་སོགས་གསལ་བོ་ཧ་གིན་མེད་པ་འདྲ།
ད་བར་ཏུ་བློ་བཟང་ཡོན་ཏན་ཟེར་བ་དེ་ཉམས་ཆུང་ངེ་སྡོད་མཁན་ཞིག་ཡིན་པ་འདྲ་།བཤད་རྒྱུ་མཇོག་མཁན་དེ་འདྲ་ཞིག་མིན་པའི་བཟོ་འདུག་།་དངོས་གནས་བསམ་བློ་ཡག་པོ་གཏོང་བའི་དུས་ལ་བབས།
ད་ཚན་རིག་པ་ལགས་བསོད་ནམས་རྡོ་རྗེ་སུ་གང་གིས་མ་ཤེས་པ་དེ་ཡ་མཚན། ད་ལྟ་གར་ཡོད་མ་ཤེས། ཨ་རིའི་སློབ་གྲྭ་ཆེན་མོ་ཞིག་གི་ཚན་རིག་དགེ་རྒན་རེད་ཟེར། ང་འདིར་ཡང་སློབ་ཆེན་ནང་བུ་མོ་ཆུང་ཆུང་ཚན་རིག་སྦྱོང་གི་ཡོད་ཟེར་མཁན་ཞིག་ལ་ཐུག་མྱོང་། ལོ་བརྒྱད་དགུ་ཞིག་གི་གོང་རེད། བོད་ནང་ན་དངོས་ཁམས་རིག་པ་བ། རྫས་འགྱུར་རིག་པ་བ། རྩིས་རིག་པ་བའི་སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་དེ་ཚོ་ཅི་ཡིན་ན། ད་རུང་རྒྱ་གར་གྱི་སློབ་གྲྭ་ཁག་ནང་ཡང་དབྱིན་ཡིག་ཐོག་ཡིན་པ་ལས་བོད་རིགས་དགེ་རྒན་མང་པོ་ཡོད་པ་རེད།
ད་བློ་བཟང་ཡོན་ཏན་གྱིས་ཅི་ཞིག་སྦྱོང་གི་ཡོད་མེད་ཁ་སང་སྔོན་མ་ནས་ངས་ཚོད་དཔག་བྱས་ཚར་ཡོད། བོད་ཀྱི་སྐར་རྩིས། དེ་ཡང་དུས་འཁོར་ནས་བཤད་པའི་སྐོར། དེང་རབས་ཀྱི་རྒྱུ་སྐར་རིག་པའི་སྐོར་འདྲ་ཞིག་སྦྱོང་ཁ་བྱས་བསྡད་ཡོད་པ་འདྲ། གཞན་གྱིས་མ་ཡར་མ་བཀྱག་ན་སྐྱག་པས་རྐུབ་བཀྱག་ནས་ཡོང་གི་མ་རེད།
ད་ཐག་རིང་པོ་མི་བཤད། ཨ་རིའི་ཝ་ཤིང་ཀྲོན་གཅིག་པོའི་ནང་པད་མ་རྡོ་རྗེ་སློབ་གྲྭ་ཆེན་མོའི་ཨང་རྩིས་དགེ་རྒན་རེད། རིན་ཆེན་བཀྲ་ཤིས་འབྱུང་ཁམས་རིག་པའི་སློབ་ཐོན་བྱུང་བ་རེད། རྡོ་རྗེ་མཚོ་ཡང་ཨང་རྩིས་སློབ་ཆེན་ཐོན་པ་རེད། ད་སྤོར་ཤོབ་ཞེ་དྲག་མ་བཤད། ནུབ་ཕྱོགས་ཁག་ན་ད་རུང་མ་ཤེས་པ་མང་པོ་ཡོད་རྒྱུ་རེད་འདོད།
ད་ངོ་མ་གྲྭ་ས་ནས་ཡོང་བ་ཞིག་ཡིན་ན་འབྲིང་རིམ་སློབ་གྲྭ་ཕྱིན་པ་ཡིན་ནའང་ངས་ཚན་རིག་སློབ་གི་ཡོད་ཟེར་ནས་འུད་ཤོབ་བཤད་ཆོག་གི་རེད། དེ་ལ་བདེན་པ་མ་རེད་ཟེར་ས་ཡང་འགྲོ་གི་མ་རེད། དངོས་གནས་ཅིག་སྦྱོང་གི་ཡོད་པ་རེད། མདོར་དེད་ན་སྤྱི་ཚོགས་ཚན་རིག་ཟེར་ནའང་ཚན་རིག་རེད། རང་བྱུང་རྒྱུན་ཤེས་དེ་ཚོའང་དེ་བཞིན་རེད།
བོད་པ། འབྲོང་ར་སྨུག་པོ། མེ་རི་གཏོར་མཁན། བློ་བཟང་ཡོན་ཏན། ད་རུང་སྔོན་མ་ཡང་སྐད་ཆ་གཅིག་བཤད་མཁན། གཤིས་ཁ་གཅིག་ཡིན་པ་ཁ་ཤས་སླེབས་ཡོད་པ་འདི་ཚོར་ཞིབ་འཇུག་ཅིག་བྱེད་རན།
ཁྱོད་ཡོན་ཏན་ཡོད་ན་ཡག་པོ་རེད།m ངོ་མ་ཁ་མིན་ནས་དོན་གི་དགའ་ནི་ཡིན། ཡིན་ན་ར་འདི་ཁྱེད་རང་གི་སྤོར་ཤོབ་བཤད་ས་མ་རེད།
ཧཧཧ་
མགོན་པོ་ཕྱག་གཉིས་བ་ཁྱོད་མོ་བ་འདྲ་བོ་ཞིག་འདུག་།་ཚང་མ་ཧ་གོ་མཁན་ཞིག་ཡིན་ས་རེད་།་་ངས་དེ་འདྲ་མང་པོ་ཞིག་ཤེས་གིན་མེད་མོད་།རང་བྱུང་ཚན་རིག་དང་སྤྱི་ཚིགས་རིག་པ་གཉིས་ཀྱི་ཁྱད་པར་ཙམ་ཤེས་།ང་གློག་ཀླད་ལ་ལས་ཀ་བྱེད་ནི་ཤིག་ཡིན་།ཁྱེད་རང་དབང་རྩོམ་འབྲི་བ་དང་།རྒྱང་བསྒྲགས་ནང་ལ་དཔྱད་གཏམ་སྤེལ་མཁན་ཞིག་ཡིན་ས་རེད་།་ངའི་གློག་ཀླད་ཅིག་གི་ནང་ལ་མགོ་འཁོར་ནས་བསྡད་ཡོད་དུས་།་ཁྱེད་ཁྲི་ཁྲིག་མང་པོ་ལ་སྐད་ཆ་བཤད་གྱིན་ཡོད་པ
་རེད་།་ཧེཧེཧེ་་ད་ཁོང་ཁྲོ་མ་ཟ།བསམ་བློ་ཐག་རིང་པོ་ཐོངས་།
སོག་རྫོང་ནས་ད་ལྟ་བར་ང་ལ་སྦེད་དགོས་པའི་ལོ་རྒྱུས་ཤིག་མེད། ས་གནས་ས་གནས་ལ་སོང་ལ་བརྟག་དཔྱད་ཐོངས། ངའི་ལོ་རྒྱུས་ངས་འབྲི་མ་དགོས་པར་ཁྱེད་ཚོས་འབྲི་ཐུབ་ན་ཐུགས་རྗེ་ཆེ།
ཨོ་རི་སྤྱང་ཁེར་འགྲོ། འབྲོང་ར་སྨུག་པོ་ཁྱོད་ཡིན་ནམ།
ད་མི་གཡོག་གི་མཚན་གི་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་ཟིན་འདུག
ད་ཉལ་གི་ཡིན། ཁྱོད་ཀྱང་གཟིམས་འཚལ།
དྲ་དཔོན་རབ་གསལ་ལ་ཁ་པར་བཏང་ནས་དྲིས་ན་འགྲིག་གི་རེད།
ཡང་བསྐྱར་ལན་གཅིག་བཤད་འདོད་བྱུང་། ངས་མེ་རི་གཏོར་མཁན་དེ་སུ་ཡིན་ཚོད་དཔག་ཐུབ་ཡོད། ངས་དགེ་ཆོས་རྗེས་སྐྱོང་བ་ཞེས་པ་ཡང་སུ་ཡིན་ཚོད་དཔག་ཐུབ་ཡོད། ཚོད་དཔག་ཐུབ་ནས་གོང་གི་མཆན་དེ་བྲིས་པ་ཡིན། འོན་ཀྱང་གོང་གི་མཆན་དུ་བཀོད་པ་ལས་ལྷག་ཅིག་སྨྲ་བར་མི་སྤྲོ། མེ་རི་གཏོར་མཁན་གྱིས་གསུངས་པའི་ཞིབ་འཇུག་བྱེད་ཚུལ་གྱི་རིམ་པ་དོན་ཚན་བཅུ་གཉིས་ཅན་དེ་ལ་དོན་ཚན་དེ་ལས་ཉུང་ཙམ་ལ་བསྡུས་ན་འཐུས་པ་འདུག་ཀྱང་། གང་ལྟར་འགྲིག་གི་རེད། དེ་ཡང་ཕྱག་ལེན་ལ་བཞེས་རོགས། ངས་ཀྱང་ཉམས་ལེན་བྱེད་མུས་ཡིན། དོན་ཚན་དེ་དག་གཞིར་བཟུང་ནས་བཤད་ན། “དགེ་འདུན་ཆོས་འཕེལ་ནོར་འདུག་”ཅེས་བཤད་ཚེ། ངས་དོ་སྣང་ཆེན་པོས་ལྟ་བ་ཡིན་ལ། ཕལ་ཆེར་ཡི་རངས་ཀྱང་ཞུ་བ་ཡིན། དེ་ལ་མི་འཐད་པ་གང་ཡང་མི་འདུག་ འོན་ཀྱང་། “དགེ་འདུན་ཆོས་འཕེལ་གྱིས་བོད་མི་མང་ལ་མགོ་སྐོར་བཏང་འདུག སླུ་བྲིད་བཏང་འདུག”ཅེས་བཤད་སྐབས། ངས་འདི་རྒྱུ་མཚན་མེད་པའི་སྐད་ཆ་རེད་བསམས་ནས་དེ་ལ་རྒོལ་ཐབས་བསྟེན་པ་ཡིན།
ཧ་ཧ་ཧ། ཧུ་ཧུ་ཧུ། ཧེ་ཧེ་ཧེ། ཧོ་ཧོ་ཧོ། ད་གཉིད་ཁུག་གི་རྒྱུགས། ང་ར་གཉིད་ཁུག་གི་ཡིན། སང་ཉིན་མཇལ་ཡོང་།
གཟིམས་འཇགས་གནང་།
དགེ་རབ་དེ་གཉིས་དོན་གྱི་རྩ་བ་གཅིག་ལ་བབས་མི་འདུག་གམ།་ཚིག་ལ་མི་རྟོན་དོན་ལ་རྟོན་ཟེར་བ་ཞིག་གོ་མྱོང་ངམ་།
མེ་རི་གཏོར་མཁན་ལགས།
དེ་གཉིས་ཀྱི་དོན་གྱི་རྩ་བ་གཅིག་ག་ལ་ཡིན། “དགེ་འདུན་ཆོས་འཕེལ་ནོར་འདུག”ཞེས་སྨྲས་ཚེ། བདེན་དང་མི་བདེན་གྱི་སྐད་ཆ་རེད། “དགེ་འདུན་ཆོས་འཕེལ་གྱིས་བོད་མི་མང་ལ་མགོ་བསྐོར་བཏང་འདུག་ སླུ་བྲིད་བཏང་འདུག”ཅེས་བརྗོད་སྐབས་ཚོར་བའི་སྐད་ཆ་རེད། བསམ་ཚུལ་གྱི་སྐད་ཆ་རེད།
ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གོ་མྱོང་ལགས།
དེས་ན་འདི་གཉིས་ལས་ཕར་འགྲོ་ས་མི་འདུག།
གཅིག་།ཁོས་རྒྱུ་མཚན་ཧ་མི་གོ་བར་འཆལ་གཏམ་སྤེལ་བ་རེད།
གཉིས།ཁོས་ཤེས་ནས་བསམ་བཞིན་དུ་བསླུ་བྲིད་གཏོང་བ་རེད་།
གང་འདེམས་དགོས་།
མ་རེད་ལགས། ངས་སྔོན་ནས་ཞུས་ཟིན། ཡེ་ཤུ་བ་དག་གི་རྩོད་པ་དང་དེ་ལ་བརྟེན་ནས་མེར་བསྲེགས་པའི་གནད་དོན་དེ་འཛམ་གླིང་གིས་ཉི་མ་ལ་བསྐོར་མ་བསྐོར་གྱི་ཐད་ནས་ཡིན་པ་དགེ་ཆོས་ཀྱིས་མ་མཁྱེན་པ་ཡིན་སྲིད། དགེ་ཆོས་ལ་རྒྱུས་ཡོད་པ་ཧ་ལམ་རོ་རིག་དང་མཐར་ཕྱིན་བྷ་བྷུ་སོགས་ཀྱིས་ཀྱང་དེ་མ་ཤེས་ནས་ཡོད་སྲིད། དགེ་ཆོས་ཀྱིས་ཁུངས་གཏུགས་སའི་ཡིག་ཆ་དེ་གང་ཡིན་ང་ཚོས་ཤེས་མེད། སྐབས་དེའི་ཡིག་ཆ་རྙིང་པ་དག་ཀློག་ལོང་དང་འཚོལ་ལོང་མི་འདུག དེ་གཅིག་ཡིན།
དེས་ན། དགེ་ཆོས་ཀྱིས་མ་མཁྱེན་ནས་དྲང་གཏམ་སྤེལ་བ་ཡིན་སྲིད་ལ། དགེ་ཆོས་ཀྱི་དུས་སྐབས་བདེན་པ་ཡིན་པ་མང་པོ་ཞིག་ད་ལྟའི་དུས་ཚོད་དུ་རྫུན་མ་ཡིན་པ་མང་ཐག་ཆོད། དེ་བས་ཁྱེད་ཀྱི་འདམ་ཁ་གཉིས་པོ་དེ་གཉིས་གང་ཡང་མ་ཡིན་པའི་འགྲོ་ས་འདུག གཟིགས་སམ།
སྐུ་མཁྱེན། ད་ཁྱེད་ཚོས་བརྩད་ཀྱིན་བརྩད་ཀྱིན། མགར་སྟོང་བཙན་གྱི་ས་ནས་མ་བསྡད་པར་བརྗོད་བྱ་གཞན་ཞིག་ལ་ཕྱིན་འདུག
ངས་ཀྱང་ཚིག་འགའ་ཞུ་གི་ཡིན། ཤེས་ཡོན་ཡོད་མཁན་ཟེར་དུས། མི་གཤིས་ཀྱི་སྒང་ནས་ཀྱང་ཤེས་ཡོན་ཅུང་ཙམ་ཡོད་ན་ཡག་པོ་ཡོད་རེད་དྲན།
སྙུག་མིང་གཅིག་འཁྱེར་ཡོང་ནས་བརྗོད་བྱ་གཅིག་ལ་དགག་པ་བརྒྱབ། སྙུག་མིང་གཞན་ཞིག་འཁྱེར་ཡོང་ནས་བརྗོད་བྱ་དེ་ལ་བསྟོད་ར་འཐེན།
ཡང་སྙུག་མིང་གཞན་ཞིག་བཟོས་ནས་མདོག་གཞན་ཞིག་སྟོན་ཐབས་བྱོས། སྐུ་མཁྱེན། ལས་ཀ་འདི་ཚོའི་རིགས་་བསམ་བློ་ཅུང་ཙམ་གཏོང་ཤེས་མཁན་ཞིག་གི་བྱེད་སྟངས་མིན་པ་འདྲ།-ངེད་རང་སྒེར་གྱི་ངོས་ནས་འདི་ཚོའི་རིགས་ལ་དགའ་མོས་མེད།
བཟང་ན་ངན་ན། ང་ཚོ་ཚང་མ་བོད་པ་རེད། བོད་ཡིག་ལ་དགའ་མཁན་རེད། དེ་གཅིག་རེད།
དེ་ནས། སའི་གོ་ལ་ཆུང་ནས་ཆུང་དུ་འགྲོ་བཞིན་པ་དང་འགྲུལ་བཞུད་སྟབས་བདེ་ནས་བདེ་རུ་འགྲོ་བཞིན་པ་ཡང་དངོས་མཐོང་རེད།
དེས་ན། ང་ཚོ་ཉིན་མ་ཞིག་ཕྱོགས་གཅིག་ནས་མིན་རུང་གཅིག་ནས་གདོང་ཐུག་རྒྱག་གི་རེད། དེ་དུས། གཅིག་གིས་གཅིག་ལ་ལག་པ་གཏོང་སྟངས་དང་ཁ་གྲགས་སྟངས་མ་ཤེས་ན།
དེ་གྱོང་གུད་རེད་འདོད། དེ་ཙམ་ཡིན།
དགེ་འདུན་རབ་གསལ་།་
༡་ངའི་བསམ་པར་དགེ་འདུན་ཆོས་ནི་ནུབ་ཀྱི་ལོ་རྒྱུས་དང་ཚན་རིག་སོགས་ཤེས་མཁན་ཞིག་ཡིན་པའི་བཟོ་མི་འདུག།་ཡིན་ནའང་ཁོ་བློ་བཟང་ཡོན་ཏན་དང་འདྲ་བར་མི་ཤེས་མཁན་ཞིག་རེད་བསམ་མཁན་ཞིག་མི་འདུག་།་བོད་ཀྱི་མཁས་མང་ཆེ་ཤོས་ལ་ཟུར་ཟ་དང་འཕྱ་སྨོད་བྱས་མཁན་ཞིག་ཏུ་རེད་སྙམ་།
༢་།བྱིས་པའི་གཏམ་རྒྱུད་འདྲ་ཡིན་སྲིད་།དེ་མ་གཏོགས་ཁོ་ལ་དེ་འདྲ་ཁུངས་ལུང་ཚད་ལྡན་ཞིག་གཏན་ནས་ཡོད་པ་མ་རེད་།
༣་ཁོས་དེ་ལྟར་བྲིས་ཆོག་གི་རེད་དམ་ཞེ་ན་།་བྲིས་ལོས་ཆོག་།
༤་བྱིས་བའི་སྒྲུང་དང་ཚན་རིག་གཞུང་གཉིས་ཁྱད་པར་མ་ཤེས་ན་།
༥་ངའི་གོ་བ་ལྟ་བ་ལྟར་ན་།་ཞིབ་ཏུ་དགེ་ཆོས་ཀྱི་རྩོམ་ཕལ་ཆེ་བ་དེ་འདྲ་མ་བརྟགས་ཞིང་།མ་དཔྱད་།་མ་ཤེས་ཤེས་ཁུལ་བྱས་བ་འགའ་ཞིག་རེད་ཟེར་།
དེ་བས་རྩ་དོན་གསུམ་འདུག་།
༡་དགེ་ཆོས་ཀྱིས་འཆལ་གཏམ་སྤེལ་བ་།
༢དགེ་ཆོས་ཀྱིས་བླུད་བྲིད་གཏོང་བ་།
༣་དགེ་ཆོས་ཀྱིས་རི་བོང་ཅལ་འགྲོགས་ཡིན་པ་།
འདེམས་ཀ་གང་གཏོང་གིན་ཡིན་།
ད་འདི་ནས་ང་ཚོས་དགེ་ཆོས་ལགས་ནི་མཁས་དང་མི་མཁས། བཟང་དང་མི་བཟང་སོགས་གླེང་བའི་དུས་ཚོད་རྫོགས་ཚར་བ་རེད། ད་ང་ཚོས་ངེས་པར་དུ་གླེང་དགོས་པ་དང་། དཔྱད་དགོས་པ། དྲན་དགོས་པ་དག་ནི་ཁོང་ཉིད་སྨད་མདོ་ཁམས་ནས་ཕེབས་ཏེ་ལྷ་སར་ཏོག་ཙམ་བཞུགས་རིང་ལ་མཁས་པ་སུ་དང་སུ་ལ་བརྩད་འདུག དེ་ནས་སྟོད་རྒྱ་གར་ལ་ཕེབས་དོན་གང་རེད། ཕེབས་ནས་གང་དང་གང་གནང་འདུག རྒྱ་གར་བའི་མཁས་པ་སུ་དང་སུ་ལ་མཇལ་འདུག ཚུར་ལྷ་སར་ཕེབས་ཏེ་བཙོན་སྡུག་མྱོང་ཚུལ་སོགས་ལ་ཡག་པོར་ལྟ་དགོས་པའི་དུས་ཚོད་རེད་ལགས།
དགེ་ཆོས་ཀྱིས་ནུབ་ཀྱི་ཚན་རིག་དང་ལོ་རྒྱུས་ཤེས་འདུག་དང་མི་འདུག་གལ་ཆེན་པོ་ཨེ་ཡིན་དྲན། ནུབ་ཀྱི་ཚན་རིག་དང་ལོ་རྒྱུས་ཤེས་དང་མ་ཤེས་ཞེས་བརྗོད་པ་འདི་ལ་ཡང་ས་མཚམས་ཤིག་ཡོད་པ་རེད། རྒྱུན་ཤེས་སམ་རྨང་གཞིའི་ཤེས་ཡོན་ལ་ཟེར་རམ། ཆེད་ལས་ཀྱི་ཤེས་ཡོན་ལ་ཟེར། ཆེད་ལས་ཀྱི་ཤེས་ཡོན་མེད་ཀྱང་རུང་བ་ཞིག་རེད། རྒྱུན་ཤེས་ཙམ་ཞིག་ཏན་ཏན་ཡོད་པ་རེད། ད་དགེ་ཆོས་ཀྱི་རྩོམ་ཕལ་ཆེ་བ་མ་བརྟགས་མ་དཔྱད་པ་ཞིག་རེད་ཟེར་ན། གསེར་ཐང་དང་དེབ་དཀར་གྱི་ནང་ནས་བོད་ཀྱི་མིང་འདོགས་ཚུལ་ཚུན་ནས་སྐད་ཡིག་གི་འཕེལ་འགྲིབ་སྐོར་ལ་ད་བར་དུ་ཁོ་ལས་བརྒལ་ནས་དཔྱད་པ་བྱས་པ་ཞིག་འདུག་གམ། དེ་གཅིག་ཡིན། དེ་ནས། ཁྱེད་ཀྱི་རྩ་དོན་དུ་བགྲངས་པའི་དོན་ཚན་གསུམ་དེ་གང་ཡང་མ་རེད་ལགས། ལར་ཁྱེད་ཀྱིས་རྩ་དོན་དུ་བགྲངས་པ་དེ་དག་ནི་དག་ཆ་ཚུན་ནས་གནག་རྫིའི་རི་མོ་ཞིག་གི་ཚུལ་དུ་གདའ་ལགས།
རིག་འབྱུང་དོན་གྲུབ་བཀྲ་ཤིས་།
མིའི་བཤིས་ཀ་མ་རྩོད་།དེ་ལ་སྣ་མང་ཡོང་གིན་རེད་།སྨྱུག་མིང་བྲི་ནའང་འབྲི་གིན་ཆུགས་།བོད་སྤྱི་ལ་གནོད་པའི་ལས་ཀ་ཤིག་མ་བྱས་ན་།དེ་སྐྱོན་མི་འདུག་།་གཙོ་བོ་སྐད་ཆ་ཞིག་བཤད་ན་དེ་རྒྱུ་མཚན་ཡོད་མེད་དེ་རེད་།་བཤད་མཁན་སུ་ཡིན་ཡང་སྐྱོན་མི་འདུག་།གཏམ་གསར་བ་རེ་བཤད་དུས་མིང་གསལ་བོ་བཀོད་ན་བཟང་།་དེ་མིན་གང་འདོད་རེད་།་འདི་དྲ་རྒྱ་རེད་
སངས་རྒྱས་ལ་དགག་པ་རྒྱག་ནའང་རྒྱག་གིན་ཆུག་།་དེ་རྒྱག་མཁན་དེ་ལ་ངོ་ཚ་རེད་མ་གཏོགས་སངས་རྒྱས་ལ་ངོ་ཚ་ཅི་ཡོད་།
ང་ཚོ་མི་སུ་དང་སུ་རེད་ཅེད་རྩོད་སྲོལ་ཅིག་འདུག་།དེ་དཔེར་མི་སྲིད་པའི་ཡག་པོ་མི་འདུག་།བློ་རྒྱ་ཆུང་བའི་རྟགས་རེད་།་མཁས་བ་གང་ཡིན་ཀྱང་།་བླུན་པོ་ཤིག་གི་ཚིག་སྣ་ཡང་བརྟེན་མ་ཐུབ་ན་།མི་དེའི་མཁས་བ་ཡིན་ཟེར་བ་དཔྱད་པ་གཏོང་བའི་གཞི་རེད་།
ཡིན་ནའང་རྩོད་པ་རྒྱག་སྟངས་ཤིག་ཡོད་པ་རེད་།ང་ཚོས་ད་དུང་རྩོད་པ་རྒྱག་སྟངས་དེ་ཤེས་གིན་མི་འདུག་།རྩོད་པ་རྒྱབ་ཡོང་དུས་དམར་པོའི་རྩོད་པ་འདྲ་རྒྱབ་ཡོང་གིན་འདུག་།་རྒྱལ་བ་རིན་པོ་ཆེའི་དྲངས་ཡོང་གིན་འདུག་།
མེ་རི་གཏོར་མཁན་ལགས།
ཁྱེད་ཀྱིས་ མི་ལ་སྐད་ཆ་ཆེན་པོ་དང་སྦོམ་པོ་མ་བཤད་ཅེས་གསུངས་འདུག དེ་ནས་ཁྱེད་ཀྱིས་ “ངའི་བསམ་པར་དགེ་འདུན་ཆོས་ནི་ནུབ་ཀྱི་ལོ་རྒྱུས་དང་ཚན་རིག་སོགས་ཤེས་མཁན་ཞིག་ཡིན་པའི་བཟོ་མི་འདུག” ཅེས་གསུངས་འདུག དགེ་ཆོས་ཀྱིས་མ་མཁྱེན་པའི་ “ནུབ་ཀྱི་ལོ་རྒྱུས་”དང་”ཚན་རིག་”ཅེས་པ་ག་རེ་རེད། དམིགས་སུ་བཀར་ནས་གསུངས་དང་།
དགེ་རབ།
ངའི་ཁྱོད་ལ་སྐད་ཆ་སྙིང་ཐག་པ་ཅིག་བཤད་།་བློ་བཟང་ཡོན་ཏན་ནས་ཐོག་དང་པོ་ཉིད་ན་དགེ་ཆོས་མཁས་བ་མ་རེད་ཟེར་བ་ཞིག་གོ་མ་མྱོང་།་དེ་ཕལ་ཆེས་ཁྱོད་ཚོས་བཟོས་བའི་སྐད་ཆ་ཞིག་རེད་།ཁོའི་མདོར་བསྡུས་ན་སྐད་ཆ་འདི་འདྲ་བཤད་གིན་འདུག་སྙམ།
གཅིག་།དགེ་ཆོས་མ་བྱུང་བའི་སྔོན་དུ་གང་གི་ཐད་ནས་།ཚན་རིག་།་ལོ་རྒྱུས་།་གནས་ཡིག་གང་གི་ཆ་ནས་་དགེ་ཆོས་ལས་ལྷག་པའི་མཁས་བའི་མང་པོ་འཁྲུངས་འདུག་།ཁོང་གི་རྩོམ་ནང་དུ་མཁས་བ་འགའ་ཤས་ཀྱི་མིང་ཡང་དྲངས་འདུག་།
གཉིས་།་དགེ་ཆོས་ལ་དོན་མེད་བསྟོད་མཁན་དག་གིས་ཐ་ན་མཁས་བ་དེ་དག་གིས་མིང་ཙམ་ཡང་གོ་གིན་མི་འདུག།
གསུམ།་ཇི་ཙམ་ཀློག་ཀྱང་།དགེ་ཆོས་ཡ་མཚར་ཤིག་ཏུ་མཐོང་མ་སོང་།འདི་ནས་སེམས་གཏམ་ཞིག་བཤད་།་ངའི་གོ་བ་ལྟར་ན་ཕྱི་རྒྱལ་གྱི་མཁས་བ་ཤིག་གིས་དགེ་ཆོས་ཀྱིས་ལོ་རྒྱུས་ཀྱི་ཡིག་ཆ་མང་པོ་ཤིག་བརྐུས་བའི་ཁུངས་ཤིག་བཤད་རྒྱུ་ཡོད་ཟེར་།་རྗེས་སུ་པར་ཏུ་འགོད་རྒྱུ་ཡིན་ཟེར་།་དེ་འདྲའི་ཉི་མ་ཅིག་ཐོན་དུས་།་ད་ང་ཚོས་ག་རེ་བྱེད་དགོས་ནི་རེད།་ང་ཚོས་དེ་གལ་ཆེན་པོ་ཤིག་ལ་མ་བརྩི་ས་ན་འགྲིག་གིན་རེད་།་ཡིནའང་ཕྱི་རྒྱལ་ན་འདི་གལ་ཆེན་པོ་རེད་།་དེ་ན་ལྷག་པར་ཏུ་ང་ཚོའི་ལྷ་བཞིན་བརྩི་བཞིན་པའི་དགེ་ཆོས་ཀྱི་དེ་ལྟར་བྱས་པའི་ཁུངས་ལུངས་ཁྱེར་ཡོང་ན་།་བློ་བཟང་ཡོན་ཏན་ལ་སྡིག་པ་སྡིག་གིན་ཡིན་ནམ།
བསམ་བློ་སྙིང་ཐག་པ་ནས་ཐོངས་།་བློ་བཟང་ཡོན་ཏན་སྐྱོན་མི་འདུག་།་ཁོ་མི་གཅིག་རེད་།
དགེ་རབ་།་
ཐ་ན་སའི་གོ་ལ་རིལ་རིལ་དང་ལེབ་ལེབ་ཙམ་གྱིས་ཁྱད་པར་མ་ཤེས་ན་།་དགེ་བཤེས་ཤིག་གིས་སྐྱབས་འགྲོ་མ་ཤེས་བ་འདྲ་བོ་ཤིག་རེད་།་བློ་བཟང་ཡོན་ཏན་གྱིས་མང་པོ་བཤད་འདུག་།་་ཚང་མ་ལྟོས་དང་།་དེ་ན་འདུག་
ཨ་རོ། མི་སུ་དང་སུ་ཡིན་མིན་རྩོད་སྟངས་ཤིག་ཡོད་མིན་མི་ཤེས། དེ་ཚོ་དགོས་རྒྱུ་ཞིག་མ་རེད།
འོན་ཀྱང་། མི་གཅིག་གིས་མགོ་བཞི་ལྔ་བཏགས་ནས་སྐད་ཆ་ཕྱི་ནང་ལྡོག་པ་བཞི་ལྔ་བཤད་ན་། དེ་ལ་གུས་བརྩི་མེད་ལ་དགའ་མོས་ཡང་མེད།
འདི་ངེད་ཚོ་སྐྱེས་སའི་བོད་དུ་ཡང་ཡག་པོར་མི་བརྩི། ཡོ་རོབ་དུ་ཡང་ཡག་པོར་མི་བརྩི། ཨ་རིར་ཡང་ཡག་པོར་མི་བརྩི།
ཁྲིམས་ལ་ཐུག་ན་ལྷག་ཏུ་དཀའ་ངལ་གྱི་རྒྱུ་རེད། འདི་ལ་གནའ་རབས་དང་དེང་རབས་ཀྱི་སྐད་ཆ་མེད། ཤར་དང་ནུབ་ཀྱི་སྐད་ཆ་མེད།
ད་མང་པོ་མི་བཤད། གཉིད་ཀྱི་ཡིན། ཁྱེད་རང་ག་ལེར་ག་ལེར་ཡར་རྒྱས་སུ་འགྲོ་བའི་རེ་བ་ཡོད། ནང་སེམས་ནས་འགོ་བཙུགས་ཏེ་ཡར་རྒྱས་སུ་འགྲོ་བའི་རེ་བ་ཡོད།
ཕྱི་རྒྱལ་གྱི་མཁས་པ་ཚོའི་ཞིབ་འཇུག་ཐབས་ལམ་དེ་དག་ལ་ང་ཡང་ཡི་རངས་ཡོད། ང་ཚོས་ཀྱང་ལེགས་ཆ་ལེན་དགོས་པ་རེད། ཕྱི་རྒྱལ་བས་དགེ་ཆོས་རྐུན་མ་རེད་ཟེར་བའི་དེབ་ཐོན་ན་དེ་དུས་བརྟག་དགོས་པ་ཞིག་རེད། རྒྱུ་མཚན་འདུག་དང་མི་འདུག་ ཁུངས་ལུང་འདུག་དང་མི་འདུག་བརྟག་དགོས་པ་རེད། ཕྱི་རྒྱལ་གྱི་མཁས་པས་ལབ་ཚད་ལ་ཡང་དད་རྐྱང་མ་རེད། མཁས་པ་ཆེ་གེ་མོ་ཞིག་གིས་དགེ་འདུན་ཆོས་འཕེལ་གྱིས་བོད་ཡིག་ཤེས་གི་མ་རེད་ཟེར། དེ་འདྲ་རེད། ཡང་མཁས་པ་ཡིན་ཟེར་མཁན་ཞིག་གིས་ཇོ་བོ་རྗེས་བོད་ཀྱི་རི་མོ་འཕྲོ་བརླག་ལ་བཏང་བ་རེད་ཟེར། ངས་དེ་ལ་ཁྱེད་ཀྱི་འཇིག་རྟེན་ལྟ་ཚུལ་དེས་ངེད་ཀྱི་འཇིག་རྟེན་ལྟ་ཚུལ་བསད་ཆོག་གི་མ་རེད་ཅེས་ལན་བཏབ་པ་ཡིན། བདེན་པ་ཡིན་མིན་གྱི་སྐད་ཆ་ཞིག་ཡོད་པ་རེད། དེ་ནས་འཇིག་རྟེན་ལྟ་ཚུལ་གྱི་སྐད་ཆ་ཞིག་ཡོད་པ་རེད།
བློ་བཟང་ཡོན་ཏན་གྱིས་བདེན་པ་བཤད་ན་སུ་ཡིན་ཡང་ཉན་གི་རེད། ཉན་དགོས་པ་ཞིག་རེད། བློ་བཟང་ཡོན་ཏན་གྱིས་ཀུ་ཅོ་འདོན་པ་དང་། སྨྲེ་ངག་འདོན་པ། སྒྲོ་སྐུར་བྱེད་པ་ཡིན་ན་དེ་ལ་སུས་ཀྱང་ཉན་གི་མ་རེད།
དགེ་ཆོས་ཀྱི་སྔོན་དུ་བོད་ལ་ཚན་རིག་མཁས་པ་འདུག་ཅེས་མཚན་འདོན་གནང་ན་འོས་པ་ཞིག་རེད། འོན་ཀྱང་དེ་མི་ཤེས་མཁན་འདུག་ཅེས་ངུ་ངག་འདོན་དགོས་པ་ཞིག་ཡོད་མ་རེད། ནུབ་ཕྱོགས་པའི་མགོ་འཁྲིད་དག་གི་ཁྲོད་ན་ཡང་ཤེས་བྱས་ཕོངས་པའི་གཏམ་ག་ཚོད་འདུག འདི་ལ་དམིགས་ནས། “ཁྱེད་ལ་རིག་རྩལ་ཡོད་ན་འཛིན་རིམ་ལྔ་བའི་སློབ་མར་འགྲན་ནུས་སམ།”ཟེར་བའི་བརྙན་འཕྲིན་ལྟད་མོ་ཞིག་ཀྱང་བཟོས་འདུག་ག མི་རྒན་པའི་ཁྲོད་ན་འཛིན་རིམ་ལྔ་བའི་སློབ་མའི་ཤེས་ཡོན་མི་ཤེས་མཁན་གང་དགོས་དགོས་འདུག་ག དགོངས་པ་བཞེས་རོགས།
ཏན་ཏན་རེད།་བློ་བཟང་ཡོན་ཏན་གྱི་ཀུ་ཅོ་ལ་མ་ཉན་ན་ཆོག་གི་རེད་མོད་།་ཉན་ནི་མི་ཚད་ས་སློག་རྡོ་སློག་བྱ་གིན་འདུག་།་དེ་ཡང་སྐྱོན་མི་འདུག་།ང་ཚོ་ཚང་མ་ས་སློག་མཁན་རེད་།འདོར་ན་ང་ཚོ་ཚང་མ་རང་རང་གི་སེམས་ཀྱི་དུང་བ་ཕྲ་མོ་དེ་ལས་བརྒལ་ཐུབ་གིན་མ་རེད་།ཁྱེད་བཤད་པ་དེ་བདེན་པ་རེད་།་ཕྱི་རྒྱལ་གྱི་མཁས་བ་ནང་ནའང་དགེ་ཆོས་ལྟར་འཆལ་གཏམ་བཤད་མཁན་མང་པོ་ཡོད་ས་རེད་།ཡིནའང་འཆལ་གཏམ་བཤད་ན་ཉི་མ་གཅིག་ལ་རྫུན་ཁུངས་གཏོར་འགྲོ་གིན་རེད་།
རིག་འབྱུང་བཀྲ་ཤིས་།་ཁྱེད་དེ་འདྲ་ཤིག་རེད་བསམ་མ་སོང་།་www ཟེར་བ་འདི་སྟེང་ནས་སྐད་ཆ་གང་བཤད་ཀྱང་འགྲིག་གིན་ཡོད་པ་རེད་།་མིང་མི་བྲིས་བར་ག་རེ་བཤད་ཀྱང་འགྲིག་གིན་རེད་།་ལྷག་པར་ཏུ་org ཟེར་བ་འདིས་ཚོང་དོན་མི་མཚོན་པ་དང་།་སྤྱི་མཐུན་་སྒྲིག་འཛུགས་ཀྱི་དོན་ཞིག་མཚོན་གིན་ཡོད་དུས་་མི་སྒེར་སུ་ཡིན་ཀྱང་སྐད་ཆ་བཤད་པའི་དབང་ཆ་ཡོད་པ་རེད་།་དེ་ལ་ཤ་མདོག་དང་།་རིགས་རུས་།་ཡུལ་ལུང་།་གྲུབ་མཐའ་སོགས་ཀྱི་ཕྱོགས་ཞེན་དབང་གིས་བཀག་ཆོག་གིན་མ་རེད་།་དེ་གཅིག་ཡིན།་དོན་དག་གལ་ཆེ་བ་ཞིག་།་བློ་བཟང་ཡོན་ཏན་ཟེར་བ་དེ་སྤུར་མིང་ཅིག་མ་རེད་།་ཁོ་དངོས་སུ་ཡོད་མཁན་།་ཚང་མའི་ཤེས་མཁན་།་སྡོད་གནས་སོགས་ཤེས་མཁན་ཞིག་རེད་།་དེ་ལ་སྤྱིའི་དྲ་ཚིགས་འདིའི་ཐོག་ནས་ཁུངས་མེད་ཀྱི་སྒེར་གྱི་སྐྱོན་འཛུགས་་ན།་སྤྱིར་བཏང་གི་སྐད་ཆ་བཤད་པའི་ཁྱད་ཁོངས་ལས་བརྒལ་ཚད་པ་རེད་།་དེའི་ཁྱད་པ་དེ་གལ་ཆེན་པོ་རེད་།་དེ་བཞིན་སྐྱོན་འཛུགས་མཁན་དེ་དང་།་ཁྲིམས་མཐུན་གྱི་དབང་གིས་སུ་ཡིན་ཁུངས་སྐྱེལ་རྒྱུ་ཡོད་ན་།་དགའ་མི་འགའ་གནད་དོན་མ་རེད་།་ཡིནའང་བློ་བཟང་ཡོན་ཏན་ཟེར་བ་དེ་འདྲ་མི་ཞིག་མ་རེད་།་ང་ཚོ་དྲ་ཚུགས་གཉེར་མཁན་ཚོ་དང་།་འབྲི་མཁན་ཚོས་དེ་ཐོག་ལ་གཟབ་གཟབ་བྱས་ནས་།་རྩོད་གླེང་འདི་མི་སྒེར་བར་གྱི་འཁོན་ཆགས་ལྟ་བུ་ཞིག་ལ་ངོས་བཟུང་བར་།་སྤྱི་དོན་ཆེན་པོ་ཞིག་ལ་བསམ་བློ་བཏང་ན་ཡག་པོ་ཡོད་ས་རེད།
དགེ་རབ་།
ཁྱོད་བློ་བཟང་ཡོན་ཏན་གྱི་རྩོམ་སྟངས་ལ་དགའ་བོ་མེད་པ་དང་།་ཁོང་གི་སུམ་རྟགས་སོགས་ཡག་པོ་མེད་ན་།་དེ་ལྟར་ཁོང་ལ་དགག་པ་རྒྱོབ་།་ཚིག་རེ་རེ་བྱས་ནས་དགག་པ་རྒྱོབ་།་བློ་བཟང་ཡོན་ཏན་གྱི་སུམ་རྟགས་ཙམ་ཡང་ཤེས་གིན་མི་འདུག་།་ད་དུང་དགེ་ཆོས་ལ་དགག་པ་རྒྱག་གིན་འདུག་ཅེས་ཀུ་ཅོར་སྒྲོག་།དགེ་ཆོས་ཀྱི་སྔོན་དུ་བོད་དུ་ཚན་རིག་ལ་མཁས་བ་ཆེན་པོ་མ་བྱུང་ཞེས་སྨེ་སྔགས་ཐོན་།་དོན་གྱིས་ཁྱེད་རང་བློ་བཟང་ཡོན་ཏན་དང་གཅིག་པ་མ་རེད་དམ་།་
་
རྩོད་གླེང་འདི་མི་སྒེར་བར་གྱི་འཁོན་ཆགས་ལྟ་བུ་ཞིག་ལ་ངོས་མ་བཟུང་བར་།་སྤྱི་དོན་ཆེན་པོ་ཞིག་ལ་བསམ་བློ་བཏང་ན་ཡག་པོ་ཡོད་ས་རེད།་ཅེས་བཅོས།
འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རྩོད་མེད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིག་མར་འོས་པའི་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཀོང་ཇོ་ཡིན་པ་ལ་བློན་ཆེན་མགར་དང་ལུས་འབྲེལ་བྱུང་ལ་མཁར་ལ་སྲོག་ཁྲིམས་མ་ཕོག་གཉིས་ནང་བརྒལ་རེད། སྔར་རྒྱ་མིས་བཟོས་པའི་རྒྱ་བཟའི་སྒྲུང་དང་། ད་ལྟའི་ད་གྲོགས་ནང་ལ་རྒྱ་ཁོག་བཞུགས་མེད་པའི་རེ་བ་ཡོད།
མེ་རི་གཏོར་མཁན་ཟེར་བ་འདི་བློ་བཟང་ཡོན་ཏན་ཟེར་བ་དེ་ཡིན་མདོག་འདུག འདིའི་རྩོམ་འབྲི་སྟངས་དང་བློ་ཡོན་གྱི་འབྲི་སྟངས་ཤིན་ཏུ་འདྲ་བོ་འདུག ཚང་མས་ལྟོས་དང༌། ཚེག་མི་དགོས་སར་ཚེག་འཇོག་པ་འདི་ནི་བློ་ཡོན་གྱི་འབྲི་སྟངས་རང་ཡིན་ཡ། ཡིད་མི་ཆེས་ན་བློ་ཡོན་གྱི་རྩོམ་སྔོན་མ་རྣམས་ལ་ལྟོས་དང་ཤེས་ཡོང༌།
བློ་ཡོན་འདི་ཁ་བརྡའི་ནང་དུ་བོད་ཡིག་སྦྱང་དུ་ཡོང་བ་ཡིན་ས་རེད། དགེ་རབ་དང་མགོན་པོ་ཕྱག་གཉིས་པ་སོགས་ནས་སློབ་སྟོན་ཡག་པོ་རེ་བྱེད་རོགས།
ཨོཾ།
ཆོས་ཆུང་ཆུང་མ་ནི་པདྨེ་ཧུཾ ༔
འཁོར་བ་དོང་ནས་དཀྲུགས་པར་བྱིན་གྱིས་རློབས།། མདངས་དགོང་ཡང་འདི་ཚོ་ཚང་མས་ཞབས་བརྟན་སྒྲུབ་ཡོད་གི་ཡའ། ཁ་སང་བྱང་ཨ་རིའི་སྤྱི་མཐུན་ཚོགས་པ་ནས་༧ གོང་ས་མཆོག་གི་ཞབས་བརྟན་སྒྲོལ་མ་དང་ཏྰ་རེ་གསོགས་དགོས་ཚུལ་བསྒྲགས་པ་འདུག ཡིན་ན་ཡང་དེའི་ཞོར་དུ་ཁ་བརྡ་དྲ་རྒྱའི་ཆེད་དུ་ཚང་མས་ཁ་མཆུ་ནག་པོ་ཞི་བར་བྱེད་པའི་མདོ་རེ་འདོན་རོགས་ཀྱིས།
མེ་རི་གཏོར་མཁན་ལགས།
ཁྱོད་ཀྱིས་ང་ལ་བློ་བཟང་ཡོན་ཏན་དགག་ཏུ་སོང་ཞེས་སྐུལ་འདུག བློ་ཡོན་དགག་ཏུ་སོང་ཞེས་བསྐུལ་ན། ངས་བློ་ཡོན་ཇི་ལྟར་དགག་དགོས་མིན་མི་ཤེས། ཡིག་ནོར་ནས་དགག་ན་ཡིག་ནོར་སྟོང་ཕྲག་ཁ་ལོངས་པ་འདུག དོན་ཐོག་ནས་དགག་ན། དང་པོ་དེ་ཁོས་ “ཚན་རིག་”དང་”ཚན་རིག་གི་ལོ་རྒྱུས་”ཞེས་ཆེན་པོ་དང་དབྱེ་བ་མེད་པ། གསལ་ཁ་མེད་པ། དམིགས་སུ་མ་བཀར་བ་ཞིག་གི་ཐོག་ནས་གླེང་ཡོང་དུས། ཐ་ན་ཁོས་ཅི་ཞིག་བཤད་ཀྱིན་ཡོད་པ་ཁོས་ཀྱང་ཤེས་གི་མེད་ཚོད་ཙམ་རེད། མགོན་ཕྱག་གིས་ཀྱང་ཁོ་ལ་ཡིག་ཕྲེང་རེ་རེ་ནས་བྱས་ཏེ་དྲི་བ་བཏང་སོང་། ཁོ་ལ་ལན་མི་འདུག
ད་དགེ་ཆོས་ཀྱི་གསེར་ཐང་ན། ཡུ་རོབ་པ་དག་གོ་ལ་རིལ་རིལ་དུ་འདོད་ནས་གསོན་པོར་མེར་བསྲེགས་བྱས་ལུགས་འཁོད་པ་དེ་ནོར་འདུག དེ་གོ་ལ་རིལ་རིལ་འདོད་ནས་མ་རེད། གོ་ལས་ཉི་མ་བསྐོར་བ་བྱེད་ལུགས་བཤད་རྐྱེན་གྱིས་རེད་ཅེས་པ་འདི་ཁོའི་སྐད་ཆ་གསར་པ་དེ་རེད། འདི་བདེན་སྲིད། ངས་ཚན་རིག་གི་ལོ་རྒྱུས་རྒྱ་ཆེན་པོ་དེ་འདྲ་བཀླགས་ཀྱང་མ་མྱོང་། བཀླགས་རྒྱུའི་འདོད་པའང་ད་ལྟ་མི་འདུག འཛིན་གྲྭ་དེ་འདྲའང་ལེན་མ་མྱོང་། འོན་ཀྱང་ཆུང་ཆུང་འདི་ཙམ་ལ་བརྟེན་ནས་དགེ་ཆོས་ལ་ཆེན་པོའི་བསྙད་འཛུགས་དེ་ཙམ་བྱེད་པ་ནི་ཧ་ལས་པ་ཞིག་མ་རེད་དམ།
དེ་ནས། དགེ་ཆོས་ཀྱིས་མཁས་པ་གཞན་ལ་གཞི་མེད་སྐྱོན་བརྗོད་བྱས་པ་དང་། དགེ་ཆོས་ལ་མི་གཞན་གྱིས་གཞི་མེད་སྐྱོན་བརྗོད་བྱས་པ་གང་ཡིན་ཡང་། གཅིག་པ་རེད། དགག་འོས་པ་ཞིག་རེད།
ཁ་སང་མགོན་པོ་ཕྱག་གཉིས་བཟི་སོང་ཟིག།
ཁ་ནས་གང་ཤོར་ཐམས་ཅད་མཐོལ་ལོ་བཤགས།།
རབ་གསལ་མེ་རི་གཉིས་ཀ་བཟི་མེད་རུང་།།
ཆུ་ཚོད་གཉིས་པ་བར་དུ་བསྡད་དང་ཟིག།
ཁ་བརྡ་ཟེར་བའི་དྲ་ཁང་གྲུ་བཞི་འདི།།
ལོ་ལོན་ཉི་མ་གཏོང་ས་ཁྲིག་སེ་རེད།།
སྐད་ཆ་ཁ་བཙན་ཅན་རེ་བཤད་ན་ཡང་།།
སེམས་པ་དུང་དཀར་འདྲ་བོ་ནོག་མེད་ཡིན།།
བླ་མ་གསེར་ཉི་འདྲ་བོར་བསྐུར་མི་ཉན།།
ཕ་ཁུ་རི་རྒྱལ་འདྲ་བོར་འཁང་མི་ཉན།།
མ་སྲུ་སྨྱུག་གཞོན་འདྲ་བོར་སྡིགས་མི་ཉན།།
ལོ་གཞོན་མེ་ཏོག་འདྲ་བོར་གཤེ་མི་ཉན།
གང་བྱུང་བཤད་ནས་དྲ་ཁང་དཀྲུག་མི་ཉན།།
ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བྱེད་མི་ཉན།།
གཅིག་གིས་གཅིག་ལ་ཚིག་ངན་བརྗོད་མི་ཉན།།
བརྗོད་ཀྱང་སེམས་ཀྱི་ནང་ལ་འཛིན་མི་ཉན།།
མི་ཉན་མང་པོ་སེམས་ན་ཡོད་མོད་ཀྱང་།།
ཆང་རེ་འཐུང་དུས་སེམས་ནས་བརྗེད་འགྲོ་གི།
གང་བྱུང་མང་བྱུང་ཁ་ནས་ཤོར་འགྲོ་གི།།
མི་ལ་ཕོག་པའི་སྐད་ཆ་ཤོར་འགྲོ་གི།
རླུང་རྟ་མེད་མཁན་ཞིག་ལ་ཐུག་འགྲོ་གི།
སྣང་བ་མཐོན་པོ་ཞིག་ལ་ཐུག་འགྲོ་གི།
སྤོར་ཤོབ་བཤད་མཁན་ཞིག་ལ་ཐུག་འགྲོ་གི།
མ་བསམ་ས་ནས་ལུག་ཐུག་རྒྱབ་འགྲོ་གི
ལྟད་མོ་སྟོན་ས་ཀུན་གྱི་མདུན་ལ་ཡིན།།
ཞབས་འདྲེན་ཞུ་ས་ཀུན་གྱི་མདུན་ལ་ཡིན།།
ཞུ་བཤགས་བྱེད་ས་ཀུན་གྱི་མདུན་ལ་ཡིན།།
བགྲོ་གླེང་བྱེད་ས་ཀུན་གྱི་མདུན་ལ་ཡིན།།
ཀུན་པོ་བློ་བག་ཡངས་པའི་བཀྲ་ཤིས་ཡོད།།
ཀུན་པོ་ཐུགས་སྣང་གཤིན་པའི་བཀྲ་ཤིས་ཡོད།།
ཀུན་པོ་རྩོམ་ཁ་རྒྱས་པའི་བཀྲ་ཤིས་ཡོད།།
ཀུན་པོ་ཡང་ཡང་མཇལ་བའི་བཀྲ་ཤིས་ཡོད།།
དགེ་འདུན་རབ་གསལ་།
དེ་ན་ཁོ་བསྐྱུར་ཞོག་།ཁོ་ཅོལ་ཆུང་ཞིག་ཡིན་ས་རེད་།ང་ཚོ་ཚང་མ་ཁོའི་སྟེང་དུ་ཁོང་ཁྲོ་ལངས་ནས།ཁོང་གི་ཁ་སྣ་དང་མི་སྒེར་གྱི་སྐད་ཆ་ཚང་མ་དྲ་རྒྱ་སྟེང་དུ་དྲུད་ཡོང་ནས་ཁོ་ལ་རྒྱུ་མཚན་མི་འདུག།དགེ་ཆོས་ཀྱིས་བཤད་པ་ཚང་མ་བདེན་པ་ཡིན་།བློ་བཟང་ཡོན་ཏན་ཅོལ་ཆུང་ཞིག་གིས་སྐད་ཆ་ཅི་བཤད་ཀྱང་དགེ་ཆོས་ཅི་ཡང་བཟོ་ཐུབ་གི་མ་རེད་།དེ་ན་ཁོ་ཐོག་ཏུ་ཁོང་ཁྲོ་མ་ལངས་།བཏང་སྙོམས་སུ་ཞོག་།ཡང་བཏང་སྙོམས་སུ་ཞོག་།འདན་ཚན་པས་ད་རྒྱལ་བ་རིན་པོ་ཆེ་སོགས་དྲུད་ཡོང་གིན་འདུག།
།དེ་དོན་དག་ཆུང་ཆུང་ཤིག་མ་རེད་།སྔོད་ཆད་མི་ཚོས་ཁོ་ལ་སྐད་ཆ་དེ་འདྲའི་བཤད་ནས་མྱོང་ཚུལ་མང་པོ་བཤད་རྒྱུ་འདུག་།ད་ང་ཚོ་ཚང་མ་འགྱུར་ཡོད་བསམ་བྱུང་།འགྱུར་མི་འདུག་།
བློ་བཟང་ཡོན་ཏན་འདྲ་བ་ཡིག་ནོར་བཅོས་རོགས་མཛོད།དེའི་ཕྱིར་སྔོན་ཆད་ཞུས་ཆེན་པ་ཟེར་བ་།དེང་དུས་རྩོམ་སྒྲིག་པ་ཟེར་བ་ཞིག་ཡོད་སྐད་འདུག་པས་།ཡིག་ནོར་བཅོས་བ་སོགས་ནི་ཁོ་ཚོའི་ལས་ཀ་རེད།ཁྱེད་རང་གི་མིང་དེ་འདྲ་ཞིག་འཁུར་འདུག་།དེ་ཁྱོད་རང་གིས་འགན་འཁུན་རེད་།དེ་མིན་ཁུངས་ལྡན་གསལ་བོ་ཞིག་གིས་གསུང་བ་ལྟར་ན་།དྲ་རྒྱ་ནི་ཁྱེད་རང་གི་མ་རེད་།གླ་ཆ་སོགས་མི་བཞན་གྱིས་སྤྲོད་གྱིན་འདུག་།བཙུགས་པའི་དམིགས་ཡུལ་ཡང་ཁྱེད་རང་གིས་བློ་བཟང་ཡོན་ཏན་གྱི་ཁ་འགོག་པ་ལྟ་བ་ཞིག་མ་ཡིན་པར་།’འདི་འདྲ་ཞིག་ཡིན་ཟེར་ནས་ཁྱབ་བསྒྲགས་བྱེད་ཀིན་འདུག་།
http://www.khabdha.org/?page_id=262
སྤྱིར་བཏང་བོད་མི་ཕྱི་ཕྱོགས་ན་ཡོད་མཁན་ཉུང་ཉུང་རེད་།དེའི་ནང་ནས་རྩོམ་འདྲ་འབྲི་མཁན་ཉུང་ཉུང་རེད་།གཅིག་གིས་གཅིག་གི་རྒྱུ་མཚན་མ་ཤེས་བ་ཞིག་ག་ན་ཡོད་།དེ་བས་སྤྱི་དོན་དང་།དམིགས་ཡུལ་ཆེན་པོ་ཞིག་བཟུང་ནས་རྩོད་པ་བྱོས་།དགག་པ་རྒྱོབ་།སྐྱབས་མགོན་རིན་པོ་ཆེ་དང་།མི་སྒེར་གྱི་སྐད་ཆ་འདི་ཚོ་འདི་ནང་དུ་དྲུད་མ་ཡོང་ན་བཟང།གཅིག་གིས་གཅིག་ཁ་མི་གཅོད་པའི་ཐབས་ཤེས་ཤིག་ཏུ་འབད་ཐབས་བྱོས་།དེ་མིན་འཇིགས་སྐུལ་ནས་སུས་ཡང་སྐྲག་གིན་མ་རེད་།
བློ་བཟང་ཡོན་ཏན་ཟེར་བ་དེ་།ཁྱོད་ཚོས་མི་བཤད་མཁན་ཞིག་རེད་བསམ་གིན་ཡོད་།ཁོའི་རྩོམ་ཁྱོད་ཀྱི་འཆལ་གཏམ་དུ་འབོད་པ་དེ་དག་ཉེ་ལམ་བར་ཏུ་མཐོང་མ་མྱོང་།ཁྱེད་རང་དང་མགོན་ཕྱག་སོགས་དེ་འདྲ་མ་རེད་།སྔོན་ཆད་ནས་རླབས་ཆེན་གྱི་བྱ་བ་དེ་ཚོ་སྒྲུབ་ནས་སྐད་གྲགས་ཡོད་པའི་མི་རེད།དེ་བས་ཁྱེད་ཚོའི་སྐད་ཆ་ཁོས་མང་པོ་ཞིག་གོ་ཡོད་རྒྱུ་རེད་བསམ་གིན་ཡོད་།འདི་ཚང་མ་བསམ་བློ་ཐོངས་།
ངས་བསམ་པ་ང་ཚོས་ཁོ་བླུན་པོ་རེད་།ཡི་གེ་འབྲི་ཤེས་གིན་མི་འདུག་།རིག་གཞུང་གི་ཐད་ནས་ཁོས་རྫུན་བཤད་གིན་འདུག།འདི་དང་འདི་རེད་ཅེས་གང་བཤད་ཀྱང་འགྲིག་པ་རེད་བསམ་གིན་ཡོད་།ཡིནའང་།དོན་དག་གཉིས་གལ་ཆེན་པོ་རེད་།
གཅིག་།ཁོ་ལ་དམིགས་གསལ་གྱི་སྐད་ཆ་བཤད་ཆོག་གི་རེད་དམ་མ་རེད་ཅེས་ཆབ་སྲིད་ཀྱི་སྐད་ཆ་མ་ལབ་།
གཉིས།མི་སྒེར་ལ་སྒྲོ་འདོགས་པ་།སྐྱོན་འཛུགས་པ་སོགས་མ་བྱེད་།དེ་ལྟར་བྱེད་ན་སྒེར་གྱི་འཁོན་འཛིང་ཞིག་ལ་ཆགས་འགྲོ་གིན་རེད་།
གསུམ།སྒེར་ལ་འཁོན་འཛིང་ཡོད་ན་།དྲ་རྒྱ་ཐོག་ནས་མ་རྩོད་།
མ་རེད་དམ།
དགེ་ཆོས་ཀྱི་རྩོམ་ཡིག་དེ་ཚོའི་ནང་བསྒྱུར་རྩོམ་དེ་ཚོ་མ་གཏོགས་སྐྱོན་མེད་པ་གཅིག་ཀྱང་མེད། བསྒྱུར་རྩོམ་ནང་ནའང་དོགས་པ་འདུག་ཟེར། སྐྱོན་ཚང་མ་མཁས་པ་མང་པོས་བཤད་ཚར་བ་རེད། དེ་དག་སྐྱོན་མིན་པར་སྒྲུབ་མཁན་བྱུང་ཡོད་པ་མ་རེད། བཤད་ཚད་གསར་བ་ཞིག་ལ་བློ་ཡོན་ནས་དགེ་ཆོས་ལ་ན་ཙེ་ལྟ་བ་ཡོད་པར་བཤད་པ་ལ་ཉན་ན་འདོད་ཀི
མགར་སྟོང་བཙན། ཁྱོད་རྒྱ་མོ་ལེན་གི་སོང་བ་ནས་བཟུང་། བོད་ནང་ཁུལ་གྱི་ནང་དམེ་དེ་རྒྱུན་ཆད་མེད་ཀི ཁྱོད་རྒྱ་མོ་ལེན་གི་སོང་བ་དེ་རྒྱལ་བོའི་བཀའ་ཡིན་པས་ཟློག་ཏུ་མེད་ན་ཡང་། ཁྱོད་ཀྱི་རྒྱ་མོ་ལ་ལྐོག་འབྲེལ་བྱས་ཟེར་བ་ནི་རྒྱ་ཚང་གི་ཐབས་ཇུས་ཤིག་རེད་དམ། མི་རབས་ཚ་རྒྱུད་ཤིན་ཏུ་འཐུགས་པ། ཐབས་ཇུས་ལ་ཤིན་ཏུ་མཁས་པ། བོད་ཀྱི་སྲིད་དབང་སྟེང་ཟིལ་ཤིག་ཟླ་མེད་ཡོད་པ་ཁྱོད་ཀྱང་ས་མཐར་བསྐྲད་པ་དེ་རྒྱ་ཚང་གི་ཐབས་ཇུས་ཤིག་འེ་རེད། དེ་ནི་རྒྱ་མོས་ཕྱོགས་ཁག་ནས་ཁ་བརྒྱབ་པ་ཞིག་འེ་རེད།
བོད་པ་ལགས།
དགེ་ཆོས་ཀྱི་གསུང་འདིའི་ནང་ན་སྐྱོན་གང་འདུག་ཅིག་གསུང་རོགས་གནང་ཐུགས་རྗེ་ཆེ།
བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་། །
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། །
དེ་ནི་མཁས་པའི་དམ་ཚིག་དང་བོ་སྟེ། །
སྲོག་ལ་བབས་ཀྱང་འབད་པས་སྲུང་བར་གྱིས། །
མགོན་ཕྱག་གཉིསུ། ཀརྡོས།
༡༽ བསེ་རུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༢ གི་ཆུ་ཚོད་ ༡༥ སྐར་མ་ ༠༩
མགར་སྟོང་བཙན་ཡུལ་སྲུང༌།
་་་་་་་་་་་་་་བོད་ཀྱི་དམངས་ཁྲོད་ ཤོད་རྒྱུན་དུ་བློན་པོ་མགར་ཡང་ཚེ་མཇུག་ལ་རྒྱལ་པོ་སྲོང་བཙན་སྒམ་པོས་བཙོན་ཁང་ ནང་བཅུག་ཐོག་མིག་བཏོན་ནས་བསད་པར་བཤད་པ་ནི།
བློན་པོ་མགར་གྱི་སྤུན་ མཆེད་མགར་བཙན་ཉེན་གུང་སྟོན་ཟེར་བ་ཞིག་ཡོད་པ་དེ་རྒྱལ་པོ་འདུས་སྲོང་མང་པོ་ རྗེའི་བློན་པོ་ཡིན་པ་རྗེས་སུ་རྒྱལ་པོ་ལ་བློ་ལོག་པ་རྒྱལ་པོས་ཤེས་ནས་ཤིང་ལུག ༦༩༥ལོ་ལ་ཁྲིམས་ཀྱི་ཆད་པ་བཅད་དེ་སྲོག་ཐོག་བཏང་བའི་སྐོར་ཏུན་ཧོང་ནས་ཐོན་པའི་ བོད་ཀྱི་ལོ་རྒྱུས་ཤོག་དྲིལ་ནང་གསལ་བ་དེ་འདྲ་ཞིག་ལ་གོ་ནོར་ཐེབས་པ་ཡིན་ཚོད་ ལས། བློན་པོ་མགར་སྟོང་བཙན་བཙོན་འཇུག་དང་ཁྲིམས་གཅོད་བྱས་པའི་ལོ་རྒྱུས་ཁུངས་བཙན་གང་ཡང་མེད།་་་་་་་་
མགོན་པོ་ཕྱག་གཉིས་ཀྱིས།
་་་་་་་་་་་ངས་འདིར་བཤད་འདོད་པ་ནི། མགར་དང་རྒྱ་བཟའི་བར་སྲས་ཤིག་ཡོད་པ་རེད་ཟེར་བ་དེ་རེད། དེ་ནི་བཤད་རྒྱུན་ལྟ་བུ་ཞིག་ཡིན་ནའང་སྲས་ཀྱི་མིང་དང་སྲས་ཀྱི་རྒྱུད་པ་དང་བཅས་ པ་མདོ་སྨད་མགར་རྩེའི་ལོ་རྒྱུས་ནང་བཤད་དུ་ཡོད་པ་རེད། མགར་དང་རྒྱ་བཟའ་གཉིས་ལ་སྲས་ཤིག་བྱུང་བ་དེའི་མགོར་བསེའི་རྒྱལ་མཚན་བཙུགས་ནས་ རྨ་ཆུ་ལ་བསྐུར་འདུག་པར། བཟའ་མི་གཉིས་ཀྱིས྄དེ་རྙེད་ནས་བདག་སྐྱོང་བྱས་ཏེ་མིང་ལ་བསེ་རྒྱལ་མཚན་འབུམ་ ཞེས་བཏགས་ཏེ་བདག་སྐྱོང་བྱས་པའི་རྒྱུད་པ་ནས་རེབ་གོང་མགར་རྩེ་བྱུང་བ་ཡིན་པའི་ བཤད་ཚུལ་ཞིག་ཡོད་པ་རེད། ཡིན་ནའང་དེ་ནི་བཤད་ཚུལ་མི་འདྲ་བ་ཡོད་པའི་ནང་གི་གཅིག་རེད།
བསེ་རུ་དང་། དཔལ་མཆོག་ཀརྡོས།
་་་་་བོད་ཀྱི་དམངས་ཁྲོད་ ཤོད་རྒྱུན་དུ་བློན་པོ་མགར་ཡང་ཚེ་མཇུག་ལ་རྒྱལ་པོ་སྲོང་བཙན་སྒམ་པོས་བཙོན་ཁང་ ནང་བཅུག་ཐོག་མིག་བཏོན་ནས་བསད་པར་བཤད་པ་ནི།
བློན་པོ་མགར་གྱི་སྤུན་ མཆེད་མགར་བཙན་ཉེན་གུང་སྟོན་ཟེར་བ་ཞིག་ཡོད་པ་དེ་རྒྱལ་པོ་འདུས་སྲོང་མང་པོ་ རྗེའི་བློན་པོ་ཡིན་པ་རྗེས་སུ་རྒྱལ་པོ་ལ་བློ་ལོག་པ་རྒྱལ་པོས་ཤེས་ནས་ཤིང་ལུག ༦༩༥ལོ་ལ་ཁྲིམས་ཀྱི་ཆད་པ་བཅད་དེ་སྲོག་ཐོག་བཏང་བའི་སྐོར་ཏུན་ཧོང་ནས་ཐོན་པའི་ བོད་ཀྱི་ལོ་རྒྱུས་ཤོག་དྲིལ་ནང་གསལ་བ་དེ་འདྲ་ཞིག་ལ་གོ་ནོར་ཐེབས་པ་ཡིན་ཚོད་ ལས། བློན་པོ་མགར་སྟོང་བཙན་བཙོན་འཇུག་དང་ཁྲིམས་གཅོད་བྱས་པའི་ལོ་རྒྱུས་ཁུངས་བཙན་ གང་ཡང་མེད།་་་་་་་་་་
མགོན་པོ་ཕྱག་གཉིས་པ་ལ་མགོན་པོ་ཕྱག་དྲུག་གིས་སྙན་སེང་ཞུ་རྒྱུ་ཞིག་ལ་༼བསེ་རྒྱལ་མཚན་འབུམ་གི་སྒྲུང་༽དེ་ཁྱེད་རང་གི་ཕ་མེས་ཁྱིས་བཟོས་པའི་བཅོས་སྒྲུང་ཞིག་མ་ཡིན་ནམ། །
འདི་ཙམ་ཡང་མི་ཤེས་ནི་རེད། ངས་བཤད་པའི་རྩོམ་ཡིག་ཟེར་བ་ནི་འདོད་བསྟན་དང་དེབ་དཀར་ཟེར་བ་ལྟ་བུ་ལ་བཤད་པ་ཡིན། ཡིན་ནའང་གོང་གི་ཚིག་བཅད་དེ་ལ་ཡང་སྐྱོན་མེད་པ་ཆེ་ཡིན། རང་ཉིད་དམར་ཕྱོགས་པའི་རྐུབ་ལ་བརྒྱུགས་པ་ནི་”རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། །”ཨེ་རེད། ལྷག་པར་དགེ་ཆོས་ན་ཙེ་རྗེས་སུ་འབྲང་བ་བདེན་ན་དེ་ལས་བླུན་པོ་དང་ཞབས་འདྲེན་ཞིག་གང་ན་ཡོད།
མགོན་པོ་ཕྱག་གཉིས་ལགས་སུ། བདག་མགོན་པོ་ཕྱག་དྲུག་གིས་ཕྱག་འོག་མ་གཉིས་ཐལ་མོ་སྦྱར་ནས་གསོལ་འདེབས་ཞུ་རྒྱུར། སྐུ་ཉིད་ནས་༼བསེ་རྒྱལ་མཚན་འབུམ་༽གྱི་སྐོར་ལ་བཤད་ཚུལ་མི་འདྲ་བ་ཡོད་པའི་ནང་ནས་གཅིག་རེད། ཅེས་གསུངས་སྟངས་ལ་བལྟས་ན་ད་དུང་དེའི་སྐོར་ཤོད་སྲོལ་མི་འདྲ་བ་གཉིས་པ་གསུམ་པ་ཡོད་བཟོ་འདུག ཡོད་ན་གསུང་རན་མི་འདུག་གམ། །
ཏུན་ཧོང་ནང་གི་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ལས། མགར་སྟོང་བཙན། བཙན་སྙ་ལྡོམ་བུ། ཁྲི་འབྲིང་བཙན་བྲོད་གསུམ་མ་ཡིན་པའི་མགར་མིང་ཅན་དེ་ཚོ་ཁོལ་དུ་ཕྱུངས་ནས་བཏོན་པ། གུག་གུ་ཕྱིར་ལོག་དང་ཚེག་དྲེག་ཡོང་གི་མི་འདུག་པས་ཇི་བཞིན་བཀོད་མ་ཐུབ།
སྦྲུལ་གྱི་ལོ་ལ་བབ་(681)སྟེ།། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། དབྱརད་བློན་ཆེན་ཕོ་བཙན་སྙས་འདུན་མའ་ཟྲིད་མདར་བསྡུསྟེ།། གནུབས་མང་ཉེན་བཞི་བརྩན་དང་། མགར་མང་ཉེན་སྟག་ཙབ་གཉིས། བོག་ལ་ནས་མས་བྱུང་སྟེ།། འདུན་མའ་རྒྱས་ཀྱི་ལུང་རིངས་སྡུ་བསྡུས་པར་ལོ་གཆིག།
བྱ་གག་གི་ལོ་(685)ལ་བབ་སྟེ།། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེན་པོ་བཙན་སྙ་དང་། མང་ཉེན་སྟག་ཙབ་གཉིས། དམེ་བྱུང་། ཤངས་ཀྱི་སུམ་ཆུ་བོར། བློན་ཆེན་པོ་བཙན་སྙ་གུམ།བང་མོ་བང་ཀར་བློན་ཁྲི་འབྲིང་བཙན་བྲོད་བློན། ཆེན་ཕོར་བཆུག་་་་་
ཕག་གི་ལོ་(687)ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང། བློན་ཁྲི་འབྲིང་གྱིས། དྲུ་གུ་གུ་ཟན་ཡུལ་དུ་དྲངས། དགུན་རྩང་ཆེན་གྱི་ཕྱིང་རིལད་བཏབ། འབོན་ད་རྒྱལ་ཁྲི་ཟུང་དྔ། གནུབས་མང་ཉེན་བཞི་བརྩན་དང་། མགར་སྟ་གུ་རི་ཟུང་གསུམ་གྱིས་བཟང་སུམ་ཚལ་དུ་བསྡུསྟེ། རྩང་ཆེན་གྱི་ལོག་ཕོ་དང་ཕོ་བཙུད་པར་ལོ་གཆིག
རྟའི་ལོ་(694) ་་་་་ མགར་སྟ་གུ་སོག་དགིས་བཟུང་།་་་་་་
ལུག་གི་ལོ(695) ལ་བཙན་པོ་དབྱར་བལ་པོ་ན་བཞུགས་ཤིང། འདུན་མ་དྲའི་གྲོ་པུར་འདུས་པ་ལས། མགར་བཙན་ཉེན་གུང་རྟོན་གློ་བ་རིངསྟེ་བཙན་པོ་ལྟམ་ཏུ་གཤེགས། དགུན་བཙན་པོ་བྲག་དམར་དུ་གཤེགས། ཤ་ཙལ་དུ་མགར་གུང་རྟོན་གྱི་ཞལ་ལྕེ་དབྱངས་ནས། ཉེན་ཀར་ལྕང་བུར་བཙན་པོ་བཀས་བཅདེ་གུང་རྟོན་བཀུམ། བློན་ཆེ་ཁྲི་འབྲིང་འ་ཞ་ཡུལ་དུ་མཅིས་ཤིང། སྟག་ལ་རྒྱ་དུར་དུ་རྒྱའི་དམག་དཔོན་འྭང་ཞྔ་ཤོ་དྔ་གཡུལ་སྤྲདེ་རྒྱ་མྔ་པོ་བཀུྃ་བར་ལོ་ཆིག
ཁྱི་ལོ་(698) བབ་སྟེ། བཙན་པོ་དབྱརད་བྱང་རོལདུ་གཤེགས། དགུན་བློན་ཆེན་ཕོ་ཁྲི་འབྲིང་གྱིས། ཙོང་ཁ་ཆེ་ཆུང་དུ་དྲངསྟེ། རྒྱའི་དམག་དཔོན་ཆེན་པོ་ཐུག་པུ་ཤི་བཟུང་། དེའི་དགུན་མགར་ལ་བཀྱོན་ཕབ་སྟེ་བཙན་པོ་ཕར་དུ་གཤེགས་པར་ཆིག ཅེས་ལོ་འདི་ནས་བཟུང་མགར་ཚང་གི་ཁ་མར་འཁོར་བ་རེད།
མགར་ལ་བུ་དུ་ཡོད་མེད་ཆོས་འབྱུང་ཁག་ཞལ་ཁ་མི་མཐུན། བུ་ལྔ་ཡོད་ན་འདྲ་གསུམ་ཡོད་ན་འདྲ་དེ་གསལ་བོ་ཞིག་བཤད་དཀའ་མོད། གང་ལྟར་ལོ་རྒྱུས་གནད་བསྡུས་ནང་བཙན་སྙ་དང་ཁྲི་འབྲིང་གཉིས་མ་གཏོགས་གཞན་པ་ཚོའི་མིང་རྩ་ནས་མཐོང་རྒྱུ་མི་འདུག དེའི་ཚབ་ཏུ་མགར་མང་ཉེན་སྟག་ཙབ། མགར་སྟ་གུ་རི་ཟུང་། མགར་བཙན་ཉེན་གུང་རྟོན་ཟེར་བ་གསུམ་འདུག དེ་ཚོ་མགར་གྱི་བུ་ཡིན་ནམ་བུ་ཡི་བུ་དང་གཞན་གྱི་འབྲེལ་བ་གང་ཡོད་མེད་བཤད་དཀའ་འོ།
ཁ་སྒང་བཀྲ་ཤིས་ཀྱིས་མགར་བཙན་སྙ་གུང་སྟོན་མགར་གྱི་བུ་ཡིན་པར་བཤད་འདུག་ཀྱང་ཁུངས་གང་ཡིན་བྲིས་མི་འདུག ཁོང་གིས་ལི་ཡུལ་ལུང་བསྟན་ནས་ལུང་དྲངས་པ་ལྟར་ན་མགར་བཙན་སྙ་གུང་སྟོན་ནི་ལི་ཡུལ་གྱི་དབང་པོ་ཡིན་འདུག ལུང་ཚིག ་་རྒྱལ་པོ་བི་དང་བཙུན་མོ་ལག་དར་ཏེ། བྷ་བ་ཉའི་སྒོམ་ས་དང་། གཙུག་ལག་ཁང་བརྩིགས་ཏེ། གཙུག་ལག་ཁང་འདི་ཡང་གཉན་ཞིང་བྱིན་ཆེ་བར་བགྱིད། ལྷ་གཞན་གྱི་མི་ཐུབ་པ་དང་ནོར་བུ་བཟང་པོ་བསྲུང་། གཙུག་ལག་ཁང་འདི་ཡང་གནའ་བོད་ཀྱི་མངའ་རིས་སུ་གཏོགས་པའི་ཚེ་འགར་བློན་བཙན་ཉིན་གུང་སྟོན་ལི་ཡུལ་གྱི་དབང་པོ་བགྱིད་པའི་བརྩིགས་པ་ལགས་་ཞེས་གསལ་འདུག
མགར་གྱི་བུ་རྒྱུད་རྣམས་ཀྱི་རིང་ཁོང་ཚོའི་དབང་རིས་དང་གཡུལ་དྲང་ཡུལ་ནི་འ་ཞ་དང་དྲུ་གུའི་མཚོན་བོད་ཀྱི་བྱང་ཕྱོགས་རྣམས་ཡིན། རྒྱ་ཟེར་བ་དེ་ཚོའང་ཨན་ཞི་སྡེ་བཞིས་མཚོན་པའི་དྲུ་གུའི་ཕྱོགས་འཛིན་མཁན་གྱི་རྒྱ་རྣམས་སོ།
མགོན་པོ་ཕྱག་གཉིས་པས་མགོན་པོ་ཕྱག་དྲུག་པ་ལ་ཟློ་བ། བསེ་རྒྱལ་མཚན་འབུམ་མགར་དང་རྒྱབཟའི་བུ་ཡིན་ཚུལ་དེ་ངག་སྒྲུང་བརྒྱུད་ཡོང་བ་ཞིག་ཡིན་པ་འདྲ། རྒྱལ་མཚན་འབུམ་ནི་རིགས་རྒྱུད་དང་བཅས་པ་བཤད་རྒྱུ་ཡོད་པའི་ལོ་རྒྱུས་ནང་གི་མི་སྣ་ངོ་མ་ཞིག་རེད། ཡིན་ནའང་མགར་གྱི་བུ་ཡིན་མིན་མི་ཤེས། ངག་སྒྲུང་དེ་ཚོའི་ནང་ནའང་བརྟག་གཞི་ཅན་མང་པོ་ཡོད་པ་རེད། དེ་བས་ངས་ཟུར་ལྟའི་ཆེད་ཟུར་ཙམ་བཀོད་པ་ཡིན། ད་ག་རེ་ཡིན་ན་མིན་ན་རྒྱ་བཟའ་ལམ་བར་དུ་ལོ་དྲུག་འགོར་བ་དེ་གསལ་པོ་རེད།
ཨ་ཁ་ཁ་་་ཁྱོད་རང་གིས་ད་ལྟ་རང་བྲིས་པ་དེ་ཙམ་ཡང་ད་ལྟ་ཁྱོའི་སེམས་ནང་ན་བོར་ཚར་འདུག
དྲང་བོར་བཤད་ན་ཁྱོད་ལྟར་བུས་དགེ་ཆོས་མཆོག་གི་རླབས་ཆེ་བའི་བྱས་རྗེས་ལ་བཀའ་དྲིན་ཞུ་མ་ཐུབ་རུང་། བླུན་པོ་དང་ཞབས་འདྲེན་ཞེས་སྡིག་པའི་ཤེས་ཡོན་ཡོད་མེད་གསལ་བོ་རེད། དེ་ལས་འདི་ན་གནའ་བོའི་ལེགས་བཤད་ཅིག་ཁྱོད་ལ་བསྟན་གིན་ཡིན་ཉོན་ཨ། ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ། ཆུ་བོ་ཆུང་ཆུང་འུར་སྒྲ་ཆེ། ཞེས་པའི་སྨན་མཆོག་འདི་ཉིན་གནས་སྐབས་རིང་ཞོགས་ཀར་འཐུང་ར་སྙིང་གི་ན་ཚ་སངས་ནི་རེད་ལོ།
དངོས་གནས་རིན་ཐང་ཅན་གྱི་བགྲོ་གླེང་གནང་གི་འདུག ཐུགས་རྗེ་ཆེ། བློན་པོ་མགར་གྱིས་ཀོང་ཇོ་ལམ་བར་ནས་ནལ་བུ་བྱས། བྱིས་པ་དེ་གྲོངས་ནས་དུར་འཇུག་བྱ་ཡུལ་དེང་གི་ཡུལ་ཤུལ་འབིས་ཁོག་ལ་ལྷ་སྐུ་དང་གསུང་རབ་བརྐོས་པ་སོགས་མང་ཁྲོད་ངག་རྒྱུན་མ་དག་པ་མང་ཙམ་སྨྲ་རྒྱུ་ཡོད་ཀྱང་དོན་ལ་མི་གནས་ཁོ་ཐག་ཡིན། ཡུལ་ཤུལ་ཁུལ་གྱི་བྲག་བརྐོས་ཡི་གེ་དེ་དག་ཀྱང་བཙན་པོའི་སྲོང་བཙན་གྱི་སྐབས་སུ་མ་ཡིན་པར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་ཡིན་པར་བྲག་བརྐོས་དེ་ལས་གསལ་བས་དྲངས་ཙམ་རེ་བྱས་ན།
༡་༄༅། ཁྱིའི་ལོལསྐུགཟུགསའབུརདུབརྐོསཔདང
༢་ དརམཀུནབྲིསཔའིསྨོནལམལསོགསཔབཙནཔོཁྲིལྡེསྲོངབཙནགྱི
༣་ སྐུརིངལརྗེབློནཡོནབདགདངསེམསཅནཐམསཅདཀྱིདོནགྱིཕྱིརདགེ
སློངལོཆེནཡེཤེསདབྱངསཀྱིསབགྱིསྟེ། ཞེས་གསལ། གཞན་ཡང་། བཙན་པོའི་འཕྲུལ་བློན་སྐད་གྲགས་ཅན་འདི་འདྲ་བ་ཞིག་གིས་མི་ཐབས་ཆག་གི་ལས་ཀ་འདི་འདྲ་བྱེད་རྒྱུ་མ་རེད། རྒྱ་རྒྱལ་གྱིས་བློན་པོ་མགར་ལ་གོ་ཐོབ་དང་གནའ་མ་སྤྲད་རྒྱུ་བྱས་ཀྱང་བོད་ཀྱི་རྒྱལ་འབངས་ལ་བསམ་བློ་གཏོང་ནས་དེར་བསྡད་མེད། ལམ་བར་ནས་ཁྱི་ལྡོམ་ཁ་ཐུག་པ་ལྟར་བུ་མི་བྱེད་ངེས་པ་ཡིན།
ལྷ་བཙན་པོ་དང་ཀོང་ཇོ་ཡུན་རིང་ཐུག་མ་བཅུག་ཟེར་བ་སོགས་ཀྱང་མི་བདེན་སྟེ། རྒྱ་ཡི་ལོ་རྒྱུས་སུ། བཙན་པོ་ཀོང་ཇོ་བསུ་བར་དེང་གི་མཚོ་སྔོན་པོའི་ཁར་བར་དུ་ཕེབས་པ་གསུངས་ཚུལ་དྲན་སོང་་་་་་་་་་་་་་་་་་་་་་་་་་་་་་་་། ད་དུང་ཡོད་ཀྱང་་་་་་་་
ཡ་ཡ་ཡ། ད་ཕྱག་དྲུག་པའི་རེ་བ་ལྟར་ཅུང་ཟད་བཤད། མགར་རྩེ་ཚོ་བཅོ་བརྒྱད་ཀྱི་ལོ་རྒྱུས་གཞིར་བཟུང་ན།
༡ མགར་གྱི་གདུང་རབས་ཉེར་བརྒྱད་པར་གྲགས་པའི་མགར་སྟོན་དམ་པ་ཆོས་སྡིངས་དེ་རེབ་ཀོང་གི་ཆུ་ཁོག་ཅེས་པར་ཕེབས་ཏེ་ས་བཟུང་བའི་རྒྱུད་པ་འཕེལ་བའི་རིགས་རུས་ལ་མགར་རྩེ།
༢བློན་པོ་མགར་གྱི་བུས་རེབ་ཀོང་ནས་ས་བཟུང་བས་མགར་སྲས།
༣ མགར་གྱི་བུ་རྒྱུད་ཀྱིས་ས་འཛིན་ས་དེར་རིཡོད་པའི་ཁྱུང་རྩེ་སྟག་རྩེ་རྒོད་རྩེ་ཟེར་བའི་རི་གསུམ་ཡོད་པས་མགར་རྩེ།
༤ བསེ་རྒྱལ་མཚན་འབུམ་གྱི་རྒྱུད་པ་ཡིན་པས་མགར་བསེ།
༥ མགར་གྱི་བུ་ཡི་བུས་རེབ་ཀོང་དུ་གཞི་བཟུང་བའི་རྒྱུད་པ་ཡིན་པས་མགར་ཚ།
༦ དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ནང་ལྟར། མགར་ཚེ་གནམ་ས་འབྲུག་གི་ཚེ་ཡི་སྒྲ་འགྱུར་ནས་རྩེ་རུ་ཆགས་པ་སོགས་འདུག འདི་ནི་དེབ་གཅིག་ལས་དྲངས་པའི་གཏམ་ཡིན། གཞན་རེབ་ཀོང་གི་ལོ་རྒྱུས་རེ་རེའི་ནང་མགར་རྩེའི་སྐོར་བཤད་ཡོད་པ་རེད། ད་དེ་ཡིན། རྗེས་མ་ནས་ཕྱག་གོང་མ་གཉིས་ཀྱིས་ཐལ་མོ་མ་སྦྱར་ན་འདི་འདྲའི་རིགས་འབྲི་མི་ཐུབ་ད། འདི་ཉིད་ཁྱེར་ལ་དགའ་བར་གྱིས་ཤིག་ཨང་།
སྡེ་དགེ་རྒྱལ་རབས་ལྟར་ན། མགར་ལ་བུ་ཡོན་ཏན་རྒྱལ་བ་ཟེར་བ་རྒྱུད་པ་དང་བཅས་པ་བཤད་དུ་ཡོད་པ་ཞིག་འདུག རེབ་ཀོང་དུ་ཡོང་བའི་མགར་སྟོན་དམ་པ་ཆོས་སྡིངས་དེ་གདུང་བརྒྱུད་ཉེར་བརྒྱད་པ་རེད།
སྡེ་དགེའི་རྒྱལ་རབས་ཤོག་གྲངས་༣ ན། ཆོས་བློན་སྟོང་བཙན་ཡུལ་སྲུངས་འདི་ཉིད་ཀྱིས། ་་་ ཞེས་དང་། དེ་ཡི་སྲས་པོ་ཡོན་ཏན་རྒྱལ་ནས་བཟུང།།ལྷ་གཅིག་སྙན་ལྡེམ་བུ་དང་ཁྲི་བཟང་དུམ་བུ།། འདི་ལ་སྲས་གཉིས་འཁྲུངས་པའི་ཅིག་ཤོས་ནི།། ཁྲི་གཉེར་ཁྲི་ལྕགས་ནས་འཕེལ་དབུས་ཕྱོགས་ཀྱི།།ཚལ་བ་ཁྲི་དཔོན་བྱུང་བ་ཡིན་ཞེས་གྲགས།། དེ་སྲས་ལྷ་རྗེ་བྱམས་པའི་དཔལ་ཞེས་སོགས་མང་།
ད་ཅིག་རེད། མ་རེད། སྲིད་གི་མ་རེད་ཟེར་བ་དེ་ཚོ་ངས་མི་ཤེས། རེད་ཟེར་ནའང་ཁུངས་བརྟན་པོ་ཞིག་དགོས་གི་རེད། མ་རེད་ཟེར་ནའང་ཁུངས་བརྟན་པོ་ཞིག་དགོས་གི་རེད། གོང་གི་བྲག་རྐོས་དེ་ཚོ་ངོ་མ་ཡིད་ཆེས་འཕེར་བའི་ཁུངས་རེད། ངས་འདིར་དྲངས་ཡོང་བ་དེ་ཚོ་འདིར་ཟུར་ལྟའི་ཆེད་དུ་དྲངས་པ་ཡིན། ངས་ཡིན་མིན་རེད་མ་རེད་ཀྱི་སྐོར་ཅང་བཤད་རྒྱུ་མེད།
་་་་་་་་ཕྱག་དྲུག་གི་བར་པ་གཉིས་ནི་ཐལ་མོ་འདེབས་ནས་དགའ་བསུ་ཞུ་བཞིན་འདུག
མགོན་པོ་ཕྱག་གཉིས་པ་སོགས་ནས་བློན་ཆེན་མགར་གྱི་སྐོར་གྱི་དཔྱད་གཞི་དང་དགོངས་ཚུལ་མི་ཉུང་བ་ཞིག་འདིར་དྲངས་པ་དང་གསུངས་པར་བཀའ་དྲིན་ཆེ། ས་གནས་ས་ཐོག་གི་སྐོར་གང་མཁྱེན་གྱི་ཡོད་པ་རྣམས་དང་།
དེང་སྐབས་ངག་རྒྱུན་དུ་གང་ཡོད་ཡིག་ཐོག་ཏུ་ཕབ་ན། ཕྱིས་འབྱུང་དེ་རིགས་དཔྱད་གཞི་དང་གླེང་གཞིའི་ས་བོན་དུ་འགྱུར་ཡང་སྲིད་པས་དེ་དོན་ཡིད་འཇགས་ཡོད་པ་ཞུ་རྒྱུ་དང་།
དེ་མིན་དྲ་ངོས་འདིར་དགོངས་ཚུལ་མི་མཐུན་པ་དང་ལྟ་ཚུལ་མི་མཐུན་པའི་རིགས་འབྱུང་ངེས་པ་ནི་འཇིག་རྟེན་འདིར་མཐུན་སྣང་གི་ཆོས་ཤིག་མེད་སྟབས། དེ་ལྟར་ཡོང་རྒྱུ་ཡིན་པ་ནི་ཆོས་ཉིད་ཡིན་ལ་སུས་ཀྱང་ལྡོག་ཐབས་མེད།
འོན་ཀྱང་། ཤེས་ཡོན་ཅན་ལ་ཀུན་སྤྱོད་ཀྱི་ཚད་གཞི་ཡང་ངེས་ཅན་ཞིག་དགོས་སྟབས། གྲོང་པའི་སྤོ་བོ་རྨོ་བོ་རྩོད་གླེང་བྱས་པ་ལྟ་བུ་གནས་འདི་ནས་མ་གནང་ན་དགེ་མཚན་ཆེ་སྙམ། འདི་ནི་ངའི་བསམ་ཚུལ་ཙམ་ཡིན་ནོ།།
༡༽ ཀརྨ་རྡོ་རྗེ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༤ གི་ཆུ་ཚོད་ ༦ སྐར་མ་ ༥༤
དངོས་བྱུང་བཅོས་སྒྲུང་གཉིས།
རྒྱལ་རབས་ཆོས་འབྱུང་ཟུང་འབྲེལ་ཡང་། །
གཅིག་ལ་གཅིག་ཕན་གནོད་གནད་ཀྱང་། །
མ་འདྲེས་ཕྱེ་ཤེས་ཁ་རྒྱུན་ནང་། །
དངོས་བྱུང་བཅོས་སྒྲུང་ཁག་གཉིས་ཡོད། །
ཕ་མེས་ཕྱག་རྗེས་ལག་སོན་ཤོག །
ཁ་ཤས་ཀྱིས་བློན་པོ་མགར་གྲོངས་སྟངས་སྐོར་ལ་བཤད་ཚུལ་མི་འདྲ་བ་འཛིན་གི་འདུག་པས་བློན་པོ་མགར་གྲོངས་སྟངས་སྐོར་ལོ་ཚིགས་གནད་བསྡུས་དང་བློན་རབས་ཐོར་བུ་ན་ཅི་གསལ་ནི།
ལོ་ཚིགས་གནད་བསྡུས་ནང་།
སྟག་གི་ལོ་666 བབ་སྟེ། བཙན་པོ་ཟྲིད་ཀྱི་ལྡུ་ནག་སླད་མ་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ནས་སླར་འཁོརདཏེ། ཟྲིད་མདར་ཐོང་མྱིག་བྱུང་བར་ལོ་གཆིག
ཡོས་བུའི་ལོ་(667) ལ་བཙན་པོ་འོར་མང་དུ་གཤེགསྟེ། བློན་ཆེ་སྟོང་བཙན་རིས་པུར་གུམ་བར་ལོ་གཆིག
བློན་རབས་ཐོར་བུའི་ནང་། ་་དེའི་འོག་ཏུ་མངར་སྟོང་རྩན་ཡུལ་ཟུང་གིས་བྱས་སོ། ཡུལ་ཟུང་རྒས་ནས། འོ་མ་ལྡེ་ལོད་བཙན་བཅུག་གོའ། རིང་བོ་མ་རག་པར་གློ་བ་རིངས་ནས་བཀུྃམ་མོ། འུང་ནས་བློན་ཆེ་སྟོང་རྩན་སླར་བཅུག་སྟེ། ལོ་དྲུག་བགྱིས་ནས། རྒས་ཏེ་གུྃ་མོ ་་ ཞེས་གསལ།
ད་གསལ་བཤད་བྱེད་རྒྱུ་ཞིག་ལ་ཏུན་ཧོང་གི་ཡིག་ཆ་འདི་ཚོའང་འབྲི་མཁན་དང་ལོ་དུས་གཅིག་ལ་བྲིས་པ་ཞིག་མིན་པ་འདྲ། བློན་རབས་དང་ལོ་ཚིགས་གནད་བསྡུས་གཉིས་ཀྱི་བར་ནའང་ཐོ་མ་ཐུག་པ་ཅུང་འདུག
ལོ་ཚིགས་གནད་བསྡུས་ནི་ལོ་རེ་རེའི་དོན་ཆེན་ཐོ་བཀོད་ཡོད་པ་མ་ཟད་མཚམས་རེར་ལོ་གཅིག་ནང་དབྱར་ཁ་ཅི་བྱས་དང་དེ་ནས་དགུན་ཁ་ཅི་བྱས་གསལ་པོར་བཀོད་ཡོད་པས་ཡིད་ཆེས་འཁེལ་རུང་བ་ཞིག་ཡིན་པ་འདྲ། དེ་ནས་ཐང་བོད་གསར་རྙིང་གི་ལོ་ཚིགས་དང་བསྡུར་ནའང་དེ་གཉིས་ཕལ་ཆེ་བ་མཐུན་གི་ཡོད་པ་དེ་ལྟར་རེད།
བློན་རབས་ནང་། བློན་པོ་མགར་རྒས་ནས། འོ་མ་ལྡེ་ལོད་བཙན་བཅུག་ཀྱང་གློ་བ་རིང་ནས་བཀུམ་པ་དང། དེ་ནས་བློན་ཆེན་མགར་སླར་བཅུག་སྟེ་ལོ་དྲུག་བགྱིས་ནས་གུམ་པ་བཤད་འདུག
དེས་ན་འོ་མ་ལྡེ་ལོད་ལོ་དྲུག་གི་སྔོན་བློན་ཆེན་ལ་བཅུག་པ་ཡིན་ན། ༦༦༠ ལོ་ཡིན་པ་དང་། ལོ་ཚིགས་གནད་བསྡུས་ནང་། ལོ་དེར་མགར་ད་རུང་འ་ཞ་ན་ཡོད་པ་རེད། ༦༥༩ ལུག་གི་ལོ་ནས་ ༦༦༦ སྟག་གི་ལོ་བར་འ་ཞར་ཡོད་འདུག
བློན་ཆེན་མགར་གྱི་རྟ་རྔུལ་བུ་གཙང་གཙང་གི་རྨིག་ལྕག་གིས་དྲས་ཏེ་ཁྱེར་ཡོང་བའི་ཡུལ་ནི་གཙོ་བོ་ཞང་ཞུང་དང་འ་ཞ་གཉིས།
ཞང་ཞུང་དང་འ་ཞ། སུམ་པ་ཟེར་བའི་ཐ་སྙད་འདི་ཚོ་བོད་སྐད་རེད་དམ་ཡང་ན་སྐད་རིགས་གཞན་ཞིག་རེད། ནང་དོན་ཅི་རེད།
འ་ཞ་དང་སུམ་པ་ན་རི་མཐོན་པོ་གང་དང་གང་ཡོད་པ་རེདl ཆུ་ཆེན་པོ་ཅི་དང་ཅི་ཡོད་པ་རེད། ཐང་ཆེན་པོའང་གང་དང་གང་ཞིག་ཡོད་པ་རེད་ལགས།
ཡུལ་འདི་དག་དེང་སང་གི་ས་མིང་ཡུལ་མིང་གི་སྟེང་ནས་ངོས་འཛིན་གནང་ཐུབ་མཁན་ཡོད་དམ།
འདི་ཚར་ས་མཚམས་ཆུ་མཚམས་གསལ་པོ་བཤད་ཐུབ་རྒྱུ་ཁག་པོ་རེད། དེ་མིན་ས་ཆ་གང་ཞིག་ཡིན་པ་དེ་ངོས་འཛིན་ཐུབ་གི་རེད་སྙམ། ཞང་ཞུང་དེ་མང་ཆེ་བས། བོད་ཀྱི་ནུབ་བྱང་གི་རྒྱུད་མངའ་རིས་ཕྱོགས་ལ་ངོས་འཛིན། ཞང་ཞུང་སྒོ་ཕུག་བར་གསུམ་ཟེར་ནས་ས་རྒྱ་ཡང་ཆེན་པོ་ཡོད་པ་འདྲ།
ཏུན་ཧོང་ནང་ཡང་། སྲོང་བཙན་གྱི་སྲིང་མོ་བཙན་མོ་སད་མ་ཀར་ཞང་རྒྱལ་ལུག་མི་རྷྱ་ལས་ལོགས་སུ་བཞུགས་སྐབས་ཀྱི་གནས་ཚུལ་བཀོད་པའི་ནང་། ་་མཁར་ཁྱུང་ལུང་དུ་མཆིས་ན། བཙན་མོ་མྱི་བཞུགས་ཏེ། ཆབ་ཉ་ལ་རོལ་ཞིང་། མཚོ་མ་པང་དུ་གཤེགས་ནས། རྨང་ཅུང་མ་པང་དུ་མཆིས་ཏེ ་་ ཞེས་དང་། མོའི་མགུར་གྱི་ནང་ཡང་། ཡུལ་གྱི་ནི་སྐལ་པོག་པ། ཁྱུང་ལུང་ནི་དངུལ་མཁར་ཞིག ་་་་་ བྲན་གྱི་ནི་སྐལ་པོག་པ། གུ་གེ་ནི་རྐང་པྲན་ཞིག་་ ད་རུང་ ་་ཀྱེ་བྱང་འབྲོག་ནི་ཡ་བི་ན་་ སོགས་ཀྱིས་ཤེས་ལ།
ཞང་ཞུང་དབང་དུ་བསྡུས་རྗེས། བཙན་པོ་རྗེ་འབངས་དགྱེས་སྐྱེངས་སྟོན་མོ་གསོལ་སྐབས་བླངས་པའི་སྲོང་བཙན་གྱི་མགུར་ནང་ཡང་། ཡར་མོ་ནི་ཆུ་ཐུངས་ཀྱིས། ། མདོ་ནས་ནི་རྩང་དུ་བསྲིང་། ཡར་མོ་ནི་ཞེང་ཆུངས་ཀྱིས།། ལྷོ་ནས་ནི་བྱང་དུ་བསྐྱེད་་ ཅེས་པ་སོགས་ལས་ཤེས་ཐུབ།
མོ་སྡོད་ས་མཚོ་མ་ཕམ་དང་། མོའི་བྲན་ཁོངས་ན་གུ་གེ་ཡོད་པ་སོགས་གསལ། ད་རུང་གཞན་དང་གཞན་ན་ལུང་འདྲེན་བྱེད་རྒྱུ་མང་མོད་ཀྱི་དེ་ཙམ་གྱིས།
ཁྱུང་ལུང་དངུལ་མཁར་འདི་ཞང་ཞུང་གི་རྒྱལ་ས་ སམ་ བཙན་མཁར་རེད་དམ།
བྱང་གི་རི་ལའམ་ཤིང་གི་རི་ལར་ཉུལ་བར་ཞེས་བའི་འགྲུལ་བསྐྱོད་ཟིན་ཐོ་དེ་ནང་རྩོམ་པ་པོས་ལ་ཆེན་པོ་ཞིག་གི་ཁ་ནས་ཁྱུང་ལུང་ལ་རྒྱང་བལྟ་བྱས་བའི་གནས་ཚུལ་ཞིག་བྲིས་པ་དྲན་སོས།
ཡང་བསྐྱར་དེབ་དེ་ཁྱིམ་དུ་མངགས་བལྟ་གི་ཡིན། དེ་ནས་མུ་་མཐུད་འདིའི་སྐོར་ཁ་བརྡ་བྱེད་འདོད།
འོ་ན། སུམ་པ་དང་འ་ཞ་གཉིས་ཇི་ལྟར་ངོས་འཛིན་བྱེད་དགོས།
ཞང་ཞུང་། དེབ་སྔོན་དུ་གུ་གེའི་ཡུལ་འདི་ཉིད་ཡིན་པར་གསུངས། ད་ལྟ་སྟོད་མངའ་རིས་རྩ་མདའ་རྫོང་གི་ཁོངས་སུ་ཡོད།
སུམ་པ། སུམ་པའི་སྐོར་ལ་རྒྱལ་མོའི་རྒྱལ་ཁབ་ཅེས་བཏགས་པ་སོགས་བཤད་རྒྱུན་མང་ཞིང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས། ད་ལྟར་སྨར་ཁམས་ཀྱི་ཡུལ་འདི་ཉིད་ཡིན་པར་གསུངས་པ་དེ་ཆོས་འབྱུང་མཁས་པའི་དགའ་སྟོན་དང་ཡང་མཐུན།
འ་ཞ། དེབ་དཀར་ལས། འ་ཞ་དེ་སོག་རིགས་དེང་སང་ཨུ་རུ་སུའི་ཁོངས་སུ་ཡོད་ཅེས་གསུངས།
སིམ་པའི་སྐོར།
ཏུན་ཧོང་ལྟར་ན། བོད་ཡུལ་དབུས་གཅིག་གྱུར་བྱས་རྗེས་ས་ཁོངས་བྱང་ནས་བྱང་དུ་རྒྱ་སྐྱེད་བྱས་པ་གསལ་པོ་རེད། ཞང་ཞུང་དེ་ནས་སུམ་པ། དེ་ནས་འ་ཞ།
ས་ཁོངས་རྒྱ་སྐྱེད་ཀྱི་རིམ་པ་འདིས་ས་ཆ་གང་ཞིག་ཡིན་མིན་ཡང་རོབ་ཙམ་ཤེས་ཐུབ། རྒྱལ་རབས་ནང་དུའང་སྟོད་ཞང་ཞུང་། སྨད་སུམ་པ་ཟེར། དེ་ན་འདི་ཡུལ་དབུས་ཀྱི་སྨད་ན་ཡོད་པ་གསལ་བོ་རེད།
སུམ་པ་དབང་དུ་བསྡུ་མཁན་ནི་མྱང་མང་པོ་རྗེ་ཞང་སྣང་གིས། ་་སུམ་པ་མཐའ་དག་དམག་གིས་གདབ་མྱི་དགོས་པར། ལུག་རྟུག་གིས་སྒྱུ་ཕབ་སྟེ། ལྕེའི་ཐོར་ཐོ་ལ་བརྗོད་ནས། ཁྱིམ་གྲངས་མ་ཤོར་པར་ཡོངས་ཀྱིས་འབངས་རྣལ་མར་བཀུག་གོ འུང་གི་འོག་ཏུ་བཙན་པོ་ཞབས་ཀྱིས་བཙུགས་སྟེ། བྱང་ལམ་དུ་མ་བྱུང་མ་དྲངས་པར། རྒྱ་དང་འ་ཞས་དཔྱ་གཅལ་ལོ། ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ་་ ཞེས་ཏུན་ཧོང་ནང་གསལ་བ་ལྟར། འདི་ལས་སུམ་པ་དེ་འ་ཞ་དང་བོད་ཀྱི་བར་དུ་ཡོད་པ་གསལ།
ཡང་རུ་ལྔ་དང་སྟོང་སྡེའི་དབྱེ་བ་བྱེད་སྐབས། སུམ་པ་ལ་རྩེ་མཐོན་ཕོ་མཐོན་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་འཇོང་སྨད་གཉིས། དྲེ་སྟོད་དྲེ་སྨད་གཉིས། ཁ་རོ་ཁ་ཟངས་གཉིས་བཅས་སྟོང་སྡེ་བཅུ་དང་། ནགས་ཤོད་སྟོང་བུ་ཆུང་བཅས་སུ་དབྱེ་བ་བྱས་ཡོད་པ་རེད། འདི་ཚོ་ད་ལྟ་ནག་ཆུ། ཆབ་མདོ། སི་ཁྲོན་དཀར་མཛེས་བཅས་ཁམས་ཀྱི་ས་ཆར་ངོས་འཛིན་བྱེད་རྒྱུ་ཡོད་པ་འདྲ། མིང་འགའ་རེ་ང་ཚོས་ཀྱང་ཤེས་པ་ལྟར་རེད།
དེ་ནས་སུམ་པའི་མིང་རྒྱ་ཡིག་ནང་ ཏུང་ཉིས་གོ་ཟེར་གི་ཡོད་པ་དང་། ཏུང་ཉིས་གོའི་མངའ་ཁོངས་བཤད་པའི་ནང་། ་་ཤར་ནུབ་བར་ཉིན་ལམ་དགུ་དང་ལྷོ་བྱང་བར་ཉིན་ལམ་ཉི་ཤུ་ཙམ་ཡོད་པ་དང་། དེར་མཁར་རྫོང་བརྒྱད་ཅུ་དང་འབངས་དུད་ཚང་བཞི་ཁྲིའམ་ཧྲག་དམག་ཆིག་ཁྲི་བཅས་མངའ་ཞིང་། ཡུལ་གྱི་ལྟེ་བ་ནིཆབ་མདོ་དང་རྫ་ཆུའི་རྒྱུད་དུ་ཡོད་པར་བཤད་་ ཅེས་རྒྱལ་མོ་འབྲུག་པས་བཤད། ཏུང་ཉིས་གོ་ཡི་ས་གནད་ནི་རྒྱལ་མོ་རྔུལ་ཆུ། རྫ་ཆུ། ཡར་ལུང་གཙང་པོ་ཞེས་སྡེ་རོང་ཚེ་རིང་དོན་འགྲུབ་ཟེར། ད་རུང་ཨ་མདོའི་ས་ཁོངས་ནས་ཀྱང་སུམ་པའི་ཁོངས་འགྲོ་བའི་ས་ཆ་ཡོད་ཡོད་འདྲ་སྟེ་ཁུངས་སྐྱེལ་མེད། ད་དེ་ཙམ་ཡིན། དེ་རིང་གངས་ཤུད་རྒྱག་གི་འགྲོ་གི་ཡིན། དགོང་མོ་འ་ཞའི་སྐོར་ས་བཅད་མ་སྟོང་ཙམ་འབྲི།
དཔྱོད་ལྡན་རྣམས་ཀྱིས་རིན་ཐང་ཅན་གྱི་བགྲོ་གླེང་གནང་གི་འདུག་ཐུགས་རྗེ་ཆེ། འབྲོང་ར་སྨུག་པོ་ནས་བོད་ཀྱི་རྒྱལ་ཕྲན་འ་ཞ་དང་། ཞང་ཞུང་། སུམ་པ་སོགས་ཀྱི་སྐོར་དྭོགས་གཅོད་གནང་བར་རང་གི་བསམ་ཚུལ་གླེང་ན། སུམ་པ་ནི། བོད་ཀྱི་མཁས་པ་མང་པོས་བར་ཁམས་ཡུལ་འདིར་ངོས་འཛིན་གནང་གི་ཡོད། དེ་ཡང་། སྨད་ཁམས་གསུམ་ན་རུས་རིགས་གསུམ།། ལྡན་མ་དྲེ་བོ་སུམ་པ་གསུམ།། ཞེས་ལྡན་མ་དང་དྲེ་བོ་སུམ་པ་སོགས་ནི་བོད་ཀྱི་ས་སྨད་དེང་གི་བར་ཁམས་སོགས་སུ་གནས་པར་ཤེས། སྲོང་བཙན་གྱི་སྐབས་སུ། རྩེ་མཐོན་ཕོ་མཐོན་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇམ་སྟོད་འཇམ་སྨད་གཉིས། དྲེ་སྟོད་དྲེ་སྨད་གཉིས། ཁ་རོ་ཁ་ཟང་གཉིས། ནགས་ཤོད་དཔུང་བུ་ཆུང་སྟེ་སུམ་པའི་རུ་སྟོང་ཁྱབ་བརྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་གོ། ཞེས་གསུངས་པ་དེ་དག་སུམ་པའི་གནས་ཡུལ་རེད་ལ་བར་ཁམས་ཕྱོགས་འདིར་ངོས་འཛིན་ཐུབ་པའི་ས་མིང་ཤ་སྟག་ཡིན་ཚོད། གསུངས་དང་
འ་ཞ་ནི། རྒྱལ་མོ་འབྲུག་པས་བོད་ཀྱི་ལོ་རྒྱུས་དང་རུས་མཛོད་ལས་ཁུངས་དྲངས་ཏེ་བོད་རུས་ཆེན་བཞིའི་ཡ་གྱལ་ལྡོང་དང་རྒའི་རིགས་ཡིན་པ་བཤད་འདུག དེ་འང། ་་མི་ཉག་ནས་ལྡོང་རིགས། འ་ཞ་ནས་རྒ་བྱུང་་ ཞེས་དང་། ལྡོང་ལ་རུས་ཆེན་བཅོ་བརྒྱད། སེང་རྒྱལ་འ་ཞ་བུ་དགུ་གྲོལ་་ཞེས་དང་། གང་ལྟར་བོད་ཀྱི་རྒྱལ་ཕྲན་ཞིག་གི་རྣམ་པར་ཡོད་པ་འདྲ་བོ་འདུག དཔེར་ན། བན་པོ་རྗེ། འ་ཞ་རྗེ། དྲང་གར་རྗེ། ཟིང་པོ་རྗེ། ཞང་ཞུང་རྗེ་ལྟ་བུའོ
དེ་ནས་རྒྱ་མིས་འ་ཞ་ལ་ཐུའུ་ཡུས་ཧོན་ཟེར་གི་ཡོད་པ་དང་། དེ་ནི་སྤྱི་ལོ་དུས་རས་བཞི་བའི་སྟོད་ཙམ་ལ་རྒྱ་ནག་གི་བྱང་རྒྱུད་ནས་ཞན་ཕའེ་ཞེས་པའི་རིགས་ལས་དུམ་པ་ཞིག་ཆད་དེ་མགོ་དཔོན་ཐུའུ་ཡུས་ཧོན་ཟེར་བ་ཞིག་གིས་སྡེ་ཚོ་མང་པོ་ཁྲིད་ནས་ཡོང་སྟེ་སྔོན་མ་ནས་ས་དེ་གར་གནས་པའི་བོད་ཀྱི་རུས་རྒྱུད་ཚོ་ཁག་དབང་དུ་བསྡུས་ནས་མཚོ་སྔོན་པོའི་ནུབ་རྒྱུད་དུ་འ་ཞ་རྒྱལ་མཁར་རམ་རྒྱ་སྐད་དུ་ཧྥུའུ་ཨེ་ཁྲིན་རྒྱལ་ས་བྱས་ནས་རྒྱལ་ཁབ་་ཟུར་དུ་བཙུགས་ཏེ་བསྡད་པ་ལ་འ་ཞ་ཟེར་བ་ཡོངས་གྲགས་ཀྱི་གཏམ་མོ། ད་ལྟའི་ཤིན་ཅང་གི་ཤར་རྒྱུད་ཀྱང་གང་འཚམས་ཤིག་འ་ཞའི་ཁོངས་འགྲོ་གི་ཡོད་པ་འདྲ། རྒྱལ་རབས་ཉི་ཤུ་རྩ་གྲངས་ལ་འ་ཞ་དབང་དུ་བསྒྱུར་མཐར། དུས་རབས་བདུན་པར་བོད་བཙན་པོས་འ་ཞ་དབང་དུ་བསྡུས་རྗེས་རྒྱལ་པོ་དང་ཀོང་ཇོ་བློན་འབངས་བཅས་མང་པོ་ཞིག་བྲོས་ནས་སླར་རྒྱ་ཡུལ་ཀན་སུའུ་ཁོངས་ཝུའུ་ཝེ་ཕྱོགས་སུ་བྲོས་བྱོལ་ཕྱིན་ཞིང། ལྷག་མ་རྣམས་བཙན་པོའི་མངའ་འོག་ཏུ་ཕྱིན།
ཏུན་ཧོང་ནང་བློན་ཆེ་མགར་འ་ཞའི་ཡུལ་དུ་ལོ་མང་པོར་བཞུགས་འདུག་པ་དང་། ད་ལྟ་མཚོ་སྔོན་པོའི་ཕྱོགས་ཀྱི་དམངས་ཁྲོད་གཏམ་རྒྱུད་ནང་བློན་པོ་མགར་གྱི་སྐོར་ངག་སྒྲུང་མང་པོ་ཞིག་ཡོད་པར་བལྟས་ན་དེ་ལ་འབྲེལ་བ་ཞིག་ཏན་ཏན་ཡོད་པར་མངོན། འ་ཞ་འདི་ནི་བློན་ཆེ་མགར་གྱི་རྟ་རྔུལ་བུ་གཙང་གཙང་གི་རྨིག་བཞིས་ས་རྡུལ་བསླངས་པའི་གནས་སོ། ད་རུང་བསྔོག་རྒྱུ་བཤད་རྒྱུ་ཅུང་ཟད་ཡོད་མོད་ཀྱི་དུས་ཚོད་མེད། འབྲོང་ར་སྨུག་པོ་ཁྱེད་ཀྱི་བློ་འདོད་འདི་ཙམ་གྱིས་གང་མི་ཐུབ་ན་ཐང་མེད་དེའི་ལྷག་འབྲི་བའི་ནུས་པ་མི་འདུག ཁྱེད་ཀྱི་དྲི་བར་ས་བཅད་མ་སྟོང་ཙམ་གྱི་ལན་ཡིན།
ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཟེར་འདོད་བྱུང་།
ནམ་མཁའི་ནོར་བུས་འདིའི་སྐོར་ལ་བྲིས་ཡོད་པ་དེར་ཡང་གཅིག་བལྟ་གི་ཡིན།
ད་དུང་འདྲི་རྒྱུ་ཞིག་ལ། ཁྱེད་ཀྱིས་ཏུང་ཧོང་ནས་ཐོན་པའི་ཡིག་རྙིང་དེ་ཚོ་བརྒྱ་ཆའི་ག་ཚོད་ཅིག་གདེང་ཚོད་ཡོད་པའི་ཐོག་གོ་བ་ལེན་ཐུབ་གི་འདུག ཡིག་གེ་ཁྱད་མཚར་དེ་ཚོ་སྐད་གསར་བཅད་གོང་གི་ཡི་གེ་རེད་དམ།
ཏུང་ཧོང་གི་ཡིག་རྙིང་དེ་ཚོའི་ཁྲོད་གནས་མཇལ་བ་ཚོས་བསོད་ནམས་གསོག་ཕྱིར་པར་བཤུས་བྱས་པ་དེ་འདྲ་ཡོད་པ་རེད་དམ།
ཏུང་ཧོང་བྲག་ཕུག་ནས་རྙེད་པའི་ཡིག་རྙིང་ཁྲོད་ཀྱི་ཆོས་དཔེ་ཁ་ཤས་ནི་སྐབས་དེའི་མཇལ་བ་དག་གིས་བཞག་པ་དེ་འདྲ་ཡང་ཡོད་པའི་གཏམ་གོ། དེ་བདེན་པ་རེད་དམ།
སྔོན་མ་ཞིན་ཅང་ནས་གཏེར་ཡིག་དེ་འདྲ་རྫུན་མ་མང་་པོ་བཟོས་ནས་ཕྱི་གླིང་བ་ཡིག་རྙིང་འཚོལ་སྡུད་བྱེད་མཁན་ཚོར་བཙོང་ནས་བལྟས་ཟེར་བའི་ངོ་ཚ་གཏད་རབས་འདུག
ཕྱི་གླིང་ཞིབ་འཇུག་པ་ཚོས་དེ་རྣམས་ལོ་རྒྱུས་ཡིག་རྙིང་ངོ་མར་འཁུམས་ནས་ཕྱི་རྒྱལ་གྱི་ཤེས་རིག་བསྟི་གནས་དག་ཏུ་བསྐྱལ་ནས་ཞིབ་འཇུག་ཡིག་ཚགས་སུ་ཉར་ཚགས་བྱས་བའི་གནས་ཚུལ་ཡང་འདུག
ཏུང་ཧོང་ཡིག་རྙིང་ཀློག་དུས་ཉིད་ལ་དེ་འདྲའི་དོགས་པ་འདྲ་བྱུང་མྱོང་ངམ།
ཏུང་ཧོང་གི་གཏེར་ཡིག་ཟེར་བ་འདི་ལ་མཐའ་གཅིག་ཏུ་དཔྱད་པ་དང་ཞིབ་དཔྱོད་མེད་པར་རྗེས་སུ་མཇུག་པ་རྣམས་ཀྱང་།རི་བོང་ཅལ་འགྲོགས་རང་རེད་།དཔེར་ན་སྲོང་བཙན་དགུང་ལོ་སོ་བཞི་བཞུགས་པའི་སྐོར་ལ་དགེ་ཆོས་མི་གཞན་གྱིས་གཏེར་ཡིག་འདི་ལ་ཞིབ་དཔྱོད་བྱས་པ་ཞིག་གི་རྗེས་སུ་འབྲངས་ནས་།རང་གིས་ཀྱང་དཔྱད་པ་མ་བཏང་བས་ཅལ་གྱི་རྗེས་སུ་འབྲངས་ཏེ་དགུང་ལོ་སོ་བཞི་རེད་ཅེས་ཐག་གིས་བཅད་།ཚེ་ཏན་ཞབས་དྲུང་རིན་པོ་ཆེས་ཕལ་ཆེར་ལོ་ཚིགས་འགལ་ཟླའི་དབང་གིས་དེབ་དཀར་རྗེས་སུ་སྐྱོང་མ་ཐུབ་པ་འདྲ་ཞེས་གསུང་བ་ཡང་དོན་དང་མཐུན་པར་སྙམ་།ལྷ་སའི་བསོད་ནམས་དབང་འདུས་སོགས་ཀྱིས་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་ལ་དགག་ལན་བྲིས་བ་ལ་།་ཁོང་བཤེགས་ཏེ་ལན་འདེབས་པའི་སྐལ་བ་མ་ལྡན་མོད་།ཨ་ཁུའི་བཤད་སྒྲུབ་ཀྱིས་སྲོང་བཙན་སྒམ་པོ་དགུང་ལོ་སོ་བཞིར་བཞུགས་པའི་དོགས་དཔྱོད་ཟེར་བ་ཤིག་བརྩམས་ནས་ཏུན་ཧོང་གཏེར་ཡིག་སོགས་ལ་དཔྱད་པ་གནད་དུ་འཁེལ་བ་རྒྱབ་ཡོད་།དོན་གཉེར་ཅན་དག་གིས་དེ་དག་ལའང་གཟིགས་པར་ཞུ་།དེ་མིན་དགེ་ཆོས་ཀྱི་ལག་ཏུ་གཏེར་ཡིག་དེ་གང་ནས་ལག་ཏུ་ཡོང་མེད་དང་།དེ་ལ་ཐོག་དང་པོ་ཞིབ་མཇུག་བྱ་མཁན་བོད་པ་སུ་ཡིན་མིན་གྱི་སྐོར་ལ་བོད་ཀྱི་གཅམ་བུ་དག་གིས་རྫུན་ལུང་བ་བཀང་རེ་རྒྱག་གིན་འདུག་མོད་།ད་འདིར་མི་གླེང་རྒྱུ་བྱོས་།
ངས་ད་དུང་མགོན་པོ་ཕྱག་གཉིས་བའམ་།་མདའ་ཚན་པ་སོགས་ཀྱི་ལན་ན་སྒུག་བསྡད་ཡོད་།
ཨ་ཁུ་བཤད་སྒྲུབ་འདི་ཆབ་ཆའི་ཨ་ཁུ་བཤད་སྒྲུབ་ལགས་ལ་ཞུ་གི་ཡོད་དམ།
ཁོང་གིས་དཔྱད་པ་དེ་རྩོམ་ཡིག་ཞིག་རེད་དམ་དེབ་ཞིག་རེད། གང་ནས་རག་གི་རེད།
དེ་དཔྱད་རྩོམ་ཞིག་རེད།ཀྲུང་གོ་བོད་ཀྱི་ཤེས་རིག་ཟེར་བ་ཞིག་གི་སྟེང་དུ་བཏོན་ནས་།ལོ་རྒྱུས་སྨྲ་བ་དག་གིས་སྐད་གྲགས་འདྲ་བཞག་སོང་།དེ་དུས་ང་རང་ལོ་རྒྱུས་ལ་ཤིན་ཏུ་ནས་དགའ་བོ་ཡོད་པ་ཞིག་ཡིན་ཕྱིར་།དཔྱད་པ་དེ་ཚོ་ཀློག་པ་ཡིན་།གནད་ལ་ཁེལ་བ་ཞིག་བྲིས་འདུག་བསམ་བྱུང་།
འ་ཞ་ཟེར་བ་དེ་མཚོ་སྔོན་པོ་མཐའ་སྐོར་གྱི་རྒྱལ་ཁམས་ཞིག་རེད།གཏེར་ཡིག་ལྟར་ན་།ང་གཏེར་ཡིག་ལག་ཏུ་མི་འདུག་མོད་།སྐད་ཆ་འདི་འདྲ་ཞིག་བཤད་ཡོད་པ་རེད་།
“བཙན་པོ་སྤྲགས་ཀྱི་ཤར་ན་བཞུགས་ཤིང་།བློན་ཆེན་སྟོང་བཙན་འ་ཞ་ཡུལ་ན་མཆིས་ཏེ་།བློན་ཆེན་ད་རྒྱས་མཆེའུ་ནག་སྟོང་རུ་།རྒྱ་ནག་དེའུ་སང་གནོལ་ཐབས་བགྱིས་ཏེ་བརྒྱད་ཁྲི་སྟོང་ལ་བསྟིགས་་པའི་ལོ་གཅིག་”་
བློན་ཆེན་སྟོང་བཙན་འ་ཞ་ཡུལ་ན་བཞུགས་དུས་ཞིག་ལ།སྟོང་རུ་མཚོ་ནག་ཏུ་བོད་ཀྱི་བློན་ཆེན་ད་རྒྱལ་མང་པོ་རྗེས་རྒྱ་ནག་གི་དམག་དཔུང་ཤིག་ལ་འཁྲུག་པ་རྒྱབ་ཏེ་།བོད་ནི་སྟོང་ཕྲག་ཅིག་གིས་རྒྱ་དམག་ཁྲི་ཕྲག་བརྒྱད་བཅོམ་ཟེར་བ་དེ་རེད་།དམག་འཐན་དེའི་ནང་བོད་ལ་བྱས་རྗེས་ཅན་གྱི་བློན་ད་རྒྱལ་ཡང་འདས་བར་བཤད་།དགེ་ཆོས་ཀྱི་སྟོང་རུ་མཚོ་ནག་ཟེར་བ་རྡོ་སྤིས་ཀྱི་སྟོང་རུ་མཚོ་ནག་རེད་ཅེས་ངོས་འཛིན་བྱས་པ་ལ་།ཚེ་ཏན་ཞབས་དྲུང་རིན་པོ་ཆེས་དགག་ལན་ཞིག་ཀྱང་གསུང་འདུག་།ནངཚགས་སུ་ཕལ་ཆེར་དེ་ཡིན་ས་རེད་ཅེས་མི་གཞན་ལ་གསུང་འདུག་།་རྡོ་སྤིས་སུ་སྟོང་རུ་མཚོ་ཟེར་བ་ཤིག་དང་།དར་རྒྱལ་རི་ཟེར་བ་གཉིས་ཡོད་པ་རེད་།ཁོ་ཚོ་དེ་དུས་བོན་པོ་ལ་དད་པ་ཡོད་དུས་།རི་དེ་གཉིས་གཞི་བདག་དུ་བསྐོས་བ་མིན་ནམ་སྙམ་གིན་འདུག་།ཡང་ནའང་འདི་ལ་ལོ་རྒྱུས་ཀྱི་ཁུངས་ལུང་དེ་འདྲ་མེད་།རྡོ་སྤིས་ཡང་ན་།སྟོང་དར་གུང་གསུམ་ཞེས་རི་ཆེན་པོ་གསུམ་ལ་།བོད་སྤྱི་ལོ་འདྲེས་བའི་ལོ་རྒྱུས་ཡ་མཚན་ཅན་དེ་འདྲ་གསུམ་ཡོད་པ་རེད་།
དེ་བས་འ་ཞ་ཟེར་བ་དེ་མཚོ་སྔོན་པོ་འགྲམ་ཞིག་ཡིན་པ་ནི་ཏན་ཏན་རེད་།ཁོམ་སྐབས་རེ་ཡོད་ནགཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བྲིས་བའི་ལོ་རྒྱུས་ཀྱི་དཔེ་ཆ་སོགས་ལ་ལྟོས་དང་།ཁོང་རྒྱ་ཡིག་ལ་མཁས་བ་ཆེན་པོ་ཡིན་ཕྱིར་།རྒྱ་ཡིག་གི་ཡིག་ཆ་བསྡུས་བ་ཧ་ཅང་བཟང་།་རེད་།་ཨ་ཁུ་བཤད་སྒྲུབ་ཟེར་བ་དེ་རྡི་ཚའི་བཤད་སྒྲུབ་རེད་།བོད་ཀྱི་དམར་སྲུང་བ་དོན་གྲུབ་རྒྱལ་གྱིས་སྡིག་པོ་བཏང་པོ་ལོ་རྒྱུས་ཡ་མཚར་ཅན་མང་པོ་བཤད་རྒྱུ་འདུག་།ཡིན་ནའང་སུམ་རྟགས་དཔེ་ཆ་འགའ་རེ་དང་།་སློབ་མ་འགའ་རེ་།དེ་བཞིན་རྩོམ་འདི་འདྲ་རེ་བྲིས་ནས་འཇིག་རྟེན་འདི་ནས་གྱེར་སོང་བ་རེད་།དངོས་གནས་བོད་ལ་མཚོན་ན་བཀའ་དྲིན་ཆེན་པོ་རེད་།
འ་འ་གནམ་གིས་སྲུང་རྒྱུ་བོ།
ངས་ཤར་དཀྱིལ་གྱི་བོད་བཙན་པོའི་རྒྱལ་ཁམས་ཟེར་བའི་དེབ་ནང་རྒྱ་སྐད་ཀྱི་ཝུའུ་ཡ་ཧད་དང་སོག་སྐད་ཀྱི་ཀྱི་མ་བཀོད་དམ་ཇི་མ་བཀོད་གང་ས་གང་དུ་འཚོལ་བསྡད་པ་ཡིན།
ཝུའུ་ཡ་ཧད་འདི་ཐད་སྒྱུར་བྱས་ན་མཚེའུ་ཁ་ཏ་ཡིན་འདུག དེ་ཡང་རྩོམ་པ་པོས་ལོ་རྒྱུས་རྒྱའི་ཡིག་ཚང་ནས་དྲངས་འདུག ངས་འདི་སྟོང་རི་མཚོ་ནག་ཡིན་སྲིད་མོད ལོ་རྒྱུས་ཀྱི་འགྲོ་རིམ་ལ་བལྟས་ན་ཝུའུ་ཡ་ཧད་དང་ཀྱེ་མ་བཀོད་གཉིས་ཀ་མཚོ་སྔོན་པོའི་ཡུལ་ན་ཡོད་འདུག ད་དུང་ཉིད་ཀྱིས་བཤད་པ་ལྟར་གཡུལ་ཆེན་ཞིག་སྟེང་བོད་དམག་ཉུང་ཉུང་གིས་རྒྱ་དམག་ཧ་ཅང་མང་པོ་ཞིག་བཅོམ་མཛད་པའང་དེབ་དེ་ནང་ཞིབ་ཏུ་གསུངས་འདུག
ཁ་སྔོན་་གོང་ནས་བོད་དམག་དེ་འདྲ་སྟོབས་ཆེན་པོ་གང་ནས་བྱུང་ཟེར་བའང་ངས་འདི་བཤད་བཞིན་པ་ཡིན། ཀྱེ་མ་བཀོད་དམ་ ཇི་མ་བཀོད་དེ་བོད་ཡིག་ནང་དག་ཆ་འདི་ལྟར་ཡིན་པ་གང་ཤེས་ཏེ། སོག་སྐད་དེ་ནང་་དོན་ནི་འབབ་ཆུ་ཆེན་པོའམ་རིང་བོ་འམ་དེ་ལས་ལྡོག་པ་ཞིག གང་ལྟར་ཆུ་ཟེར་གི་ཡོད་པ་དྲན་སོས།
ངས་ཝུའུ་ཡ་ཧད་དང་ཀྱེ་མ་བཀོད་འདི་ངོ་ཤེས་མང་པོ་ཞིག་ལ་དྲིས་པ་ཡིན།
དེ་རིང་མ་བསམས་ས་ནས་ངའི་ཁ་ནང་དུ་དངོས་གྲུབ་ལྷུང་བ་མ་རེད་དམ།
ད་དུང་འདིའི་སྐོར་གཏམ་གསར་འདྲ་ཡོད་ན་གསུང་གནང་གནང་དང་།
མེ་རི་གཏོར་མཁན་ལ།
ཏུན་ཧོང་ནང་སྲོང་བཙན་ལོ་ག་ཚོད་བཞུགས་མིན་སྐོར་གང་ཡང་བཤད་ཡོད་པ་མ་རེད། ལོ་ཚིགས་གནད་བསྡུས་ནང་བལྟས་ན་སྲོང་བཙན་གྱི་གཤེགས་ལོ་དེ་གསལ་པོར་ཤེས་ཐུབ་ཀྱི་ཡོད་པ་རེད། ཐང་ཡིག་གསར་རྙིང་དང་གཉིས་ཀ་ཁ་མཐུན་གྱི་ཡོད་པ་རེད། དེ་ནས་འཁྲུངས་ལོ་དེ་མེ་གླང་ནས་བརྩིས་ན་དགུང་ལོ་སོ་བཞི་དང་། ས་གླང་ནས་བརྩིས་པ་ཡིན་ནམ་དགུང་ལོ་ཉེར་གཉིས་ཀྱི་བཞེད་ཚུལ་ཞིག་ཀྱང་འདུག འདི་ནི་ཕྱི་རྒྱལ་བས་བྲིས་པའི་བོད་ཀྱི་ལོ་རྒྱུས་ནང་ཁོ་བོས་མཐོང་། སྲོང་བཙན་གྱི་དགོང་ལོ་ཡར་བསྲིང་རྒྱུ་ཡོད་ན་ཐང་མར་བསྲིང་རྒྱུ་ཕལ་ཆེར་ཡོད་མི་སྲིད་པ་ཞིག་རེད།
དེ་ནས་ཕྱི་རྒྱལ་བའི་ནང་ཏུན་ཧོང་སྐོར་ཞིབ་འཇུག་བྱེད་མཁན་དང་པོའི་གྲས་Jacques Bacot (1877 – 1965) དང་ F. W. Thomas (1867-1956) ཟེར་བ་འདི་ཚོ་རེད། ཡིན་ནའང་ཁོ་ཚོས་བོད་ཡིག་གི་དོན་དག་ཡག་པོ་ཞིག་མ་ཤེས་པར་བརྟེན་རྗ་ཁི་སྦ་ཁོས་དགེ་འདུན་ཆོས་འཕེལ་ལ་གྲོགས་དན་བཅོལ་བ་རེད། དེས་ན་ཁོ་ལས་ཀྱང་ཏུན་ཧོང་གི་དོན་དང་པོ་རྟོགས་མཁན་དེ་དགེ་ཆོས་ཆགས་པ་རེད་ཟེར་ནའང་མ་འགྲིགས་པ་མི་འདུག སུ་ཡིན་ད་ལྟ་མི་དྲན་ཡང་དགེ་ཆོས་ཀྱི་ལོ་རྒྱུས་བཤད་མཁན་ཞིག་གིས། དགེ་ཆོས་དར་རྒྱས་གླིང་དུ་ཡོད་སྐབས་ཤིག་ཕྱི་རྒྱལ་བ་ཞིག་གིས་ཏུན་ཧོང་ཡི་གེ་ཁྱེར་ནས་དགེ་ཆོས་སར་ཁྱེར་ཡོང་ནས་འགྲེལ་བཤད་རྒྱག་བཅུག་པ་དང་། དགེ་ཆོས་ཀྱིས་དེ་སྐབས་འདྲ་བཤུ་བྱས་པ་རེད་ཟེར་བ་ལྟ་བུ་ཞིག་གོ་མྱོང་བའམ་ཀློགམྱོང་བ་ཡིད་ངོར་ཅུང་འདུག་སྟེ་དལྟ་དེབ་གང་ཡིན་ཆ་མ་འཚལ། ཨ་ལགས་ཀིརྟི་ཚང་གི་དེབ་དེ་ཡིན་ནམ། གསལ་བོ་སེམས་ལ་མི་དྲན།
དབྱིན་ཡིག་འདི་མར་ཅིག་ཀློག
Bacot was the first western scholar to study the Tibetan grammatical tradition, and along with F. W. Thomas (1867-1956) belonged to the first generation of scholars to study the Old Tibetan Dunhuang manuscripts. Bacot made frequent use of Tibetan informants. He acquired aid from Gendün Chöphel in studying Dunhuang manuscripts
ང་ཆུང་དུས་སྒྲུང་དཔེ་ལ་ཤིན་ཏུ་དགའ་།ལྷག་པར་ཏུ་ལོ་བཅུ་གཅིག་ཡས་མས་ཞིག་ལ་སྒྲུང་དཔེ་མ་ཀློག་ན་གཉིད་ཡང་མི་ཐུབ་པ་ཞིག་ཡོང་གིན་མེད་པ་ཞིག་ཡིན།ཉིན་ཞིག་ལུག་རྫི་ཞིག་ལ་འགྲོ་སྐབས་སྒྲུང་དཔེ་ཀློག་ཏེ་ལུག་ཚང་མ་བོར་བའི་ལོ་རྒྱུས་ཤིག་ཀྱང་ཡོད་།ལྷག་པར་ཧོར་གླིངགཡུལ་འགྱེད་དེ་ནི་བཤད་མི་ཤེས་བའི་སྒྲུང་དཔེ་ཡ་མཚར་ཞིག་རེད་།ཚེ་ཏན་ཞབས་དྲུང་རིན་པོ་ཆེས་ཞུ་དག་གནང་བ་རེད་གསུང་གིན་འདུག་།སྒྲུང་དཔེ་དེ་ཚོ་ནང་གི་དམག་འགྲོ་སྟངས་།དམག་ཆས་།དམག་རྒྱག་སོགས་གནའ་བོ་བཙན་པོ་དུས་ཀྱི་དམག་འཁྲུག་གི་བཤད་ཚུལ་ཁ་རྒྱུན་དག་རྗེས་སུ་ཡི་གེ་རུ་བཏབ་པ་མིན་ནམ་སྙམ་པའི་དོགས་པ་འདུག་།ཡིན་ནའང་དེ་དག་ལ་ཆེད་དུ་ཞིབ་མཇུག་བྱེད་པ་མེད་།བོད་ཡིག་ཙམ་ཀློག་ཤེས་བ་ཐོག་དང་པོ་སྒྲུང་དཔེ་དེ་དག་གི་དྲིན་ཡིན་།རྗེས་སུ་བོད་ཀྱི་དམར་སྲུང་དམག་དོན་གྲུབ་རྒྱལ་ཟེར་བ་དེ་རྒྱལ་ཁབ་ཀྱི་ལས་ཁུངས་དང་།དཔེ་སྐྲུན་ཁང་བེད་སྤྱད་ནས་རིག་གསར་གྱི་གད་སྙིགས་མང་པོ་ཤིག་བོད་དུ་བཀྲམས་ཏེ་བོད་ཀྱི་བྱིས་བ་ཚོར་།སྒྲུང་དཔེ་སོགས་ཀློག་པའི་གོ་སྐབས་འཕྲོག་སོང་།དོན་གྲུབ་རྒྱལ་གྱི་རྗེས་སུ་མི་ཚང་མས་སད་ཀྱི་བཅོམ་པའི་མེ་ཏོག་དང་།སྤྲུལ་སྐུ་སོགས་ཀློག་ནས་བོད་ཀྱི་རིག་གནས་དག་ལ་སྡང་ཅི་ཐུབ་བྱ་བཞིན་འདུག་།རིག་གཞུང་གི་ཐད་ནས་ཉེ་ལམ་འདི་ལས་ལྷག་པའི་ཉེས་བ་ཆེན་པོ་ཞིག་མེད་།ད་ལྟ་སྲོལ་རྒྱུན་དང་།དེང་རབས་ཅན་ཟེར་བའི་སྐད་ཆ་མང་པོ་ཞིག་བཤད་གིན་ཡོད་པ་ཡང་དེ་དུས་ནས་དར་བ་རེད་།དེ་བཞིན་ཡིན་མདོག་གི་དེང་རབས་ཀྱི་རྩོམ་རིགས་ཟེར་བའི་སྐད་ཆེན་པོ་བཤད་བཞིན་པདག་ཡང་དེ་དུས་ནས་མགོ་བརྩམས་།་དེས་མི་ཚད་ལྟ་བ་ངན་པ་ཉེ་ལམ་ཞིག་ལ་དེ་དག་ཕྱི་རྒྱལ་དུ་སྤེལ་མགོ་བརྩམས་ནས་།ད་ལྟ་གང་ས་ཀུན་དུ་སྐད་ཆ་ཆེན་པོ་འགའ་འུར་ཆིལ་ལེ་བཤད་གིན་འདུག་པ་དེ་རེད
།ཁོ་ཚོའི་མགོ་དེ་དགེ་ཆོས་ནས་བཟུང་བ་རེད་།ཡིན་ནའང་དགེ་ཆོས་ལ་དེ་ལྟ་བུ་དམིགས་ཡུལ་ཡོད་རྒྱུ་མ་རེད་བསམ་མོད་།གང་ལྟར་ཁོ་ཚོས་དགེ་ཆོས་བེད་སྤྱོད་གཏོང་གིན་འདུག་།
ངའི་རྗེས་མ་འདིའི་སྐོར་ལ་ཞིབ་མཇུག་ཅིག་ཆེད་དུ་བྱ་བསམ་གིན་ཡོད་།དེ་དུས་གསལ་ཆ་ཡོང་བའི་རེ་བ་ཡོད་།
ང་ལོ་རྒྱུས་ཀྱི་སྐོར་གྱི་ཐོ་ཡིག་མང་པོ་ཞིག་ཡོད་ཅིང་།ཚང་མ་ཕ་མ་གཉིས་ཀྱི་བདག་པོ་རྒྱབ་ཏེ་བོད་ནང་དུ་ཡོད་།དེའི་ནང་དུ་སྟོང་རུ་མཚོ་ནག་གི་སྐོར་ལ་ཞིབ་དཔྱད་ཅིག་ཡོད་བསམ་བཞིན་ཡོད་།ཡིན་ནའང་ད་ལྟ་ཁྱེད་ལ་ཕན་ཐོགས་པ་ཞིག་ལབ་ཐུབ་གིན་མི་འདུག་།དབྱིན་ཇིའི་དཔེ་མཛོད་ཁང་དུ་ངའི་གྲོགས་པོ་ཞིག་གིས་ཏུང་ཧོང་གཏེར་ཡིག་ལ་ཆེད་དུ་ཞིབ་མཇུག་བྱ་གིན་འདུག་།བོད་ཀྱི་ལོ་གསར་གྱི་སྐབས་སུ་ཁོ་དང་འཕྲད་པའི་ཁ་ཆད་ཅིག་བཞག་ཡོད་།དྲི་ཚིག་དམིགས་གསལ་རེ་ཡོད་ན་ཕྲིས་དང་།་ངའི་སྐད་ཆ་བརྒྱུད་བཤད་བྱས་ཆོག་།
དགེ་ཆོས་ཀྱིས་གཏེར་ཡིག་གི་ནང་གི་འགལ་བ་ཞིབ་དཔྱད་མ་བྱས་རི་བོང་ཅལ་གྱི་རྗེས་སུ་འབྲངས་ཏེ་།གཏེར་ཡིག་དང་།རྒྱའི་ཡིག་ཚང་།དེ་བཞིན་བོན་པོའི་བཤད་རྒྱུན་བཅས་ལ་བརྟེན་ནས་དགུང་ལོ་སོ་བཞི་ཡིན་པ་ཐག་བཅད་པ་རེད་།་དེ་ལྟར་བྱེད་རྐྱེན་ལོ་རྒྱུས་མཇུག་སྐྱོང་མ་ཐུབ་རེད་ཅེས་བཤད་རྒྱུན་ཞིག་འདུག་།་ཏ་ལྟ་ངའི་ལག་ཏུ་གཏེར་ཡིག་མེད་།་སྔོན་ཆད་ཐོ་ཡིག་བཀོད་པ་འགའ་ཡོད་མོད་།་བོད་ནས་བསྐྱར་ཚར་།
དགེ་ཆོས་ནི་གཏེར་ཡིག་ལ་ཐོག་མར་ཞིབ་མཇུག་བྱ་མཁན་ཡིན་ཟེར་བའི་སྐད་ཆ་འདི་ལ་ད་དུངབརྟགས་དགོས་།་སྐད་ཆ་འདིའི་ཡོང་ཁུངས་ཕ་རན་སི་བ་།དགེ་ཆོས་ཡར་བསྟོད་མཁན་heather marie stoddar་།་ཡིན་ནའང་དགེ་ཆོས་རྒྱ་གར་ཏུ་མ་སོང་བའི་སྔོན་དུ་ཀ་ལོན་སྤུག་ཏུ་རོག་རོལ་གྱིས་ཤེས་རིག་གླིང་ཤིག་བཙུགས་ཏེ་།དེའི་ནང་དུ་བོད་པ་འགའ་ཤས་འདུག་།་བོད་ཡིག་གི་ཡིག་བསྒྱུར་སོགས་ལས་ཀ་བྱེད་བཞིན་འདུག་།་དེའི་མི་ཚད་དེ་དུས་ར་ཧུ་ལ་དང་རོག་རོལ་སོགས་ཀྱིས་དགེ་བཤེས་ཆོས་གྲགས་ལ་དགེ་བཤེས་ལགས་ཞེས་བརྩི་མཐོང་ཆེན་པོ་བྱས་བཞིན་འདུག་པ་ལས་།དགེ་ཆོས་གླེང་ཙམ་ཡང་བྱས་གིན་མི་འདུག་།་
གོང་གི་མེ་རིས་བཤད་པའི་བརྒྱད་ཁྲི་སྟོང་རྡུགས་ཀྱི་ལོ་དེ་ལུག་གི་ལོ་༦༥༩ ལོ་རེད། ཏུན་ཧོང་གི་ཚིག་ངོ་མ་དེ་འདི་རེད།
ལུག་གི་ལོ་(659) ལའ་བབ་སྟེ། བཙན་པོ་སྦྲགས་གྱི་ཤ་ར་ན་བཞུགས་ཤིང་། བློན་ཆེ་སྟོང་བཙན་འ་ཞ་ཡུལ་ན་མཆིསྟེ། ད་རྒྱལ་མང་པོ་རྗེས། མཚོ་ནག་སྟོང་རུར། རྒྱ་སེའུ་དེན་པང་དྔ། ནོལ་ཐབས་བགྱིསྟེ། ད་རྒྱལ་གྱང་གུམ་ཞིང་བརྒྱད་ཁྲི་སྟོང་ལ་རྡུགས་ཕར་ལོ་གཅིག་གྱིས་བྲིས་ཡོད་པ་རེད།
དེ་ནས་ཇི་མ་ཁོལ་གྱི་སྐོར་ནི། ཏུན་ཧོང་གི་ལོ་ཚིགས་གནད་བསྡུས་ལ་ཡག་པོ་ཞིག་བལྟས་པ་ཡིན་ན། ལོ་ཚིགས་པང་སྒྲིག་ནས་ཡོད་པ་རེད། མགར་གྱི་སྐབས་ཞང་ཞུང་དང་འ་ཞ། དེ་ནས་བློན་བཙན་སྙའི་སྐབས་ཕར་བྱང་ཕྱོགས་ད་ལྟའི་ཤིན་ཅང་གི་ཕྱོགས་ལ་དཔུང་འཇུག་བྱས་ནས་དབང་དུ་བསྡུས་པ་དེ་གསལ་པོ་ཡོད་པ་རེད། རྒྱ་མི་ལོ་རྒྱུས་སྨྲ་བ་ཙོ་ཐིན་ཀྲང་ཟེར་བ་དེས་ཀྱང་ཆེ་མུ་གོ་ལ་ངོས་བཟུང་ཡོད་འདུག དེ་ནི་ད་ལྟའི་ཤིན་ཅང་ཤར་རྒྱུད་ཀྱི་ཆེ་མུ་རྫོང་ཟེར་བ་དེ་ཡིན་འདུག ཁ་སྒང་བཀྲ་ཤིས་ཚེ་རིང་ཟེར་བས་ཀྱང་དེ་བཞིན་ངོས་འཛིན་བྱས་འདུག་པ་མ་ཟད། དེ་ནི་ནོབ་ཆེན་དང་ནོབ་ཆུང་གཉིས་ཀྱི་ནང་ནས་ནོབ་ཆེན་པོ་ཡིན་པར་འདོད་ཅེས་རང་གི་བསམ་ཚུལ་བཏོན་འདུག
ཏུན་ཧོང་གི་ལོ་ཚིགས་གནད་བསྡུས་ལྟར་ན། བློན་པོ་མགར་གྲོངས་པའི་ཕྱི་ལོ་༦༦༨ ལ་ཇི་མ་ཁོལ་དུ་དགྲ་བཞེར་བརྩིགས་པ་དང་། དེ་ནས་རྟའི་ལོ་༦༧༠ལ། ་་་་ ཇི་མ་ཁོལ་དུ་རྒྱ་མང་པོ་བཏུངས་པར་ལོ་གཆིག ཞེས་བྲིས་ཡོད་པ་རེད། སྔོན་དྲུ་གུའི་ཕྱོགས་ཀྱི་ཨན་ཞི་སྡེ་བཞི་སོགས་རྒྱའི་འོག་ཏུ་ཡོད་པ་ལ་རིམ་པས་བོད་ཀྱི་དབང་འོག་བསྡུས་པ་རེད། རྒྱ་ཟེར་བ་འདི་ཚོའང་དྲུ་གུ་ཕྱོགས་ཀྱི་རྒྱ་ལ་གོ་དགོས་ཟེར་བ་དེ་དོན་ལ་གནས་ཤིང་རིམ་པས་ཡིད་ངོར་འཕྲོད་རྒྱུ་ཡོད་པ་ཞིག་འདུག དུང་དཀར་ཚང་། ཁ་སྒང་བཀྲ་ཤིས་ཚེ་རིང་སོགས་ཁ་ཤས་ཀྱིས་དེ་ལྟར་བཤད་འདུག
ངས་ཁྱེད་རྣམ་པ་གཉིས་ལ་དྲི་བ་ཞིག་འདྲི།
ལོ་རྒྱུས་སྐོར་གྱི་ཏུང་ཧོང་གཏེར་ཡིག་དེ་རྣམས་གདེང་ཚོད་ཡོད་པ་ཞིག་རྟོགས་པར་
བོད་ཡིག་གི་ཆུ་ཚད་མཐོན་པོ་དགོས་པ་རེད་དམ། རྒྱ་ཡིག་དང་སྐད་རིགས་གཞན་དག་གི་སྟེང་ནས་འབྲེལ་ཡོད་ལོ་རྒྱུས་ཤེར་པར་བྱས་ཏེ་ཏུང་ཧོང་གཏེར་ཡིག་གི་གོ་བ་ལེན་དགོས་རེད།
ཡང་ན། བོད་ཡིག་ཐོག་གང་ཡོད་བཙན་པོའི་དུས་རིམ་གྱི་ལོ་རྒྱུས་ལོ་ཚིགས་ངེས་བར་བྱས་ཏེ་ཏུང་ཧོང་གཏེར་ཡིག་ལ་ཁྲུམ་ཐག་གཅོད་དགོས་པ་རེད། ཡང་ན་འདི་ཐམས་ཅད་སྦྲགས་དགོས་པ་རེད།
ཡང་ན། སྐད་གསར་བཅད་སྐབས་ཐ་སྙད་གང་དང་གང་ཞིག་། ཇི་ལྟ་ཇི་ལྟར་གསར་བཅད་བྱས་བའི་དེབ་རྒན་མཐུག་པོ་གཡག་ཁལ་འདྲ་ཞིག་ཀློག་རྒྱུ་ཡོད་པ་རེད།
དེ་མིན། ཕོ་ཚོད་བྱས་ན་འགྲིག་གི་ཡོད་པ་རེད་དམ།།
ཁྱུང་ལུང་ཅི་ཡིན་མི་ཤེས་ཏེ་ཉི་མ་རྫོང་ཟེར་བའི་ཁོངས་ཀྱི་ཁྱུང་རྫོང་ཟེར་བ་ཞིག་ཡོད་པ་དེ་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཞང་ཞུང་བར་བའི་ལྟེ་གནས་ཡིན་པ་ལྟ་བུ་ཞིག་རྒྱ་མི་ཨ་ཅན་ཟེར་བ་ཞིག་ནས་བྲིས་པའི་བོད་དུ་འཁྱམ་ཉུལ་ཟེར་བའི་དེབ་ནང་འདུག ས་ཆའི་ཆགས་རིམ་དང་མཁར་ཤུལ་ཆེན་པོ་དེའི་རྗེས་ཤུལ་གྱི་རྣམ་པ། ས་དེའི་བོད་མི་མང་གི་བཤད་རྒྱུན་སོགས་བྲིས་འདུག
འ་ཞ་གང་དུ་ཡོད་མེད་དེ་ངའི་རྩོད་པ་མི་རྒྱག་།གཏེར་ཡིག་གི་དཔེ་ཆེ་དེ་ལག་ཏུ་མེད་།ད་ལྟ་བལྟ་ཡང་བསམ་གིན་མི་འདུག་།གོང་དུ་དཔྱད་པ་བཞིན་ཆུང་དུས་དེའི་སྐོར་ལ་ཐོ་ཡིག་འགའ་བཏབ་ཡོད་།ལོ་རབས་བརྒྱད་ཅུ་བའི་ནང་ལ་གཏེར་ཡིག་དེའི་འུར་ཆིལ་བཏང་བ་རེད་།་རྒྱུ་མཚན་ཞིག་ནི་།བོད་ཀྱི་གསར་བརྗེ་བ་དག་བཤད་ཚུལ་ལ་ཐོག་དང་པོ་ཆོས་ལུགས་མ་ཡིན་པའི་ལོ་རྒྱུས་ཀྱི་རྙེད་ཡོད་ཅེས་།གཙོ་བོ་སྔོན་གྱི་ལོ་རྒྱུས་ཀྱི་དཔེ་དེབ་ཀྱི་དཔེ་ཆ་དགག་བྱེད་དུ་བཏོན་པ་ཅིག་རེད་།དེ་ལ་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་།སློབ་གྲྭ་བ་དག་གིས་བསྟོད་པ་ཆེན་པོ་གཏོང་གིན་འདུག་།མང་ཆེ་ཤོས་ཤིག་གིས་ནང་དོན་སོགས་ཧ་གོ་གིན་མི་འདུག་ནའང་།ཆོས་ལུགས་པ་ཚོས་བྲིས་བའི་ལོ་རྒྱུས་ལ་དགག་པ་གཏོང་ཡོད་པ་ཤིག་ཡིན་ཕྱིར་ཡག་པོ་ཡོད་རྒྱུ་རེད་བསམ་ནས་བལྟ་གིན་འདུག་།་དེ་ཡང་བོད་ཀྱི་དམར་སྲུང་བ་ཚོས་བོད་ཕྱི་རབས་དག་ལ་བཞག་པའི་ནག་ཉེས་རེད་།་དོན་གྱིས་བོད་ཀྱི་ལོ་རྒྱུས་ཡང་གཏེར་ཡིག་མགོ་རྔ་མི་ཚང་བ་ཞིག་གི་ཁ་གཅོད་བསམ་པ་དེ་རེད་།
ཡ་ད་བཟང་ཐལ། ཇི་མ་ཁོལ ཆེ་མུ་གོ་ཡང་རྙེད་དང་ཐ་ བཀའ་དྲིན་ཆེ།
ཨན་ཞི་སྡེ་བཞི་འདི་ བོད་ཀྱི་ཡིག་ཚགས་རྙིང་བའི་ནང་སྟོད་ཀྱི་མཁར་བཞི་ཟེར་ཟེར ། འདི་བདེན་པ་རེད་དམ། ལི་ཡུལ་ལམ་ཁོ་ཏན། ཀ་ཤི་སྒར། ཏུར་ཕན ཀོ་ཆ་བཞི་བོ་རེད་དམ།
བོད་དམག་གིས་བཟུང་བ་གཙོ་ཆེ་བ་ལི་ཡུལ་ཁོ་ཏན་ཡིན་པ་་ཀློག་མྱོང་།
ངོ་མ། འདི་ལྟར་བགྲོ་གླེང་བྱས་པ་སྙིང་ནས་དགའ།
སྤྱིར་བཏང་གི་ཆ་ནས་ཏུན་ཧོང་གཏེར་ཡིག་ཧ་མ་གོ་བ་ཆེན་པོ་ཡོད་པ་མ་རེད་སྙམ། ད་བར་མཁས་པ་མང་པོ་ཞིག་གི་ཉམས་ཞིབ་གནང་ཚིག་མ་ཤེས་པ་ཚོ་ཚིག་མཛོད་དང་བརྡ་རྙིང་། ཁ་སྐད་སོགས་ལ་གཏུགས་ཏེ་འགྲེལ་བཤད་གང་འཚམས་ཤིག་རྒྱབ་ཡོད་པ་རེད། ཡིན་ནའང་ད་རུང་ཤེས་མི་ཐུབ་པ་ཡང་དགའ་རབས་ཤིག་ཡོད་པ་རེད། མ་ཤེས་པ་དེ་ཚོར་ཕོད་ཚོད་བྱ་རྒྱུ་མི་འདུག་སྙམ། ཕྱི་རྒྱལ་བ་ཚོས་ཀྱང་བོད་ཀྱི་མཁས་པ་ཚོར་དྲིས་ནས་ཏུན་ཧོང་ལ་ཞིབ་འཇུག་བྱེད་གི་ཡོད་པ་རེད།
དེ་ནས་ས་མིང་སོགས་སྐོར་ཟིག་རྒྱ་ཡིག་དང་སྐད་གཞན་པ་ཤེས་ན་ངོ་འཕྲོད་སླ་བ་དེ་འདྲ་ཏན་ཏན་ཡོད་པ་རེད་སྙམ།
ལོ་ཚིགས་ཀྱི་སྐོར་ང་ཡིན་ན་ཏུན་ཧོང་ནང་གི་ལོ་ཚིགས་གནད་བསྡུས། ཐང་བོད་གསར་རྙིང་ནང་གི་ལོ་ཚིགས། དེ་ནས་རྡོ་རིང་སོགས་གཞི་བཟུང་ནས་འགྲོ་ས་རེད། མ་གཞི་ཏུན་ཧོང་དང་ཐང་བོད་གཉིས་མཐུན་གྱི་ཡོད་པ་རེད། ད་བར་དུ་ལོ་རྒྱུས་གང་ཐུབ་ཐུབ་ཀྱིས་ཀློག་ཁུལ་བྱས་པ་ཡིན། ཏུན་ཧོང་ནང་གི་ཡིག་ཆ་ཚང་མ་མི་ཤེས་དེ་ལོ་ཚིགས་གནད་བསྡུས་དེར་ག་ཚོད་བལྟས་ན་ཡིད་ཆེས་ཆེ་རུ་འགྲོ་གི་འདུག རྗེས་མ་ཤིག་ལ་རྣམ་དཔྱོད་དང་ལྡན་པའི་མཁས་པ་ཞིག་གིས་ལོ་ཚིགས་དེ་རྒྱུ་མཚན་རུ་སྒྲིག་ནས་ཁུངས་མེད་དུ་མ་བཏང་བར་དེ་ལ་འཇུས་གི་ཡིན།
གསར་བཅད་སྐོར་གཡག་ཁལ་འདྲ་བ་ཞིག་མི་ཤེས་ཏེ་ཅུང་ཟད་རེ་ཀློག་རྒྱུ་ཡོད་པ་རེད། དཔེ་བཞག་ན། ལི་ཤིའི་གུར་ཁང་ལྟ་བུ། ད་དེ་ཡིན་ཉལ་གི་ཡིན། གཟིམས་འཇགས་གནང་།
ཡ་ཡ། ད་ང་ཡང་ཉལ་གི་ཡིན། གཟིམས་འཇགས་གནང་གོ།
མེ་རི་ཁྱེད་ཀྱང་གཟིམས་འཚལ།
ད་གིན་མཐའ་མཇུག་གི་མཆན་འདི་གཏོང་ས་ནོར་འདུག
ལི་ཡུལ་གྱི་སྐོར་ལའངདགེ་ཆོས་ཀྱིས་རྙོག་བཤད་ཅིག་བྱས་ཡོད་པ་།ཚེ་ཏན་ཞབས་དྲུང་རིན་པོ་ཆེས་་ཞུ་དག་བྱས་ཏེ་།བདེན་པ་ར་སྤྲོད་པ་ཡོད་དེ་ཡི་ཁར་།་བཙན་པོ་ནོ་མོན་ཧན་གྱིས་༡༨༣༠་ལོ་ལ་གསལ་བོ་དག་པོ་གསུངས་འདུག་།་ང་དུས་རྒྱུན་བོད་པ་འགའ་ལ་ཡ་མཚར་གིན་འདུག་།ཁོ་ཚོས་དགེ་ཆོས་ཞེས་རོ་མི་ལོན་པ་འདྲ་ཞིག་བྱས་བཞིན་འདུག་།ཞིབ་དཔྱད་བྱོས་དང་།དགེ་ཆོས་ཀྱིས་གཏམ་ཆེན་པོ་གང་བཤད་ཀྱང་ནོར་འཁྲུལ་མེད་པ་ཕལ་ཆེར་མི་འདུག་།དེས་ན་དགེ་ཆོས་ལ་ཞིབ་དཔྱད་པའི་དུས་ལ་བབས་པ་མ་རེད་དམ།
ལོ་རྒྱུས་ཡིན་ནའང་འདྲ་།ཚན་རིག་ཡིནའང་འདྲ་།དེ་བཞིནདབུ་མའི་སྐོར་ཡིན་ནའང་འདྲ་།མི་འདིས་ཁ་ནང་དུ་བུད་པ་ཙམ་གྱི་ཁུངས་མེད་ལུགས་མེད་ཀྱི་རྙོག་བཤད་དང་།ཧམ་བཤད་།ཡང་ནའང་རང་ལ་ཆེ་བསྟོད་བྱས་བ་ཞིག་ལས་མཁས་བའི་ཡིད་འཕྲོག་པ་།་ཁུངས་དང་ལྡན་པ་།་རིགས་པ་སྒྲུབ་པ་ནི་ཤིན་ཏུ་ནས་ཉུང་ཉུང་རེད་།་
ལི་ཡུལ་དང་བཙན་པོ་རྒྱལ་རབས་བར་གྱི་འབྲེལ་བའི་སྐོར་།ཨ་རབ་དང་ཏ་ཟིག་གི་རྒྱལ་རབས་ནང་དུ་མང་པོ་ཡོད་རྒྱུ་རེད་བསམ་།བཤད་ཚུལ་ཤིག་ལ་ཨ་རབ་གྱི་དམག་དཔུང་ཤར་ཕྱོགས་ཀྱི་དྲངས་མི་ཐུབ་པ་ནི་བཙན་པོ་དམག་གིས་བཀག་པ་རེད་ཅེས་བཤད་རྒྱུན་འདུག་པས་།དོན་གཉེར་ཅན་དག་གིས་དཔྱད་པར་བྱའོ།
དྲ་གྲོགས་ཚོ།
གླེང་གླེང་བའི་མཐར་དེང་སྐབས་མགར་གྱི་མི་རྒྱུད་མདོ་དབུས་ཁམས་གསུམ་གང་དུ་ཡོད་དམ།
མདོར་ན། མགར་ལ་བུ་བཞི་བྱུང་བ་དངོས་བདེན་རེད་དམ། ཡང་ན། བུ་ལྔ་བྱུང་བ་དངོས་བདེན་རེད་དམ།
ཁ་ཅིག་གིས་རྒྱ་ནག་ཏུ་ཡང་མགར་གྱི་རིགས་རྒྱུད་མེད་དམ་སྙམ་པའི་དོགས་སློང་ཡང་བྱེད་ཀྱིན་འདུག
དེ་ཡོད་ཆོག་པ་ཞིག་རེད་དམ། ཡང་ན། རྩ་བ་ནས་མེད་པ་ཞིག་རེད་དམ།
ད་བརྗོད་གཞི་འདི་དག་གི་སྟེང་དུ་བགྲོ་གླེང་རེ་གནང་རོགས།།
ཡ ད་གསང་སྤྱོད་གཙང་བཟོའི་ལས་ཀ་འདི་འགོ་མ་ཚུགས་སྔོན ཁ་སང་མེ་རི་གཏོར་མཁན་ལགས་ཀྱིས་ད་ལོའི་ལོག་གསར་སྐབས་ཧུན་ཧོང་ཡིག་རྙིང་ཞིབ་འཇུག་བྱེད་མཁན་ཞིག་ལ་ཐུག་གི་ཡོད དྲི་བ་དམིགས་བསལ་འདྲ་ཡོད་ན་དྲིས་ཆོག་ཟེར། དྲི་བ་མ་དྲིས་གོང་ནས་ཐུགས་རྗེ་ཆེ་ཟེར་འདོད་བྱུང་།
༡ ད་ཕན་ཕྱི་རྒྱལ་བ་གནའ་རྫས་ཞིབ་དཔྱོད་་པ་དེ་འདྲས་ བོད་ཡིག་ཐོག་ཡོད་པའི་ཏུན་ཧོང་ཡིག་རྙིང་དེ་ཚོའི་སྣག་ཤོག་ལ་ཚན་རིག་དང་མཐུན་པའི་བརྟག་དཔྱད་བྱས་ནས་ལོ་ཚད་ཚོད་རྩིས་བྱས་པ་དེ་འདྲ་ཡོད་དམ། ཡོད་ན་སུ་དང་སུ་རེད། ཞིབ་འཇུག་འབྲས་བུ་ཅི་དང་ཅི་རེད།
༢ གཉིས་པ། རྒྱ་ནག་པ་ཚོར་གཞུང་སྐོས་ཡིག་མཁན་པ་འདུག དེའང་དེང་སང་གི་གསར་འགོད་པ་ནང་བཞིན་དམག་དང་གཉམ་དུ་ཕྱིན་ནས་་དངོས་མཐོང་ལོ་རྒྱུས་ཡིག་གེར་བཀོད་འདུག བོད་ཡིག་ནང་གི་ཏུན་ཧོང་ལོ་རྒྱུས་གཏེར་ཡིག་དེ་ཚོ་གཞུང་བསྐོས་ཡིག་མཁན་པས་བྲིས་པ་རེད་དམ་ཅི་རེད།
ད་འདིར་ལི་ཡུལ་གྱི་སྐོར་དགེ་ཆོས་ཀྱིས་ཉོག་བཤད་བྱས་པ་ཅང་ཡོད་པ་མ་རེད། བལ་ཡུལ་ལ་ངོས་འཛིན་ཟེར་བ་དང་ད་ལྟའི་ཞིན་ཅང་ལ་ངོས་འཛིན་ཟེར་བ་གཉིས་ཀ་བདེན་པའི་ཆ་ཅུང་ཡོད་པ་རེད། ནོར་བའི་ཆའང་གཉིས་ཀ་ཡོད་པ་རེད། གཅིག་ལྷོ་བལ་དེ་ལོ་རྒྱུས་ཁ་ཤས་ཤིག་ལས་ཤིན་ཅང་དང་བོད་ཀྱི་ས་འདྲེ་ཡར་སྣེ་དེ་བ་ཅིག་ག་ཁེལ་གྱི་འདུག རྗེས་རབས་ཀྱི་དཔྱད་བརྗོད་འགའ་ནས་ཀྱང་དེ་ལྟར་བཤད་འདུག ད་རུང་གཅིག་གིས་དེ་ཕྱོགས་ན་བལ་ཡུལ་གྱི་མི་རིགས་ཡོད་པ་འདྲ་ཞེས་བཤད་འདུག ལྷོ་བལ་སྐོར་རྗེས་མ་དེབ་ཀློག་དུས་མཉམ་ཞོག ད་དེ་རིང་ངས་དེབ་གང་ཡིན་བཙལ་བའི་དུས་ཚོད་མེད། ནོར་བ་དེ་ལྷོ་བལ་དེ་ད་ལྟའི་བལ་ཡུལ་ངོས་བཟུང་བ་དེ་རེད། དེ་ནས་ད་ལྟའི་ཤིན་ཅང་ལ་ངོས་བཟུང་བ་དེ་ནོར་བ་རེད་འདོད། ཤིན་ཅང་གི་ཆ་ཤས་ཤིག་ལ་ངོས་བཟུང་ན་འགྲིགས་པ་རེད་སྙམ། ལི་ཡུལ་སྐོར་དེ་ལི་ཡུལ་རང་ལ་ཉམས་ཞིབ་ཞིག་བྱས་པ་ཡིན་ན་ས་ཁོངས་ཀྱི་ཆེ་ཆུང་སོགས་གསལ་དུ་འགྲོ་གི་རེད་འདོད།
དགེ་ཆོས་ཀྱིས་ཉོག་བཤད་བྱས་འདུག་ཟེར་ནས་བཤད་ཞོར་དུ་རང་ཉིད་ཀྱིས་ཉོག་བཤད་བྱས་པ་མི་ཚོར་བ་འདི་ཡ་ཆ། མགོ་རུལ་བ་རྣ་བས་མི་ཚོར་ཟེར་བ་དང་མར་མེས་རང་གི་ཞབས་ར་མི་མཐོང་ཟེར་བ་དེ་འདི་འདྲ་ལ་བཤད་གི་ཡོད་པ་ཡིན་རྒྱུ་རེད།
ད་དེ་རིང་དུས་ཚོད་མེད། གོང་དུ་བྲིས་པ་ཐམས་ཅད་དཔྱད་རྩོམ་མིན་པར་ཁ་བརྡའི་རྣམ་པར་བྲིས་པ་ཡིན་པས་མ་དག་པ་མང་པོ་ཡོད་ངེས་པ་བཤད་མ་དགོས་པ་རེད།
སྐད་ཆ་ཚང་མ་འདི་འདྲ་རེད་།དགེ་ཆོས་ཀྱིས་རྙོག་བཤད་ཟེར་བ་དེས་།ས་ཚུགས་གང་ཡིན་པ་དེ་བཤད་ཀྱིན་ཡོད་པ་མ་རེད་།་དགེ་ཆོས་ཀྱིས་ཁོས་མ་གཏོགས་ལི་ཡུལ་ཟེར་བ་མི་རབས་མང་པོ་རིང་ལ་བརྗེད་དེ་ཁོས་གསར་ཏུ་རྟོགས་པ་འདྲ་བ་ཞིག་བཤད་ཡོད་པ་རེད་།སྐད་ཆ་དེ་རྙོག་བཤད་རེད་ཟེར་གིན་ཡོད།་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་ཀྱང་སྐད་ཆ་དེ་ལ་དགག་པ་རྒྱབ་ཡོད་པ་རེད་།སྐད་ཆ་ཁོ་རང་ལྟ་རྒྱ་ཆུང་བའི་ཚུལ་དང་།ཁོང་གི་རྗེས་སུ་བརྒྱུགས་པ་དག་ནི་སྤྲེའི་གར་འཁྲབ་དག་སྟོན་གིན་ཡོད་པ་དེ་རེད་།་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་དྲངས་བའི་མཁས་བ་དེ་དག་གི་སྟེང་དུ་ངས་བཙན་པོ་ནོ་མོན་ཧན་གསར་ཏུ་དྲངས་བ་ཡིན་།
འབྲོང་ར་སྨུག་པོ་།་དཔེ་དེབ་འདི་ལ་ལྟོས་དང་གཅིག་བྱས་ན་ཕན་ཐོགས་གིན་རེད་།
The Tibetan Empire in Central Asia རྩོམ་པ་པོ་ནི་།་Christopher་Beckwith་ཟེར་བ་དེ་རེད་།་འདི་སྔོན་ཆད་ཤ་ཞེན་ཅན་།་སྐུ་གཅེན་སྟག་མཚེར་རིན་པོ་ཆེའི་སློབ་གྲྭ་ནང་གི་དགེ་རྒན་ཞིག་རེད་།བོད་ཡིག་གི་ཐོག་ནས་ལུང་འདྲེན་སོགས་མང་པོ་བྱས་མི་འདུག་།རྒྱ་ཡིག་དང་།ཨ་རབ་ཀྱི་ཁུངས་འགའ་ཤས་དྲངས་ཏེ་ཞིབ་མཇུག་ཡག་པོ་བྱས་འདུག་།
རེད་དེ་དངོས་གནས་ཡ་མཚར་རེད།ཐ་ན་གཞན་གྱིས་བརྗོད་གཞི་གང་ཡིན་པའང་ཧ་མ་གོ་བར་ད་དུང་ཇི་མི་སྙམ་པར་ལན་ཞིག་འདེབས་དགོས་བ་དེ་ཡ་མཚར་།ང་སྔོན་ཆད་ཅིག་ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཟླ་བ་འགའ་ཤས་ལ་བསྡད་མྱོང་།ཐོག་དང་པོ་ང་བོད་ཀྱི་སློབ་ཕྲུག་ལ་ཆ་རྒྱུས་མེད་།ཁོ་ཚོས་སྲོལ་རྒྱུན་དང་།དེང་རབས་ཅན་ཟེར་བ་།རྙིང་ཞེན་དང་གསར་གཏོད་སོགས་ཀྱི་སྐད་ཆ་མང་པོ་ཤིག་ལབ་གིན་འདུག་མོད།ཁོ་ཚོ་ལ་ཡང་རྒྱུ་མཚན་ཡོད་རྒྱུ་རེད་སྙམ་ནས་བཞག་པ་ཡིན་།རྗེས་མ་ཞིག་ལ་དེའི་སྐོར་ལ་ཡང་བསྐྱར་བསམ་བློ་ཞིག་བཏང་ནས་ཞིབ་དཔྱད་བྱས་དུས་།ཁོང་ཚོས་སློབ་སྤྱོང་བྱས་སྟངས་།ལུས་ངག་གི་སྤྱོད་པ་།དེ་བཞིན་སེམས་ཀྱི་འཆར་སྟངས་སོགས་ལ་ཧ་ལས་བ་ཞིག་བྱུང་སོང་།སློབ་གྲྭའི་རྗེས་ནས་མི་བཤིས་ཀྱང་ཁྱད་མཚར་པོ་ཅིག་ཆགས་ཡོང་གིན་འདུག་སྙམ་པ་བྱུང།རྗེས་མ་འདིའི་སྐོར་ལ་མི་མཐུད་ཞིབ་དཔྱད་བྱ་གིན་ཡིན་།
རྒྱ་གཞུང་གིས་ཀྱང་།སློབ་གྲྭ་བ་འདི་ཚོ་བེད་སྤྱད་ནས་བོད་ལ་དབང་སྒྱུར་བྱེད་གིན་འདུག་།དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་དུའང་སློབ་གྲྭ་བ་འདི་ཚོས་དུག་ཞེན་ཅན་གྱི་ལྟ་བ་ངན་པ་མང་པོ་སྤེལ་ཡོང་གིན་འདུག་།དགོན་པ་དང་ཆོས་ལུགས་ལ་ཁ་རྡུང་བཏང་ནས་ད་ལྟ་ལོ་ལྔ་བཅུ་འགོར་གིན་ཡོད་པ་རེད་མོད་།ད་རུང་སྐྱོན་ཤིག་བཙལ་ཅི་ཐུབ་འདྲ་ཞིག་བྱ་གིན་འདུག་།བསམ་བློ་དེ་གང་ནས་བྱུང་བ་རེད་།
ཏུན་ཧོང་ཡི་གེའི་སྐོར་བགྲོ་གླེང་མང་ཟིག་བྱས་ན་ཡག་པོ་རེད། འབྲོང་ར་སྨུག་པོའི་གོང་གི་དྲི་བ་ཏུན་ཧོང་གི་ཡི་གེ་དེ་གཞུང་གི་ལོ་རྒྱུས་འབྲི་མཁན་གྱིས་བྲིས་པ་ཡིན་མིན་ཞིག་དྲིས་འདུག དེ་ནི་བཤད་ཁག་པོ་ཞིག་རེད། དེའི་ཐོག་ན་རྟགས་ཡོད་པ་མ་རེད། ད་ང་ཚོས་ཤེས་པའི་གཞུང་འབྲེལ་ཡི་གེ་དག་ནི་རྡོ་རིང་གི་ཡི་གེ་དེ་ཚོ་རེད།
རྡོ་རིང་གི་ཡི་གེ་དེ་ཚོ་དང་ཏུན་ཧོང་གི་ཡི་གེ་དེ་ཚོ་ཅིག་བསྡུར་བ་ཡིན་ན་རྩ་བའི་དེ་གཉིས་ཀའི་ཚིག་འགྲོས་གཅིག་པ་གང་ཞིག་ལ་མ་འདྲ་བའི་ཁྱད་པར་ཡང་ཏན་ཏན་འདུག་བསམས། རྡོ་རིང་གི་ཡི་གེའི་ནང་ཏུན་ཧང་གི་ཡི་གེ་དང་བསྡུར་ན་བརྡ་རྙིང་གོ་དཀའ་བའི་རིགས་ཉུང་བ་མ་ཟད་། མིང་གཞི་ཀ་ཁ་ག། ཅ་ཆ་ཇ། ཏ་ཐ་ད། པ་ཕ་བ། ཙ་ཚ་ཛ་སོགས་དབྱེ་བ་མེད་པར་བྲིས་ཡོད་པ་དང་། ཕྲད་ཀྱི་འཇུག་ཚུལ་ལ་དབྱེ་བ་མེད་པར་བྲིས་ཡོད་པ། སྒྲ་འདྲ་མཚུངས་ཅན་མང་པོ་ཞིག་དག་ཆ་ངེས་མེད་དུ་བྲིས་ཡོད་པ་དེ་རིགས་ཅུང་ཟད་ཉུང་བ་ཡོད་པ་དང་གོ་བདེ་མིན་ལའང་ཁྱད་པར་དགའ་རབས་ཤིག་འདུག་སྙམ།
གཅིག་བྱས་ན་ཏུན་ཧོང་དེ་གཅིག་ནས་གཅིག་ལ་བཤུས་ཡོང་བ་དེ་འདྲའང་ཡིན་སྲིད། གང་ལྟར་ཆོས་རྒྱལ་ཚོའི་སྐབས་ཀྱི་མཛད་པའི་སྐོར་བྲིས་ཡོང་ན་བོད་ཀྱི་རྒྱལ་རབས་གང་ཞིག་གིས་ཀྱང་ཏུན་ཧོང་གི་ཆ་ཤས་ཙམ་ལའང་འགྲན་ཐུབ་ཐབས་མེད་པ་ཞིག་རེད། གཅིག་ནས་ལོ་ཚིགས་རྣམས་ཁ་གསལ། གཉིས་ནས་དོན་ཆེན་རྣམས་ཞིབ་ཚགས་ཡོད་པ། གསུམ། དུས་ཚོད་ཀྱི་ཆ་ནས་རྙིང་བ་ཡིན་པ་སོགས། བཞི། ད་རུང་བོད་ཀྱི་རྒྱལ་རབས་གཞན་པ་ཚོ་དང་ཡང་ལོ་རྟགས་སོགས་མཐུན་གྱི་འདུག་ག དེ་ཚོ་རྗེས་ནས་རབ་བྱུང་སོགས་ངོས་འཛིན་སྟངས་མ་འདྲ་བ་མ་གཏོགས།
དེ་མིན་རྒྱལ་རབས་གཞན་པ་ཚོའི་ནང་ལོ་ཚིགས་མང་པོ་མེད་པ། རྒྱལ་པོ་རིམ་བྱོན་གྱི་འཁྲུངས་འདས་ཀྱི་ལོ་ཚིགས་ཤིག གཞན་དོན་ཆེན་ཆེས་ཉུང་ཤས་ཤིག་གི་ལོ་ཚིགས་མ་གཏོགས་མེད་པ། ད་ལྷ་སྒྲུང་འདྲ་བོ་རིང་ཐག་ཆོད་རེ་ཡོད་པ་རེད། བློན་པོ་མགར་གྱིས་རྒྱ་བཟའ་བསུས་པ་གཅིག་པོ་ལུང་པ་གང་ཡོད་པ་རེད། བཀའ་ཆེམས་ཀ་ཁོལ་མ་དེ་ལོ་རྒྱུས་མང་པོ་ཞིག་གི་གཞི་འཛིན་ས་གཙོ་བོ་འདྲ་ཟིག་བྱེད་གི་མི་འདུག་གེ དེའི་ནང་རིན་ཐང་ཅན་གྱི་དཔྱད་གཞི་ལོས་ཡོད་ཀྱང་ཚ་བ་ཚ་ཕྱེད་ཅིག་ལྷ་སྒྲུང་གི་བཟོ་འདྲ་ཞིག་མ་གཏོགས་ལོ་རྒྱུས་ཀྱི་བཟོ་འདྲ་ཞིག་ཡོད་པ་མ་རེད། དེ་ཡང་སྲོང་བཙན་གྱི་ཁ་ཆེམས་ཡིན་ཟེར་བ་དེ་ལ་དཔྱད་རྒྱུ་འདུག སྔོན་མའི་ལོ་རྒྱུས་ཤིག་ལ་སྦ་བཞེད་ཡོད་པ་རེད། གཞན་པ་ཚོ་རྗེས་རྗེས་རྗེས་ནས་བྲིས་པ་ཞེ་ཅིག་མ་ཡིན་ནམ།
ཏུན་ཧོང་གི་ལོ་ཚིགས་གནད་བསྡུས་ནང་གི་ལོ་ཚིགས་གཅིག་རྒྱུ་མཚན་དང་ཁུངས་ལུང་དྲངས་ནས་ཁུངས་མེད་ཡིན་པར་སྒྲུབ་ཐུབ་བམ། དེ་ལྟར་ཡིན་ཚེ་ད་ང་ཚོས་ད་ལྟའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྟངས་འགྱུར་བ་གཏོང་དགོས་པ་རེད།
ཏུན་ཧོང་ནང་གི་གཞུང་འབྲེལ་ཡིག་ཆ་ཡིན་པ་ཞིག།
ཡིག་ཆ་དེའི་མགོར་འདི་ལྟར། ་་གནའ་ཧོར་གྱི་རྒྱལ་པོས། བཀའ་སྩལ་ཏེ། བྱང་ཕྱོགས་ན་རྒྱལ་པོ་དུ་མཆིས་པར། ཧོར་མི་ལྔ་རྟོག་ཏུ་བཏང་བའི་བཀའ་མཆིད་ཀྱི་ཡི་གེ ཕྱག་སྦལ་ན་མཆིས་པ་ལས་དཔྰེ་བླངས་པའོ་་ཞེས་གསལ།
མི་དེ་ལྔ་དྲུ་གུ་ཕྱོགས་སུ་ཕར་ཡུལ་གང་དང་གང་ལ་ཕྱིན་པའི་མིང་། ཕྱོགས། ་གོམས་སྲོལ། དམག་མི་དུ་ཡོད་སོགས་ཚང་མ་རེ་རེ་བཞིན་ཐོ་རྒྱབ་འདུག ཕ་མེས་ཀྱི་མགོ་བོ་གསེར་དངུལ་གྱིས་བརྒྱན་ཅིང་ཆང་ཕོར་བགྱིད་པའི་དད་པྱིའི་ས་ཆ། རྒྱ་མིས་ཀེའུ་ལི་ཟེར་ཞིང་། མ་ལེ་བྲང་ལ་འབྱར་ཞིང་མྱི་ཤ་ཟ་བ། ཕ་མ་རྒན་རྒོན་དང་མྱི་རྒན་རྒོན་སྐྱིན་པོར་གཏོང་ཞིང་གསོད་པའི་ས། མོན་པ་བེག་ཙེ་ཟེར་བ་གཅེར་རུར་ཡོད་པའི་ས། མི་ཆུའི་ནང་དུ་ཉ་བཞིན་འདུག་པའི་ས། མོན་པ་ནག་པོ་མིག་དཀར་པོ་སྐྲ་ཆུ་རྟ་བཞིན་དུ་འཁྱིལ་བ། ཉ་བཞིན་དུ་རྐྱལ་རྐྱེན་པའི་ས་ཆ། གུར་ཤིང་ཉ་ཡི་རྩིབ་མས་བྱེད་ཀྱང་གུར་གཡོགས་ཉ་ལྤགས་ཀྱིས་བྱེད་པའི་ས་ཆ། མི་སྐྲ་དམར་པོ་ཅན་གྱི་ས་ཆ་སོགས་མང་པོ་ཞིག་ལ་ཕྱིན་ཏེ་ས་མིང་སོགས་གསལ་བོར་བཀོད་འདུག མགོ་སེར་ཅིག་གིས་འདི་དབྱིན་ཡིག་ག་བསྒྱུར་གི་འདུག་ཟེར། དེ་ནས་ད་ཁུར་བོ་ཁུར་ནས་གོམ་པ་རྒྱབ་གི་རྒྱབ་གི་དྲུ་གུ་ནས་ཕར་ལྡོམ་ནས་འགྲོ་གི་རེད་ད། ཡང་ང་ཚོས་མ་རྙེད་པ་ཞིག་ཁོ་ཚོས་རྙེད་གི་རེད།
ང་ཚོ་བོད་ཀྱི་ལོ་རྒྱུས་སྨྲ་བ་ཡིན་ཟེར་བ་དང་།ལྷག་པར་ཏུ་སློབ་གྲྭ་ཁག་ནས་ཡོང་བའི་མི་དེ་ཚོ་ལ་སྐད་ཆ་ཆེན་པོ་འདི་འདྲ་བ་གཉིས་བཤད་རྒྱུ་གོམས་ཡོད་པ་རེད་།
གཅིག།བོད་ཀྱི་སྔོན་གྱི་ལོ་རྒྱུས་ཐམས་ཅད་ཆོས་ལུགས་དང་ལྷ་སྒྲུང་དག་གིས་ཁྱབ་འདུག་འདུག་པས་ལོ་རྒྱུས་དངོས་མིན་པ་དང་།དངོས་མེད་ཟེར་།
གཉིས་།ལོ་རྒྱུས་ཀྱི་དཔེ་ཆ་ཞིག་གི་མིང་བཟུང་ཏེ་།འདི་ལས་ལྷག་པའི་ལོ་རྒྱུས་ཞིག་མི་འདུག་ཅེས་ལོ་རྒྱུས་ཀྱིས་བསྡོམས་ཚིག་ཆེན་པོ་རེ་རྒྱབ་ཡོང་གིན་རེད་།
ཞིབ་ཏུ་བསམ་ན་།འདི་གཉིས་ལ་ཆབ་སྲིབ་ཀྱི་ལྟ་བའི་དགོས་མཁོ་ཞིག་ལས་འཕྲོས་བའི་སྐད་ཆ་ཞིག་ལས་།ལོ་རྒྱུས་དངོས་མ་དེ་མ་ཡིན་།་ཅི་ཡིན་ཞེ་ན་།་ལོ་རྒྱུས་ཟེར་བ་སྐབས་དེར་མི་དག་གི་རང་གི་སྣང་ངོས་ཇི་ལྟར་འཆར་ཚུལ་རྣམས་བྲིས་བ་ཞིག་ལས།དེ་བདེན་པ་ཡིན་མིན་གྱི་ཐག་སུ་ཡིས་གཅོད་།དཔེར་ན་ལོ་རྒྱུས་སྨྲ་བ་འདི་ཚོས་སྲོང་བཙན་ལ་མགོ་གསུམ་ཡོད་པ་རེད་ཅེས་ལབ་ན་ཁོ་ཚོས་གད་མོ་ཤོར་འགྲོ་གིན་རེད་།་རྒྱུ་མཚན་ནི་ཁོ་ཚོས་དེ་ལྟར་ཅིག་མིན་པ་སྔ་ས་ནས་ཐག་བཅད་པ་རེད་།ཐག་གཅོད་པའི་རྒྱུ་མཚན་ཅི་ཡང་ཡོད་པ་མ་རེད་།དད་པ་དང་ཡིད་ཆེས་ཞིག་གི་ཐག་བཅད་པ་ཤིག་གཞན་ཅི་ཡང་ཡོད་པ་མ་རེད་།
དེ་བཞིན་ཐོག་དང་པོ་ཁོ་ཚོས་ཁ་གྲགས་མ་ཐག་ཏུ་ལོ་རྒྱུས་འདི་འདྲ་བ་ཞིག་ཡིན་ཅེས་སྡོམ་ཚིག་རྒྱབ་།དེ་ལས་ཕར་ནང་དུ་འགལ་ན་ལོ་རྒྱུས་ཀྱི་དངོས་རྩོད་རྩོད་སྒྲུབ་རིང་ལུགས་དང་མི་མཐུན་ཞེས་དོར་བའམ་།དང་ལེན་བྱེད་གིན་མེད་ཅེས་ལབ་གིན་མ་རེད་།
་སྤྱིར་བཏང་དཔེ་དེབ་འདི་ལས་མེད་ཅེས་སྡོམ་ཚིག་ཅིག་འགོད་དུས་།མ་མཐའ་ཡང་དཔེ་དེབ་དེ་དང་འབྲེལ་ཡོད་ཀྱི་མིང་དུ་གོ་བ་རྣམས་ལ་ཞིབ་མཇུག་ཡག་པོ་ཤིག་བྱས་།་དེ་ནས་སྡོམ་ཚིག་རྒྱག་དགོས་བ་ཞིག་ཡིན་མོད་།འདི་ཚོ་མང་ཆེ་བས་གཏེར་ཡིག་དང་།དེབ་དཀར་སོགས་ལས་གཞན་གྱི་ལོ་རྒྱུས་ཀྱི་སྐོར་ལ་དོ་སྣང་ཆེན་པོ་མེད་ལ་།དེ་དག་གི་དོན་ཡང་ཧ་གོ་གིན་མ་རེད།ངའི་གྲོགས་པོ་ཤིག་ལྷ་སའི་ཡིག་ཚགས་སུ་ལས་ཀ་བྱེད་བཞིན་ཡོད་།་ཁོ་ཡང་སྔོན་ཆད་ནུབ་བྱང་ཚང་གི་སློབ་གྲྭ་བ་རང་མཐོང་ཅན་ཞིག་དང་།ལོ་རྒྱུས་དངོས་རྩོད་སྨྲ་བ་ཞིག་རེད་།་ཡིན་ནའང་རྗེས་སུ་ཡིག་ཚགས་ནས་ལས་ཀ་བྱས་།ཡིག་ཆ་མང་པོ་ཤིག་མཐོང་།དེ་ནས་ལོ་རྒྱུས་ལ་འཛིན་པའི་ལྟ་ཚུལ་ཡང་བསམ་པའི་སྟེང་ནས་འགྱུར་བ་བྱུང་སོང་ཞེས་བཤད་གིན་འདུག་།འདི་ལྟར་བསམ་པ་གུ་ཡངས་པོ་ཅིག་དགོས་ནི་རེད་།
སྐད་ཆ་རྡོག་རྡོག་པོ་དེ་ཡིན་།ང་ཚོས་ད་དུང་བོད་དུ་ལོ་རྒྱུས་ཀྱི་དཔེ་ཆ་ག་འདྲ་ཡོད་པའི་དཀར་ཆག་ཡག་པོ་ཤིག་ཀྱང་མི་འདུག་པའི་ཁར་།ལོ་རེ་ནས་ལོ་རེ་བསྡད་ནས་ལོ་རྒྱུས་ཀྱི་དཔེ་དེབ་མང་པོ་རྙེད་ཡོང་གིན་འདུག་།དེ་བས་དངོས་རྩོད་སྨྲ་བ་དག་གིས་རྗེས་སུ་མ་འབྲངས་།་་དེ་ལྟ་བུ་ཁ་ཚོན་ཆེན་པོ་མ་གཅོད་།ཐོག་མ་ཉིད་ནས་འདི་ཡག་པོ་རེད་དང་འདི་ཡག་པོ་མ་རེད་ཅེས་ཁྱད་པར་མ་ཕྱེ་།ཐམས་ཅད་ལ་རིན་ཐང་མི་འདྲ་བ་རེ་རེ་ཡོད་པས་ཚུལ་བཞིན་དུ་ཞིབ་དཔྱོད་བྱས་།དེ་ནས་ལོ་རྒྱུས་ཡག་པོ་།དྲང་བོ་ཤིག་ཡོང་གིན་རེད་།
དཔེར་ན་ངའི་གོ་ཐོས་ཞིག་ལ་།ལོ་རྒྱུས་ཟ་འོག་མ་ཟེར་བ་ཞིག་དང་།སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལའང་བེེ་ནག་ཟེར་བ།་ཐ་ན་ཚེ་ཏན་ཞབས་དྲུང་རིན་པོ་ཁུངས་ལྡན་དུ་བརྩི་བའི་ས་ཆེན་གྲགས་པ་རྒྱལ་མཚན་གྱི་བོད་ཀྱི་ལོ་རྒྱུས་སོགས་མང་པོ་ད་དུང་ང་ཚོའི་མིག་གི་མ་མཐོང་བ་དང་རྣ་བས་མ་ཐོས་བ་མང་པར་ངེས་བས་།ལོ་རྒྱུས་ཞིབ་དཔྱད་ཞིབ་མཁན་དག་གིས་གཏེར་ཡིག་འགའ་ཤས་ལ་མགོ་མ་འཁོར་བར་ལོ་རྒྱུས་དཔེ་དེབ་ཐམས་ཅད་ལ་འདྲ་མཉམ་གྱི་སྒང་ནས་་ཞིབ་དཔྱད་བྱོས་།
སློབ་གྲྭ་བ་འདི་ཚོའི་ཁོག་ཏུ་ཆུང་དུས་ནས་མི་གཙང་བའི་སློབ་གསོའི་དྲི་མ་བརྒྱབ་།ལོག་ལམ་དུ་ཁྲིད་།རྗེས་སུ་བཀྲུ་ཡང་བདག་དཀག་བ་ཞིག་ཡོང་གིན་རེད་།ཁོ་ཚོའི་སེམས་པ་དུང་དུང་བ་དེའི་ནང་དུ་ཆུང་དུས་ཀྱི་བག་ཆགས་མཐུག་པོ་ཡོད་ཕྱིག་མི་ལོ་ག་ཚོད་འགོར་ཀྱང་ལྷམ་མེར་འཁོར་ཡོང་གིན་རེད་།དེའི་ཕྱིར་སློབ་གསོ་ཁུར་ཡུག་ཟེར་བ་གལ་ཆེ་བ་ཡིན་པའི་རྒྱུ་མཚན་དེ་རེད་།
ཞིབ་ཏུ་བསམ་ན་ཁོ་ཚོའི་སེམས་ཀྱི་དྲན་སྟངས་།དུག་ལོག་གྱོན་སྟངས་།ཐ་ན་རྐུབ་བཀྱག་ཐོག་ཏུ་འདུག་ཚུལ་སོགས་ཀྱང་ཁྱད་མཚར་བོ་དང་།བོད་རང་གི་བཤིས་ལུགས་དང་མ་མཐུན་པ་ཤིག་ཡོད་པ་རེད།་།ང་ཚོ་བོད་ལ་འདིའི་སྐོར་ཞིབ་མཇུག་བྱ་མཁན་མི་འདུག་མོད་།ཕྱི་རྒྱལ་དུ་སེམས་ཁམས་རིག་པ་དག་གི་འདི་དག་གི་སྐོར་ལའང་ཞིབ་དཔྱད་མང་པོ་བྱས་གིན་འདུག་།ཡག་པོ་འདུག་།
ས་ཆེན་གྲགས་པ་རྒྱལ་མཚན་མ་རེད་རྗེ་བཙུན་གྲགས་པ་རྒྱལ་མཚན་རེད། ཁོང་གི་རྒྱལ་རབས་དེ་གོང་མ་རྣམ་ལྔའི་གསུང་འབུམ་ཁྲོད་དུ་བཞུགས་ཤིང་། སྔོན་ཆད་འཇུ་ཕེན་ནས་པར་སྐྲུན་བྱས་པ་དང་ཉེ་ཆར་ཁྲིན་ཏུ་དང་པེ་ཅིང་ནས་དཔར་བའི་གོང་མ་རྣམ་ལྔའི་གསུང་འབུམ་ཁྲོད་དུ་འདུག ཧ་ཅང་བསྡུས་པ་ཞིག་འདུག་ཅིང་། དེའི་རིན་ཐང་ནི་ལོ་རྒྱུས་ཡིག་ཆ་སྔ་ཤོས་ཤིག་ཡིན་པ་དེ་རེད་མ་གཏོགས་བཤད་སྟངས་ཕལ་ཆེར་གཅིག་པ་འདྲ་ཞིག་རེད།
ས་སྐྱའི་གོང་མ་རྣམ་ལྔའི་ཡ་གྱལ་དཀར་པོ་རྣམ་གསུམ་བགྲང་དུས་ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས། རྗེ་བཙུན་གྲགས་པ་རྒྱལ་མཚན་ཞེས་བགྲང་སྲོལ་ཡོངས་གྲགས་རེད།
མེ་རི་གཏོར་མཁན་གྱི་མཆན་༩༦་ན
༸ལྷག་པར་ཧོར་གླིངགཡུལ་འགྱེད་དེ་ནི་བཤད་མི་ཤེས་བའི་སྒྲུང་དཔེ་ཡ་མཚར་ཞིག་རེད་།ཚེ་ཏན་ཞབས་དྲུང་རིན་པོ་ཆེས་ཞུ་དག་གནང་བ་རེད་གསུང་གིན་འདུག་།སྒྲུང་དཔེ་དེ་ཚོ་ནང་གི་དམག་འགྲོ་སྟངས་།དམག་ཆས་།དམག་རྒྱག་སོགས་གནའ་བོ་བཙན་པོ་དུས་ཀྱི་དམག་འཁྲུག་གི་བཤད་ཚུལ་ཁ་རྒྱུན་དག་རྗེས་སུ་ཡི་གེ་རུ་བཏབ་པ་མིན་ནམ་སྙམ་པའི་དོགས་པ་འདུག་།༸ ཅེས་་པ་འདིས་ང་ལ་བློ་བསྐྱེད་ཅིག་ཕྱིན་སོང་། འདི་འང་ཏན་ཏན་ཞིབ་འཇུག་བྱེད་རིན་ལྡན་པ་ཞིག་རེད་བསམས། རྗེས་མ་སྒྲུང་དཔེ་ཀློག་དུས་འདི་ལ་ཏན་ཏན་མཉམ་འཇོག་བྱེད་ན་འདོད།
ངས་ཁ་སང་མཆན་འདེབས་སྐབས་ཤར་དཀྱིལ་གྱི་བཙན་པོ་བོད་རྒྱལ་ཁམས་ཟེར་བའི་དཔེ་དེབ་དེ་The Tibetan Empire in Central Asia འདི་ལ་ཟེར་གི་ཡོད། དེབ་འདི་ངས་བོད་བཙན་པོའི་དམག་གི་འགྲོ་སྟངས་།དམག་ཆས་དང་།དམག་རྒྱག་སོགས་ཀྱི་སྐོར་ཤེས་འདོད་ནས་ཨ་མ་རྫོན་གྱི་དྲ་ཁུག་ནང་ནས་བཙལ་ནས་རྙེད། དེ་ནས་དང་ཐོག་དེབ་དེ་ག་འདྲ་ཞིག་ཡིན་མིན་མ་ཤེས་བས་ཉོ་མ་འདོད་བར་དཔེ་མཛོད་གང་ས་གང་དུ་བཙལ་ཡང་མ་རྙེད། མཐའ་མ་དེར་ཨ་ཁུ་བ་ཡེ་གཅོད་ཐར་དྲིན་ཆེན་པོས་རྒྱ་མཚོའི་རྟིང་ནས་ནོར་བུ་དབྱུང་བ་བཞིན་བཙལ་ནས་ཕྲན་ལ་གཡར་གནང་བ་ནམ་ཡང་བརྗེད་ཐབས་མེད།
དེབ་འདི་ནང་བོད་བཙན་པོ་དང་ཨ་རབ་རྒྱལ་ཁབ དྲུ་གུ་དང་ཐང་རྒྱལ་ཁབ་སོགས་ཀྱིས་སྐབས་དེར་ཤར་དཀྱིལ་ནས་གཡུལ་འགྱེད་དང་མངའ་ཐང་རྩོད་རེས་བྱས་པའི་དེབ་ཕུལ་དུ་བྱུང་བ་ཞིག་འདུག
དེབ་འདིས་བདག་གིས་ཡིད་དབང་འཕྲོག་ནས་དེ་དོན་མང་པོ་ཞིག་ལ་བཤད་ཀྱང་ཨ་ལན་ཡ་ལན་སྤྲོད་མཁན་མ་བྱུང་། འཇམ་ནོར་གྱིས་ཟིན་བྲིས་ནང་དུའང་དེབ་འདི་གླེང་ཙམ་བྱས་ཀྱང་སུས་ཀྱང་ཨ་ལན་ཡ་ལན་སྤྲད་མ་སོང་བས་ག་རེ་ཡིན་བསམ་ཞིང་། དེབ་འདིའི་རྩོམ་པ་པོ་ནི་ཨིན་ཊི་ཡ་ན་མཐོ་སློབ་ཁང་ནས་རེད་འདུག་ཀྱང་། དེ་བ་ཚང་གི་རྒད་པོ་ཀླད་ཤི་ནི་མཁས་བླུན་གཉིས་ཀྱི་ཁྲོད་དུ་གྲགས་ཆེ་ཞིང་། ཁོང་གི་རྩོམ་ཁ་ཤས་དགེ་འདུན་རབ་གསལ་གྱིས་བོད་བསྒྱུར་ཀྱང་བྱས་གནང་སོང་། ཡིན་ཡང་་དེབ་འདི་དང་འདིའི་རྩོམ་པ་པོའི་སྐོར་ལ་ནི་གྲགས་འགུལ་ཅི་ཡང་མེད་པས་ག་རེ་ཡིན་ནའང་བསམ་བྱུང་། དེབ་འདི་མ་ཟད། ད་དུང་ལོ་རྒྱུས་སྨྲ་བ་འདིས་བོད་དང་ཤར་དཀྱིལ་གྱི་བརྗོད་གཞི་གཞན་པའི་སྐོར་ལའང་བརྩམས་ཆོས་མང་པོ་འདུག ཁོང་ནི་ཤར་དཀྱིལ་གྱི་སྐོར་ལ་མཁྱེན་རྒྱ་ཆེན་པོ་ལྡན་མཁན་ཞིག་དང་སྐད་རིགས་ཀྱང་ཁ་ཤས་ཤིག་ཤེས་མཁན་ཞིག་རེད་འདུག
ད་ལམ་མེ་རི་གཏོར་མཁན་གྱིས་དེབ་འདི་ཡག་་པོ་འདུག་སྨྲས་བྱུང་བས་བདག་གིས་དེབ་དེར་མཐོང་ཆེན་པོ་དང་དགའ་སྣང་ཆེན་པོ་བྱས་ཡོད་པར་རྒྱབ་རྟེན་ཞིག་རྙེད་སོང་བསམ་ནས་དགའ་བ་སྒོམ་གྱིན་ཡོད།
ཨ་རོགས་ཨ་ཁུ་ཀླུ་སྨྱོན།
ཁྱེད་ན་གཞོན་གསར་བའི་དྲ་ངོས་གཞུང་མ་ན་ཨ་རྒ་ཞོགས་དུང་དང་བྱང་སྐར། བདུད་ལ་རྒྱལ་ཅན་པོའི་གཤམ་དེ་ན་མདོ་སྨད་ཧེ་རུ་ཀ་ཟེར་བ་ཞིག་ཡོད་པ་དེ་ཡིན་རྒྱུ་མ་རི།།
ཨ་ལ་རྩེད་མོ་ཡིན།
ཨ་ཁུ་ཀླུ་སྨྱོན་ལགས་།དག་བཤེར་བྱས་པར་ཐུགས་རྗེ་ཆེ་།ང་ལ་སྐྱོན་ཆ་གལ་ཆེན་པོ་ཤིག་ཡོད་།ཕལ་ཆེས་རྣམ་པ་ཚོས་མཐོང་ཡོད་རྒྱུ་རེད་།ཡི་གེ་ཐེངས་གཅིག་བྲིས་རྗེས་།དག་བཅོས་བྱེད་པའི་གོམས་སྲོལ་ཞིག་རྩ་བ་ཉིད་ནས་ལོན་གིན་མི་འདུག་།ཆུང་དུས་དེ་ལྟར་ཡིན་།ད་ལྟ་ཡང་དེ་ལྟར་།རང་གིས་བྲིས་བ་དེ་ཡང་བསྐྱར་ཀློག་རྒྱུ་སེམས་གཏིང་ནས་ན་ཟུག་འདྲ་སྐྱེས་ཡོང་གིན་འདུག་།རྒྱུ་མཚན་ཅི་ཡང་མ་ཤེས་།གོམས་སྲོལ་དེ་བོད་ཡིག་གཅིག་པོ་མ་རེད་དབྱིན་ཇིའི་ཐོག་གི་བྲིས་ན་དེ་ལྟར་རེད་།དེ་བས་ཡིག་ཆ་གལ་ཆེན་སྐོར་རེ་འབྲི་དུས་ཐབས་ཤེས་འདི་འདྲ་ཤིག་བྱེད་གིན་།འབྲི་རྒྱུ་དེ་མགྱོགས་པོ་བྲིས་།དེ་ནས་ཉི་མ་ཁ་ཤས་དེའི་ཐོག་ལ་བསམ་བློ་ཡང་མ་བཏང་།ཕལ་ཆེར་བརྗེད་འགྲོ་བསམ་པའི་སྐབས་ཤིག་ལ་ཡང་བསྐྱར་ཀློག་ནས་དག་བཅོས་བྱ་གིན་ཡོད།དེས་ཕན་ཐོགས་གིན་འདུག་།་
ཡིན་ནའང་ད་རེབ་ཀྱི་སྐྱོན་ཆ་ནི་ཡིག་ནོར་གྱི་སྐྱོན་ཆ་ཤིག་མ་རེད་།་ཉམས་མ་བཞག་པའི་སྐྱོན་ཆ་ཤིག་རེད་།
མདའ་ཚན་པ་ལགས་ཀྱིས་ ང་ལྟ་བུའི་དོན་གཉེར་ཅན་དག་གི་ངོར་ལོ་རྒྱུས་ཡིག་ཆ་ཁོལ་ཕྱུང་དང་བཅས་ཁ་བརྡ་བྱེད་བཞིན་པ་ཧ་ཅང་དགའ་བ་ལགས།
ལོ་རྒྱུས་ཚང་མ་འདྲ་མཉམ་གྱིས་ལྟ་མི་ཐུབ། ལོ་རྒྱུས་ཀྱི་ནང་རབ་འབྲིང་ཐ་གསུམ་རྒྱས་འབྲིང་བསྡུས་གསུམ་མང་པོ་ཞིག་ཡོད་པ་རེད། དེ་ལ་བལྟས་ཚར་རྗེས་རིན་ཐང་རྒྱག་པ་ལས་འོས་མེད། ངས་གོང་གི་རིན་ཐང་དེ་ཚོའང་བལྟས་ཚར་ནས་རྒྱབ་པ་ཡིན། འགའ་རེར་སྐར་གྲངས་༩༠ འགའ་རེར་༨༠ འགའ་རེར་ ༧༠ དེ་ནས་༦༠ ༥༠ བྱས་སྟེར་བ་ལས། ཏུན་ཧོང་ལའང་ ༨༠ བཀའ་ཆེམས་ ཀ་ཁོལ་མལའང་༨༠ དེབ་དཀར་དེབ་དམར་དེབ་སྔོན་རེ་རེ་བཞིན་སྐར་གྲངས་༨༠ འདི་འདྲ་ངས་རྒྱག་མི་ཤེས། ཟ་མ་ཟིག་བགོ་བཤའ་བྱེད་དགོས་ན་ངོ་མ་འདྲ་མཉམ་གྱིས་བགོ་བཤའ་བྱེད་གི་རེད།
ད་ག་རེ་ཡིན་ན་མིན་ན་ཁ་ནས་སྐྱག་གཏམ་བཤད་བསྡད་ནས་ཆོ་ཡོད་པ་མ་རེད། འགྲིགས་མེད་ན་མ་འགྲིགས་པ་དེ་རེ་རེ་བྱས་བཏོན་ཡོང་ན་སྟོང་གཏམ་བརྒྱ་ལས་ཚིག་གཅིག་ལྷག ཁྱེད་རང་གིས་ཏུན་ཧོང་ནང་ནས་སྐྱོན་འདོན་གི་འདོན་གི་ཤོག ངས་བཀའ་ཆམས་ཀ་ཁོལ་མའི་ནང་ནས་སྐྱོན་འདོན་གི་འདོན་གི་ཡོང་། དེ་མ་རེད་པས།
ངས་མིའི་སྤྱི་ཚོགས་དང་མཐུན་པའི་ལོ་རྒྱུས་དེ་ཚོ་དངོས་ཡོད་དང་འཚམས་པར་མཐོང་གི་ཡོད། ལོ་ཚིགས་ཡིན་ནའང་སྔ་འགལ་ཕྱི་འགལ་མེད་པ་དེ་ཚོ་ཡང་དག་པར་མཐོང་གི་ཡོད། ཁྱེད་རང་གིས་ཕལ་ཆེར་རྒྱལ་པོ་ཚང་མ་ཡང་སྤྲུལ་བ། བློན་པོ་ཚང་མ་ཡང་སྤྲུལ་བ། དམག་མི་ཚང་མ་ཡང་སྤྲུལ་བ། བཙུན་མོ་ཐམས་ཅད་ཀྱང་སྤྲུལ་བ། ག་ཚོད་ཀྱིས་མི་དང་མིའི་སྤྱི་ཚོགས་ལས་འདས་པ་ཡིན་ན་དེའི་ཚོད་ཀྱིས་ཡག་ག་ཞིག་ཏུ་མཐོང་གི་ཡོད་པ་འདྲ། འུ་གཉིས་ཀྱིས་ལོ་རྒྱུས་ལ་ལྟ་སྟངས་རྦད་དེ་ལོགས་ཀ་རེད། རང་གིས་མཁན་པོ་ནོ་མིན་ཧན། མཁན་པོ་ནོ་མིན་ཧན་ཟེར་ནས་དེ་ཁ་ཏོན་བྱས་ལ་སྡོད། ངས་ཏུན་ཧོང་ཁ་ཏོན་བྱས་སྡོད་གི་ཡིན། གསེར་དང་རག་གི་ཁྱད་པར་མི་ཤེས་མཁན་ཞིག་ལ་འདི་གསེར་རེད་ཟེར་ནས་ག་ཚོད་བཤད་ཀྱང་གེ་གེ་ཤེས་གི་མ་རེད། བོང་ལིའི་རྣ་ནང་ལ་ཆོས་བཤད་ན་ཤེས་གི་མ་རེད། ཕྱི་རྒྱལ་བ་ཏུན་ཧོང་གི་ལོ་ཚིགས་གཞིར་འཛིན་མཁན་དེ་ཚོ་ཡག་རབས་བརྒྱན་རབས་ཟེར་ནས་བསྟོད་པ་བྱས། བོད་ཀྱི་མཁས་པ་ཏུན་ཧོང་གཞིར་འཛིན་མཁན་དགེ་ཆོས་དང་དུང་དཀར་ཚང་ལྟ་བུར་མ་བརྟག་གཡམ་རྒྱུག་རེད། མི་ལ་མགོ་སྐོར་གཏོང་གི་འདུག པགས་པ་བཤུ་གི་ཡིན་ཟེར་བ་ལྟ་བུའི་སྐད་ཆ་བཤད་ན་དངོས་གནས་དམར་སྲུང་དམག་སེམས་ལ་འཆར། གྲལ་རིམ་འཐབ་རྩོད་བྱེད་སྟངས་ལྟ་བུ་འདི་ཚོ་ཅི་ཡིན་ནམ། ད་རུང་ངལ་རྩོལ་མི་མང་ཟེར་བའི་ཚིག མེ་རི་གཏོར་མཁན་ཟེར་བ་ལྟ་བུ་རང་ཉིད་དམར་སྲུང་དམག་བཀྲུས་ན་མི་དག་པ་ཞིག་ཡིན་པ་ཕྱོགས་དུ་མ་ཞིག་ནས་ར་སྤྲོད་བྱས་ཚར་ཡོད་པ་རེད་དེ་ད་རུང་ཅིག་ཁྱི་ལབ་འདྲ་ཞིག་རྒྱག་ཁ་བྱེད།
ཁྱེད་རང་ཏུན་ཧོང་ལ་སྡང་ས་གཅིག་སྲོང་བཙན་སྒམ་པོའི་ལོ་༣༤བཏང་བ་དེ་ཡིན་པ་འདྲ། དགོངས་དག་ཁོང་གི་སྐུ་ཚེ་མར་སྲིངས་ཐབས་ཐབས་ཤེས་འཐེན་པ་ཡིན་དེ་ཐབས་མི་འདུག ཡར་བསྲིང་རྒྱུ་ཡིན་ན་འཁྲུངས་ལོ་ས་གླང་གི་ལུགས་དེ་དྲུག་ཅུ་སྐོར་ཅིག་ཡར་སྣུར་ན་ཏག་ཏག་ ༦༤༩ གྲོངས་པ་བྱས་ན་ལོ་བརྒྱད་ཅུ་རེད། ངས་གོང་གི་༦༥༠ དེ་ནོར་འདུག ཐང་བོད་དང་གཞན་ལོ་རྒྱུས་སྨྲ་མཁན་དུ་མ་ཞིག་ནས་ ༦༥༠ བྱས་འདུག དགེ་ཆོས་ཀྱང་དེའི་ནང་ཡོད་བསམ་སོང་། དངོས་སུ་ན་ ༦༤༩ རེད། སྔོན་མ་ཞིག་གི་བགྲོ་གླེང་སྐབས་ ༦༤༩ ཡིན་པའི་རྒྱུ་མཚན་གསལ་པོར་བཤད་ཡོད། ཡང་མིན་ན་ཏུན་ཧོང་གི་ལོ་ཚིགས་གནད་བསྡུས་ལ་ཡག་པོར་ཞིབ་ན་ཤེས་གི་རེད།
རི་སྤྱང་ཁེར་འགྲོ།
ཁྱེད་རང་གིས་གོང་གི་དཔེ་ཆ་དེ་ཀློག་ཡོད་ན་དེའི་ནང་གི་དམག་གི་སྐོར་དེ་དྲ་གྲོགས་ཚོར་ངོ་སྤྲོད་ཐུང་ཙམ་བྱས་ན་མི་ཆོག་གམ། དམག་འགྲོ་སྟངས་དེ་ང་ཚོའི་རྒྱལ་རབས་ནང་ཅུང་གསལ་པོ་ཡོད་པ་རེད་སྙམ། གཞན་ཁྲབ་ཀྱི་སྐོར་དེ་དམིགས་བསལ་བ་ཁྲབ་ཀྱིས་མི་རྟ་གཉིས་ཀ་ཁེབས་ཀྱི་ཡོད་པ། ཡང་མོ་དང་འཐབ་བདེ་བོ་ཡོད་པ་ལྟ་བུ་དེ་འདྲ་ཐ་ཐོར་རེ་དབྱིན་རྩོམ་རེ་ལས་མཐོང་བ་ལས་གཞན་མ་མཐོང་། འབྲུག་ཐར་གྱིས་བྲིས་པའི་བོད་བྱང་ཤར་གྱི་བོད་ཀྱི་ཚོ་བའི་ལོ་རྒྱུས་ནང་། ཁྲབ་རྨོག དམག་རྒྱག་སྟངས་ཀྱི་འཐབ་བྱུས་སོགས་ཞིབ་ཚགས་བྲིས་འདུག གོན་རྒྱུ་ག་རེ་ག་རེ་ཡོད་མེད་སོགས་འདུག
ཧོར་གླིང་གི་དམག་འགྲོ་སྟངས་དང་གནའ་བོའི་བོད་དམག་འགྲོ་སྟངས་གཉིས་མཚུངས་ཀྱི་མེད་པ་འདྲ། ཁྲབ་གོན་སྟངས་ཀྱང་ཧོར་གླིང་ནང་རྟ་ལ་ཁྲབ་གཡོགས་ཡོད་པའི་དོ་སྣང་མ་བྱུང་། དང་པོ་དཔའ་བོའམ་དམག་དཔོན་ཞིག་ཁེར་རྒྱུག་བྱེད་པ་དེ་ཡོ་རོབ་ཀྱི་དམག་འཁྲུག་དེ་ཚོའི་ནང་མཐོང་རྒྱུ་འདུག་ག
དེ་ནས་སྨད་ཀྱི་དཔའ་སྡེ་ཚོ་དགྲའི་སོ་ཁའི་སྟེང་རྒྱུག་སྐབས་རྟ་བ་དགུ་སྒྲིག་བྱས་རྒྱུགས་པའི་སྲོལ་དེ་ཡང་ཧོར་གླིང་ནང་མཐོང་མ་སོང་།
ཨ་ལེ་དང་པོ་ཁྱེད་ཀྱིས་དེབ་དེའི་ནང་ནས་དམག་གི་སྐོར་ཅུང་མར་ཕྲིས་དང་། དེ་ནས་ང་ཚོས་ཁ་བརྡ་བྱེད། གློའུ་རྒན་ན་ཡང་གློའུ་བཤད་རྒྱག་རྒྱུ་དེ་རེ་ཡོད་ན་ཐང་།
ཧཧཧ་།་ང་དངོས་གནས་དགོད་རྒྱུ་ཡོང་གིན་ཡ་།་དབྱིན་རྩོམ་རེ་ལས་ཞེས་རང་གིས་རང་གིས་དབྱིན་ཇིའི་ཀློག་ཤེས་བ་འདྲ་བ་ཞིག་ཀྱང་བྲིས་འདུག་།་ཁ་སང་ཤིག་ལ་མཚན་མཐུན་ཆང་ས་རྒྱག་པའི་སྐོར་ལས་འཕྲོས་བའི་དབྱིན་ཇིའི་ཚིག་གཉིས་བྲིས་ཡོད་པ་དེས་དབྱིན་ཇིའི་ག་འདྲ་ཤིག་ཤེས་གིན་ཡོད་མེད་ཧ་གོ་ཡོང་གིན་འདུག་།་དམག་དཔུང་ཁྲིད་སྟངས་།་དམག་སྣ་འདྲེན་སྟངས་།་དམག་སྒར་རྒྱག་ཚུལ་།་མཁར་རྫོང་གཏོར་ཚུལ་།རབས་ཁ་སྲུང་ཚུལ་།་རྨོག་།དར་འཕྲུ་།་སྒ་འགྱུར་བྱ་ཚུལ་།་གྲངས་ལས་ག་ལ་འདས་།་ཁྱེད་ལྟ་བུ་བློ་ཁོག་ཁབ་མིག་ལས་དོག་པ་ཞིག་གིས་འདི་ཚོ་བསམ་བློ་གཏོང་ཤེས་གིན་མ་རེད་།
གོང་གི་རི་སྤྱང་གི་དེབ་དེ་ངོ་སྤྲོད་ཅིག་གི་ནང་། སོག་སྐད་བཤད་མཁན་གྱི་འ་ཞ་ཟེར་བ་ལྟ་བུ་ཞིག་འདུག དེ་ཅི་ཡིན་ནམ། ཁྱེད་རང་གིས་འ་ཞའི་སྐོར་རང་གི་བསམ་ཚུལ་ཞིག་གླེང་ན་མི་ཆོག་གམ།
ཨ་མདོའི་བྱང་རྒྱུད་ཚང་མ་འ་ཞའི་ཁོངས་རེད་འདོད་དམ། སྨད་ཀྱི་དཔའ་སྡེ་གསུམ་གྱིས་རྒྱ་འདུལ་སྐབས་ཀྱང་
་་རྨ་སྦོམ་ར་མན་ཆད། ཀ་ཐང་ཀླུ་ཚེས་ཡན་ཆད་ན་འཐོང་ཁྱབ་སྲིད་སྡེ་དགུ་དང་འ་ཞ་སྟོང་སྡེ་དྲུག་ཟེར་ནས་འ་ཞ་ཡང་བགྲངས་འདུག་ག
ཨི་ནས་མཁན་པོ་ནོ་མིན་ཧན་གྱིས་ག་རེ་གནང་རེད། མུ་མཐུད་ད། མའོ་ཙེ་ཏུང་གིས་གཞན་སུ་ལ་དཔེ་བལྟས་རེད
ཡ་ཡ། ཡིན་གོ ཞེ་གི་རྣ་བ་གཏོད་ལ་ཉོན ད་ངས་བཤད་གི་ཡིན།
ཨ་ལ ངས་ད་རུང་མི་བཤད།
ྕཆི་གཉི་གི་རྡུལ་གཙུབ་དང་ངས་མི་རིག་གི སྡོད་གོ་རྡུལ་ཡལ་གི་ཞིག་ར། ད་ངས་དེབ་དེ་ནང་གི་དམག་རྒྱག་སྟངས མཁར་བཤིག་སྟངས། སྒ་རྒྱག་སྟངས། རྟ་ཞོན་སྟངས་ ཁྲབ་དང་རྨོག་གྱོན་སྟངས། དམག་གཤར་སྟངས། མཚོན་ཐོག་སྟངས། གྲི་གཡུག་སྟངས། མདའ་འཕེན་སྟངས། མདུང་འཕེན་སྟངས། ཀི་འདེབས་སྟངས་སོགས་ཆུ་ངོགས་གཏམ་རྒྱུད་ནང་གི་ཀློག་བརྙན་ནང་བཞིན་བཤད་ཡ།
ཨ་ལ་ཀུ་རེ་ཡིན། དམག་གཤར་སྟངས། མཚོན་ཐོགས་སྟངས། གཡུལ་བྱེད་པའི་རྣམ་པ་འདྲ་བྲིས་ཡོད་པ་མི་དྲན་གི། འཇང་ནས་འཐབ་པ། ཨན་ཞི་སྡེ་བཞི་ནས་འཐབ་པ།ཕ་མིར་གངས་རིའི་ཕར་རྒྱབ་ཚུར་རྒྱབ་ནས་འཛིང་བ། ཝུའུ་ཡ་ཧད་དང་ཇི་མ་ཁོལ་ནས་རྒྱག་རེས་བྱས་པ་སོགས་བྲིས་ཡོད་པ་དྲན་གི།
འོ་རི་སྤྱང་ཁེར་འགྲོ་།བརྗེད་འདུག་།་འ་ཞའི་སྐོར་ལ་འདི་ན་ཅིག་བྲིས་འདུག་།ཕལ་ཆེར་ཁུངས་དག་གིས་སྙམ་།་ས་ཁྲ་ཤིག་ཀྱང་འདུག་།
http://en.wikipedia.org/wiki/Tuyuhun_Kingdom
ཡ་ད་ཉལ་གི་ཡིན།
ཁ་སང་དེ་རིང་ཁ་བརྡ་ཚང་ནས་ཉུག་རྒྱོ་མང་ཐ། ད་འདི་གེ་མུ་མཐུད་དེ་ཉུག་རྒྱོ་མང་ན།
ཆུང་མས་རྡུང་ཡོང་ས་རེད། མྱི་དཀར་ཆབ་བོའི་གསང་སྤྱོད་འཁྲུས་རྒྱོའི་ལས་ཀ་དེ་ར་ཤོར་ས་རེད། ད་བདེ་མོ། གཉིད་ཆག་གི་གཞིག་འེ་ཆི་ཡེ། དེ་ལས་སྐྱིད་པོ་བྱོས། བསོད་མོ་བྱོས།
ཨ་མདོའི་མི་རིགས་འདི་མི་བོད་རིགས་དང་སོག་རིགས་རྒྱ་རིགས་སོགས་མི་རིགས་མང་པོ་འདྲེས་པ་ཞིག་ཡིན་པ་ཐག་གིས་ཆོད། མི་བདེན་བསམས་ན་ངོ་གདོང་དཀར་པོ་ཡོད་པའི་ཨ་མདོ་བ་ཞིག་དང་སོག་པོ་ཞིག་རྒྱ་མི་ཞིག་གསུམ་མཉམ་དུ་བཞག་ནས་སུ་ཨ་མདོ་བ་རེད་དྲིས་དང་ལན་འདེབས་ཅུང་ཁག་པོ་ཡོད། མི་རིགས་མཉམ་འདྲེས་ཡིན་དུས་སོག་པོ་རེད་ཟེར་ནས་ཕར་གཅོད་རྒྱུ་ཅང་མི་འདུག ངའི་ཕ་ཡུལ་གྱི་སོག་པོ་ཟེར་བའི་མི་རིགས་འདིས་བོད་ལྭ་གྱོན་སྐད་སྐད་འཆད་བོད་ཡིག་འབྲི་རྩ་ལམ་དུ་བོད་མིའི་ཁྲག་རྒྱུད་ཡོད་པས་དེ་ལས་ལྷག་པའི་བོད་པ་ཡིན་ལུགས་ཤིག་མི་འདུག རྩ་བ་ནས་མ་འགྱུར་བའི་བོད་པ་ནི་ད་ལྟའི་ལ་དྭགས་དང་ཁུ་ནུ་ཕྱོགས་ཀྱི་མི་རིགས་དེ་ཙམ་ཞིག་ཨེ་ཡིན། དེ་མ་གཏོགས་མི་རིགས་གཞན་དང་མ་འདྲེས་པའི་བོད་རིགས་ཤིག་དཀོན་ཚོད་རེད།
་་་་་་་་ལོ་དྲུག་གམ།་་་་་་་ ༸རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་མཆོག་གིས། ་་་་མེས་བློན་གོང་མའི་ཞལ་ཆེམས་ནང་ལ། ཤོག་གྲངས་༦༡ལ། ་་་རྒྱ་བཟའ་བོད་དུ་ཕེབས་ནས་༼ལམ་ལ་ལོ་གསུམ་༽འགོར་ཞིང་་་་་གསུངས་པ་ལ་མཆན་བུ་གང་ཡོད་དམ།
ཁ་བརྡ་ཟེར་བའི་དྲྭ་མཛོད་འདི་དུས་ཚོད་མ་སོང་བའི་སaེམས་སྐྱོན་ཅན་རྣམས་ཀྱིས་སྨྱོ་གཏམ་བཤད་ས་རེད་འདུག་
དེ་ལ་ཡ་ལན་བྱ་ཡུལ་མི་འདུག་གོ
ངས་ད་བར་བོད་རིགས་སྤྱི་སྐད་ཅིག་ཡིག་ཐོག་ཏུ་ཕབ་རྒྱུར་འབད་ཀྱང་། བོད་ཀྱི་རྒྱལ་རབས་ནི་ཡིག་རྙིང་ཁ་ཐོར་ལོ་རྒྱུས་རྙོག་འཛིངས་ཅན་མང་པོ་མཐོང་བགྱིང་འདུག ངའི་རྨོངས་ཚོད་ཅིག་ནི།
རྒྱ་བཟའ་གདན་འདྲེན་སྐོར་ལོ་དྲུག་ལྷག་རིང་གི་སྒྲུང་སྙན་པོ་མང་པོའི་ཚབ་ཏུ། བློན་པོ་མགར་གྱིས་ལོ་དྲུག་རིང་དམག་འཐབ་དྲག་པོས་བཙན་ཤུགས་ཀྱིས་བཙན་མོ་ཀོང་ཇོ་བཙན་འདྲེན་བྱས་པ་མིན་ནམ་སྙམ།
གོང་དུ་རི་སྤྱང་ཁེར་འགྲོས་ཨན་ཞི་སྡེ་བཞི་ནས་དམག་འཁྲུག་རྒྱབ་པའི་ལོ་དེ་ཕལ་ཆེར་ ལྕགས་རྟ་༦༧༠ ཡིན་པ་འདྲ།
མགར་གྲོངས་པའི་ཕྱི་ལོ་འབྲུག་གི་ལོར ༦༦༨་ཇི་མ་ཁོལ་དུ་དགྲ་བཞེར་བརྩིགས་པ་དེ་དྲུ་གུའི་ཕྱོགས་སུ་དམག་འཁྲུག་ཆེན་པོ་ཞིག་རྒྱག་རྒྱུའི་་གྲ་སྒྲིག་ལྟ་བུར་མངོན། དེ་ནས་ ༦༦༩ ལོར་བཙན་པོ་ཟྲིད་ཀྱི་ལྡུ་ནག་ན་བཞུགས་ཤིང་འ་ཞ་མང་པོས་ཕྱག་འཚལ། ༦༧༠ རྟའི་ལོ་ལ། བཙན་པོ་འོ་དང་ན་བཞུགས་ཤིང་ཇི་མ་ཁོལ་དུ་དགྲ་མང་པོ་བཏུངས་ཕར་ལོ་གཆིག་་ ཅེས་འདི་ཙམ་ལས་བྲིས་མེད་ཀྱང་། དོན་གྲུབ་རྒྱལ་གྱིས་ཏུན་ཧོང་གི་ལོ་ཚིགས་གནད་བསྡུས་དང་ཐང་བོད་གསར་རྙིང་གཉིས་ནང་གི་ལོ་རེའི་ལོ་རྒྱུས་གནད་ཆེན་དག་མཉམ་གཅིག་ཏུ་བཀོད་ནས་བྲིས་ཡོད་པའི་ནང་།
སྤྱི་ལོ་༦༧༠ (ལྕགས་ཕོ་རྟ) ཐང་ཀོ་ཙུང་ལི་ཀྲི ཞན་ཧན་ཁྲི་ལོ་དང་པོ།
ཐང་ཡིག་རྙིང་པའི་ནང་། བྷོད་དམག ་་ལི་ཡུལ་པ་རྣམས་དང་བསྡོངས་ནས་ཆིག་ཚི་གྲོང་ཁྱེར་གྱི་པོ་ཧན་མཁར་དབང་དུ་བསྡུས། དེ་ནས་ཨན་ཞི་སྡེ་བཞི་བྷོད་ལ་ཤོར། ཡུལ་ཝེ་ཝེ་དམག་དཔོན་ཆེན་མོ་ཞོས་རིན་ཀོས་སོགས་ཀྱིས་དམག་མི་འབུམ་ཕྲག་གཅིག་ཁྲིད་དེ་ཏ་ཧྥེ་ཁྲོན་དུ་སླེབས། ཁྲི་འབྲིང་གིས་བཀག་སྟེ་རྒྱ་དམག་ཕམ། བོད་དམག་གིས་འ་ཞ་བཅོམ་སྟེ་ས་ཡང་བདག་གིར་བཟུང་། ་་ཞེས་འདུག
གསར་མ་ནང།
ཞན་ཧན་གྱི་ཁྲི་ལོ་དང་པོའི་ཟླ་བཞི་པར། ཞོས་རིན་ཀོས་སོགས་དམག་མི་ཁྲི་ཚོ་བཅུ་ལྷག་དང་བཅས་ཏེ་བྷོད་ཀྱི་དམག་བློན་ཁྲི་འབྲིང་གིས་ཕམ་པར་བྱས། དེ་ནས་འ་ཞའི་ས་ཆ་བོད་ཀྱིས་བཟུང་ཞེས་འདུག
བར་སྐབས་འདི་བློན་ཆེན་པོ་བཙན་སྙའི་སྐབས་རེད། འཕྲོས་བཤད་ཐུང་ཙམ་བྱས་ན་
གོང་གི་ལྕགས་རྟ་ནས་བརྩིས་པའི་ལོ་དྲུག་པ་ བྱི་བའི་ལོ་སྟེ་ ༦༧༦ ལོའི་དགུན་ཚང་བང་སྣ་ནས་ཁྲི་མང་སློན་དགུང་དུ་གཤེགས་ཤིང་། བཙན་པོ་སྲས་ཁྲི་འདུས་སྲོང་སྒྲེགས་ཀྱི་ལྷ་ལུང་དུ་བལྟམས་འདུག
བློན་བཙན་སྙས་ཕར་་དྲུ་གུ་ཕྱོགས་སུའང་དཔུང་འཇུག་གི་མགོ་བརྩམས་དེ་ལྡུམ་བུ་ཁྲི་བཤོས་ཁྲོམ་བླངས། འདི་ནས་ལོ་བཞིའི་རྗེས་སུ་ ༦༨༠ འབྲུག་ལོ་ལ་ཐང་ཡིག་ལྟར་ན་ཀོང་ཇོ་གྲོངས། ཏུན་ཧོང་ནང་ཀོང་ཇོའི་གྲོང་ལོ་མི་གསལ། ༦༨༣ ལོའི་དགུན་ཁར་མདད་བཏང་བའི་གནས་ཚུལ་འདུག གྲོངས་ནས་ལོ་རེ་ཟུང་གི་རྗེས་མདད་གཏོང་བ་འདི་འདྲ་ཡང་སེ་མཐོང་རྒྱུ་འདུག སྲོང་བཙན་དང་ཁྲི་མང་སློན་གཉིས་ཀྱི་མདད་ལོ་གསུམ་པར་བཏང་འདུག ཀོང་ཇོ་༦༤༡ ལོར་བོད་དུ་གདན་དྲངས། ༦༨༠ ལོར་གྲོངས། བོད་དུ་ལོ་སུམ་ཅུ་སོ་དགུར་བཞུགས།
བློན་བཙན་སྙ་མཐར་༦༨༥ གླང་གི་ལོར་མགར་མང་ཉེན་སྟག་ཚབ་དང་བློན་ཆེན་པོ་བཙན་སྙ་གཉིས་བར་དམེ་བྱུང་སྟེ་བཙན་སྙ་གུམ། བཙན་སྙས་མགར་གྲོངས་ལོ་ ༦༧༧ ནས་༦༨༥ བར་ལོ་བཅོ་བརྒྱ་རིང་བློན་ཆེན་པོའི་གོ་གནས་བཟུང་། མཛད་རྗེས་ནི་གཙོ་བོ་འ་ཞ་སླར་དབང་དུ་བསྡུས་ཤིང་ལི་ཡུལ་དང་བསྡོངས་ནས་ཨན་ཞིའི་སྡེ་བཞི་དབང་དུ་བསྡུས། རྒྱའི་དབང་འོག་གི་ས་ཆ་འདི་ཚོར་རྒྱ་དྲུ་གུ་ཡང་ཟེར། རྒྱ་ཤ་ཅུའི་བུ་མོ་ཟེར་བ་དེ་ཚོའང་འདི་ནས་རེད། རྒྱ་དྲུ་གུ་དབང་དུ་བསྡུས་པ་མ་ཟད་དྲུ་གུ་ལ་དཔུང་འཇུག་གི་མགོ་བརྩམས། བཙན་སྙའི་སྐོར་ལ་བློན་རབས་ཐོར་བུའི་ནང་། བློན་པོ་མགར ་་ རྒས་ཏེ་གུམ་མོ། སྐྱིན་བར་ཞང་མོ་དང་འབངས་ཀྱིས་དཔྱའད་པ་ནི།། དབའས་སུམ་སྣང་བཅུག་ཀྲང་ཞེས་དཔྱད་དོ།། རྗེ་བློན་གསང་སྟེ་བཀའ་བཏགས་པ་ནི་།། མགར་བཙན་སྙ་ལྡོམ་བུ་རྟ་དང་། མཚུངས་རིགས་ཀྱིས་བློན་ཆེར་བཅུག་གོ། བློན་ཆེའི་ལུགས་སློབ་པའི་འོག་པོན་དབུས་སུམ་སྣང་གིས་བྱས་ཏེ་། སུམ་སྣང་གུམ་ནས། བློན་བཙན་སྙ་ལྡོམ་བུས་བྱས་སོ་་་ ཞེས་གསལ།
༦༨༥ ལོར་བཙན་སྙ་གྲོངས་རྗེས་བློན་ཁྲི་འབྲིང་བཙན་བྲོད་བློན་ཆེན་པོར་བཅུག ཁྲི་འབྲིང་གིས་དགུན་ཁ་གླག་གི་པུ་ཆུང་དུ་ཚོགས་འདུ་བསྡུས་ཏེ་བཙན་པོ་ཁྲི་འདུས་སྲོང་དུ་མཚན་གསོལ། དེ་སྐབས་བཙན་པོ་དགུང་ལོ་དགུ་ལ་སླེབས་ཡོད། ༦༨༧ ཕག་གི་ལོར་ཁྲི་འབྲིང་གིས་དྲུ་གུ་གུ་ཟན་ཡུལ་དུ་དམག་དྲངས། ༦༨༩ གླང་གི་ལོར་བཙན་མོ་ཁྲི་བང་འ་ཞ་རྗེ་ལ་བག་མར་གཤེགས། བློན་ཁྲི་འབྲིང་དྲུ་གུ་ཡུལ་ནས་སླར་འཁོར།
ཁྲི་འབྲིང་སླར་འཁོར་ནས་ལོ་གཉིས་པ ༦༩༢ ལོར་ཐང་ཡིག་རྙིང་མར། ཝང་ཞའོ་ཅེ་སོགས་ཀྱིས་ཨན་ཞི་སྡེ་བཞི་སླར་ཡང་དབང་དུ་བསྡུས་པ་བཀོད་འདུག་ལ། ཐང་ཡིག་གསར་མར། ཝུའུ་ཝེ་ཅུན་གྱི་སྤྱི་ཁྱབ་དཔོན་པོའི་ཐབས་ཡོད་པ་ཝང་ཞའོ་ཅེ་བྱས་བས་བྷོད་དམག་ཕམ་པར་བྱས ཆིག་ཚི་དང། ལི་ཡུལ། ཧྲུའུ་ལི། སོས་ཡེ་བཅས་སྡེ་བཞི་དབང་དུ་བསྡུས་ཞེས་གསལ། ཏུན་ཧོང་ནང་དམག་ཐོབ་པའི་སྐོར་མ་གཏོགས་ཤོར་བའི་སྐོར་བྲིས་མི་འདུག ཐང་ཡིག་གསར་རྙིང་ནང་ཐོབ་ཤོར་གཉིས་ཀ་བྲིས་འདུག
དེ་ནས་ལོ་ཤས་རྗེས་ནས་བློན་ཁྲི་འབྲིང་སྐྱར་དུ་འ་ཞར་ཕྱིན་ཞིང་རྒྱ་ནག་གི་ཕྱོགས་དམག་གི་མགོ་བཙུགས། ༦༩༤ རྟའི་ལོར་མགར་སྟ་གུ་སོག་དགིས་བཟུང་། ཏུན་ཧོང་ལྟར་ན ༦༩༥ ལུག་གི་ལོར་མགར་བཙན་ཉེན་གུང་རྟོན་གློ་བ་རིང་ཞིང་དགུན་ཁར་ཞལ་ལྕེ་བཅད་པར་བཙན་པོའི་བཀས་བཅད་དེ་གུང་རྟོན་བཀུམ། དེ་སྐབས་བློན་ཆེ་ཁྲི་འབྲིང་འ་ཞ་ཡུལ་དུ་བཞུགས་ཤིང་སྟག་ལ་རྒྱ་དུར་དུ་རྒྱའི་དམག་དཔོན་ཝང་ཞང་ཤོ་དང་གཡུལ་སྤྲད་དེ་རྒྱ་མང་པོ་བཀུམ་འདུག ཐང་ཡིག་གསར་མར། རྒྱ་བོད་ཀྱི་དམག་འཁྲུག་ཆེན་པོ་འདི་ ༦༩༦ མེ་སྤྲེལ་ལོ་ཡིན་པར་བཤད། ལོ་གཅིག་གི་ཁྱད་པར་འདུག དེའི་ནང་། ཝང་ཞའོ་ཅེ་དང་ལིག་ཧྲི་ཏེ་གཉིས་ཀྱིས་རི་བོ་སུའུ་ལོ་ཝན་དུ་བྷོད་ཀྱི་དམག་དཔོན་བློ་ཁྲི་འབྲིང་བཙན་བྲོད་ལ་འཐབ་སྟེ་རྒྱ་དམག་ཕམ་ཞེས་འདུག ཏུན་ཧོང་ནང་། བློན་ཁྲི་འབྲིང་གིས་རྒྱའི་་དམག་དཔོན་ཝོང་ཀེར་ཞང་ཤེ་ཟེར་བ་ཞིག་དང་ཁ་ཤགས་རྒྱག་རེས་བྱས་གཏམ་ཉམས་མཚར་ཅན་མང་པོ་བཤད་ཡོད་པ་དེ་འདི་སྐབས་ཡིན་འདུག ཐང་ཡིག་ནང་ཝང་ཞའོ་ཅེ་ཟེར་ནས་བྲིས་འདུག རུས་མིང་ཝང་ཡིན་པ་ཚང་མ་མཐུན།
དེ་ནས་ ༦༩༨ ཁྱི་ལོའི་དགུན་ཁར་བློན་ཆེན་པོ་ཁྲི་འབྲིང་གིས་ཙོང་ཀ་ཆེ་ཆུང་དུ་དམག་དྲངས་ཏེ་རྒྱའི་དམག་དཔོན་ཆེན་པོ་ཐུག་པུ་ཤི་བཟུང་ནས་མཚོ་སྔོན་ཕྱོགས་སུ་སྔ་ཕྱིར་དམག་འཁྲུག་གཉིས་ལ་རྒྱལ་ཁ་བླངས་ཀྱང་། དགུན་ཐོག་དེ་རང་ལ་ཁྲི་འབྲིང་ལ་བཀྱོན་ཕབ་ནས་མགར་རྒྱུད་ཀྱི་སྟོབས་ཤུགས་ཡོངས་སུ་ཉམས། ༦༩༨ ལོའི་དོན་རྐྱེན་འདི་ཡང་ཐང་ཡིག་གསར་མར་ ༦༩༩ ཡིན་པར་བཤད། དེ་ལའང་ལོ་གཅིག་གི་སྔ་ཕྱི་འདུག དེའི་ནང་། བཙན་པོ་ཁྲི་འདུས་སྲོང་གིས་རི་དྭགས་རྔོན་པར་ལྗགས་གཡར་ཏེ་དམག་བསྡུས་ཤིང་། ཁྲི་འབྲིང་ལ་གློ་བ་ཉེ་བ་ཉིས་སྟོང་ལྷག་བཟུང་ནས་བསད། ཕོ་ཉ་མངགས་ཏེ་ཁྲི་འབྲིང་དང་བཙན་བྲོད་གཉིས་ལ་སྐད་བཏང་ཡང་། ཁྲི་འབྲིང་གིས་དམག་ཤུགས་ལ་བརྟེན་ནས་བཀའ་མ་བརྩིས། དེར་བཙན་པོས་རུ་སྣ་དྲངས་ཏེ་རྒོལ་དུ་ཕྱིན་པ་ལ། གཡུལ་མ་སྤྲད་པར་ཁྲི་འབྲིང་གི་དཔུང་འཐོར་བས་། ཁྲི་འབྲིང་གིས་རང་སྲོག་བཅད། བཙན་བྲོད་ཀྱིས་རང་གི་འཁོར་སྟོང་ཕྲག་གཅིག་ལྷག་དང་གཅེན་པོའི་སྲས་མང་པོ་རྗེ་སོགས་ཁྲིད་དེ་ཐང་ལ་མགོ་འཛུལ། འདི་ལྟར་དམག་འཐབ་ལ་མཁས་པའི་མགར་གྱི་དབང་ཤུགས་མཇུག་རྫོགས་པར་གྱུར།
ཡིན་ནའང་། བཙན་པོ་ཁྲི་འདུས་སྲོང་ནི་སྐུ་ཆུང་ངུ་ནས་ཕག་རྒོད་ལ་བཤན་གྱིས་མཛད། གཡག་རྒོད་སྒྲོག་ཏུ་བཅུག སྟག་གི་རྣ་བ་ལ་བཟུང་བ་སོགས་བྱེད་པ། སྐུ་རྩལ་ཆེ་ཞིང་ཐུགས་སྒམ་པ། མྱི་ཕལ་བ་ལས་འཕགས་པས་མཚན་ལའང་རླུང་ནམ་འཕྲུལ་གྱི་རྒྱལ་པོར་ཐོགས མགར་ལ་སོགས་གློ་བ་རིངས་པ་ཐམས་ཅད་བཀྱོན་ཕབ། སླར་ཡང་དྲུ་གུ་སོགས་འབངས་སུ་བཀུག མཁར་སྲ་བ་ཕབ། ཡུལ་ཕྱུག་པོ་བཅོམ་ནས་ཆབ་སྲིད་སྔར་བས་མཐོ་བར་བྱས། དེ་ནས་ཤར་ཕྱོགས་འཇང་གི་ཕྱོགས་སུ་ཆབ་སྲིད་མཛད་དེ་མྱྭ་དཀར་པོ་དཔྱ་ཕབ། མྱྭ་ནག་པོ་འབངས་སུ་བཀུག་པའི་ལོ་རྒྱུས་སོགས་འབྲི་བའི་ངལ་བ་མི་བྱེད་དོ།
ཏུན་ཧོང་དང་ཐང་ཡིག་གཉིས་བར་ལོ་གཅིག་གི་སྔ་ཕྱི་ཡོད་པ་དེ་འདྲ་ཁ་ཡར་འདུག སྲོང་བཙན་གྲོངས་ལོར་ཡང་ཐང་ཡིག་ནང་༦༥༠ བྲིས་འདུག ཏུན་ཧོང་ལྟར་ན་༦༤༩ ལོ་རེད། ཏུན་ཧོང་ནང་། བློན་ཁྲི་འབྲིང་གིས་རྒྱའི་་དམག་དཔོན་ཝོང་ཀེར་ཞང་ཤེ་ཟེར་བ་ཞིག་དང་ཁ་ཤགས་རྒྱག་རེས་བྱས་གཏམ་ཉམས་མཚར་ཅན་མང་པོ་བཤད་ཡོད་པ་དེ་འདི་སྐབས་ཡིན་འདུག ཐང་ཡིག་ནང་ཝང་ཞའོ་ཅེ་ཟེར་ནས་བྲིས་འདུག རུས་མིང་ཝང་ཡིན་པ་ཚང་མ་མཐུན། ཉུང་ཉུང་ཞིག་འབྲི་དགོས་བསམས་ཀྱང་རྟ་ཁ་འཚིན་མ་ཐུབ་པར་མར་ཅུང་ཤོར་སོང་།
ངའི་མཆན་༡༣༢ མཇུག་གི་ བློན་ཁྲི་འབྲིང་གིས་རྒྱའི་་དམག་དཔོན་ཝོང་ཀེར་ཞང་ཤེ་ཟེར་བ་ཞིག་དང་ཁ་ཤགས་རྒྱག་རེས་བྱས་གཏམ་ཉམས་མཚར་ཅན་མང་པོ་བཤད་ཡོད་པ་དེ་འདི་སྐབས་ཡིན་འདུག་ཟེར་བ་འདི་ཚིག་ལྷག་ཤོར་འདུག དགོངས་འགལ་མེད་པ་ཞུ།
The Tuyuhun Government was split between the pro-Tang and pro-Tibet fractions, with the latter increasingly becoming stronger and collaborated with Tibet to bring about an invasion. The Tang sent general Xue Rengui to lead 100,000 troops to fight Tibet in Dafeichuan (present Gonghe County in Qinghai). They were annihilated by the ambush of 200,000 troops led by Dayan and the Tibetans, which was the biggest debacle in the Tang history and formally brought the Tuyuhun Empire to an end.
ཇི་མ་ཁོལ ལམ་ ཆེ་མ་ཁོལ་འདི་ཕལ་ཆེར་གོང་གི་Dafeichuan་འདི་ཡིན་བསམ་སོང་། འདི་ཆབ་ཆ་ན་ཡོད་འདུག ནང་དོན་ཆུ་ཆེན་མ་ཡིན་ཟེར་བ་ཡིན་ཚོད།
ད་ཡིན་ན་ཁོལ་འདི་སོག་སྐད་ནང་ཆུ་ལ་འཇུག་གིན་ཡོད་པ་འདྲ། ཏ་ཧྥེ་ཁྲོན་འདི་རྒྱ་སྐད་དང་ཏ་ནི་ཆེན་པོ་དང་ཧྥེ་ནི་མིན་དང་ཁྲོན་ནི་ཆུ་རེད་འདུག
ཆབ་ཆ་ཡོད་ན། ཝུའུ་ཡ་ཧད་མཚོ་ནག་ཁ་ཏ་འདྲ་བོ་དེ་དང་ཆེ་མ་ཁོལ་འདི་གཉིས་གང་དང་གང་ཞིག་ཡིན་ནམ་སྙམ།
ད་རང་གིས་བསམས་ནོ་བྱོས། ཏུན་ཧོང་ནང་ལྟར་ན་དམག་འཁྲུག་དེ་ཚོ་ས་གནས་རིམ་པ་བྱས་ཕར་བྱང་རྒྱུད་ནས་བྱང་རྒྱུད་ལ་རྒྱབ་ཕྱིན་པ་ངོ་འཕྲོད་རྒྱུ་ཡོད་ནི་རེད། དམག་རྒྱག་སྟངས་དང་ཁ་ཕྱོགས་གང་ལ་བལྟས་ན་ཕར་བྱང་ངོས་ཡིན་དགོས་པ་འདུག་སྙམ། རྗེས་སུ་ཨན་ཞི་ཕྱོགས་ནས་བོད་དམག་ཕམ་རྗེས་ཁྲི་འབྲིང་གི་དུས་ནས་ཁ་ཚུར་རྒྱ་ནག་ཕྱོགས་སུ་སླར་དཀྱུས་ཡོང་ཡོད་ནི་རེད། དེ་ནས་མིང་ཆེ་མོ་ཟེར་བ་ཡང་འབྱོར་གི་འདུག
ཇི་མ་ཁོལ་དུ་དྲུ་གུ་ཕྱོགས་སུ་དམག་རྒྱག་པའི་ཆེད་དགྲ་རྫོང་རྩིགས་པ་གསལ་བོ་རེད་མོད། དགྲ་རྫོང་རྒྱག་ས་དེ་མཚོ་ནུབ་ཡིན་ན་ཕར་དགྲ་འཐབ་བྱེད་ས་དང་བར་ཐག་རིང་དྲགས་པ་མ་རེད་དམ། དགྲ་རྫོང་དེ་ཤར་ཕྱོགས་སུ་རྒྱ་ནག་ལ་དམག་རྒྱག་པའི་ཆེད་ཡིན་ན། དགྲ་རྫོང་རྒྱབ་པའི་རྗེས་ནས་ཤར་ཕྱོགས་སུ་དམག་མི་རྒྱག་པར་ཕར་དྲུ་གུ་ཕྱོགས་སུ་དམག་ཅི་ལ་རྒྱབ་པ་རེད།
ཇི་མ་ཁོལ་གྱི་དགྲ་རྫོང་དེ་༦༦༨ལོ་མགར་སྟོང་བཙན་གྲོངས་པའི་རྗེས་ལོ་དེར་རྒྱབ་པ་རེད། དེ་ནས་བློན་ཆེ་བཙན་སྙའི་ལོ་རེའི་མཛད་པ་བལྟས་ཡོང་ན་ཁ་བྱང་ལ་འཁོར་བསྡད་ཡོད་པ་རེད་མ་གཏོགས་ཁ་ཤར་ལ་འཁོར་ཡོད་པ་མ་རེད།
དེ་ནས་དེ་རིང་གི་ངས་ཝེ་ཁེ་ཕེ་ཌི་ཡ་ནང་གཞི་འཛིན་སའི་དབྱིན་རྩོམ་དེའི་ནང་ཨན་ཞི་སྡེ་བཞི་དེ་བོད་ཀྱི་ལག་ཏུ་ཤོར་བའི་ལོ་ཡང་༦༧༠ ལོ་རེད། ཏུན་ཧོང་གི་ནང་བཀོད་པའི་་ཇི་མ་ཁོལ་དུ་རྒྱ་མང་པོ་བདུངས་པའི་ལོ་དེ་ཡང་ ༦༧༠ རྟའི་ལོ་རེད། ད་གསལ་བོ་མ་རེད་དམ། ཨན་ཞི་སྡེ་བཞི་ལ་དམག་རྒྱག་ན་མཚོ་ལྷོར་དགྲ་རྫོང་རྒྱག་པ་དེ་འདྲེ་ཤར་སྒོར་གནས་པར་གླུད་ནུབ་སྒོར་གཡུགས་པ་མ་རེད་དམ།
ཁྱེད་རང་གིས་བསམས་ཚུལ་གསར་བ་བཏོན་པར་ཐུགས་རྗེ་ཆེ། ངས་རྗེས་སུ་བརྟག་དཔྱད་གཏོང་གི་ཡིན། དེ་ནས་རྒྱའི་ལོ་རྒྱུས་པའི་ནང་ཡང་ཇི་མ་ཁོལ་ཆེ་མོ་རྫོང་དུ་ངོས་འཛིན་པ་དེར་འདོད་པ་མེད་པ་འདུག
གཞན་གསལ་བཤད་བྱེད་རྒྱུ་ཞིག་ནི་ཨན་ཞི་སྡེ་བཞི་བོད་ཀྱི་དབང་འོག་མ་བཅུག་སྔོན་ནས་ལི་ཡུལ་གྱི་ས་ཆ་འགའ་རེ་བོད་ཀྱི་དབང་འོག་ལ་ཚུད་ཚར་ཡོད་པ་འདྲ། ཇི་མ་ཁོལ་ཡང་དེའི་ཁོངས་སུ་འགྲོ་དགོས་ཀྱི་འདུག ཨན་ཞི་སྡེ་བཞིར་དམག་རྒྱག་སྐབས་ལི་ཡུལ་གྱི་ཕྱོགས་ནས་བོད་ལ་མཉམ་རོགས་བྱས་པ་དེར་བལྟས་ན་ཤེས།
ངས་མཐའ་གཅིག་ཏུ་འདི་ལྟར་ཡིན་དགོས་ཟེར་གྱིན་མེད།
དོགས་སེལ་གནང་བ་བཀའ་དྲིན་ཆེ།
འདིའི་སྐོར་ལ་ད་དུང་སློབ་སྦྱོང་བྱེད་གི་ཡིན། བསམ་བློ་གཏོང་གི་ཡིན།
ད་རུང་གནས་ཚུལ་གཞན་ཞིག་བཀོད་ན། ཏུན་ཧོང་ནང་གི་བཙན་པོ་རིམ་བྱུང་གི་ལོ་རྒྱུས་ནང་། སྲོང་བཙན་གྱི་མཛད་པ་བརྗོད་སྐབས། སུམ་པ་དབང་དུ་བསྡུས་ཚར་རྗེས། ་་འུང་གི་འོག་ཏུ་བཙན་པོ་ཞབས་ཀྱིས་བཙུགས་སྟེ།།བྱང་ལམ་དུ་མ་བྱུང་མ་དྲངས་པར། རྒྱ་དང་འ་ཞས་དཔྱ་གཅལ་ལོ། ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ།་་ ཞེས་བྲིས་ཡོད་པ་རེད།
དེའི་སྐབས་ཀྱི་བྱང་ལམ་དེ་ཡང་། འ་ཞའི་ཡུལ་ནུབ་ཕྱོགས་ཀྱི་གཙོ་གནས་ཤིང་ཤན་དང་ཆེ་མོ་སོགས་ཡིན་ཚུལ་ “ཤིན་ཅང་ནས་རྙེད་པའི་རིག་དངོས་ཁྲོད་ཀྱི་རང་རྒྱལ་གནའ་རབས་སྤུན་ཟླ་མི་རིགས་ཀྱི་ལོ་རྒྱུས་རིག་གནས་”ཞེས་པ་དེའི་ནང་བཀོད་ཡོད་པ་གསལ། ཡིན་ན་ཡང་། དེ་ལ་རྒྱ་མི་ལོ་རྒྱུས་པ་ཀྲིག་ཝེ་ཀྲིག་གིས་བྲིས་པའི་ “འ་ཞའི་ལོ་རྒྱུས”ཞེས་པའི་ནང་། ཐང་ཟིན་གྱི་ནུབ་ཕྱོགས་གནས་སྐོར་ཟིན་བྲིས་ནང་། ཐང་ཟིན་ས་ཆ་དེ་བརྒྱུད་འགྲོ་དུས་ལི་ཡུལ་དེ་བོད་དང་འ་ཞ་གང་ལའང་གཏོགས་ཚུལ་བྲིས་མེད་པ་རྒྱུ་མཚན་དུ་བྱས་ནས་དོགས་སློང་བྱས་ཡོད་པའི་ཚུལ་ཁ་སྒང་བཀྲ་ཤིས་ཀྱི་བོད་ལི་མཛའ་མཐུན་འབྲེལ་བའི་སྐོར་དཔྱད་པ་ཟེར་བའི་མཇུག་མཆན་ནང་བཀོད་འདུག
ཡིན་ན་ཡང་། བོད་ཀྱིས་འ་ཞ་བཟུང་ལོ་དང་ཐང་ཟིན་རྒྱ་གར་ལ་བསྐྱོད་པ་གཉིས་དུས་མཉམ་གི་ཨེ་ཡོད་བསམས།
ཐང་ཟིན་བླ་མ་རྒྱ་གར་ལ་ཕྱིན་ལོ་ཐོན་མིའི་ཞལ་ལུང་ནང་ ༦༢༩ ཡིན་པར་བཤད་ཡོད་བསམས་སོང་།
དེའི་སྐབས་བོད་ཀྱི་གནས་སྟངས་ནི་ད་རུང་དབུས་ཁུལ་དུའང་གཅིག་གྱུར་བྱུང་མེད་པ་རེད། ཝན་རེན་སི་མེ་ཐི་ཡིས་༦༢༩ གནམ་རི་སྲོང་བཙན་གྲོངས་ལོར་བཤད། གལ་སྲིད་དེ་དེ་ལྟར་དུ་ཡིན་ན། དེའི་སྐབས་དེ ་་ཡམ་འབངས་ནི་འཁུས། ཡུམ་འབངས་ནི་ལོག གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉི་དགས་པོ། རྐོང་པོ།མྱང་བོ་ཀུན་ཀྱང་ལོག ཡབ་གནམ་རི་སློན་བཙན་དུག་བོན་ཏེ་བཀྲོངས་སོ།་་ ཟེར་བ་འདི་འདྲ་ཞིག་གི་སྐབས་རེད།
བཙན་པོ་བྱང་རོལ་གཤེགས་ཏེ་འ་ཞ་བཟུང་ལོ་དེ་རྗེས་ལ་རེད། བོད་ཀྱིས་འ་ཞ་བཟུང་ལོ་ནམ་ཡུན་དེ་ལ་ཁུངས་ཕེར་བ་ཞིག་བཤད་རྒྱུ་མེད། ཝ་རེན་སི་མི་ཐིས་ ༦༣༧ དང་༦༣༨ བར་ཞིག་བྲིས་འདུག འ་ཞའི་ཁོངས་སུ་ད་ལྟའི་ཤིན་ཅང་ཤར་རྒྱུད་ཀྱི་ས་ཆ་འགའ་རེ་ཡོད་ཚུལ་བརྗོད་པ་དེ་ཕལ་ཆེར་བདེན་པ་རེད་བསམ་བསམ་ཞིག་འདུག
མཆན ༡༣༢ ནང་། ་་རྒྱ་ཤ་ཅུའི་བུ་མོ་ཟེར་བ་དེ་ཚོའང་འདི་ནས་རེད་་ ཟེར་བ་དེ་ཡང་ནོར་ནས་ཚིག་ལྷག་ཤོར་འདུག དགོངས་དག
མདའ་ཚན་པ་ཚང་ལ་གྲོས་སུ་འདེབས་པ།
༡ ཨ་ལི་རྫན་ཊར སྦར་འཛིན་གྱིས་བོད་དམག་གིས་འ་ཞའམ་ ཐུ་ཡོ་ཧུང་རྒྱལ་ཁམས་ལ་༦༥༥་ནས་༦༦༦་བར་ཙམ་ལ་དཔུང་འཇུག་བྱས། མཐར་༦༧༢་ལོར་ཡོངས་སུ་བཏུལ།ཐུ་ཡོ་ཧུང་གི་བཙན་ཡོལ་བ་རྣམས་ལིང་ཀྲིག་ལ་བྲོས་ནས་ཐང་དམག་ལ་སྐྱབས་བསྟེན་བཅོལ ཟེར་བར་གཞིགས་ན་སྲོང་བཙན་གྱི་རིང་འ་ཞ་ཡོངས་སུ་མངའ་འོག་ཏུ་བཅུག་ཡོད་མི་འདུག
གནའ་སྔོ་མོའི་བོད་ཟེར་བའི་གླེགས་བམ་ནང་སྲོང་བཙན་སྐབས་འ་ཞ་འམ་ཐོ་ཡོ་ཧུང་རྒྱལ་ཁབ་ཆབ་འོག་ཏུ་བཅུག་པའི་ལོ་༦༣༤ དང་༦༤༡་བར། དེ་ཡང་ཕལ་ཆེར་༦༣༦་ཡིན་པར་ཁ་ཚོན་བཅད་འདུག
༢ ༦༥༨་མཚམས་དེར། ཐང་དམག་གིས་་ཀོ་ཏན་དང་ཀོ་ཆ་བཟུང་ཡོད་པར་མ་ཟད། ཀ་ཤི་མི་རི་བར་སླེབས་ཡོད་འདུག དྲུ་གུ་བྱང་མས་ཀྱང་རྒྱ་ལ་མགོ་འདོགས་བྱས་ཡོད་འདུག
༣ ཡང་། གནའ་སྔོ་མོའི་བོད་ཅེས་བའི་ལོ་རྒྱུས་གླེགས་བམ་ནང་།
བློན་པོ་མགར་གྲོངས་བའི་(༦༦༧)་རྗེས་བཙན་པོ་མང་སྲོང་གི་སྐབས་ཐང་བོད་གཉིས་ཀྱི་མཛའ་འབྲེལ་སྡུག་ཏུ་ཕྱིན།
འ་ཞའི་རྒྱལ་བོ་སྔོན་མ་ཞིག་ལིང་ཀྲིག་ཏུ་བྲོས་ནས་ཐང་དམག་ལ་མགོ་བཏགས། ༦༧༠་ལོར་ཐང་དམག་ཆིག་འབུམ་བོད་དམག་ལ་དམག་རྒྱག་ཏུ་སླེབས་པ་ཕམ་པར་བྱས། ཐང་དམག་གི་དམག་སྤྱི་གོ་ས་ནས་གནས་དབྱུང་བཏང་། ཁོང་ནི་ཐང་གི་ལོ་རྒྱུས་ཁྲོད་དམག་སྤྱི་གོ་གནས་ནས་གནས་དབྱུང་བཏང་བ་དང་པོ་དེ་རེད་ལབ་འདུག
དེ་ནས་བོད་དམག་གིས་སྟོད་ཀྱི་མཁར་བཞིའམ་ཨན་ཞི་སྡེ་བཞི་ལ་དཔུང་འཇུག་དེ། ༦༦༢་ཀྱི་སྔོན་ཙམ་ལ་བཙན་པོ་མང་སྲོང་གིས་དྲི་གུ་ནུབ་མ་དང་ལྷན་དཔུང་ཁག་སྒྲིལ་ནས་དར་ལམ་གྱི་རྒྱ་ནག་ཚང་གི་སྲུང་མཁར་དག་ལ་རྒོལ་བར་བརྩམས། ལི་ཡུལ་ཀོ་ཏན་ལ་༦༦༥ དང་ཀ་ཞི་སྒར་ལ་༦༦༣། ༦༦༧་ལ་ཞིན་ཅང་ནུབ་མཐའ་གྱི་ཝ་ཁན་ཟེར་བའི་ཡུལ་ཡང་བོད་འོག་ཏུ་བཙུད་ཟེར།དེ་ནས་༦༧༠་ལ་མཁར་བཞི་ཡོངས་སུ་བོད་འོག་ཏུ་བཅུག་ཟེར།།
ད་གོང་གི་མཁར་བཞིར་རྒོལ་བའི་ལོ་ཚིགས་ལ་བལྟས་ན། ཞིན་ཅང་ནུབ་མཐའི་ཀ་ཤི་སྒར་དེར་ལི་ཡུལ་གྱི་སྔོན་ལ་རྒོལ་འདུག
མཁར་བཞི་ཡོངས་སུ་བཟུང་བའི་ལོ་དེ་དང་་འ་ཞ་ནས་ཐང་དམག་ཆིག་འབུམ་་ཕམ་པར་བརྒྱབ་པའི་ལོ་མཉམ། འ་ཞའམ་ཐུ་ཡོ་ཧུང་དུ་བོད་དམག་དཔུང་འཇུག་བྱེད་པའི་སྐབས་དེར་ཞིན་ཅང་ལྷོ་ནུབ་རྒྱུད་དུ་ཀ་ཞི་སྒར་དང་ལི་ཡུལ་སོགས་ལའང་དམག་རྒྱག ་པ་སོགས་ལ་བསམས་ན།
སྐབས་དེའི་བོད་ཀྱི་དམག་ཤུགས་ཧ་ཅང་རྒྱ་ཆེ་ཞིང་། ཤར་ནས་ཐང་དམག་ལ་འཐབ་ཀྱིན་ཀྱིན། མཁར་བཞིའི་ཕྱོགས་ཀྱི་ཐང་དམག་ལའང་འཐབ། ད་དུང་བོད་དབུས་དང་ནུབ་ནས་ཀྱང་དམག་དཔུང་ཞིན་ཅང་གི་ལྷོ་ནུབ་ནས་ཐོན་ཏེ་ཀ་ཞི་སྒར་སོགས་ནས་ཚུར་དཔུང་འཇུག་བྱས་པའང་མིན་འགྲོ་བསམས།
བཙན་པོ་མང་སྲོང་གི་ཚེ་མཐའ་ལ་ཡང་དྲུང་དང་ཐང་བྱང་། སྤྱང་རིགས་ སོགས་ཡོངས་སུ་ཆབ་འོག་ཏུ་བཅུག་ནས། བོད་བཙན་པོའི་མངའ་ཐང་དེ་ཤར་ལ་རྒྱལ་མོ་ཚ་བ་རོང་བར། ལྷོ་རྒྱ་གར་གྱི་ས་མཚམས་བར། བལ་བོ་བོད་བཙན་པོའི་འོག་ཏུ་ཡོད་འདུག། ནུབ་བྱང་དུ་སྟོད་ཀྱི་མཁར་བཞི་ཚང་མ་ཐེ་བའི་དྲི་གུའི་ས་མཚམས་བར་སླེབས་ཞེས་ སྐབས་དེའི་བོད་བཙན་པོའི་དམག་དཔུང་ཕྱོགས་བཞིར་སླེབས་ཡོད་འདུག
ད་གོང་དུ་སོང་ཟིན་བའི་ལོ་ཚིགས་དང་དོན་ཆེན་འདི་དག་ལས།
སྐབས་དེར་འ་ཞ་དང་སུམ་པའི་ཡུལ་གྱི་བོད་ཀྱི་དམག་གི་ལྟེ་བ་དེ་ཚོ་གང་དང་གང་ན་ཡོད་དམ། མཁར་བཞིའི་་ཕྱོགས་ལ་དཔུང་འཇུག་བྱེད་དུས་བོད་དམག་དེ་ཚོ་དམག་སྒར་གང་དང་གང་ནས་ ལམ་བུ་གང་དང་གང་ཞིག་དེད་དེ་བསྐྱོད་པ་ཡིན་ནམ། སྐབས་དེའི་དམག་དཔུང་དེ་རྣམས་བོད་དབུས་དང་ནུབ་ནས་དཔུང་འཇུག་བྱས་པ་རེད་དམ། འ་ཞ་དང་སུམ་པའི་ཡུལ་ནས་དཔུང་འཇུག་བྱས་པ་རེད།
སྲོང་བཙན་སྐབས་ཀྱི་འ་ཞའི་ཡུལ་གྱི་བོད་དམག་གི་ལྟེ་བ་དང་མང་སྲོང་དང་འདུས་སྲོང་མང་རྗེ་སྐབས་སོགས་ཀྱི་འ་ཞའི་ཡུལ་གྱི་བོད་དམག་གི་མཁར་རྫོང་ལྟེ་བ་དེ་གང་དང་གང་ཞིག་ཡིན་ནམ་སོགས་དྲི་བ་མང་པོ་ཞིག་ངང་གིས་འཆར་ཡོང་བས་ངག་ལྐུགས་པར་གྱུར།
གོང་དུ་སྨྲས་བ་བཞིན། གོང་གི་ལོ་ཚིགས་སོགས་ཁོལ་དུ་ཕྱུང་བ་མང་ཆེ་བ་གནའ་སྔ་མོའི་བོད་ཅེས་བའི་དབྱིན་ཡིག་གི་གླེགས་བམ་ནས་བཏུས་པ་ཡིན དེབ་འདི་ནི་དར་ཐང་རིན་པོ་ཆེ་ཚང་གི་ཡེ་ཤེས་སྡེ་ལོ་རྒྱུས་ཞིབ་འཇུག་སྡེ་ཚན་ནས་བཏོན་པ་ཞིག་རེད། ངའི་ཞག་ན་བོད་ཀྱི་བཙན་པོའི་སྐོར་ལ་དེབ་འདི་ལས་གཞན་མེད་པས། གོང་དུ་རང་གིས་རང་ལ་དྲིས་བའི་དྲི་བ་དེ་ཚོར་ངག་ལྐུགས་ནས་འདུག་པ་ལས་ཐབས་ཤེས་མི་འདུག
ད་དུང་ཞུ་རྒྱུ་ཞིག་ལ་གོང་གི་ལོ་ཚིགས་དང་དོན་ཆེན་ཁག་གླེགས་བམ་ལས་ཁོལ་དུ་ཕྱུང་བ་ཁག་ཐེངས་གཅིག་མ་གཏོགས་མ་ཡིག་དང་་གཤིབ་བསྡུར་བྱེད་རྒྱུ་མ་བྱུང་བས། ནོར་བ་དང་། འཁྲུགས་པ། ཆད་པ་དང་ལྷག་པ་སོགས་གང་མཆིས་པ་དག་བཅོས་དང་ཁྲུམ་གཅོད་ཡོང་བ་མཁྱེན་ཞུ།།
ཡ་དགོང་མོ་ཡོང་དགོས། ཨ་ལི་རྫན་ཊར སྦར་འཛིན་ ཟེར་བ་འདིའི་ལོ་རྒྱུས་ཀྱི་ཁུངས་གང་ནས་རེད།
ང་ཁོམ་མ་སོང་། དགོང་ཁ་འཁྱེར་ཡོང་།
ཡ། འབྲོང་ར་ད་ང་སླེབས་ཡོད། ང་གཉིས་ཀྱིས་རེ་རེ་བྱས་ནས་ཁ་བརྡ་བྱེད། ང་གཉིས་ལོག་ནས་གང་ཞིག་གཏན་འཁེལ་ཐུབ་པ་དེ་བཤད།
དང་པོ་འ་ཞ་བཟུང་བའི་སྐོར་བཤད། ངས་བལྟས་ན་འ་ཞའི་སྐོར་དེ་ཏུན་ཧོང་དང་སྔོན་མའི་རྒྱའི་ལོ་རྒྱུས་གཉིས་ཀ་ཐོ་ཐུག་པ་རྣམས་ཁུངས་བརྟན་པོར་བརྩི་ཆོག་སྙམ།
༡ སྲོང་བཙན་སྐབས་ཆེ་ཆུང་ལ་མ་ལྟོས་པར་འ་ཞ་མངའ་འོག་ལ་བཅུག་པ་དེ་བདེན་པ་རེད་སྙམ། ཏུན་ཧོང་ནང་བྲིས་འདུག་ལ་སྔོན་མའི་རྒྱའི་ལོ་རྒྱུས་ཤིག་བསྒྱུར་ནས་དེབ་དམར་དུ་བཅུག་པ་དེའི་ནང་ཡང་གསལ། དེབ་དམར་དུ་བཀོད་པའི་ཐང་བོད་རྒྱལ་རབས་གནད་བསྡུས་ནང་། ༦༣༤ ལོར་ཐང་བོད་གཉིས་བར་སྐྱེས་སྐུར་རེས་དང་སྐུ་ཚབ་གཏོང་རེས་བྱས། ཧོར་དང་འ་ཞ་གཉིས་ལ་རྒྱལ་རིགས་ཀྱི་སྲས་མོ་རེ་མནའ་མར་སྤྲད། བོད་ཀྱིས་ཀོང་ཇོ་ཞིག་བསླངས་ཀྱང་མ་བྱིན་པས་ཁྲོས་ནས་ཐུ་ལུ་ཧུའུ་བཅོམ་ཞིང་ཟུང་ཅེའུར་སླེབས། གསེར་གྱི་ཁྲབ་སྐུར་བུ་མོ་བླང་མི་སྟེར་ན་དམག་བྱེད་ཟེར་བ་ལ། རྒྱས་མ་བྱིན་པར་གསང་དམག་བྱས་བོད་མི་སྟོང་ཙམ་བསད།དེ་ནས་ཡུན་རིང་བོ་ནས་བོད་དམག་ཕྱིར་ལོག་སྟེ་བློན་པོ་སྟོང་བཙན་ལ་གསེར་སྲང་སྟོང་ཕྲག་ལྔ་དང་། རིན་པོ་ཆེ་རིགས་མང་པོ་བསྐུར་ནས་བཏང་བ་ལ་ཐའི་ཛུང་གི་སྲས་མོ་ཝུན་ཤིང་ཀོང་ཇོ་ལྕགས་མོ་གླང་གི་ལོ་ལ་བྱིན་པ་གསལ།
ཀོང་ཇོ་བོད་ལ་བྱིན་ལོ་ ལྕགས་གླང་ ༦༤༡ ཡིན་པ་ནི་ཏུན་ཧོང་། ཐང་བོད་གསར་རྙིང་། ཐང་བོད་རྒྱལ་རབས་གནད་བསྡུས་གསུམ་པོ་ཐོ་ཐུག་པས་ཁུངས་བརྟན་སྙམ། ༦༣༤ ལོའི་གནས་ཚུལ་དེའང་ཐང་བོད་རྒྱལ་རབས་གནད་བསྡུས་དང་ཐང་བོད་གསར་རྙིང་གཉིས་ཀྱི་ནང་འདུག འ་ཞར་དམག་རྒྱབ་པ་དེ་ཝ་རེན་སུ་མི་ཐི་ནས་ ༦༣༧ དང་༦༣༨ བར་བྲིས་འདུག ཁྱེད་ཀྱིས་དྲངས་པའི་ནང་ ༦༣༦ རེད། ད་རུང་བཤད་ཚུལ་མི་འདྲ་གཞན་ཡང་འདུག་སྟེ་རྙོག་དྲ་མང་དུ་མི་གཏོང་བར་བྱ།
༢ རྒྱའི་ཟུང་ཅེའུར་བར་དུ་སླེབས་པར་བལྟས་ན་འ་ཞ་ཡོངས་དབང་དུ་བསྡུས་ཡོད་པ་རེད་སྙམ། དེ་ནས་ཤེས་དགོས་པ་ཞིག་ལ་དབང་དུ་བཅུག་ཟེར་དུས་གཏན་དུ་དབང་དུ་བཅུག་པ་མིན་པ་དེ་ཤེས་དགོས་པ་རེད། དཔེ་བཞག་ན་གནམ་རི་སྲོང་བཙན་སྐབས་བོད་ཁོངས་ཀྱི་གཙང་། ཞང་ཞུང་། དྭགས་ཀོང་། སུམ་པ་སོགས་དབང་དུ་བཅུག་ཀྱང་བཙན་པོ་གྲོངས་པ་དང་ངོ་ལོག་པ་ལྟར་རེད། ཏུན་ཧོང་ནང་ལྟར་ན། མགར་གྱི་མི་རྒྱུད་ཀྱིས་འཛིན་སྐབས་ཀྱང་ཞང་ཞུང་དང་གཙང་གི་ནང་ངོ་ལོག་ཡང་ཡང་བྱུང་བ་གསལ།
དེ་ནས་འ་ཞའི་སྐོར་ཡང་། ཏུན་ཧོང་ནང་། སྦྲུལ་གྱི་ལོ་(༦༦༩) ལ་འ་ཞ་མྔ་པོ་པྱག་འཙལ་ཏེ་གཏེའུ་བསྡུས་པར་ལོ་ཆིག་ཅེས་གསལ་ལ། ཐང་བོད་ནང་། ༦༧༠ ལོར། ཐང་རྙིང་། བྷོད་དམག་གིས་འ་ཞ་བཅོམ་སྟེ་ས་ཡང་བདག་གིར་བཟུང་ཞེས་དང་། ཐང་གསར། དེ་ནས་འ་ཞའི་ས་ཆ་བོད་ཀྱིས་བཟུང་ཞེས་གསལ། ཏུན་ཐང་གཉིས་ལ་ལོ་གཅིག་གི་བར་ཁྱད་ཡོད་པ་དེ་རྒྱུན་ལྡན་འདྲ་ཞིག་རེད།
དབང་དུ་བསྡུས་པ། དཔྱ་ཕུལ་བ། འབངས་རྣལ་མར་བཀུགས་པ་འདི་ཚོ་ལ་ཁྱད་པར་ཆེན་པོ་འདུག་སྙམ། འདི་བར་དབང་འོག་བཅུག་པ་མ་གཏོགས་དཔྱ་བསྡུས་པ་མི་གསལ། རང་མགོ་རང་དབང་ལྟ་བུ་ཞིག་མིན་ནམ་སྙམ། ཡོངས་སུ་དབང་དུ་བསྡུས་མི་འདུག་ཟེར་བ་དེར་རྒྱུ་མཚན་འདུག ད་ལོ་གང་ཞིག་ཁུངས་བརྟན་པ་རེད་འདོད་དམ། འདི་དོན་ཚན་དང་པོའི་ལན་ཡིན།
༢ དོན་ཚན་གཉིས་པ་དེར་རྩོད་གཞི་མི་འདུག ༦༥༧ ནས་རྒྱ་ནག་གིས་སླར་ཨན་ཞི་སྡེ་བཞི་དབང་དུ་བསྡུས་པ་རེད། ས་ཁོངས་ཏག་ཏག་ཅིག་བཤད་དུ་མེད། ཁྱེད་ཀྱིས་བཤད་པ་དེ་ལྟར་ཡིན་པའི་རེ་བ་ཡོད། མ་གཞི་རྒྱ་དང་འབྲེལ་བའི་ལོ་རྒྱུས་འདི་ཚོ་སྔོན་མའི་རྒྱའི་ལོ་རྒྱུས་ནང་གསལ་བོ་བྱས་ནས་ཡོད་རྒྱུ་རེད།
ཡ། ང་ཡང་སླེབས་ཡོད
ཨ་ལེགས་སྦར་འཛིན་ཚང་གི་ཁུངས་གང་ཡིན་ད་ད་དུང་རྩད་མི་ཆོད་ཀི།
གནའ་སྔ་མོའི་བོད་ཟེར་བའི་ལོ་རྒྱུས་འདི་རྒྱ་བོད་དབྱིན་གསུམ་གྱི་ནང་ཐོན་པའི་ལོ་རྒྱུས་རྙིང་བ་མང་པོ་ཞིག་ལ་་གཞི་བྱས་འདུག དེབ་འདི་གཅིག་བྱས་ན་ཁྱེད་ཀ་ཚང་གི་སྒར་ནའང་ཡོད་ན་ཐང་།
ད་ལྟ་ཡང་བུ་མོ་མནའ་མར་བྱིན་ནས་བོད་རྒྱའི་དཀའ་རྙོག་རེ་སེལ་ཐབས་ཤིག་ཡོད་ན་ཅི་མ་རུང་།
ཁ་སང་གི་ཁྱོའི་སྙན་ངག་བར་བཅུག་མཛེས་མ་དམར་ཧྲེང་མ་དེ་འདྲ་ཞིག་ཧུའུ་ཅིན་ཐོ་ཡི་གཟིམ་ཁང་སྦུག་ལ་བཏང་་ནས་འདོམས་ལ་ག་ར་བྱེད་དུ་འཇུག་རྒྱུ་ན་ རང་བཙན་ཟེར་ན་མི་ཤེས་ར། རང་སྐྱོང་ཙོ་ མེ་བུན་ཐིས མེ་བུན་ཐིས་ཟེར་ན་ཐང་གོ།།
ག་ར་མ་རེད་ལག་ར་རེད།
རྒྱ་ལོ་དོན་འགྲུབ་ཀྱིས་རྒྱ་མོ་ཚུར་ར་མནའ་མར་བླངས་ནས་ཕན་ཐོགས་ཡོད་སྲིད་ལ། ཨ་ཅག་འོད་ཟེར་མནའ་མར་ཕར་ར་སོང་ནས་ཕན་ཐོགས་ཡོད་པ་ནི་མངོན་སུམ་མིག་མཐོང་རེད། མ་རེད་དམ།
དེ་ལས། ཕེ་ཅིན་དང་ས་གནས་ཀྱི་་རྒྱ་དཔོན་ཚོའི་རུམ་ནང་ལ་མཛེས་མ་གཅེས་ཧྲེང་མ་གཡའ་་ཆུ་ཙ་རར་མངགས་ནས་ཞི་དྲག་གི་ལས་གང་བྱེད་ཀྱང་ཆོག་གི་འདོད། དོན་དག་ཆེན་པོ་འགྲུབ་གི་རེད་བསམས། ཨ་ལ་ཀུ་རེ་ཡིན།།
མཛེས་མ་ཁ་ཤས་རྒྱ་ནག་ལ་སོང་ནས་དཔོན་པོ་མཐོ་གྲས་ཁ་ཤས་ལ་རྒྱོ་ཡག་ཁག་ཆོག་རེ་སྤྲད་དང་ན། ཁོང་ཚོས་བོད་དོན་ལ་རོགས་རེ་ཡེད་ན་ཐང་།
ཁྱོས་འདིར་གཡའ་ཆུ་གླེང་ཡོང་དུས་ངས་བོད་སྨན་གྱི་དེབ་གྲགས་ཅན་ཤེལ་གོང་ཤེལ་ཕྲེང་ལས་ཕོ་མོ་མཉམ་སྦྱོར་དུས་སུ་བཞུར་ཡོང་བའི་གཡའ་ཆུ་དེ་ཡང་བོད་སྨན་ཞིག་ཏུ་བགྲངས་ཡོད་པ་དེ་དྲན་སོང་། དེབ་དེའི་ནང་དུ་བོད་སྨན་མིན་པའི་དངོས་པོ་ཞིག་མེད་པའི་ཚོད་ཅིག་བྲིས་འདུག
ཨ་རོགས་རྩམ་དགའ། ད་མདའ་ཚན་པ་ཚང་ཐོན་ནི་ཐོན་ནི་ཡོད།
ང་ཚོས་མགར་ཚང་གི་བྲང་ས་ནས་འདི་མོ་ཁ་བརྩོག་བྱེད་མི་ཉན། སྡེ་བའི་སྔུན་ནས་ངོ་རེ་ཚ།། རྒན་པ་ཚོར་གུས་མེད་རེད། སྟག་ཤར་ཚོར་མིག་ལྟོས་ངན་པ། སྨན་ཤར་ཚོར་ཡང་ངོ་ཚ།།
ཡང་ན་བོད་པ་ཕོ་རྐྱང་ཚོས་རྒྱ་མོ་གང་མང་མང་ཚུར་འགུགས་ཐུབ་ན་ཧྲ་ནི་མ་ཟིག་རེད།
རྒྱ་མོ་ཁོང་ཚོའི་ནང་ན་ཕན་ཐོགས་མཁན་རེ་ཡོད་སྲིད་པ་རེད།
ཡ་ཡ་་་ཁྱོས་བཤད་ནོ་བདེན་གི ད་ཁ་བཙོག་མི་བཤད་རྒྱུ་ཡེད་ན་ཡེད་ཀོ།
ཤེལ་གོང་ཤེལ་ཕྲེང་ལས་ཆུ་ཡི་ཕན་ཡོན་བསྟན་པའི་རྩ་ཚིག་འགའ་དང་དེའི་འགྲེལ་བཤད་ཤན་སྦྱར།
ར་ཐུག་བོང་གསེབ་ཆུ་ཡིས་སྣ་ནད་སེལ། །
ཁྱི་ཐུག་སྤྲེ་ཆུས་ཁ་ཡི་རུལ་རྡོལ་གཅོད། །
ཁྱི་ཐུག་སྦྲེ་ཆུ། ཁྱི་ཆགས་པའི་དྲི་ཆུ་དང་བསྡོངས་ནས་བྱུང་བ།
ཝ་ཡི་གཅིན་གྱིས་གདོན་དང་སྨྱོ་བྱེད་སེལ། །
ཆུ་ངན་མེ་དབལ་ནད་དང་རྨ་རིགས་ཕན། །
ཆུ་ངན། ཕོ་མོ་ཆགས་པ་སྤྱོད་པའི་བར་ནས་ཆུ་བ་ལང་གི་ཁ་ཆུ་འདྲ་བ་ཡོང་བར་བཤད།
རྒྱ་མོ་ཨོང་སྐམ་རྙ་འཁྱག་མ་དེ་ཚོ་གོང་ཆེན་པོ་རེད། ཁུག་མི་ཡོང་།
དཀར་པོ་སྤོ་ོབོ་མཇེ་རྙིད་ཀི་ཤི་ཡིན་ན་ར་ཤི་འཐམ་རོ་འཐམ་བྱེད་ཀི།།
ངས་ཁ་རྩོག་བཤད་མེད། སྨན་དཔེ་གྲགས་ཅན་ཞིག་ལས་ལུང་འདྲེན་ཞིག་བྱས་པ་ཡིན། སྨན་གྱི་རྩ་ཚིག་ཁ་རྩོག་མིན་པའི་སྨོན་ལམ་འདེབས།
ཡིན་ན་ཡང་སྨན་དང་འབྲེལ་ནས་ཁ་རྩོག་བཤད་ལུགས་ཤིག་ཡོད་པ་ནི། སྔོན་ཆད་སྨན་པ་བགྲེས་པོ་ཞིག་གིས་རང་གི་སློབ་ཕྲུག་བུ་མོ་ཞིག་སྨན་རྩྭ་འཐུ་རུ་མངག་དུས། ཨ་བྱག་ཚེར་སྔོན་བུ་མོ་ཁྱོད་དང་འདྲ། །ཐང་ཁྲོམ་སྨུག་པོ་མི་རྒན་ང་དང་འདྲ། །འབྲི་ཏ་ས་འཛིན་ཕྱུག་པོའི་བེའུ་རྡང་འདྲ། །ཅིག་ཅིག་ཅིག་ནི་བོན་པོའི་རྔ་ཆུང་འདྲ། །ཞེས་སོགས་དཔེ་འཇོག་གི་སྒོ་ནས་ཁ་རྩོག་ཡག་ཐག་ཆོད་བཤད་འདུག ཁྱོད་ཚོས་འདི་གོ་མྱོང་ངམ།
ཡེ་ཤེས་འདི་ འདི་མོ་འདིར་གཅིག་ངེས་ཀི་ར། ཐུགས་འདང་ཡོད་ཀི་ར།།
ངས་ཆུང་དུས་དགེ་བཤེས་བྱམས་པ་འཕྲིན་ལས་ཚང་ལས་སྨན་སྦྱངས་པས་ཚིག་རེ་ཟུང་ད་དུང་ཡིད་ན་ཡོད་ཀི ད་ལྟ་ཡང་སྨན་དཔེ་ཀློག་རྒྱུ་མཚམས་འཇོག་བྱས་མེད།
༣ ཀ བློན་མགར་གྲོངས་པའི་རྗེས་ཐང་བོད་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་པ་གསལ་པོ་རེད། ཏུན་ཧོང་ལྟར་ན། ༦༦༨ ལོར་ཇི་མ་ཁོལ་ཏུ་དགྲ་བཞེརགབརྩིགས། ༦༦༩ ལོར་འ་ཞ་མང་པོ་ཕྱག་འཚལ་ཏེ་གཏེའུ་བསྡུས།
༦༧༠ ཏུན་ཐང་གཉིས་ཀ་དང་ཁྱེད་ཀྱིས་དྲངས་པ་ཚང་མ་མཐུན་པར་ཡུལ་ཝེ་ཝེའི་དམག་དཔོན་ཆེན་མོ་ཞོས་རིན་ཀོས་སོགས་ཀྱིས་དམག་མི་འབུམ་གཅིག་ཁྲིད་དེ་ཏ་ཧྥེ་ཁྲོན་དུ་སླེབས་པ་ཁྲི་འབྲིང་གིས་བཀག་སྟེ་རྒྱ་དམག་ཕམ། ཏུན་ཧོང་དུའང་ཇི་མ་ཁོལ་དུ་རྒྱ་མང་པོ་བཏུངས་པར་ལོ་གཅིག་ཟེར་བ་ཚང་མ་ཞལ་མཐུན། དེ་ལ་ྨི་མཐུན་པ་མི་འདུག
ཁ ཨན་ཞི་སྡེ་བཞི་དབང་དུ་བསྒྱུར་བའི་སྐོར། ༦༧༠ སྔོན་གྱི་གནས་ཚུལ་དེ་ཚོ་ཏུན་ཐང་གཉིས་ཀའི་ནང་མི་འདུག ༦༦༤ ལོར་འ་ཞ་འབངས་སུ་མངའ་བ་ལས་ལོག་པའི་སྐོར་ཞིག་ཁ་སྒང་བཀྲ་ཤིས་ཀྱིས་ཐང་ཡིག་གསར་་མ་དང་དེབ་དཀར་གཉིས་ལས་ལུང་དྲངས་འདུག
༦༧༠ ལོའི་གཡུལ་འཁྲུག་ཆེན་མོ་དེ་ཏུན་ཐང་གཉིས་དང་ཁྱེད་ཀྱིས་དྲངས་པ་གསུམ་པོ་མཐུན མི་མཐུན་ས་ཞིག་ནི། ཐང་གསར་ནང་། བོད་ཀྱིས་ལི་ཡུལ་པ་རྣམས་དང་བསྡོངས་ནས་ཆིག་ཚི་གྲོང་ཁྱེར་གྱི་པོ་ཧན་མཁར་དབང་དུ་བསྡུས། དེ་ནས་ཨན་ཞི་སྡེ་བཞི་བོད་ལ་ཤོར་ཞེས་བྲིས་འདུག འདི་ངས་ཁ་སང་སྔོན་མ་ཡང་ལུང་དྲངས་ཡོད། ལི་ཡུལ་དེ་བོད་ཕྱོགས་ཡིན་པ་གསལ་པོ་རེད། ལི་ཡུལ་གྱི་ནང་ཁ་ཞི་སྒར་དང་ཁ་ར་ཟ་ཧོར་ཡང་ཡོད་པ་མིན་འགྲོ་སྙམ། ད་རྒོལ་ས་ངོ་མ་དེ་མཁར་བཞིའི་ནང་གི་སྟག་ལ་མ་ཁན་གྱི་བྱང་དུ་ཡོད་པའི་མཁར་དེ་ཆིག་ཚི་གཅིག་པོ་ཡིན་པ་འདྲ། དེ་དབང་དུ་བསྡུས་ནས་མཁར་བཞི་བོ་ཆ་ཚང་བོད་ཀྱིས་བཟུང་བའི་དོན་ཡིན་པ་འདྲ། དེས་ན་དེ་ལ་ཡང་འགལ་བ་ཆེར་མེད་པ་འདྲ།
ག མཐའ་ཁུལ་དེ་ཚོ་དབང་དུ་བསྡུས། ཡང་ཤོར། ཡང་དམག་རྒྱབ། དེ་འདྲ་རྐྱང་རྐྱང་ཡིན་པ་འདྲ། མགར་གྱི་བུ་ཆེ་བའི་སྐབས་ཀྱི་ས་ཁོངས་ནི་ཐང་བོད་རྒྱལ་རབས་གནད་བསྡུས་ནང་། དེའི་དུས་སུ་བོད་ཀྱི་རྒྱལ་པོའི་ས་མཐའ་བཞི་ནི།ཤར་ཟུང་ཅེའུ། མུ་ཅེའུ། འུ་ཆེའུ་དང་གསུམ་ཡིན། ལྷོ་ཕྱོགས་བྲམ་ཟེའི་ཡུལ་ལ་སླེབ། ནུབ་ཕྱོགས་འུ་ཐེན་ལ་སླེབ། བྱང་ཕྱོགས་ཧོར་ལ་སླེབ། དེ་རྣམས་བསྐོར་བ་ལ་དཔག་ཚད་མང་པོ་ཡོད་ལ། བོད་ལྟ་བུ་དཔའ་བ་དང་བརྟུལ་ཕོད་པ། རྒྱའི་རྒྱལ་པོ་ཧན་དང་། གཡུ་དང་། ཅེའུ་ལ་སོགས་པའི་དུས་སུའང་བྱུང་བ་མེད་ཅེས་གྲག་གོ་ཞེས་གསལ། ཡིན་ནའང་། བལ་བོའི་སྐོར། ཏུན་ཧོང་ནའང་བལ་ཡུལ་ད་བཞུགས་ཟེར་བ་ཡང་སེ་འདུག་སྟེ། བལ་ཡུལ་ཇི་ལྟར་དབང་དུ་བསྡུས་པའི་སྐོར་ཞིབ་ཚགས་གང་ཡང་མཐོང་རྒྱུ་མི་འདུག ང་ཚོའི་ལོ་རྒྱུས་ནང་ལི་ཡུལ་བལ་ཡུལ་ལ་ངོས་འཛིན་མཁན་ཡོད་པ་རེད། འདི་ལ་དྭོགས་གཞི་ཞིག་འདུག ལོ་རྒྱུས་ཁག་ལ་བལྟས་ནའང་ལྷོ་བལ་ཟེར་བ་དེ་ཚོ་ཡར་ནུབ་བྱང་གི་ཕྱོགས་དེ་འདྲ་ཞིག་ལ་འཁེལ་བ་འདྲ་བོ་ཞིག་འདུག
ང་། འ་ཞ་དང་སུམ་པའི་བོད་དམག་གི་ལྟེ་བ་གང་ན་ཡོད་ནི་རེད་ཟེར་ན་ཁ་གདངས་ནས་འདུག་པ་ལས་མ་མཆིས། སུམ་རུའི་དམག་སྣེ་ཁྲིད་མཁན་གཙོ་བོ་ནི་ནགས་ཤོད་ཟེར་བའི་ཚིག་འདི་ཡང་སེ་ཡོང་གི་མི་འདུག་གེ ཁམས་ཀྱི་ནགས་ཤོད་ས་ཆ་ཡིན་ན་ཁྲིག་ཁྲིག་མེད་བསམས་གི་ཡོད།
འ་ཞའི་རྒྱལ་ས་སྟེ་འ་ཞ་རྒྱལ་མཁར་ནི་མཚོ་སྔོན་པོའི་ནུབ་འགྲམ་དུ་ཡོད་པར་བཤད། རྒྱ་སྐད་དུ་ཧྥུའུ་ཨེ་ཁྲིན་ཟེར་གི་འདུག ཕལ་ཆེར་དེ་བ་ཅིག་ཡིན་ན་ཐང་།
དམག་སྒར་གང་ན་ཡོད་མི་ཤེས་ཀྱང་ཇི་མ་ཁོལ་དུ་༦༦༨ ལོར་དམག་སྒར་ཞིག་རྒྱབ་པ་གསལ་བོ་རེད། ལམ་ཁ་ནི་སྟོད་ཕྱོགས་དང་ཤར་ཕྱོགས་གཉིས་མ་གཏོགས་དབུས་ནས་ཕར་འགྲོ་ལམ་ཞིག་ཡོད་རྒྱུ་མ་རེད།ཁུན་ལིན་རི་རྒྱུད་ཀྱིས་སྟོད་མངའ་རིས་ནས་མར་མཚོ་ནུབ་དང་ནག་ཆུའི་བྱང་ཟུར་ལ་ཐུག་གི་བར་བཅད་བཞག་ཡོད་པ་མ་རེད་པས།
སྟོད་ཕྱོགས་ན་ལམ་ཁ་ཡོད་པ་ནི་སྟོད་ཀྱི་དཔའ྄སྡེ་གསུམ་གྱིས་དྲུ་གུ་བཏུལ་ཚུལ་འདུག་ག སྔོན་རྒྱལ་པོ་ལྷ་བཟང་སྐབས་འཇུན་སྒར་གྱི་དམག་ཀྱང་སྟོད་ནས་ཡོང་བ་རེད། གུང་དམག་གི་དམག་ཁག་ཅིག་ཀྱང་ཤིན་ཅང་ནས་ཚུར་སྟོད་ནས་ཡོང་བ་རེད། དེ་ནས་ཤར་ཕྱོགས་ནས་ཀྱང་ལི་ཡུལ་དེ་ཞང་ཞུང་། སུམ་པ་དང་འ་ཞའི་ས་འབྲེལ་ལྟ་བུར་འདུག། ད་ལྟ་མཚོ་ནུབ་དང་ནག་ཆུ་ཤིན་ཅང་གསུམ་ས་འབྲེལ་རེད་མི་འདུག་གམ། ལོ་རྒྱུས་ཐ་ཐོར་ནང་ད་ལྟའི་ཤིན་ཅང་གི་ཤར་རྒྱུད་ཀྱི་ས་ཆ་ཁ་ཤས་དཔེ་བཞག་ན་ཆེ་མོ་རྫོང་ལྟ་བུ་འ་ཞའི་ཁོངས་ཡིན་པ་འདྲ། རྩ་བའི་བོད་དམག་དེ་ཚོ་འབྲོག་པའི་རུ་འབབ་འབབ་བྱས་འགྲོ་བ་མ་གཏོགས་དམིགས་བསལ་གྱི་དམག་སྒར་མེད་པ་འདྲ། ཡིན་ནའང་གཞན་ཡུལ་གྱི་མཁར་བཙན་པོ་ཕབ་གི་ཕབ་གི་དེ་ལ་གཞི་འཛིན་གི་ཡོད་པ་འདྲ། ད་ཁ་བརྡ་ཡིན་པ་མ་གཏོགས་འདྲ་འདྲ་ཟེར་བ་འདི་རིགས་ནི་ལོ་རྒྱུས་བཤད་སྐབས་ཆེས་ངག་ནས་དབྱུང་དུ་མི་རིགས་རྐྱང་ཡིན་པ་ལོས་ཤེས།
བོད་དམག་རྒྱ་ཆེ་བའི་སྐབས་འབུམ་དམག་བཞི་ཡོད་འདུག དང་པོར་སྡོང་སྡེ་དྲུག་ཅུ་རྩ་གཅིག་དང་རྗེས་མ་སྟོང་སྡེ་དྲུག་ཅུ་རེ་བཞིར་ལོངས་འདུག སྟོང་སྡེ་རེ་བྱས་ནས་གྲངས་ཀ་ཞིག་རྒྱོབས་དང་ཁོག་ལ་འཆར་རྒྱུ་ཞིག་ཡོད་མདོག་ཁ་བོ་རེད། སྟོང་སྡེའི་ཆེ་ཆུང་ལ་བལྟས་ན་ཞང་ཞུང་དང་སུམ་པ་སོགས་ཀྱི་ཆེ་ཆུང་ཡང་རོབ་ཙམ་ཤེས་མདོག་ཁ།
ད་དེ་ཡིན། ད་ཉལ་གི་ཡིན། ཁྱོད་སྤྱང་ལྟོགས་ཤིག་དང་འདྲ་བོ་ཁྱོད་འདི་ཙམ་གྱིས་བརྒྱགས་པའི་མི་ཞིག་མིན་པ་འདྲ་སྟེ་ང་ལའང་འདིའི་ལྷག་སྟེར་རྒྱུ་མི་འདུག
དཔེ་ཆ་མི་འདྲ་བ་དགུ་ལ་ལྟ་གི་ལྟ་གི་ལན་རྒྱག་གི་ཡོད། བརྟག་ཅིང་དཔྱད་ནས་འབྲི་བའི་དུས་ཚོད་མ་བྱུང་བས་ནོར་འཁྲུལ་ཡོད་པ་བཤད་མ་དགོས། ཚང་མར་དགོངས་འགལ་མེད་པ་ཞུ།
མྱི་ངན་འདི་རིགས་གིས། ང་ལ་འབྲི་བཅུག རང་ཚོས་ཁ་བརྡ་བྱས། ཁ་བཙོག་བཤད་བསྡད་འདུག་ག།
ཨ་ཨ། ལན་འདི་གེ་ཡོང་ན་ཅིག་བསོ་གི་ར། སང་ཉིན་གནངས་ཉིན་ག་ལེར་་ཞིབ་བལྟ་བྱེད་ཀི་ཡིན། དཔེ་ཆ་དགུ་བོའི་མྱིང་ཆི་ཡིན་ན་ེད་བཤད་ནི་མ་རེད།
ད་༦༧༠ ལོར་ལོར་འ་ཞ་ཡོངས་སུ་རྫོགས་པ་བླངས་པའི་གནས་ཚུལ་མ་གཏོགས་ཁྱེད་རང་ནང་ལྟར། ༦༧༢ ལོར་བཟུང་བ་ཞིག་ངའི་ཁང་ངན་འདིའི་ནང་ནས་རྙེད་གི་མི་འདུག
༡ བོད་ཀྱི་དཔེ་རྙིང་ཞིབ་འཇུག དཔྱད་རྩོམ་ཕྱོགས་སྒྲིག་ཅིག
༢ ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།
༣ དེབ་ཐེར་དམར་པོ།
༤ རྒྱལ་མོ་འབྲུག་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།
༥ སྲི་དོན་རྒྱལ་རབས།
༦ མདོ་སྨད་བྱང་ཤར་གྱི་བོད་ཀྱི་ཚོ་བ་ཤོག་པའི་ལོ་རྒྱུས་དང་རིག་གནས་བཅས་པར་དཔྱད་པ།
༧ ཀྲུང་གོ་ཞི་ཙང་པོའུ་ལོ ཁྲིན་ཆིན་དབྱིན་གྱིས་བརྩམས།
༨ སྡེ་རོང་ཚེ་རིང་དོན་འགྲུབ་ཀྱི་དེབ་རྒན། བཀྲ་ཤིས་བུམ་བཟང་།
༩ དགེ་ཆོས་ཀྱི་དེབ་དམར་པོད་གསུམ་གྱི་བདག་ཉིད་ཅན།
༡༠ ཐུབ་བསྟན་ཕུན་ཚོགས་ཀྱི་བོད་ཀྱི་ལོ་རྒྱུས་པདྨ་རྰ་གའི་ལྡེ་མིག
བཅས་ནི་དེ་རིང་གི་དཔྱད་གཞི་ཡིན།
ངའི་ཐང་བོད་གསར་རྙིང་ཟེར་བ་དེ་ཚོ་གོང་གི་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ནང་དུ་བཀོད་པའི་དོན་གྲུབ་རྒྱལ་གྱི།
ཐང་ཡིག་གསར་རྙིང་ལས་བྱུང་བའི་ཐུ་བྷོད་ཀྱི་གླེགས་བམ་དང་ཏུན་ཧོང་ཡིག་ཚང་སོགས་ཀྱི་ལོ་དང་བྱུང་བ་དོན་གྱི་སྐོར་ཟེར་བ་ནས་ལུང་དྲངས་པ་ཡིན།
ཡང་དེའི་བཀོད་པའི་ཁ་སྒང་བཀྲ་ཤིས་ཚེ་རིང་ཟེར་བ་ཞིག་ནས་བྲིས་པའི ་་དུས་རབས་བདུན་པ་དང་བརྒྱད་པའི་དུས་ཀྱི་བོད་ལི་མཛའ་མཐུན་འབྲེལ་བའི་སྐོར་གླེང་བ་་་ ཟེར་བ་དེའི་ནང་ནས་ཡང་སེ་དྲངས་ཡོད།
གོང་གི་མདོ་སྨད་བྱང་ཤར་སྐོར་དེ་འབྲུག་ཐར་ཟེར་བ་ཞིག་གིས་བྲིས་འདུག དེའི་ནང་གནའ་བོའི་དམག་གི་གོ་མཚོན་དང་འཐབ་བྱུས་སྐོར་མང་།
ངོ་མ་དགའ་ནི་ཟིག་རེད།
ད་གཟིམ་འཇགས་གནང་གོ།།
བཀུར་འོས་མདའ་ཚན་པ། ང་ནི་ལོ་རྒྱུས་ལ་རབ་རཡ་དགའ་ཡང་ལོ་རྒྱུས་ཤེས་བྱ་ཧ་ཅང་དམན་པའི་མི་ཆུང་ཡིན་མོད། ཁྱོད་ཀྱིས་ལོ་རྒྱུས་ཀྱི་སྐོར་ནས་བཤད་སྐབས་ལུང་དང་རིགས་པ་རྡོ་སྒྲིག་སྒྲིག་བྱས་ཡོང་གི དངོས་གནས་ཡིད་སྨོན་ཤོར་གི ངའི་རེ་བར་ཁྱེད་ཀྱིས་ལོ་རྒྱུས་ཀྱི་སྐོར་ནས་ཟིན་བྲིས་བཀོད་པ་དང་མཆན་བུར་གཏགས་པ་འདི་ཚང་མ་ཕྱོགས་བསྡོམས་ཀྱིས་ཟིན་བྲིས་ཞིག་བཀོད་ན་ཅི་རེད། དེ་མིན་ལྟ་རིན་ཡོད་མེད་ཀྱི་མཆན་བུ་ཚང་མ་མཉམ་བསྲེས་བྱས་འདུག་པས་ཀློག་འདོད་ཡལ་འགྲོ་གི ཁྱེད་ཀྱིས་འདི་ལྟར་བྲིས་ཡོང་ན་སྔོན་མའི་དྲ་གྲོགས་མགོན་ཕྱག་དྲན་འོང་གི ཁྱེད་ཁོང་ཡིན་ན་ཅི་མ་རུང་། གཅིག་བྱས་ན་ཁྱེད་གཉིས་མི་གཅིག་ཡིན་ནའང་ཐང་མོད་སུས་ཤེས། ཨེ་ན།
གང་ལྟར་བཀླགས་སྤྲོ་བོ་བྱུང་། བསམ་ཚུལ་འབུལ་འདོད་ཀྱང་ལས་ཀ་ཐབས་ཆགས་འདི་རིགས་མང་དྲག་པས་བྲེལ་ཧ་ཅང་ཆེ་གི འོན་ཀྱང་ཀློག་འདོད་ཡོད་པ་ཚང་མ་པར་བཤུས་ཀྱིས་མཚན་མོ་ཀློག་གི་ཡོད། མཇལ་ཡོང་།
ང་ཚོར་ནམ་ལངས་ནས་ད་སོ་མ་ལས་ཁུངས་འབྱོར་བ་དང་ལས་ཀ་འགོ་བཙུགས་མ་ཐག་ཡིན། དེ་རིང་རྡ་སར་གནམ་གཤིས་འཁྲིགས་པ་དང་སེར་བ་བབས་པ། རླུང་གཡུགས་པ་སོགས་བཙག་ངན་ཞིག་ཐོན་ཡོད་ས་རེད། འབྲོང་རྒན་ཁྱོད་ཀྱིས་གཟིམ་འཇགས་གནང་ཟེར་བར་བལྟས་ན་ནུབ་ཕྱོགས་བདེ་བ་ཅན་ཞིག་ན་ཡོད་ས་རེད། ཡ་ཡ། གཟིམ་འཇགས་གནང་།
བཟོད་རྒྱམ་ཁྱོད་ཁ་བྲོ།
ནུབ་ཕྱོགས་བདེ་བ་ཅན་འེ། ད་ཅང་མི་ཟེར། རང་རང་བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།
ཡིན་ན་ར། འབྲོང་ས་དྲན་ནི་ཟིག་རེད་གོ།།
ད་བྱི་མོ་ཚོའི་ཨོང་ཤའི་ནང་འ་གཅེར་རྒྱུ་མ་མང་འ། བོད་དོན་ལ་ཤུ་རེ་བྱོས་གོ ཨ་ལ་རྩེད་མོ་ཡིན།
ངས་ཁྱོད་ལ་གཟིག་འཇགས་གནང་ཞེས་ཉལ་ས་ནང་ལ་བསྙལ་ཚར་ཡིན་མོད། ཁྱོད་འདི་ཞ་ཡེ་མ་རབས་ཤིག་ནང་བཞིན་གཉིད་མ་ཉལ་བར་ཡར་ལངས་ཡོང་ནས་ཅི་བྱེད། ཨ་ཡེ་མེད་མཁན་ང་འདྲ་ཞིག་ཡིན་ནི་མིན་ནམ།ཧ་ཧ་ཧ་། ད་ཉོལ་ཉོལ།
ཨ་རོག་བཟོད་རྒྱམ་ལས་ཁུངས་ལ་བསླེབས་ནས་ལས་ཀ་མ་བྱས་པར་ཞ་ཡེ་ཆ་བོའི་ཁ་རྩེས་ནས་བསྡད་མ་འདུག་མ་གཏོགས། ང་སོང་ནས་ཁྱོའི་དཔོན་ལ་བཤད་ཀི་ཡིན་ད།
ཁ་སེམས་ཁ་བརྡའི་ནང་ལ། །
འགྲོ་འགྲོ་ལས་ཀར་འགྲོ་ན། །
ཉིན་གྱི་ལས་བྱ་ཡོངས་རྫོགས། །
སྐད་ཅིག་ཅིག་ལ་ཚར་འགྲོ །
བློན་ཆེན་མགར་གྱི་སྐོར་གྱི་རྩོམ་ཡིག་ལ་མཆན་བུ་འདེབས་མཁན་ཚང་མར་འཚམས་འདྲི་ཡོད།
རྩོམ་ཡིག་འདི་བཞིན་རང་ཉིད་ཀྱིས་ཀྱང་མགར་ཚང་གི་རུས་རྒྱུད་བགྲོ་གླེང་གི་གསར་འགྱུར་དེ་མཐོང་མ་ཐག
དྲ་ངོས་སུ་འགོད་འབུལ་ཞུས་པ་ལྟར། དྲ་གྲོགས་ཁྱེད་རྣམས་ཀྱིས་ཀྱང་བགྲོ་གླེང་ལྷུག་པོ་གནང་འདུག་ལ།
དཔྱད་གཞིའི་ཡིག་ཆ་ལ་གཟིགས་ཞིབ་དང་། རང་རང་གི་དགོངས་ཚུལ་ཅི་ཡོད་འདིར་གསུངས་པ་སོགས་མདོར་ན་རྩོམ་ཡིག་འདིས་རྐྱེན་བྱས་ཏེ། ཁྱེད་རྣམས་ལ་ཐུན་མོང་གི་བགྲོ་གླེང་གི་གླེང་གཞི་གྱུར་པར་ང་རང་དགའ་འོས་སུ་མཆིས། ད་དུང་རྩོམ་ལུས་གང་འདྲ་ཞིག་ཡིན་ན་ཡང་དེ་དང་དེར་ལེགས་ཆ་དང་ཞན་ཆ་ཡོད་པ་སྨྲོས་མེད་ཡིན་སྟབས། འབྱུང་འགྱུར་རྩོམ་ཡིག་སྐོར་གྱི་ཕྲན་དཔྱད་སོགས་ཀྱང་གནང་ཐུབ་ན་ཅི་འདྲའི་ཡིད་དུ་འོང་བ་ཞིག་མ་རེད་དམ། ང་ནི་དྲ་ངོས་འདིའི་ནང་གི་རྩོམ་ཡིག་ཁག་ཡང་ཡང་ལྟ་ཀློག་བྱས་པ་ཙམ་ལས་བསམ་ཚུལ་དང་རྩོམ་ཡིག་གི་རིགས་དེ་ཙམ་སྤེལ་ཐུབ་ཀྱི་མི་འདུག་ལ། དེ་ལྟར་སྤེལ་རྒྱུའི་སྤོབས་པ་དང་ནུས་པས་ཀྱང་འདང་གི་མི་འདུག ད་མུས་རྩོམ་ཡིག་འབྲི་མཁན་ཚང་མས་ངེས་དགོས་པ་ཞིག་ལ། བསམ་ཕོད་དང་། བཤད་ཕོད་པ། སྒྲུབ་ཕོད་པ་གསུམ་གྱི་ཐོག་ཏུ་ཕན་ཐོགས་ཡོད་མེད་ཀྱི་ཐོག་ཏུ་དགོངས་པ་ངེས་པར་དུ་བཞེས་དགོས་ཀྱི་འདུག་སྙམ་བྱུང་།
དེ་དོན་རང་ཉིད་ཀྱིས་གང་བྲིས་པའི་ཚིག་འབྲུ་གཅིག་ཡིན་ན་ཡང་འགན་ཁུར་གྱི་བསམ་བློ་དགོས་པ་ཞིག་ཅི་ནས་ཀྱང་གནང་སྐྱོང་ཡོད་པ་ཞུ་རྒྱུ་དང་།
ཞར་དུ་ང་ནི་ག་དུས་ཡིན་ན་ཡིག་ནོར་དགྲ་རུ་ལྟ་མཁན་ཞིག་ཡིན་སྟབས། ཡིག་ནོར་གྱི་རིགས་ལའང་ཐུགས་གཟབ་གནང་རོགས། ཡིག་ནོར་ནི་རང་ཉིད་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་ཙམ་མ་ཟད། རང་ཉིད་ཀྱིས་རང་ཉིད་འཇོམས་བྱེད་ཀྱི་དུག་རྩ་ལྟ་བུ་ཡིན་པས་གཟབ་པར་འཚལ་ལོ།།
ལས་ཀ་ཙག་ཙིག་ཞོར་ནས།།
ཁ་བརྡའི་ནང་ལ་ཡོང་ནས།།
ཞི་མོ་བཙལ་ན་བསམ་ཡང་།།
རྒན་ཀོག་རྩམ་དགར་ཐུག་བྱུང་།།
ཨ་རོགས་སྔོན་ཆད་ཅིག་ལ།།
ཁ་བརྡ་ཐན་ཐུན་བྱས་མྱོང་།།
དེ་རིང་ཁྱོད་དང་ཐུག་པས།།
མཛའ་མོར་འཕྲད་སྙམ་སྟེར་གི།
མཇེ་ངན་ལག་གིས་བཟུང་སྟེ།།
རྐུབ་ངན་ཚུར་ལ་སྐོར་དང་།།
བཟོད་རྒྱམ་མཇེ་ཡག་འདི་ཡིས།།
རྐུབ་འཛགས་ཐེངས་གཅིག་བྱེད་ཡ།།
ཧ་ཧ་ཧ་ཧ། ཁྱོད་སྤོ་ལངས་མི་ཉན་ཨེ་གོ
མིན་ངའི་ཁ་ནང་དུ་འདི་འདྲ་ཞིག་ཚོད་ཚོད་ལ་ཐོན་དང་ནི་རེད་ཡ།
ཧ་ཧ་ཧ་ཧ།
མཇེ་ངན་ཉིན་ལངས་མཚན་ལངས། །
བཙོན་བཤད་རི་ཆུ་འབབ་འབབ། །
ཨ་ཁུ་བཟོད་རྒྱམ་ཁྱེད་ཀྱི། །
ལས་དབང་བཙོག་ན་བཙོག་རྒྱུ། །
ད་བློན་པོ་མགར་གྱི་སྐོར་ལ་ཕལ་ཆེར་ཁ་གསབ་བྱེད་མཁན་མེད་པ་འདྲ། ང་ལ་དོགས་སློང་བྱེད་རྒྱུ་གཅིག་ལྷག་ཡོད། དེ་ནི་ཁྲི་འབྲིང་བཙན་བྲོད་མི་གཅིག་རེད་དམ། ཡང་ན་ཁྲི་འབྲིང་མི་གཅིག་དང་བཙན་བྲོད་མི་གཞན་པ་ཞིག་རེད།
འདིའི་སྐོར་ཏུན་ཧོང་དང་དོན་འགྲུབ་རྒྱལ་གྱི་ཐང་བོད་གསར་རྙིང་གི་ལོ་ཚིགས་གཉིས་མཐུན་གྱི་མི་འདུག
དོན་རྒྱལ་གྱི་དེའི་ནང་། སྤྱི་ལོ་ ༦༩༩(ས་མོ་ཕག) ཙེ་ཐེན་ཝུའུ་ཧིག་ཝུའུ་ཀྲའོ། ཧྲིན་ལི་ཁྲི་ལོ་གཉིས་པ།
བཙན་པོ་ཁྲི་འདུས་སྲོང་གིས་རི་དྭགས་རྔོན་པར་ལྗགས་གཡར་ཏེ་དམག་བསྡུས་ཤིང་། ཁྲི་འབྲིང་ལ་གློ་བ་ཉེ་བ་ཉེས་སྟོང་ལྷག་བཟུང་ནས་བསད། ཕོ་ཉ་མངགས་ཏེ་ཁྲི་འབྲིང་དང་བཙན་བྲོད་གཉིས་ལ་སྐད་བཏང་ཡང་། ཁྲི་འབྲིང་གིས་དམག་ཤུགས་ལ་བརྟེན་ནས་བཀའ་མ་བརྩིས། དེར་བཙན་པོས་རུ་སསྣ་དྲངས་ཏེ་རྒོལ་དུ་ཕྱིན་པ་ལ། གཡུལ་མ་སྤྲད་པར་ཁྲི་འབྲིང་གི་དཔུང་འཐོར་བས། ཁྲི་འབྲིང་གིས་རང་སྲོག་བཅད། བཙན་བྲོད་ཀྱིས་རང་གི་འཁོར་སྟོང་ཕྲག་གཅིག་ལྷག་དང་གཅེན་པོའི་སྲས་མང་པོ་རྗེ་སོགས་ཁྲིད་དེ་ཐང་ལ་མགོ་འཛུལ་་ ཞེས་ཁྲི་འབྲིང་དང་བཙན་བྲོད་གཉིས་མི་གཉིས་ཡིན་པ་བརྗོད་འདུག
ཏུན་ཧོང་ནང་ཁྲི་འབྲིང་བཙན་བྲོད་མི་གཅིག་ཡིན་པ་ཞིག་མ་གཏོགས་གཉིས་ཡིན་པ་ཞིག་མགོ་ནས་མཇུག་བར་མཐོང་དུ་མེད། བྱ་གག་གི་ལོ ༦༧༣ ་་ནེ་ཙོ་ལུང་དུ་མཁར་བཙན་སྙ་ལྡོམ་བུ་དྔ་། ཁྲི་འབྲིང་བཙན་བྲོད་གཉིས་ཀྱིས་བསྡུསྟེ་་ ཞེས་དང་། བྱ་གག་གི་ལོ་ལ་བབ་སྟེ ༦༨༥ ་་བང་མོ་བང་ཀར་དུ་བློན་ཁྲི་འབྲིང་བཙན་བྲོད་བློན་ཆེན་ཕོར་བཚུག་་ ཅེས་མི་གཅིག་ཏུ་བཤད།
དེས་ན་འདི་ཕལ་ཆེར་བོད་མིང་རྒྱ་ཡིག་གིས་བྲིས་པ་དེ་ཚོ་ངོས་འཛིན་སྟངས་ཤིག་རེད་སྙམ། དེབ་དམར་ནང་བཀོད་པའི་ཐང་བོད་རྒྱལ་རབས་གནད་བསྡུསརྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ཞེས་པའི་ནང་འདི་ལྟར།
བོད་ཀྱི་རྒྱལ་པོ་འདུས་སྲོང་མང་པོ་རྗེ་གཞོན་དུས་སུ། ཐང་གི་བྱ་བ་ཆེ་བ་ཐམས་ཅད་བུ་ཆུང་བ་དང་ཚ་བོས་བྱེད་པས། ཁོང་ལ་ཀུན་སྐྲག རྒྱལ་པོ་དབང་ཆུང་བ་ལ། ཕྱིས་རྒྱལ་པོ་ནར་ལོངས་དུས་མགར་གྱི་བུ་རྣམས་དམག་ཐོག་ཏུ་ཡོད་པ་ལ་རྒྱལ་པོས་དམག་ཁྲིད་ཕྱིན་པས་ཕུ་བོ་ལི་ཁྱིམ་ལྕེབས་ཏེ་ཤི། ནུ་བོ་བཙན་པོས་ཁོང་རང་གི་ཚ་བོ་ཁོང་རང་གི་ཚ་བོ་དམག་དང་བཅས་པ་རྒྱའི་རྒྱལ་པོ་ལ་ངོ་ལྟར་ཕྱིན་་ ཞེས་ལི་ཁྱིམ་དང་བཙན་པོ་ཞེས་བོད་ཡིག་ཏུ་བསྒྱུར་འདུག ཕུ་བོ་དེ་ཏན་ཏན་ཁྲི་འབྲིང་རེད། ལོ་གཅིག་གི་སྔ་ཕྱི་མ་གཏོགས་ཁྲི་འབྲིང་ལ་བཀྱོན་ཕབ་པའི་ལོ་དང་འགྲིགས། དེ་གཞན་པ་བཙན་པོ་ཟེར་བ་དེ་སུ་ཡིན་མིན་ཁ་ཚོད་གཅོད་དཀའ།
ཏུན་ཧོང་ནང་མགར་མིང་ཅན་ཁ་ཤས་ཤིག་ཡོད་པ་དེ་ཚོ་ཁ་ཤས་ཤི ཁ་ཤས་བསད། གཅིག་སོག་དགིས་བཟུང་བ་སོགས་བྱས་ནས་ཕལ་ཆེར་ཚར་འདུག་ཀྱང་། ཤུལ་དུ་ལྷག་པའི་མགར་ཁྲི་འབྲིང་གིས་བློན་ཆེན་པོའི་གོ་གནས་འཛིན་སྐབས་ད་རུང་མགར་འབྲིང་བཙན་རྩང་རྟོན་ཟེར་བ་ཞིག་ཡོད་པ་ཏུན་ཧོང་དུ་གསལ། དེས་ན་རྒྱ་ལ་མགོ་འདོགས་མཁན་ནུ་བོ་བཙན་པོ་འམ་བཙན་བྲོད་ཟེར་བའི་སྒྱུར་མི་འདྲ་བ་འདི་འབྲིང་བཙན་ཟེར་བ་འདི་ཡིན་ན་ཡང་ཐང་། བརྟག་འཚལ།
གཤམ་གྱི་དྲ་ཁུག་ན་ཨ་མདོ་མགོ་ལོག་གི་ལོ་གསར་འཁྲབ་སྟོན་ལེའུ་དགུན་ཅན་ཞིག་འདུག འདི་ཁྱེད་རྣམ་པར་ལོ་གསར་བའི་ལེགས་སྐྱེས་སུ་ཕུལ་བ་ཡིན།
http://www.youtube.com/watch?v=CiM2HgP0Oa4
རྩོམ་ཡིག་དེ་རོབས་ཙམ་བཀླགས་པ་ཡིན། དོན་ནི་ཅི་ཡང་གོ་མ་སོང་། གང་ལྟར་རྩོམ་ཡིག་དེ་འདྲ་ཀློག་རྒྱུ་མང་ན་ང་འདྲའི་བླུན་པོ་ལ་ཡང་ནམ་ཞིག་གི་ཚེ་ཕན་ནུས་ཡོད་ངེས་བསམ། མགར་སྟོང་བཙན་གྱི་སྐོར་འབྲུག་ཡུལ་དུ་ཡང་གླེང་རྒྱུ་ཡོད། ང་སྔོན་བྱིས་པའི་དུས་སུ་ངའི་ཁྱིམ་མཚེས་སུ་རྒན་མོ་ཞིག་ཡོད་པ་དེས་གླེང་བ་ཡང་དྲན། མོས་གླེང་བ་ལྟར་ན་མགར་སྟོང་བཙན་གྱིས་རྒྱ་བཟའ་བོད་ལ་གདན་འདྲེན་ཐུབ་པ་ནི་མགར་ལ་རོགས་བྱེད་མཁན་རྒྱ་རྒན་མོ་ཞིག་ཡོད་པས་ཡིན་ཟེར། དེ་ཡང་གྲོགས་བྱེད་ཚུལ་ནི་ཆུས་བཀང་བའི་ཟངས་ཀྱི་སྣོད་ཀྱི་སྟེང་འབྲུག་པའི་སྐད་ནས་ཙིའུ་ཟེར་བ་སྨྱུག་མས་བཟོས་པའི་སྣོད་ཅིག་བཞག དེའི་ཕྱི་ནས་བྱ་སྤུ་སྣ་ཚོགས་བཙུགས། དེའི་ནང་ན་རྒན་མོ་དེ་བསྡད་ནས་སྙུག་དུང་ཞིག་གི་ནང་ནས་རྒྱ་བཟའི་ངོ་སྤྲོད་བྱས་ཟེར། ཕྱིས་རྒྱའི་རྒྱལ་བློན་རྣམས་ལ་དོགས་པ་སྐྱེས་ཏེ་མོ་རྩིས་འདེབས་པས་རྒྱ་མཚོའི་སྟེང་དུ་བྱ་སྤུ་སྣ་ཚོགས་ཀྱིས་བརྒྱན་ཅིང་སྙུག་མའི་མཆུ་ཡོད་པའི་མི་ཞིག་འདུག་སྟེ་དེས་ངོས་སྤྲོད་བྱས་འདུག་ཟེར་བྱུང་བས། རྒྱ་ནག་རྒྱལ་པོ་ཁྲོས་ཏེ་རྩིས་དཔེ་ཚང་མ་མེ་ལ་བསྲེགས་པ་ན་རྒྱ་བཟས་སྤར་མོ་གང་བླངས་པ་དེ་དེང་སང་བོད་ལ་དར་བའི་རྩིས་དཔེ་ཡིན་ཅེས་སྨྲས་པ་དྲན། འདིར་འདིའི་སྐོར་འདུག་གམ་བལྟས་པས་མ་མཐོང། དེ་རིང་རྩོམ་ཡིག་དེ་བཀླགས་པའི་སྐབས་དེ་ཡང་དྲན་བྱུང་བས་དྲ་གྲོགས་ཚོའི་སྤྱན་ལམ་དུ་འབུལ་བ་ལགས།
གཡུ་འབྲུག་སྔོན་མོ།
མགར་གྱིས་རྒྱ་བཟའ་གདན་དྲངས་ཚུལ་གྱི་ལོ་རྒྱུས་ལྷ་སྒྲུང་འདྲ་བའི་རིང་པོ་དེ་ཚོ་བཀའ་ཆེམས་ཀ་ཁོལ་མའི་ནང་ཡོང་པ་རེད། གོང་གི་ཁྱེད་ཀྱིས་གོ་བའི་བཤད་རྒྱུན་དེ་ཚོའང་དེའི་ནང་ཡོད་པ་རེད།