ཨེ་མ་ཧོ།
ན་མོ་གུ་རུ་ཏཱ་ར་ཡེ།།
ཆོས་དབྱིངས་སུ་སྤྲོས་བྲལ་ངོ་བོ།།
ལོངས་སྤྱོད་དུ་ལྷུན་གྲུབ་རང་བཞིན།།
སྤྲུལ་སྐུ་ཡི་འགྲོ་དོན་ཐུགས་རྗེ།།
འཛམ་གླིང་གི་ཞི་བདེ་ཉི་མ།།
ནམ་མཁའ་རུ་འོད་སྣང་འཕྲོ་ཞིང་།།
ས་གཞི་རུ་དྲོད་བཅུད་སྤེལ་བས།།
འཇིག་རྟེན་གྱི་མུན་སེལ་སྒྲོན་མེ།།
འཛམ་གླིང་གི་ཞི་བདེ་ཉི་མ།།
དགྲ་བོ་ལ་ཕ་མར་སྒོམ་ཞིང་།།
མཛའ་གྲོགས་ལ་ཕྱོགས་རིས་སྤང་བའི།།
བྱང་སེམས་ཀྱི་བདག་ཉིན་ཆེན་པོ།།
འཛམ་གླིང་གི་ཉི་བདེའི་ཉི་མ།།
མཚན་དཔེ་ལ་གཟི་འོད་གསལ་ནས།།
ཚངས་དབྱངས་ལ་སྙན་ངག་རྒྱན་པའི།།
སྙིང་རྗེ་ཡིས་འགྲོ་ཁམས་སྨིན་ཕྱིར།།
འཛམ་གླིང་གི་ཞི་བདེའི་ཉི་མ།།
མདོ་ཁམས་ནས་མེ་ཏོག་བཞད་ནས།།
རྒྱལ་ཁམས་ལ་དྲི་ཞིམ་ཁྱབ་པས།།
ཀུན་ཕན་གྱི་ཡིད་བཞིན་ནོར་བུ།།
འཛམ་གླིང་གི་ཞི་བདེའི་ཉི་མ།།
ཉི་མ་ཉིད་ཤར་ནུབ་རྒྱུ་ཞིང་།།
འོད་སྣང་ལ་རྒྱུན་ཆད་མེད་པར།།
གོ་ལ་འདིར་སྨིན་གྲོལ་བཀོད་ནས།།
ཞི་བདེ་ཡི་ཉི་མ་རྒྱལ་ལོ།།
འཛམ་གླིང་གི་གྱ་སྟོན་ཉི་མའི།།
བདེ་སྐྱིད་དེ་འགྲོ་ལ་སྨན་ནས།།
འདི་ཕྱི་ཡི་ཕུན་ཚོགས་མཐའ་དག།
དར་རྒྱས་ཞིང་རྟག་བརྟན་སྨོན་ནོ།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་དབོ་ཟླའི་ཟླ་འཛིན་སྐབས་སུ་ཁ་ཏོན་སྨོན་ལམ་འདེབས་པའི་ཚེ་སྐྱེན་པོ་དགོན་པའི་དགེ་སློང་སྤྲུལ་སྐུ་ཨོ་རྒྱན་བསྟན་འཛིན་རྡོ་རྗེས་འབོད་སྐུལ་དང་། གངས་ཅན་བསྟན་པའི་བདག་པོ་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ཚེ་བརྟན་ཆེད་དུ་སྨོན་ལམ་འདེབས་བཞིན་པའི་སྐབས་སུ་གང་ཤར་རྣམས་ཤྲཱི་ཨེ་མ་ཧོས་དབྱིན་ཡུལ་རྒྱལ་སའི་ཨེ་ཝཾ་རྫོགས་ཆེན་ཆོས་ཚོགས་ཁང་ནས་སྨོན་པར་དགེའོ།། །།
ཤྲཱི་ཨེ་མ་ཧོ་ཞེས་པ་ཞིག་དབྱིན་ཡུལ་དུ་ཡོད་པ་དངོས་བདེན་ཡིན་ཚེ་སྐུའི་འཁྲུངས་སྐར་དང་ལོ་གསར་སོགས་བོད་ཀྱི་དུས་ཆེན་ཆེ་ཁག་ནང་མཉམ་ཞུགས་ཡོང་བའི་རེ་བ་ཆེ།
མི་ཉག་ཀུན་དགའ་བཀྲ་ཤིས་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐུ་གྱ་སྟོན་དེ་ཚོ་ཡག་པོ་ཚེས་ཤོག་ཨ། ཤྲྰི་ཨེ་མ་ཧོ་དབྱིན་ཡུལ་ན་ཡོད་ས་རེད། ཡིན་ན་ཡང་ན་ནིང་ཨ་ཀོང་ཆབ་མདོ་བ་ཞིག་གིས་བསད་སོང་། ཨེ་མ་ཧོ་མཚོ་སྔོན་པོ་ནས་ཡིན་པ་ཞིག་གིས་བསད་སོང་ཞེས་དྲ་ཐོག་ཁག་ན་ཐོན་འདུག དགེ་ལུགས་པ་གཉིས་ཀརྨ་པ་གཉིས་དང་རྔ་བ་ཆོས་གྲགས་གཉིས་ཀ་ནང་བཞིན་བོད་མིའི་སྤྱི་ཚོགས་དེ་བཟང་ངན་གོ་ནོར་དང་ཕྲག་དོག་དང་འཐབ་རྩོད་ཕྱོགས་རིས་མང་དྲག་འདུག་གོ། མི་ཉག་དང་རྫོགས་ཆེན་ཚང་དེང་སོང་ག་འདྲ་རེད་དམ། དངོས་ནས་ཁོང་འདས་འདྲོང་སོང་ཡོད་པ་འདྲ། ངོས་ནས་ངོ་དེབ་འཕྲིན་ཡང་ཡང་གཏོང་ཡང་དངོས་ལན་བྱས་མ་སོང་། ཁྱོད་ཀྱིས་འབྲེལ་འདོད་ན་ངོ་དེབ་འདི་རེད་འདུག https://www.facebook.com/photo.php?fbid=947046355320548&set=a.150729124952279.24848.100000455764759&type=1&theater
༸གོང་ས་མཆོག
ད་ལོ་གྱ་སྟོན་ཚེས་པར་དགའ་བདེ་འཕེལ། །
རྗེས་མ་ཉེ་ཤུས་བརྒྱ་སྟོན་ཚེས་རྒྱུར་ངེས། །
བརྒྱད་བསྣན་བརྒྱ་དང་བརྒྱད་ཀྱི་འཁྲུངས་སྐར་དང་། །
ལྔ་མཐར་སོན་ནས་བརྒྱ་དང་བཅུ་གསུམ་བཞུགས། །
ཀརྡོས།