ཨེ་མ་ཧོ།
ན་མོ་གུ་རུ་ཨེ་མ་ཧོ།།
སྐྱབས་བསླུ་མེད་ཡིད་ལ་རྟག་ཏུ་སྒོམ།།
ཆོས་རྟེན་འབྲེལ་རྒྱལ་པོ་མ་ཎི་ཀ།
དྲན་ཤེས་བཞིན་བག་ཡོད་ར་བས་བཙུར།།
ངའི་གཤིས་ཀ་རང་བཞིན་རིན་པོ་ཆེ།།
གཡོ་སྒྱུ་མའི་སྒྱུ་འཕྲུལ་རྩ་བ་བྲལ།།
མཐོ་བླ་དཔོན་ངོ་སྲུང་དེ་བས་དབེན།།
དམའ་ཉམ་ཐག་སྙིང་བརྩེ་བརྗེད་པ་མེད།།
དྲང་གནས་ལུགས་བདེན་པ་རིན་པོ་ཆེ།།
བློ་ངེས་འབྱུང་ཐར་བའི་ལམ་སྣ་ཟིན།།
སེམས་བྱང་ཆུབ་དམ་པས་རང་རྒྱུད་ཕྱུག།
དོན་གནས་ལུགས་མཐུན་པའི་དག་སྣང་ཐོབ།།
ཆོས་མཁྱེན་པའི་བླ་མ་རིན་པོ་ཆེ།།
ལུས་སྙིང་པོ་རྩ་རླུང་ཐིག་ལེ་འཛིན།།
ངག་བདེན་ཚིག་བོད་ཆོས་གླུ་རུ་ལེན།།
སེམས་ལྷག་བསམ་དག་པའི་བསྟན་དོན་དམིགས།།
ཡེ་གདོད་མའི་གཉུག་རིག་རིན་པོ་ཆེ།།
ཨ་ལ་ལ་ཀུ་རེ་རྩེད་མོ་ཡིན།།
མི་སྨྱོན་པའི་ཁ་ལ་ཡག་པོ་མེད།།
དོན་དགོངས་པ་མ་ཚོམས་རིན་པོ་ཆེ།།
སེམས་རྣམ་རྟོག་རི་མོ་དེ་སྐད་ཐལ།།
ཞེས་པ་རབ་རྒྱན་ཤིང་རྟའི་ཟླ་ཚེས་དགེ་བར་འབྲུག་ཆེན་རིན་པོ་ཆེས་ཨེ་མ་ཧོ་ཁྱོད་རིན་པོ་ཆེ་ཡིན་ནམ་ཞེས་པའི་ལན་དུ་ཤྲྰི་ཨེ་མ་ཧོས་དབྱིན་ཡུལ་ཨེ་ཝྃ་ཛྙྰ་ན་གུ་རུའི་ལྷ་ཁང་ནས་གླུ་རུ་བླངས་པར་དགེའོ།།
ད་མི་འདི་དངོས་གནས་སྨྱོས་ཚར་འདུག
ཕ་སྨྱོ་བུ་སྨྱོ་བརྒྱུད་པ་སྨྱོ། བརྒྱུད་པ་རྡོ་རྗེ་འཆང་ཆེན་སྨྱོ། མི་ལས་སོ།