ཨེ་མ་ཧོ།
ན་མོ་གུ་རུ་ཨཱ་ལི་ཀཱ་ལི་ཡེ།
ཀ་དག་ཕྱོགས་མཚམས་མཛེས་པའི་ཁམས་སྟོད་དུ།།
ཁ་བའི་རི་བོ་བརྗིད་པའི་གསེར་གཤིས་ཁོག།
ག་ས་གང་དུ་སྨན་ཚལ་ལེགས་གཏམས་གནས།།
ང་ཚོའི་གངས་ལྗོངས་ཇོ་བོ་ཞལ་དཀར་རྒྱལ།།
ཅ་ཅོའི་འདུ་འཛིས་དབེན་པར་དགོན་གནས་འདྲ།།
ཆ་ལུགས་གངས་ཅན་མཚོན་པའི་གངས་ཕྲུག་རྣམས།།
ཇ་རྩམ་ཆུ་གཙང་རོལ་ཞིང་དཔེ་ཀློག་བྲེལ།།
ཉ་ཉོག་ཡན་ཆོད་བག་ཆགས་བཟང་པོར་བརྟས།།
ཏ་ཐྰ་ག་ཏའི་བཀའ་བསྟན་ཆ་ཚང་དང་།།
ཐ་སྙད་སྒྲ་ཚད་བཟོ་གསོ་ཚན་རིག་སྐོར།།
ད་ལྟའི་དུས་རབས་འཚམས་པའི་དཔེ་དེབ་རིགས།།
ན་གའི་གཏེར་མཛོད་ལྟ་བུ་ཡོངས་སུ་གཏམས།།
པ་ཝ་སངས་དང་ལྷག་དཀར་ཉིན་མོ་རུ།།
ཕ་མེས་སྐད་ཡིག་རིག་གནས་བགྲོ་གླེང་འཚོགས།།
བ་གམ་བརྫིག་པོའི་ཤོམས་ར་དབེན་ན་ཡང་།།
མ་ལུས་ཀུན་ཕན་མཁས་བླུན་དགའ་སྤྲོའི་གླིང་།།
ཙ་ར་གཅོད་སའི་མཁས་མང་འདི་གར་བཞུགས།།
ཚ་གྲང་དཀྲེས་སྐོམ་སེལ་བའི་སྨན་ཟས་ཁང་།།
ཛ་ཡའི་བསྟན་པར་མཐུན་པའི་བཤད་སྒྲུབ་ཁང་།།
ཝ་ལེར་བཅུ་ཕྲག་ཨེ་ཝྃ་ཆོས་སྨན་གླིང་།།
ཞ་ལོང་ལྐུགས་པར་རོགས་སྐྱོར་གནང་སྦྱིན་སྟེར།།
ཟ་འཚོ་ལོངས་སྤྱོད་ཕན་བདེའི་དབུལ་སྐྱོབ་དང་།།
འ་ཅག་ཡོངས་ལ་ཀུན་ཕན་སློབ་གླིང་འདིར།།
ཡ་རབ་དམིགས་དཔེ་བལྟ་སའི་ཆོས་སྨན་གླིང་།།
ར་བཟི་ཐ་སྤྱོད་དམན་རིགས་ཕྱོགས་ཀུན་དབེན།།
ལ་རྒྱའི་སྐད་རིགས་ཆོས་ལ་དད་དུང་ཟབ།།
ཤ་ཁྲག་དམར་སྲོལ་མེད་པའི་དྭངས་གཙང་གླིང་།།
ས་འཛིན་དཀར་པོའི་རྒྱན་གཅིག་ཨེ་མ་ཧོ།།
ཧ་ཅང་ཐལ་བའི་ཆོས་རྩོད་ཞེན་ཆགས་དབེན།།
ཨ་ལགས་ཡང་དག་གདན་ས་ཨེ་ཝྃ་གླིང་།།
མདོ་ཁམས་ནང་བསྟན་སློབ་གླིང་འཁོར་འདས་རྒྱན།།
བསྟན་འགྲོའི་དཔལ་དུ་ཡུན་རིང་བརྟན་གྱུར་ཅིག།
ལོ༵་རྒྱུས་བདེན་དཔུང་སྨྲ་བའི་གཙུག་ལག་ཁང་།།
མ་ལུས་གཞན་ཕན་སྒྲུབ་པའི་ལུགས་གཉིས་གླིང་།།
ཨེ་ཝྃ་རྒྱལ་སྤྱིའི་དཔེ་གཟུགས་ནོར་བུའི་མཛོད།།
འཛམ་གླིང་དགའ༵་སྤྲོའི་རྒྱན་ཏུ་རྟག་གནས་ཤོག།
ཐོས་བསམ་སྒོམ་པའི་ཡོན་ཏན་འཛིན་སྐྱོང་སྤེལ།།
འཆད་རྩོད་རྩོམ་པའི་ཕྲིན་ལས་དར་ཞིང་རྒྱས།།
བསྙེན་སྒྲུབ་རིག་པའི་ཕྱག་སྲོལ་ཕུན་སུམ་ཚོགས།།
ཆོས་སྨན་བསྟན་འགྲོར་བདེ་དགུས་འཚོ་གྱུར་ཅིག།
ཅེས་པ་ཡང་རབ་རྒྱན་ཤིང་བྱའི་ལོ་སར་བཟང་པོ་ལ་ཨེ་ཝྃ་ལྔ་རིག་དཔེ་མཛོད་ཁང་གི་སྐོར་ལ་བླ་མ་ཨ་སྐྱ་དང་མཁན་པོ་འོད་གསལ་མཐའ་ཡས་ཀྱིས་སྐྱབས་རྗེ་བླ་མའི་གསང་གསུམ་དྲན་པའི་དཔེ་མཛོད་ཁང་ཆེན་ལེགས་གྲུབ་བྱུང་བ་ལ་བཀའ་དྲིན་ལེགས་སྐྱེས་སུ་ཤྲྰིས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་གུས་ཕུལ།། །།
ཡ་ཁོ་རེ། ཨེ་ལྦམ་ཚང་། ལས་ངན་གསོག་མཁན་ཁྱེད་རང། ཤི་དགོས་ཡག་བསམ་ལོ་ཡག་པོ་ཐོངས། བླ་ཆེན་རྣམས་དང་། ཆོས་ལུགས་ལ་སྡང་ཟུག་ཅང་མ་གནང་རོག། ཁྱོད་ཁ་ཡིས་ཨེ་ལྦམ་ཟུང་འཇུག། ལག་ལེན་མཇེ་སྟུ་མ་གཏོགས་མེད་མཁན་། དགེ་འདུན་ཕན་ཚུན་ལ་དཀྲུགས་ཤིང་ཁོ་ན་མ་གནང་རོག། ཁྱེད་རང་ག་འདྲ་ཡོད་པ་ནི་ཁ་བརྡ་ཚང་མཆན་བུ་པ་ཐམས་ཅད་རྒྱུས་མངའ་ཡོད་། ད་བར་ཁྱོད་ཀྱི་སེམས་ཅན་དང་བསྟན་པ་ལ་ཕན་ཐོག་ཡག་ཚིག་གཅིག་བྲིས་ཨི་ཡོད། ཐམས་ཅད་ལ་ཁོང་ཁྲོ་སློང་མཁན། རང་འདོད་ང་རྒྱལ་ཆོ་ཚོད་༢༤ ཁོ་ན་ལ་མགོ་མ་འཁོར། དགིངས་འགལ་མ་གནང་། ངས་ལྷག་བསམ་ཡིན། གལ་སྲིད་ཁྱེད་རང་ངོ་མ་ཅན་ཡག་པོ་ན་། རང་སེམས་རང་ལྐོག་ཏུ་མ་གྱུར་བས། ངས་ནོར་འཁྲུལ་བྱུང་ན་བཟོད་གསོལ་ཞུ།
ཧ ཧ ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ འབྲི་གུང་ཏི་སི་འམ་བཀའ་ཐང་བསྡུས་པ་དང་རྒྱལ་རབས་རྒྱས་པ་ལ་རྫུན་མ་བཟོ་མཁན་ཁྱོད་ལ་ཕོག་འདུག་ག ཨེ་ཝྃ་རྒྱལ་སྤྱི་རིག་པའི་དཔེ་མཛོད་ཁང་ལ་ཟུར་ཟ་དགོས་དོན་གང་ཡིན་ནམ། མཁན་ཆེན་བླ་མ་དམ་པ་ཚང་ལ་མ་ཉེས་ཁ་གཡོགས་བྱས་ན་ཁྱོད་ཚོ་ལ་གང་ཞིག་ཐོབ་རྒྱུ་འདུག་གམ། མཁན་ཆེན་བླ་མ་དམ་པ་ནི་ཁྱེད་ཚོ་ནང་བཞིན་བླུན་པོ་ཆུ་སྣ་གར་ཁྲིད་དུ་ཡིན་པར་མ་སྣང་ངོ་།། དོལ་ཚོགས་ཀྱིས་ཏྰ་ལའི་བླ་མ་ཁ་ངན་གཏོང་བ་ནང་བཞིན་རེད། ཁྱོད་ཀྱི་རྣམ་དཔྱོད་དང་གྲོང་ཚིག་དེ་ཚོ་བེད་སྤྱོད་སྟངས་ལ་ཁང་ནང་དུ་ཁུག་ནས་བསམ་བློ་ཐོངས་ལོ།། དེ་དག་ཆོས་ལུགས་དང་གྲུབ་མཐའ་འཛིན་པ་ཞིག་གི་བདེན་ཚིག་མིན་པས་ཆགས་སྡང་རྨོངས་པ་མ་གསོག་ལོ། མཁན་ཆེན་བླ་མ་ཚང་ལ་བ་སྤུ་ཁུང་བུ་གཅིག་ལ་གནོད་ཀྱིན་མ་རེད། གནོད་ངོ་མ་ཏི་སི་རེད་དོ། ཨེ་ཝྃ་གྱི་མིང་ཙམ་མ་ཤེས་ན་དོན་ལྟ་ཅི་ཡ། བགད་མ་བཙོང་ལོ་། ཧཧཧཧཧ
ཧཧཧཧ། སྔ་མོ་མའུ་ཙེ་ཏུང་སོགས་གོང་ཁྲན་ཏང་དང་གོ་མི་ཏང་སོགས་ཐོག་མར་འོས་ཤོག་འཕེན་པ་རེད་ཟེར། མོ་ཚེ་ཏུང་ཁོ་རང་གི་ཁོ་རང་འོས་བླུག་ནས་འོས་ཤོག་གཅིག་ཁོ་རང་མང་ནས་ཇོས་ངན་དེ་ཁོ་རང་འདིད་དོན་གྲུབ་པ་རེད། དེ་ནང་བཞིན་ཁ་བརྡ་ནང་ལའང་ཁྱེད་རང་དེ་འདྲ་ཅང་བཟོས་ནས་གཞན་མི་ཡིན་ཟོོལ་བྱས་རང་རྐུབ་སྐྱགས་པས་མ་སྐྱགས་ན་བཟང་ངོ། ད་དུང་ཁྱིད་ཀྱི་གསང་གནས་འགའ་ངས་འདི་ན་མ་བྲིས། ཞོ་བཞིན་འཇམ་ས་ནས་ཁྲག་ལྟར་མ་འཚོར་བཟང་ནི་རེད་སྙམས།