—སྤྲུལ་སྐུ་པདྨ་རིག་འཛིན།
སེམས་ཀྱི་ངོ་བོ་སྟོང་པ་ཉིད། སྟོང་པ་ཉིད་ལ་ཅི་ཡང་རུང་། དེ་ཡི་རང་བཞིན་འོད་གསལ་བ། མེ་ལོང་ཇི་བཞིན་ཅི་ཡང་འཆར། ཅི་ཡང་རུང་དང་ཅི་ཡང་གསལ། དེ་ཡི་དབང་ལས་འགྲོ་བའི་སེམས། གཡོ་བ་སྤྲེལ་གྱི་ངང་ཚུལ་འཛིན། འཁྲུལ་དང་གྲོལ་བའི་ལས་ཀུན་བྱེད། དེ་ཕྱིར་སྤྲེལ་ལོ་གསར་ཚེས་ལ། སྤྲེལ་རྒན་བཀྲ་ཤིས་བདེ་ལེགས་ཞུ། མི་ནི་སྤྲེལ་གྱི་རིགས་ལས་མཆེད། སྤྲེའུ་མི་རུ་གྱུར་པ་ཡི། ཕུན་ཚོགས་རྟེན་འབྲེལ་བཀྲ་ཤིས་པ། དེ་ཡིས་དེང་འདིར་བདེ་ལེགས་ཤོག། ཐུབ་པའི་སྔོན་བྱུང་རྣམ་ཐར་ལས། སྤྲེའུ་ལ་སོགས་སེམས་ཅན་བཞི། མཐུན་པའི…་རྟེན་འབྲེལ་བཀྲ་ཤིས་པ། དེ་ཡིས་དེང་འདིར་བདེ་ལེགས་ཤོག། ཡངས་པ་ཅན་དུ་ཐུབ་པ་ལ། སྤྲེའུས་སྦྲང་རྩི་ཕུལ་བ་ཡི། རྟེན་འབྲེལ་ཕུན་ཚོགས་བཀྲ་ཤིས་པ། དེ་ཡིས་དེང་འདིར་བདེ་ལེགས་ཤོག། སྤྲེལ་རྒན་བྱང་ཆུབ་སེམས་དཔའ་ཡིས། བོད་ཀྱི་མིའུ་གདུང་དྲུག་སྤེལ། འབྱོར་ཕྱུག་རྒྱས་པའི་བཀྲ་ཤིས་པ། དེ་ཡིས་དེང་འདིར་བདེ་ལེགས་ཤོག། སིནྡྷུ་མཚོ་ལས་ཨོ་རྒྱན་རྗེ། འཁྲུངས་པའི་ལོ་དང་ཟླ་བ་ཡི། བདག་པོ་སྤྲེའུ་བཀྲ་ཤིས་པ། དེ་ཡིས་དེང་འདིར་བདེ་ལེགས་ཤོག། གེ་སར་དགྲ་བླའི་དཔུང་རོགས་ལ། ཁྲོ་ཐུང་སྤྲེའུ་བཞིན་དུ་འཚུབ། ཐབས་མཁས་དྲན་འཕྲུལ་བཀྲ་ཤིས་པ།དེ་ཡིས་དེང་འདིར་བདེ་ལེགས་ཤོག། ལྷ་ཆེན་དགའ་བྱེད་སློབ་མ་ནི། སྤྲེའུ་ཧ་ནུ་མཱནཐ་ཡིས། ལངྐ་བཅོམ་པའི་བཀྲ་ཤིས་པ། དེ་ཡིས་དེང་འདིར་བདེ་ལེགས་ཤོག། ཙི་ནིའི་ཐང་ཟན་བླ་མའི་འཁོར། སྤྲེའུ་འུ་ཁུང་རྫུ་འཕྲུལ་ཅན། རྣམ་ཐར་སྙན་པའི་བཀྲ་ཤིས་པ། དེ་ཡིས་དེང་འདིར་བདེ་ལེགས་ཤོག། གྲུབ་པའི་དབང་ཕྱུག་པདྨ་ནོར། སྤྲེའུའི་ལོ་ལ་མཚན་དཔེ་བཞད། བསྟན་པ་དར་བའི་བཀྲ་ཤིས་པ། དེ་ཡིས་དེང་འདིར་བདེ་ལེགས་ཤོག། མདོར་ན་གནམ་ལོ་བདག་པོ་ནི། སྤྲེའུ་གང་ཡིན་དེ་ཡི་དུས། བཀྲ་ཤིས་དགེ་མཚན་གང་བྱུང་བ། དེ་ཡིས་དེང་འདིར་བདེ་ལེགས་ཤོག། སྤྱང་གྲུང་འཛོམས་ཤིང་ཡང་རྩལ་ཆེ། འཚོ་བ་གཙང་ཞིང་གནོད་བྱེད་ཉུང་། སྤྲེའུར་ཚང་བའི་བཀྲ་ཤིས་པ། དེ་ཡིས་དེང་འདིར་བདེ་ལེགས་ཤོག། སྤྲེའུ་མི་རུ་གྱུར་པ་དང་། མི་ནི་སངས་རྒྱས་གྱུར་པ་ཡི། བཀྲ་ཤིས་དམ་པ་གང་ཡིན་པ། དེ་ཡིས་དེང་འདིར་བདེ་ལེགས་ཤོག། སྒྱུ་ལུས་རྡོ་རྗེའི་སྐུ་རུ་གྱུར། འཁྲུལ་སེམས་ཡེ་ཤེས་ལྔ་རུ་སད། ཆོས་དབྱིངས་བྲག་རྫོང་བཙན་པོར་བཟུང་། ཞི་བར་མི་གནས་འགྲོ་བའི་དོན། སྤྲེའུ་བཞིན་དུ་འཚུབ་པ་ཡི། བཀྲ་ཤིས་རྟེན་འབྱུང་གང་སྨོན་པ། དེ་ཡིས་ཀུན་ཀྱང་བདེ་ལེགས་ཤོག། སྤྲེའུ་ལྟ་བུ་ནགས་ཀྱི་མི། སྤྲེའུའི་ཡང་ཚ་པད་རིག་པས། སྤྲེའུའི་ལོ་གསར་འཆར་ཉེ་ཚེ། སྤྲེའུར་བསྟོད་པའི་ཤིས་ཚིག་སྤེལ།།
་་་་་་
སྤྲེལ་རྒན་བྱང་ཆུབ་སེམས་དཔའ་ཡིས།
བོད་ཀྱི་མིའུ་གདུང་དྲུག་སྤེལ།
འབྱོར་ཕྱུག་རྒྱས་པའི་བཀྲ་ཤིས་པ།
དེ་ཡིས་དེང་འདིར་བདེ་ལེགས་ཤོག།
་
སྤྲེའུ་མི་རུ་གྱུར་པ་དང་།
མི་ནི་སངས་རྒྱས་གྱུར་པ་ཡི།
བཀྲ་ཤིས་དམ་པ་གང་ཡིན་པ།
དེ་ཡིས་དེང་འདིར་བདེ་ལེགས་ཤོག།
་་་་་་་་་་
ཨ་རི་ནས། ༸གོང་ས་མཆོག་གིས། དགུང་གསར་ལ། བཀྲ་ཤིས་བདེ་ལེགས་གསུངས་པ།
https://www.youtube.com/watch?v=I8_Ahf-Ycw4
ཏང་ཡོན་ལས་བྱེད་པར་མི་ཆོག་པ་བརྒྱད་བསྒྲཊ།
http://tibettimes.net/%E0%BD%8F%E0%BD%84%E0%BC%8B%E0%BD%A1%E0%BD%BC%E0%BD%93%E0%BC%8B%E0%BD%A3%E0%BD%A6%E0%BC%8B%E0%BD%96%E0%BE%B1%E0%BD%BA%E0%BD%91%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%86/
ཏང་ལ་ཁྲིམས་མེད་པ་རང་མིན་པ་འདྲ། མའོ་ནང་བཞིན་རང་ཁྲིམས་རང་གིས་བསྲུང་མ་ཐུབ་པ་མ་གཏོགས། མའོས། སྨན་གཡོག་གི་ཚུལ་དུ་དུས་གཅིག་ཏུ་འཁྲིག་སྤྱོད་བྱ་ས་བུད་མེད་༢༤ཙམ་དང་། མཁས་པ་འགས་མའོས། མི་ས་ཡང་༧༠་བསད་ཡོད་པ་དང་། འགའ་ཤས་ཀྱིས་་ས་ཡ་༤༠ འགའ་ཤས་ཀྱིས་ས་ཡ་༣༠བསད་ཡོད་པ། འགས་ཤས་ཀྱིས་ཉུང་མཐའ་ཡང་ས་ཡ་༢༠ཉི་ཤུ་བསད་ཡོད་པར་བཤད་འདུག སྙིང་རྗེ་མའོ་ངན་སོང་མུ་མཐའ་མེད་པ་མྱང་རྒྱུ་ངེས་འདུག་ག སྙིང་གཅེས་ཁོ། སྡིག་ཆེན་ཁོ། སྙིང་རྗེས།། །།