པདྨ་ཚེ་དབང་ཤཱསྟྲི།
———-
།སྔ་ལོ་བོད་ཁྱིམ་དབུ་བརྙེས་ཀྱི་མཛད་སྒོའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་བཙན་བྱོལ་ནང་དུ་རང་རྐྱ་འཕེར་བའི་རིག་གཅིག་རྐང་འཛིན་པའམ། ལས་རིག་སྡེ་ཚན་བྱེ་བྲག་པའི་ནང་ལ་ཁྱད་མཁས་པ་མིག་འཛུགས་བྱེད་རྒྱུ་མེད་པ་དང་། བོད་ཡིག་གི་གནས་ཚད་སྐྱོ་བོ་ཡིན་པ་སོགས་ཀྱི་བཀའ་སློབ་ཕེབས་རྗེས་བོད་ཀྱི་དུས་བབ་གསར་ཤོག་དང་། ཁ་བརྡ་དྲ་གནས་བཅས་ཀྱི་ནང་དུ་གནད་དོན་འདིའི་ཐད་ལ་དཔྱད་རྩོམ་སྤེལ་བ་དང་། བཅར་དྲི་ཞུས་པ། དགོངས་ཚུལ་གསུངས་པ་བཅས་ཇི་སྙེད་ཅིག་བྱུང་འདུག་པའི་ནང་དུ་འགའ་ཞིག་གིས། བཙན་བྱོལ་ནང་གི་བོད་མི་རྣམས་རང་དབང་ལུང་པར་བསྡད་ཡོད་ཀྱང་། ཤེས་ཡོན་སློབ་སྦྱོང་གི་ཐད་ལ་འཐུས་ཤོར་ཆེན་པོ་བྱུང་ཡོད་པའི་དགོངས་ཚུལ་དང་། འགའ་ཞིག་གིས་འཐུས་ཤོར་དེ་དག་ཤེས་རིག་ལས་ཁུངས་དང་། ཆོས་དོན་ལྷན་ཁང་ནས་བྱུང་ཡོད་ཚུལ། འགའ་ཞིག་གིས་འཐུས་ཤོར་དེ་དག་སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན། ཕྲུ་གུའི་ཕ་མས་སེམས་ཁུར་མ་བླངས་པའི་རྐྱེན་གྱིས་བྱུང་ཡོད་ཚུལ། འགའ་ཞིག་གིས་བཙན་བྱོལ་དུ་གཞི་རིམ་དང་མཐོ་རིམ་ཤེས་ཡོན་གྱི་སྲིད་བྱུས་ཡང་དག་པ་ཞིག་མེད་པས་འཐུས་ཤོར་ཕྱིན་ཚུལ། ཁ་ཤས་ཀྱིས་རང་མིང་དངོས་སུ་བརྗོད་མ་ནུས་པར་རི་བོང་རྡོ་རྫུས་ཀྱི་ཚུལ་དུ་བསམ་ཆར་གསུངས་མཁན་ཡང་ཇི་སྙེད་ཅིག་འདུག་པ་དེ་དག་ནི་སྣང་མེད་དུ་འཇོག་པ་ལས་ལན་འདེབས་ཀྱི་འོས་མ་མཆིས། ཡང་འགའ་ཞིག་གིས་བཙན་བྱོལ་ནང་དུ་དུས་ཡུན་འདི་དག་གི་རིང་ལ་ཡིག་རྨོང་སེལ་ཐུབ་ཙམ་ལས། བོད་ཡིག་ཐོག་རང་རྐྱ་འཕེར་བའི་འབྲི་རྩོམ་གནང་མཁན་མེད་ཚུལ་སོགས་ཀྱིས་མཚོན་པའི་སྐྱོན་བརྗོད་དང་དགོངས་ཚུལ་མང་དག་ཅིག་འདོན་གནང་མཛད་འདུག་པའི་ཐད་ལ་རང་ཉིད་ཀྱི་བསམ་ཚུལ་མདོར་བསྡུས་ཤིག་ཞུ་འདོད་བྱུང་།
ཐོག་མ་དེར་རང་དབང་ལུང་པ་གསུངས་དུས་གཞིས་ལུས་སྤུན་ཟླ་ཚོ་ལ་ལྟོས་ཏེ་བཙན་བྱོལ་ནང་དུ་རང་དབང་ཆེན་པོ་ཡོད་ཀྱང་། ཕྲུ་གུར་ཤེས་ཡོན་སྤྲོད་ཕྱོགས་དང་། ཤེས་ཡོན་གྱི་ཁོར་ཡུག་བསྐྲུན་ཕྱོགས། མིའི་ནུས་ཤུགས་བསྐྲུན་ཕྱོགས། འགྲོ་གྲོན་གཏོང་ཕྱོགས་སོགས་གནས་ཚུལ་དུ་མ་ཞིག་གི་ཐད་ལ། ཡུལ་ཡར་ྐླུང་དུ་སྡོད་སྐབས། ལྷ་ཡར་ལྷ་ཤམ་བུ་བསྟེན་དགོས་པའི་དཔེ་ལྟར། གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་འགྲོ་སྟངས་དང་བསྟུན་ཏེ་གཞན་དབང་སྟབས་བསྟུན་གནང་དགོས་པ་ལས་བརྒྱ་ཆ་བརྒྱ་ཐམ་པ་རང་འདོད་གང་ཡོད་གནང་ས་ཕལ་ཆེར་མེད་པ་དེ་མཁྱེན་དགོས། དེ་ནས་རང་གཞུང་ཤེས་རིག་ལས་ཁུངས་དང་། ཆོས་རིག སློབ་གྲྭའི་འཛིན་སྐྱོང་། དགེ་རྒན་ལས་བྱེད། ཕྲུ་གུའི་ཕ་མ་དང་སློབ་ཕྲུག་བཅས་གང་ཟག་སྒེར་འགའ་རེའི་ངོས་ནས་ཕྱག་ལས་གནང་ཕྱོགས་དང་། ཤེས་ཡོན་དང་འཇོན་ཐང་། ལྷག་བསམ་འདེང་མིན།་ བསམ་པར་ལྷད་མེད་ཀྱང་སྦྱོར་བར་སྐྱོན་ཤོར་བ་སོགས་ཀྱིས་རྐྱེན་པས་འཐུས་ཤོར་ཕྲན་བུ་བྱུང་ཡོད་སྲིད་པ་རྒྱུ་མཚན་དུ་བྱས་ཏེ། ལྷན་ཁང་ཡོངས་རྫོགས་དང་། ཤེས་ཡོན་གྱི་ཚན་པ་ཡོངས་རྫོགས། ཕྲུ་གུ་དང་ཕ་མ་ཡོངས་རྫོགས་ལ་རྒྱུག་པ་ལེབ་རྡུང་གི་ཚུལ་དུ་འཐུས་ཤོར་གྱི་ཞྭ་མོ་གཡོགས་ན་མ་འགྲིགས་པ་ཡིན་སྙམ།
ལར་ནས་གཏམ་གྱི་དཔེ་ལ། ཕྲ་ཞིབ་བརྟག་པར་མ་བྱས་ན། དུ་བ་རླངས་པར་ནོར་ཉེན་ཡོད། ཟེར་བ་ལྟར་བཙན་བྱོལ་ནང་གི་མི་ལོ་ལྔ་བཅུའི་རིང་གི་ཤེས་ཡོན་གྱི་བརྒྱུད་རིམ་དང་། ཁོར་ཡུག གནས་ཚད། གྲངས་འབོར། སྤུས་ཚད། མཐུན་རྐྱེན། བསླབ་གཞི། གྲུབ་འབྲས་སོགས་ཁྱོན་ཡོངས་ནས་གཟིགས་ཏེ་ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་སྒོ་ནས་འཐུས་ཤོར་སོང་མིན་གཟིགས་དགོས་པ་ལས། སེམས་ཀྱི་ཚོར་བའི་གཞན་དབང་དུ་བཏང་སྟེ་༸གོང་ས་མཆོག་གིས་བཀའ་སློབ་དེ་འདྲ་བ་དེ་སྔ་གནང་མ་མྱོང་བ་ལྟ་བུར། ངོ་གདོང་ན་ཡོད་པའི་དཔེ་མཚོན་ཁ་ཤས་དྲངས་ཏེ། ཐུགས་ལ་གང་དགོངས་ཚད་འབྲི་བརྗོད་གནང་པ་ཡིན་ན། དངོས་ཡོད་གནས་ཚུལ་ཇི་བཞིན་མ་མཁྱེན་པའི་གཞིས་བཞུགས་དང་། བྱེས་འབྱོར་སྤུན་ཟླ་རྣམས་དང་། ལྷག་པར་དུ་ལས་ཀྱི་སྣེ་མོར་གཏོགས་པའི་ད་ལྟའི་འབྲེལ་ཡོད་ལས་བྱེད་རྣམས་སེམས་ཤུགས་ཆག་པའི་རྒྱུ་རུ་འགྲོ་མི་སྲིད་པའང་མིན་པས་དེ་ལུགས་དགོངས་བཞེས་དགོས་པ་གལ་ཆེར་མངོན། དེ་བཞིན་ཚགས་ཤོག་དང་། དུས་དེབ། ཟིན་ཐོ་ཁག་ཏུ་ཚིགས་བཅད་འགའ་ཤས་དང་། རྩོམ་ཤོག་ལྷེ་ཁ་ཤས་མ་བྲིས་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་བོད་ཡིག་མ་ཤེས་པའི་གྲས་སུ་བགྲང་མི་རུང་། དངོས་འབྲེལ་འགྲོ་ལུགས་ལྟར་བྱས་ན། སྐྱོན་འདི་དང་འདི་འདྲ་ཞིག་དང་། འཐུས་ཤོར་འདི་དང་འདི་འདྲ་ཞིག་བྱུང་འདུག འཐུས་ཤོར་གཏོང་མཁན་འདི་དང་འདི་རེད། ཅེས་སྐྱོན་བརྗོད་གཅིག་པུ་གསུངས་ནས་བཞག་པ་མ་ཡིན་པར་སྐྱོན་དེ་སླར་མི་འབྱུང་བར་འགོག་པའི་ཐབས་ལམ་འདི་དང་འདི་བྱེད་དགོས། འབྱུང་འགྱུར་འཐུས་ཤོར་མ་ཡོང་བར་ཟློག་ཐབས་འདི་དང་འདི་འདྲ་བྱེད་དགོས་ཅེས་ཕན་ཐོགས་ལྡན་པའི་དགེ་འདོན་སྐྱོན་སེལ་གནང་དགོས་པ་ལས། སྐྱོན་བརྗོད་དང་ཁ་རྡུང་གཅིག་པུ་གནང་སྟེ་བཞག་ན། སྤྱི་སྒེར་གཉིས་ཀར་ཕན་ཐོགས་ཡོང་བ་དཀའ། ལར་ནས་བོད་གཞུང་གིས་ཡས་འགྲིགས་མ་སོང་མས་འགྲིགས་མ་སོང་གསུངས་གནང་མཁན་ཚོས་རང་ཉིད་ལ་འཁྲིས་པའི་ཆབ་འབངས་ཀྱི་ལས་འགན་རྒྱལ་དོན་དཔྱ་ཁྲལ་དེ་འཚེམས་ལུས་མེད་པར་འབུལ་གྱི་ཡོད་དམ་མེད་དེའང་དྲི་བ་ཞིག་རེད།
རང་ཉིད་སྒེར་གྱི་ལྟ་ཚུལ་ལ་བཙན་བྱོལ་ནང་དུ་བོད་མི་ཆིག་འབུམ་གསུམ་ཁྲི་ཡས་མས་ཞིག་ལས་མེད་ཀྱང་། སྲོལ་རྒྱུན་ལ་གཞིགས་ན། ཕྱི་ལུགས་འབུམ་རམས་པའི་ལག་འཁྱེར་ཡོད་མེད་ལ་མ་ལྟོས་པར། དེ་དང་དོ་མཉམ་པའི་གནས་ཚད་ཡོད་མཁན་གདན་ས་ཁག་ནས་དགེ་བཤེས། དེ་བཞིན་ཆོས་བརྒྱུད་གཞན་ཁག་ནས་མཁན་པོ་དང་། སློབ་དཔོན། སྒྲུབ་དཔོན་ལ་སོགས་པ་གཞུང་བཀའ་དཔོད་ལྔ་ཡོངས་རྫོགས་ལ་མཁས་པ་དང་། བྱེ་བྲག་རེ་རེར་མཁས་པ་ཧ་ཅང་མང་པོ་ཐོན་དང་ཐོན་བཞིན་པ་དང་། དེང་རབས་ལ་གཞིགས་ན། ཚན་རིག་དང་། འཕྲུལ་རིག རྡུལ་ཕྲན་རིག་པ། ནོར་སྲིད་རིག་པ། བརྡ་འཕྲིན་རིག་པ། ཀམ་པུ་ཊར་རིག་པ་སོགས་རིག་གནས་བྱེ་བྲག་པ་འགའ་ཞིག་གི་ཐད་ལ་བློ་ཁ་ཚིམས་པའི་གྲུབ་འབྲས་བྱུང་མེད་ཀྱང་། བཙན་བྱོལ་བོད་མིའི་གྲངས་འབོར་དང་། ཁོར་ཡུག གཞན་དབང་སྟབས་བསྟུན་གྱི་གནས་བབ་བཅས་སྤྱི་ཡོངས་ནས་བསམ་ཤེས་གནང་པ་ཡིན་ན། ཤེས་ཡོན་སློབ་སྦྱོང་གི་ཐད་ལ་བརྒྱ་ཐམ་པའི་གྲལ་མགོར་མ་སླེབས་ཀྱང་། སྟོང་ཐམ་པའི་གྲལ་མཇུག་ཏུ་མ་ལུས་པ་ཞིག་བྱུང་མེད་འགྲོ་སྙམ། ད་ལྟའི་ཆར་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡོད་ཅེས་ཚང་མའི་ཞལ་ནས་བསྒྲགས་དང་། སྒྲོག་བཞིན་པ་དེ་༥༩ ལོར་བཙན་བྱོལ་དུ་སླེབས་ནས་བཟུང་གཙོ་བོ་༸གོང་ས་མཆོག་དང་། ཡང་སྒོས་རྒྱ་གར་གཞུང་། བོད་གཞུང་། ཤེས་རིག་ལྷན་ཁང་། ལྷག་པར་བོད་མིའི་ཤེས་ཡོན་དང་། དཔལ་འབྱོར། སྤྱི་ཚོགས། སྒྲིག་འཛུགས་བཅས་འབྲེལ་ཡོད་ཕྱག་ལས་གནང་མཁན་ཚང་མས་ལྷག་བསམ་དང་། འཕྱར་བ་གྲུ་འདེགས་གནང་པའི་གྲུབ་འབྲས་ཞིག་ཡིན་པ་ནི་གདོན་མི་ཟ། ད་ལྟ་བར་དུ་བཙན་བྱོལ་བོད་གཞུང་ལ་རིག་གནས་བྱེ་བྲག་པ་ཞིག་གི་ཐོག་ལ་ཆེད་ལས་པའམ། ཁྱད་མཁས་པ་ཞིག་མ་རག་པའི་རྐྱེན་གྱིས་བོད་ཀྱི་རྩ་དོན་གྱི་ཐོག་ལ་འཐུས་ཤོར་ཆེན་པོ་འདི་འདྲ་ཞིག་ཤོར་སོང་སྙམ་པའི་ཤེས་རྟོགས་ང་ལ་ནི་མ་བྱུང་། ཡིནའང་། མ་མཐོང་ཕྱིར་ན་མེད་མ་ཡིན། ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་། བོང་བུས་མ་སོང་ལམ་འཕྲང་མང་། ཟེར་བ་ལྟར་རང་ཉིད་ཀྱིས་མ་ཤེས་པའང་ཡིན་སྲིད།་ གཅིག་བྱས་ན། བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་རྣམ་པ་གཉིས་དང་ཕྱག་རོགས་ནས་རྒྱལ་འབྲེལ་འཐབ་བྱུས་དང་། གྲོས་མོལ་འཐབ་རྩལ་བཅས་ཀྱི་ཐོག་ལ་རིག་གཅིག་རྐང་འཛིན་གྱི་སློབ་སྦྱོང་མ་གནང་བའི་རྐྱེན་གྱིས་གྲུབ་འབྲས་མ་སོན་པ་ནི་ཨེ་ཡིན་ནམ། གལ་ཏེ་དེ་འདྲ་ཡིན་ན། ངའི་བསམ་པར་ད་ལྟ་བཙན་བྱོལ་བོད་གཞུང་ལ་ཁ་ཚ་དགོས་ཐུག་གི་ཆེད་ལས་པའི་དགོས་མཁོ་ཡོད་པ་ནི། བོད་དོན་བདེན་མཐའ་མྱུར་དུ་གསལ་ཐུབ་པའི་ཆེད་ལས་པ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རྒྱ་ནག་གཞུང་གི་ཡིད་ཆེས་དང་། བློ་འགུགས་ཐུབ་པའི་ཆེད་ལས་པ། བོད་ཆོལ་གསུམ་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ཐོབ་ཐབས་གནང་ཐུབ་པའི་ཆེད་ལས་པ། ཇི་སྲིད་བོད་རྒྱལ་ཁབ་གནས་པ་དེ་སྲིད་དུ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གནང་ཐུབ་པའི་ཆེད་ལས་པ། བོད་ནང་རྒྱའི་མི་འབོར་སྤོ་བཞུད་འགོག་ཐུབ་པའི་ཆེད་ལས་པ། བོད་མིའི་རང་དབང་སྐྱར་གསོ་ཐུབ་པའི་ཆེད་ལས་པ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐུབ་པའི་ཆེད་ལས་པ་སོགས་ཡིན། འོན་ཀྱང་སྟབས་ཉེས་པ་ཞིག་ལ་འདི་འདྲའི་ཆེད་ལས་པ་དག་ཡོང་བ་ནི་མོ་གཤམ་གྱི་བུའི་ཚུལ་དུ་སོང་། ༸གོང་ས་མཆོག་གི་བཀའ་སློབ་དེའི་སྙིང་དོན་ནི། འབྱུང་འགྱུར་མགོ་རུལ་པ་ྐླད་པས་མ་ཚོར་བ་ལྟ་བུ་མི་ཡོང་བའི་ཕྱིར་དང་། མ་འོངས་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་ལྷན་དུ་དོན་དམ་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཅིག་ཏུ་བསྡད་ནའང་རེད། ཡང་ན། རྒྱ་ནག་ལས་ལོགས་སུ་རང་དབང་རང་བཙན་གྱི་གནས་བབ་ཅིག་ཏུ་སྡོད་པ་ཇི་ལྟར་ཡང་། དེ་ལ་གཞིགས་པའི་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆེད་དུ་མིའི་ནུས་ཤུགས་ཀྱི་དགོས་མཁོ་འདང་ངེས་བཞིན་པ་ཡོང་བའི་འཆར་གཞི་ད་ལྟ་ནས་བཟོ་དགོས་པའི་སྐུལ་མ་གནང་བ་ལས། ནོར་འཁྲུལ་དང་འཐུས་ཤོར་སུས་བྱས་མིན་བརྩད་གཅོད་གཏོང་དགོས་པའི་བཀའ་སློབ་ཨེ་ཡིན་སྙམ།
ཡིནའང་ཕྱིར་བལྟ་ཕྲན་བུ་ཞིག་གནང་ན། རྒྱལ་སྤྱིའི་བོད་རིག་པའི་མཁས་པའི་དབུས་སུ་སྙན་གྲགས་མི་དམན་པ་ཡོད་པའི་གྲས་ནས་ཚེ་འདས་ཟླ་བ་ནོར་བུ་དང་། ད་ལྟ་སྐུ་འཚོ་བཞུགས་ཡིན་པ་ཚེ་རིང་ཤཱཀྱ་། སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ། དགེ་བཤེས་བཀྲིས་ཚེ་རིང་། དྷ་ས་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར། ཨ་མྱེས་རྨ་ཆེན་གྱི་བཀྲིས་ཚེ་རིང་། ཤཱརློཀ་ཧོམས྄ྭ་ལ་ཀོརོས་ཝོཌ་བྱ་དགའ་ཐོབ་པའི་འཇམ་དབྱངས་ནོར་བུ། ཨཱཅརྱ་ཀརྨ་སྨོན་ལམ།་ ཌོཀ་ཊར་བསྟན་འཛིན་བརྩོན་འགྲུས། དྷ་ས་རིག་ལམ་སློབ་དཔོན་རྒྱ་མཚོ། ན་ག་སངས་རྒྱས་བསྟན་དར། བསྟན་འཛིན་དོན་ཡོད། ཨུ་རུ་སུའི་དོན་གཅོད་ངག་དབང་རབ་རྒྱས། གཞན་ཡང་ཉེ་ཆར་པདྨའི་དཔལ་གྱི་གཟེངས་རྟགས་བཞེས་མཁན་དགེ་བཤེས་ངག་དབང་བསམ་གཏན། ཧིན་དྷི་སྐད་ཡིག་ཐོག་ཧི་མཱ་ཅལ་མངའ་སྡེའི་བྱ་དགའ་ཐོབ་པའི་སྤེན་པ་སྒྲོལ་མ། བྷེང་ལོར་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་མཐོ་སློབ་སློབ་སྤྱི་ངག་དབང་རྡོ་རྗེ། སོགས་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བ་གང་ཞིག་ལ། འབུམ་རམས་པའི་ཕྱག་འཁྱེར་ཡོད་མིན་ལ་མ་ལྟོས་པར་རིག་གནས་བྱེ་བྲག་པ་ཞིག་གི་ཐོག་ལ་ཆེད་ལས་པ་ཡིན་པ་རང་ཉིད་ཀྱི་ངོ་ཤེས་པ་གོང་གསལ་བསྡོམས་པའི་ཉི་ཤུ་བརྒལ་བ་ཞིག་འདུག་ན། ངས་ངོ་མ་ཤེས་པ་དང་ཤེས་རྟོགས་མ་བྱུང་བ་དེ་བས་མང་བ་ཡོད་ངེས།
ངའི་ངོ་ཤེས་བོད་མི་འབུམ་རམས་པ་ཐོན་པ་འདི་དག་གི་ནང་ནས་ད་བར་ཤས་ཆེ་བས་བོད་ཀྱི་རིག་གཞུང་དང་། སྲིད་དོན། དཔལ་འབྱོར། བྱུང་རབས། ཤེས་ཡོན། འཕྲོད་བསྟེན། ཁང་བཟོ་རིག་པ། རྩིས་ཞིབ། ཕུགས་གནས་ལྡན་པའི་ཡར་རྒྱས། སྐད་ཡིག མི་གཤིས་རིག་པ། འཛིན་སྐྱོང་བཅས་དང་འབྲེལ་བའི་རིག་གནས་ལ་ཆེད་སྦྱོང་གནང་ཡོད་པ་ལས། དེང་རབས་གོང་མའི་རིག་གསར་འཕྲུལ་རིག་དང་། རྡུལ་ཕྲན་རིག་པ། བརྡ་འཕྲིན་རིག་པ། ནོར་སྲིད་རིག་པ། སེམས་ཁམས་རིག་པ་སོགས་ཀྱི་ཐད་ལ་ཆེད་ལས་དང་། ཁྱད་མཁས་པ་མ་བྱུང་བ་ནི་དངོས་ཡོད་རེད། འོན་ཀྱང་རིག་གསར་འདི་དག་གི་ཐོག་ལ་ད་ལྟའི་ཆར་བོད་མི་སློབ་སྦྱོང་གནང་མཁན་རྩ་བ་ནས་མེད་པའང་མིན། ང་ཚོའི་མི་རབས་དེར་ཁྱད་མཁས་པ་དང་། ཆེད་ལས་པ་མང་པོ་མ་བྱུང་བའི་རྒྱུ་མཚན་དུ་མ་ཡོད་པའི་ནང་ནས་གཅིག་ནི། སྐབས་དེ་དུས་བོད་གཞུང་གི་ལས་ཁུངས་ཁག་གི་ནང་དུ་ལས་བྱེད་པ་དང་། སློབ་གྲྭ་ཁག་གི་ནང་དུ་དགེ་རྒན། སྨན་ཁང་ཁག་གི་ནང་དུ་སྨན་ཞབས་པ་སོགས་ཀྱི་དགོས་མཁོ་ཡོད་པར་བརྟེན་མང་པོ་ཞིག་གིས་གཞི་རིམ་དང་། མཐོ་སློབ་ཐོན་རྗེས་མུ་མཐུད་སློབ་སྦྱོང་གི་གོ་སྐབས་བློས་བཏང་སྟེ་གཞུང་ཞབས་ཞུས་ཡོད། གཉིས་ནས་སྐབས་དེ་དུས་ཕ་མ་མང་ཆེ་བར་སློབ་སྦྱོང་མེད་པའི་ཁར་དཔལ་འབྱོར་གྱི་གནས་སྟངས་ཀྱང་སྐྱོ་བོ་ཡིན་པས་ཕྲུ་གུར་མུ་མཐུད་སློབ་སྦྱོང་བྱེད་དགོས་པའི་ལམ་སྟོན་གནང་མ་ཐུབ། གསུམ་ནས་ཆེད་ལས་སློབ་སྦྱོང་བྱེད་པར་འགྲོ་གྲོན་གྱི་མཐུན་འགྱུར་ཡོང་ཁུངས་ཞིག་ཀྱང་མེད། བཞི་ནས་དེ་དུས་གལ་ཏེ་མི་ཞིག་གིས་རྡུལ་ཕྲན་ནུས་ཤུགས་ཀྱི་སྐོར་ལ་ཆེད་ལས་ཀྱི་སྦྱོང་བདར་ཞིག་ཐོན་ཡོད་པའི་དབང་དུ་བཏང་ཡང་། བོད་གཞུང་དང་བོད་པའི་སྤྱི་ཚོགས་ལ་ཁོང་ལ་རན་པའི་ཕྱག་ལས་ཞིག་སྐབས་དེ་དུས་ཀྱང་གནང་རྒྱུ་མེད་ལ། ཕལ་ཆེར་ད་ལྟའང་གནང་རྒྱུ་ཨེ་ཡོད་སྙམ། འོན་ཀྱང་ཕྱི་ལོ་༧༠ དང་༨༠ སྐབས་སུ་སྐྱེ་སྲིངས་དང་འཚར་ལོངས་བྱུང་བའི་ཕྲུ་གུ་རྣམས་ཀྱི་ཕ་མ་ཤས་ཆེ་བར་སློབ་སྦྱོང་ཕྲན་བུ་ཞིག་ཡོད་པ་དང་། ལྟ་རྒྱ་མཐོང་རྒྱ་ཡང་སྔར་ལས་ཕྲན་བུ་ལེགས་པ་ཡོད་པའི་དབང་གིས་དེང་གི་ཆར་ཁྲིམས་དོན་དང་། རྒྱལ་སྤྱིའི་འབྲེལ་ལམ་རིག་པ། དངོས་ཁམས་རིག་པ། རྫས་སྦྱོར་རིག་པ། དཔལ་འབྱོར་རིག་པ། སྤྱི་ཚོགས་འཕྲོད་བསྟེན་རིག་པ། ཁོར་ཡུག་རིག་པ་སོགས་རིག་གསར་དུ་མ་ཞིག་ལ་ཆེད་ལས་གནང་མཁན་ཐོན་དང་ཐོན་བཞིན་པ་རེད། ལོ་ཤས་སྔོན་བོད་ཁྱིམ་སློབ་གྲྭ་ཁག་ནས་སློབ་ཕྲུག་ཤེས་རབ་བཀྲ་བའི་རིགས་སྒོ་ངའི་ནང་གི་སེར་རིལ་ལྟ་བུར་འདེམས་སྒྲུག་གནང་སྟེ། སེལཱཀུཝ་རུ་བོད་ཁྱིམ་སློབ་གྲྭ་གསར་འཛུགས་དང་། བྷེང་ལོར་དུ་ཉེ་ཆར་༸གོང་ས་མཆོག་ནས་དབུ་འབྱེད་གནང་པའི་བོད་ཁྱིམ་མཐོ་སློབ་དེ་དག་ཟུར་འཛུགས་གནང་དགོས་པའི་དམིགས་ཡུལ་དུ་མ་ཡོད་པའི་ནང་ནས་གཅིག་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་མིའི་ནུས་ཤུགས་ཀྱི་འཕེལ་རྒྱས་ཡོང་བ་དང་སྟོང་ཁ་སྐོང་བྱེད་ཕྱིར་དམིགས་པ་རེད།
ལར་ནས་རྒྱལ་ཁབ་ཇི་འདྲ་ཞིག་ཡིན་ཀྱང་མིའི་ནུས་ཤུགས་ཞེས་པ་དེ་རྒྱལ་ཁབ་དེའི་དགོས་མཁོ་དང་འཚམས་པར་འཆར་གཞི་ལྡན་པའི་སྒོ་ནས་བསྐྲུན་དགོས་པ་ལས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྲངས་༨༢ ཡོད་པའི་ནང་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་པའི་གནས་བྱེ་བྲག་པ་བརྒྱ་ཕྲག་དུ་མ་ཡོད་པ་རེ་རེར་ཆེད་ལས་པ་ཐོན་དགོས་པ་དང་། ཐོན་ཡོང་བའི་རེ་བ་གནང་རྒྱུ་མེད།་ གལ་ཏེ་བཙན་བྱོལ་བོད་མི་ཆིག་འབུམ་གསུམ་ཁྲིའི་ནང་ནས་ཆེད་ལས་པ་སྟོང་ཕྲག་གཅིག་སྐྱེ་སྲིངས་བྱེད་ཐུབ་ཡོད་ན། དེའི་ཚོད་ཀྱིས་ང་ཚོའི་རྩ་དོན་འགྲུབ་ཐག་ཉེ་རུ་ཕྱིན་ཡོད་པ་དང་། གཞིས་ཆགས་ཁག་སྲ་བརྟན་དུ་གྱུར་བ། སློབ་ཕྲུག་གི་བོད་ཡིག་གནས་ཚད་ཡར་རྒྱས། བོད་མི་ཉམས་ཐག་ཚོའི་འཚོ་བར་ཡར་རྒྱས་ད་ལྟ་ལས་ལྷག་པ་བྱུང་ཡོད་དམ། ཞེས་པ་དེ་དྲི་བ་ཞིག་རེད། དངོས་ཡོད་གནས་ཚུལ་ལ་སྙན་གྲགས་སེང་གེ་ཆེ་ཡང་། ཕན་ཐོགས་ཁྱི་ཆེ་བ་ཡིན།
སྒེར་གྱི་བསམ་ཚུལ་ལ། གལ་ཏེ་བཙན་བྱོལ་གྱི་ནང་དུ་མིའི་ནུས་ཤུགས་ཀྱི་ཕོངས་པ་དངོས་གནས་ཡོད་ན། དང་པོ་དེར་བཙན་བྱོལ་སྒྲིག་འཛུགས་ཀྱི་ནང་དུ་མིའི་ནུས་ཤུགས་ལྷན་ཁང་ཞིག་གསར་དུ་འཛུགས་དགོས། ལྷན་ཁང་དེས་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་མིའི་ནུས་ཤུགས་ཀྱིས་མ་འདང་སའི་ཆ་གང་དང་གང་ཡིན་བརྩད་ཞིབ་དང་། ངོ་འཕྲོད་ཡང་དག་པར་བྱས་ཏེ་དེ་དག་གི་སྟོང་ཆ་སྐོང་ཐབས་གནང་དགོས། རྒྱལ་ཁབ་ལ་དགོས་ངེས་ཅན་གྱི་མིའི་ནུས་ཤུགས་ཀྱི་དགོས་མཁོ་བློ་ཁ་ཚིམས་པ་ཞིག་འགྲུབ་ཐུབ་མིན་ནི། དཔལ་འབྱོར་གྱི་འགྲོ་གྲོན་ཕངས་སེམས་མེད་པ་ཞིག་མ་བྱུང་ཡང་། འདེང་ངེས་བཞིན་པ་ཞིག་གཏོང་ཐུབ་མིན་ལ་རག་ལས་པས། དེའི་ཆེད་དུ་དམིགས་ཏེ་ལོ་འཁོར་སྔོན་རྩིས་ཀྱི་ནང་དུ་མ་དངུལ་ཟུར་འཇོག་གནང་དགོས། ཡིནའང་ད་ལྟ་བོད་གཞུང་ལ་ཡོང་ཁུངས་དེ་ཙམ་མེད་པར་ལོ་འཁོར་སྔོན་རྩིས་ཀྱི་ཆ་ཤས་ཤུགས་ཆེ་བ་༸རྒྱལ་བ་རིན་པོ་ཆེས་གསོལ་རས་གནང་གི་ཡོད་སྟབས་དེ་ལྟར་མ་དངུལ་ཕོན་ཆེ་ཟུར་འཇོག་གནང་ཐུབ་མིན་སོམ་ཉི་རེད། དེ་མིན་སློབ་གཉེར་བ་ཞིག་ལ་ཆ་མཚོན་ན། རང་ཉིད་ལ་དོན་གཉེར་དང་། འདུན་པ། སྤྲོ་སྣང་ཤུགས་ཆེ་ཡོད་སའི་རིག་གནས་བྱེ་བྲག་པ་ཞིག་ལ་ཉམས་ཞིབ་བམ། རིག་གཅིག་རྐང་འཛིན་མཐིལ་ཕྱིན་པ་བྱེད་རྒྱུར་རྒྱས་སྤྲོས་མ་བྱུང་ཡང་། གནས་དུས་དང་འཚམས་པའི་རྒྱུན་གྲོན་དང་། སློབ་ཡོན་འདེང་ངེས་བཞིན་པ་ཞིག་བྱུང་ན་གཞུང་སྒེར་སྤྱི་གསུམ་གྱི་དམིགས་ཡུལ་བརྒྱ་ཆ་བརྒྱ་ཐམ་པ་མ་བྱུང་ཡང་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་གྲུབ་ངེས་པ་ཡིན། གཞན་དེང་སང་ཕན་ཚུན་འགྲན་རྩོད་དང་། རང་རྒྱལ་གཞན་ཕམ། གོ་ལ་གཅིག་གྱུར་གྱི་ཁྲོམ་རྭའི་དཔལ་འབྱོར་ལ་བག་མེད་ལོངས་སྤྱོད་བྱས་དང་བྱེད་བཞིན་པའི་རླུང་འཚུབ་ཀྱི་འོག་ཏུ་རྗེ་ཙོང་ཁ་པ་དང་། ཨེཎསཊིན། ཉི་དབང་མགོན་པོ་ལྟ་བུའི་ཁྱད་མཁས་པ་ཡོང་བའི་རེ་སྒུག་ཕལ་ཆེར་གནང་རྒྱུ་མེད། ཚང་མས་མཁྱེན་གསལ་ལྟར། གངས་དཀར་སེམས་ན་རྟ་མེད་ན། ཕུ་ཐུང་ནང་གི་སྲབ་མི་འཛིན། ཟེར་བ་ལྟར་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཚན་རིག་པ་དང་། བསམ་བློའི་བང་མཛོད་ཅེས་པ་དེ་དག་ཤས་ཆེ་བ་རྒྱལ་ཁབ་གཞུང་གིས་གཅེས་ཕྲུག་ལྟ་བུར་བདག་ཉར་བྱས་ཏེ་གསོ་སྐྱོང་བྱེད་ཀྱི་ཡོད། དེ་ལྟ་ནའང་ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་དུ་མའི་ནང་དུ་བོད་མི་ཆེད་ལས་པ་དུ་མ་ཞིག་བཞུགས་ཡོད་པ་དེ་དག་གི་ནང་ནས་ནམ་ཞིག་བོད་བཙན་བྱོལ་གཞུང་ལ་དགོས་མཁོ་བྱུང་བའི་ཉིན་མོ་དེར་ཁྱེད་རང་དྷ་རམ་ས་ལར་ཡོང་དགོས་ཀྱི་འདུག་ཅེས་བཀའ་གནང་པ་ཡིན་ན། བསམ་ཤེས་རྩ་བ་ནས་མེད་པའི་ལས་འབྲས་རྒྱབ་སྐྱུར་བ། ཁ་ཟས་སྤང་ནས་བཟས། རིལ་མ་ནགས་སུ་གཏོང་མཁན་ཞིག་ཡིན་ན་ལས། དེ་མིན་ཚང་མས་བཀའ་བརྩི་དང་ལེན་གྱི་སྒོ་ནས་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་ཡིན་པ་ངེས།
དབྱིན་སྐད་ནང་དར་ཁྱབ་ཆེ་བའི་བཤད་རྒྱུན། རྟ་དེ་ཆུ་ཁར་འཁྲིད་ཐུབ་པ་ལས། ཆུ་འཐུང་དུ་འཇུག་མི་ཐུབ། ཞེས་པ་ཞིག་ཡོད། དེ་ང་ཚོས་ངེས་པར་དུ་མཁྱེན་དགོས། ཆུ་འཐུང་དུ་འཇུག་པར་ཁོར་ཡུག་ངེས་ཅན་ཞིག་བསྐྲུན་དགོས། ཆེད་ལས་པ་དང་། ཁྱད་མཁས་པ་བསྐྲུན་དགོས་ཀྱི་ཡོད་ནའང་རེད། བོད་སྐད་དང་བོད་ཡིག་ལ་གནས་ཚད་ངེས་ཅན་ཡོད་པའི་བོད་མི་ཤ་སྟག་བསྐྲུན་དགོས་ཀྱི་ཡོད་ནའང་རེད། གང་ལྟར་རྟེན་འབྲེལ་གྱི་མཐུ་བཙན་པ་ཡིན་དུས་ཁོར་ཡུག་བཟང་པོ་དང་། ངེས་ཅན། བློ་ཁ་ཚིམས་པ་ཞིག་ངེས་པར་དུ་དགོས་པ་ལས། ཁ་དེ་བཞིན་གཤེགས་པས་ལུས་ཀྱི་སྒྲིབ་པ་མི་དག འོན་ཀྱང་ཇི་སྲིད་སྐད་ཡིག་དང་། གོམས་གཤིས། རིག་གཞུང་སོགས་མི་གཅིག་པའི་མིའི་ལུང་པར་གནས་དགོས་པ་དེ་སྲིད་དུ་རང་གི་རིག་གཞུང་དང་། སྐད་ཡིག་ མི་རིགས་ཀྱི་ངོ་བོ་དང་བཅས་པ་འདོད་བློ་ཚིམས་པ་ཞིག་འཛིན་སྐྱོང་བྱེད་མི་ཐུབ་པ་ཆོས་ཉིད་ཡིན་སྙམ།
བོད་མིའི་གཞིས་སྒར་ཆེ་ཁག་རེ་ཟུང་དང་། གདན་ས་ཁག་ཕུད་པའི་རྒྱ་བལ་འབྲུག་གསུམ་གྱིས་མཚོན་པའི་བོད་མི་སྐྱབས་བཅོལ་བ་གནས་ཡུལ་ཚང་མར་ནང་གི་ཐན་པ་དང་། སློབ་གྲྭའི་རྒྱལ་སྒོ་ནས་ཕྱིར་ཐོན་མ་ཐག་ཧིན་དྷིའམ། བལ་སྐད། དབྱིན་ཇི། ཀཎནཌ། ཊིལུགུ་གང་རུང་ཞིག་བེད་སྤྱོད་གཏོང་དགོས་པ་ལས་བོད་སྐད་དང་། བོད་ཡིག་རྒྱུན་སྤྱོད་བྱེད་སའི་ཁོར་ཡུག་ཅིག་མེད་པ་ཀུན་ཤེས་རེད། གནད་འགག་འདི་ལ་གཟིགས་ཏེ་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་ནས་བོད་ཡིག་འདིའི་སྟེང་ན་ཟ་རྒྱུ་ཞིག་ཡོད་ན་ཅི་མ་རུང་གསུངས་པ་དེ་བདེན།
གསར་འབྱོར་རམ་བོད་ནས་བསླེབས་པ་གཅིག་གི་མིང་ཡང་མི་འདུག འདི་ལྟར་མཐོང་ཆུང་བྱེད་པ་དེ་ནི་ཁྱོད་རང་ཐེ་བའི་གཞིས་སྐྱེས་པ་ཚོའི་གཏིང་ནད་ནག་པོ་ཞིག་རེད་ཡ།
རྒན་པོ་ལགས་ཀྱིས་ཤར་གྱི་གྲང་དང་ནུབ་ཀྱི་དྲོད་འཇམ་ཟེར་བའི་དཔེ་དེབ་ཀྱི་ནང་དོན་བརྗོད་ཚུལ་བཟང་གི ཡིན་འང་འདི་ན་དོན་གྱིས་བཤད་ན་ཁྱེད་ཀྱིས་རྒྱལ་བ་རིན་པོ་གསུང་འཕྲིན་ལ་ངོ་རྒོལ་བྱེད་ཀྱིན་འདུག ་ད།
ཁག་མི་འདུག་རང་གི་སྐྱེས་ས་ལ་ཞེན་ཁོག་ཡོད་པ་ནི། ཡིན་ནའང་ང་ཚོ་ཞེན་ཁོག་གི་དབང་ལ་འགྲོ་མི་ཉན། བཙན་བྱོལ་བོད་པའི་སློབ་གྲའི་ནང་བོད་ཡིག་གི་ནང་སྤྱངས་སོགས་འབྲི་བའི་ལམ་སྲོལ་ཆེན་པོ་མེད་པ་དེས་དབང་གིས་སློབ་ཕྲུག་བརྒྱ་ཆའི་གོ་ལྔ་ལྷག་གིས་བོད་ཡིག་གི་སྐུར་ཡིག་ཡག་པོ་ཞིག་ཡང་འབྲི་མི་ཤེས་པ་དངོས་ཡོད་གནས་ཚུལ་རེད། སྐྱག་ཐོག་ལ་ས་བཀབ་ནས་ཁུངས་འཁྱོལ་ནི་མ་རེད་ལོ་་འོ།
ཨ་རོགས་ཤ་སྟི་ལགས། ཁྱེད་ནས་རྩོམ་སྙིང་བསྡུས་རེ་སྤེལ་ཐུབ་ན་ཡག་པོ་འདུག མང་དྲགས་སོང་ནས་ཉོག་འདུག
ཁྱོད་ཀྱིས་རྒྱ་གར་གྱི་ཟ་མ་ཟོས་ནས་རྒྱ་གར་གྱི་ས་ཐོག་ལ་སྐྱག་པ་ཅི་ཙམ་མང་པོ་ཞིག་བཏང་ཡོད་ན་ཡང་ཁྱོད་ཀྱི་མཁས་པའི་དཔུང་ཚོགས་ཀྱི་རྔམ་མཐུག་ས་དེ་གསར་འབྱོར་བའི་ནང་ལ་ཡོད་པ་དེ་ཤེས་པར་གྱིས། གོང་གི་རྒད་རྡང་དབྱིན་ཡིག་འཁྱར་འཁྱོར་ཤེས་པ་དེ་ཚོ་ལས་ལྷག་པའི་ཡོན་ཏན་ཅན་གསར་འབྱོར་ལུས་ན་ཚིལ་དྲི་ཐུལ་ལུ་ལུ་བྱེད་པ་དག་གི་ཁྲོད་དུ་ཡོད་པ་དེ་རྟོགས་ན་བཟང་།
ངས་འདི་ནས་པད་ཚེ་ཁྱོད་ལ་སྒྲུང་ཐུང་ཞིག་བཤད། སྔོན་མར་རྡ་སའི་གཞིས་སྐྱེས་ཕོ་གསར་གཉིས་ཀྱིས་སྦག་སྦག་འཁོར་ལོ་ཞིག་བཏང་ཡོང་ནས་ཟ་ཁང་ཞིག་སྒོ་འགྲམ་དུ་ཁ་བཀག་སྟེ་མདུན་མ་དེས་རྒྱབ་མ་དེར། ནང་དུ་མི་འདུག་གམ་ལྟོས་ཤོག་ལབ་པས། རྒྱབ་མ་དེས་ཟ་ཁང་གི་ནང་དུ་ལྟ་ཙམ་བྱེད་དུས། ནང་དུ་གསར་འབྱོར་བ་གསུམ་གྱིས་ཟ་མ་བཟའ་བཞིན་ཡོད་པ་མཐོང་འཕྲལ་ཁ་ཕྱིར་འཁོར་ཏེ། ནང་དུ་མི་མི་འདུག གསར་འབྱོར་གསུམ་འདུག་ལབ་པ་ན། གསར་འབྱོར་གསུམ་དེས་ཁོ་ཚོ་མི་རུ་མ་བརྩིས་པའི་ནད་མ་ཁྱོགས་པར་ཡར་ལངས་ཡོང་ནས་གཞིས་སྐྱེས་གཉིས་པོ་རོ་འདྲ་བ་ཞིག་བརྡུངས་པ་རེད།
ངས་འདིར་ཞིབ་ཏུ་བསམས་ན་ཕོ་གསར་རྒྱབ་མ་དེ་ཕལ་ཆེར་ཁྱོད་རང་ཡིན་ས་རེད། གལ་སྲིད་མིན་ན་ཁྱོད་ཀྱི་གྲོགས་པོ་ཡག་ཤོས་ཤིག་ཡིན་ས་རེད།
སྐུ་ཞབས་པད་མ་ཚེ་དབང་ལགས་ཀྱི་དགོངས་ཚུལ་དེ་དག་ནང་ཁ་ཤས་ངོས་ལེན་བྱེད་ཐུབ་པ་ཡང་འདུག དཔེར་ན། བོད་གཞུང་གིས་དམིགས་བསལ་མིའི་སྟོབས་ཤུགས་ལས་ཁུངས་ལྟ་བུ་ཞིག་བཙུགས་ནས། རྐང་འཛིན་པ་གསོ་སྐྱོང་དང་བེད་སྤྱོད་ཀྱི་བྱ་བར་ནུས་པ་འདོན་ཐུབ་ན་ལེགས།
ཡིན་ནའི་བོད་མི་ཁ་སྟོར་གཏོང་བའི་སྒྲུང་དེ་ཚོ་དང་། གསར་འབྱོར་དང་ྙིང་འབྱོར་སྐོར་ལ་འཐེན་ཁྱེར་གྱི་ཡོང་བའི་གནད་དོན་ཁག་ལ་ངེད་ཚོ་གཟབ་གཟབ་བྱེད་དགོས། རྒྱ་གཞུང་ལ་དགོས་པའི་ནོར་བུ་གཅིག་ཡོད་པ་རེད། དེ་ནི་བོད་མི་ནང་ཁུལ་མ་འཆམ་པ་ཡོང་བ་དེ་རེད།
བོད་ནང་བོད་མི་མང་པོ་ཞིག་གིས་རང་སྲོག་བློས་བཏང་ནས་བོད་མི་གཅིག་སྒྲིལ་དང་རང་དབང་ཡོང་བར་དཀའ་ལས་རྒྱག་བཞིན་པ་དེར་ངེད་ཚོས་རོགས་པ་བྱེད་མ་ཐུབ་ནའང་། གནོད་པ་ཡོང་བའི་གཞི་ལ་དོ་སྣང་མ་བྱས་ན་ངེད་ཚོ་བོད་པའི་ཉེས་ཅན་པ་ཞིག་མ་རེད་པས།
རང་མགོ་རང་གི་གཡོགས་ན་དོན་གྱི་ལི་ལི།
ཞི་བདེ་ཉི་མའི་ཆི༹ག
༡ གོང་དུ་ཤ་གསོད་སྟ་རེའི་སྐད་ཆའི་སྙིང་པོ་༧གོང་ས་མཆོག་གི་བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་འཐུས་ཤོར་སོང་བའི་སྐོར་བཀའ་གནང་བ་དེ་དངོས་ཡོད་མ་ཡིན་པ་དང་ངོས་ལེན་མེད་མདོག་མདོག་བྱེད་ཀྱི་ཡོད་པ་དེ་རེད། འོན་ཀྱང་ཤེས་དགོས་པ་ཞིག་ལ་བོད་ཡིག་ཙམ་མ་ཡིན་པར་འཁོར་ཡུག་ལ་དཔག་པའི་ཧིན་སྐད་དང་དབྱིན་སྐད་སོགས་ཕྱིའི་སྐད་ཡིག་གི་ཐོག་ནས་ཀྱང་ཧ་ལམ་ཟ་སྐད་འཐུང་སྐད་ཙམ་གྱི་སྐད་ངལ་སེལ་ཐུབ་ཙམ་ལས། ཁོར་ཡུག་དང་མཐུན་པའི་ཤེས་ཡོན་གང་གི་ཐོག་ལའང་གྲུབ་འབྲས་ལོན་མེད་པ་ཟུར་ལྟོས་ལེབ་མཐོང་རེད། འོན་ཀྱང་དེ་ཚོའི་སྐྱོན་བརྗོད་བྱེད་མི་ཆོག་པའི་རྣམ་འགྱུར་བསྟན་པ་ཙམ་རེད།
༢ ཤེས་ཡོན་གྱི་ལས་དོན་ཐོག་དཔལ་འབྱོར་གྱི་ཡོང་ཁུངས་དགོས་པ་རེད་མདོག་བཤད་ཀྱི་འདུག བོད་གཞུང་ལ་དཔལ་འབྱོར་གྱི་འབྱུང་བོད་མི་དམངས་རང་ཡིན་དགོས་པ་ལས། ང་ཚོའི་རྩ་དོན་ཐོག་འདང་ཆོག་རག་ཆོག་ཆོག་ཡོད་པ་མ་རེད། དེ་རྒྱ་གར་ནང་གི་བོད་མི་ཚོ་ཕལ་ཆེ་ལས་མེད་ལྟ་བུ་ཡིན་པས་རང་མགོ་ཐོན་ན་བོད་གཞུང་ལ་དཔལ་འབྱོར་གྱི་རོགས་པ་བྱེད་རྒྱུ་ནུས་པ་ཆུང་ཆུང་རེད། ཕྱི་རྒྱལ་ཁག་ཏུ་ཡོད་པ་ཚོས་དཔལ་འབྱོར་གྱི་ཐོག་ནུས་ཕྲན་བུ་འདོན་ཐུབ་སྲིད་ཀྱང་། ཁོ་ཚོ་མང་ཆེ་བ་ཞིག་བོད་གཞུང་ཡིད་ཐང་ཆད་ནས་ཐ་ན་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀའ་ཤག་གིས་དབུ་ཁྲིད་པའི་བོད་གཞུང་ལ་རང་བཙན་ལག་དེབ་ཀྱི་དངུལ་འབུལ་རྒྱུར་ཡང་འདོད་ཡོད་ལ་མེད་ལ་རེད། གང་ཡིན་ཟེར་ན་ཟམ་གདོང་རིན་པོ་ཆེས་ཕྱི་རྒྱལ་ལ་འགྲོ་མཁན་གྱི་བོད་མི་སྐྱབས་བཅོལ་བ་ཚོར་ཁྲིམས་འགལ་དང་བསྡོད་མ་ཚུགས་པ་སོགས་ཟེར་ནས་མཐོང་ཆུང་དང་ཁྱད་གསོད་རིམ་པ་མང་པོ་བྱས་ནས་ཡིད་སུན་བཅུག་ཡོད་པ་རེད། ཐ་ན་བཀའ་ཤག་གི་དམ་དྲགས་འོག་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་སོང་ཟིན་པའི་བོད་མི་མང་པོ་ནང་མི་ཟླ་སྒྲིལ་མ་ཐུབ་པར། ཁྱིམ་ཚང་སྟོང་ཕྲག་མང་པོ་ཁ་བྲལ་དུ་མི་འགྲོ་མ་ཐབས་བཟོ་གི་ཡོད་པ་རེད། དེའི་ཕྱིར་ཕྱི་རྒྱལ་གྱི་བོད་མི་མང་པོ་ཞིག་གི་སེམས་ནང་ཟམ་གདོང་བཀའ་ཤག་གི་བཟོས་པའི་རྨ་ཁ་ཆེན་པོ་ཡོད་སྟབས་ཁོང་གི་དབུ་ཁྲིད་པའི་གཞུང་འདི་ལ་སྐར་མ་གང་གི་རྒྱབ་སྐྱོར་བྱེད་རྒྱུར་ཡང་སྤྲོ་སྣང་མེད་མཁན་མང་།
གཞན་ཡང་ཁོང་གི་བཀའ་ཤག་དུས་ཡུན་རིང་བོད་ནང་ལོགས་ལ་དམིགས་པའི་སྲིད་ཇུས་སྣ་གཅིག་ཀྱང་བཟོ་མ་མྱོང་བར་། གྲུབ་འབྲས་མེད་པའི་སོ་ནམ་ཞིང་ལས་སོགས་ཀྱི་ཐོག་དེ་མི་རྒྱུ་དུས་ཚོད་གསུམ་ཀ་འཕྲོ་བརླག་ཏུ་བཏང་བ་རེད། ཁོ་རང་གིས་གཙོ་བོ་ཁོ་རང་གིས་ག་ཚོད་ཅིག་ཤེས་ཀྱི་ཡོད་པ་དེ་ཕྱི་ལ་སྟོན་ཐབས་ལ་འབད་བརྩོན་ཆེན་པོ་གནང་བ་ལས། དམའ་རིམ་བོད་མིའི་སྤྱི་ཚོགས་ཀྱི་དམའ་ངལ་ལ་ཤ་ཚ་བྱེད་མི་ཤེས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ང་ལ་མཚོན་ན་སྐྱབས་བཅོལ་བ་ཞིག་མི་བྱེད་ཀ་མེད་ཆགས་པ་རེད། འོན་སྐྱབས་བཅོལ་རག་རྒྱུའི་ཐོག་ལ་ཟམ་གདོང་བཀའ་ཤག་གིས་དངོས་ཤུགས་བརྒྱུད་གསུམ་ནས་གནོད་གང་ཐུབ་བསྐྱལ་ལས་རོགས་པ་སྣ་གཅིག་ཐོབ་མྱོང་མེད། གལ་སྲིད་ཟམ་གདོང་གི་འདོད་ཐོག་སོང་ཡོད་ན་ད་སྐབས་ང་རང་དབང་ལྡན་པའི་རྒྱལ་ཁབ་ནང་སྐྱབས་བཅོལ་གྱི་ཐོབ་ཐང་འདི་ཐོབ་ཡོད་པ་མ་རེད། ཁོ་རང་གིས་ཁྲིམས་དང་ནུས་པ་ཡོད་ཚད་སྤྱད་ནས་གནོད་བསྐྱལ་བ་རེད། ངས་རང་ཉིད་ཀྱི་མི་ཚེའི་དམིགས་ཡུལ་བར་ཆད་དང་གནོད་པ་བྱེད་མཁན་ཞིག་ལ་སླར་ཡང་འབྲེལ་བ་བྱེད་མི་སྲིད་པ་ཞིག་རེད།
དངོས་ཡོད་གནས་ཚུལ་ལ་སྙན་གྲགས་སེང་གེ་ཆེ་ཡང་། ཕན་ཐོགས་ཁྱི་ཆེ་བ་ཡིན། ཟེར་བ་བདེན་པ་རེད། ཟམ་གདོང་མཁས་ན་ཡང་བོད་མིའི་མགོ་གནོན་ཤུགས་སྤྲོད་རོགས་ལས་ཕན་ཡང་ཐོགས་ཀི་མ་རེད། ཤི་མ་ཤི་བར་དུ་སྡུག་པོ་གཏོང་ཚར་བའི་རྗེས་ལ་རང་བཙན་ལག་དེབ་ཀྱི་དངུལ་ཁུར་ཤོག་ཟེར་ན་ངོ་ཚ་མ་ཤེས་པའི་བྱེད་སྟངས་ཤིག་རེད། དེའ་ང་ལྟ་བུར་མཚོན་ན་བོད་ནང་གི་འབྲེལ་ཡོད་དང་ཉེ་འབྲེལ་ཚོ་ཐད་ཀར་འབྲེལ་བ་བྱས་རང་རང་གི་ཐད་ནས་བོད་དོན་གང་ཡོང་རེ་བྱེད་ཁུལ་བྱེད་ཀྱི་ཡོད་པ་ལས། ཟམ་གདོང་རིན་པོ་ཆེའི་དབུ་ཁྲིད་པའི་བཀའ་ཤག་ལ་རྒྱབ་སྐྱོར་དང་འབྲེལ་ལམ་ཡོང་ཐབས་མེད་པ་ཞིག ཁོང་ང་ལྟ་བུ་སྐྱབས་བཅོལ་བར་ངོས་མེད་པར་ཁྲིམས་འགལ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ང་ལ་མཚོན་ན་སྐྱབས་བཅོལ་ལ་རེ་བ་མ་བརྒྱབ་ན་ཤི་རྒྱུ་འདམ་ཀ་གཞན་མེད་པ་ཆགས་ཡོད་པ་རེད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཆང་འཐུང་དང་། སྙིང་རེ་གླེང་དང།
སྐུ་ཞབས་པད་མ་ཚེ་དབང་ལགས་ཀྱིས་རང་རེའི་གནས་སྟངས་དང་མཐུན་པའི་བསམ་ཚུལ་ཡག་པོ་ཞིག་བཤད་སོང་། ཐུགས་རྗེ་ཆེ། མུ་མཐུད་དུ་ཕེབས་རོགས། ཀླུ་སྨྱོན་དང་བློ་བཟང་ཟེར་བ་འདིའི་གྲངས་ཀྱི་བློ་མིག་དོར་མ་ལས་དོག་གི་རེད། ཉན་རྒྱུ་ཆེར་ཡོད་མ་རེད། ད་དུང་འདིའི་གྲངས་ཀྱིས་གསར་འབྱོར་དང་གཞིས་ཆགས་ཀྱི་སྐད་ཆ་མིན་ན་ཆོས་ལུགས་དང་ལུང་ཚན་གྱི་ཞེན་ཁོག་དེ་འདྲ་དྲུད་ཡོང་གི་རེད། མ་གཞི་ཁོ་གཉིས་ཆེད་ལས་མཁས་པའི་གྲས་ལ་མ་བགྲངས་པ་དེར་མ་དགའ་ནའང་ཐང་། དྲང་མོར་བཤད་ན་ང་རང་ཐེ་བའི་གསར་འབྱོར་བའི་ནང་ན་གཞན་ལ་ངོམ་འོས་པའི་ཆེད་ལས་པ་དེ་འདྲ་ང་རང་ཉིད་ཀྱིས་ཀྱང་མཐོང་མ་སོང་། ཡོད་ན་བགྲངས་ན་འགྲིག་གི་རེད་ལ། གཞན་ལ་སྡིག་དམོད་གཏོང་དགོས་དོན་ཅང་ཨེ་ཡོད། གསར་འབྱོར་བའི་ནང་དུ་བོད་ཡིག་ཡག་པོ་ཡོད་མཁན་ཁ་ཤས་ཡོད་པ་དེ་ནི་ཕ་ཡུལ་གྱི་ཁོར་ཡུག་དྲིན་ཆེན་དེས་དྲིན་རེད་ལ། གསར་འབྱོར་བའི་ནང་དུ་ཆེད་ལས་པ་ཧ་ལམ་མེད་པ་འདི་ནི་རྒྱ་དམར་གུང་ཇག་གི་སྲིད་ཇུས་ནག་པོ་དེའི་ངན་འབྲས་ཡིན་པའང་ཤེས་ན་ཡག་པོ་འདུག།
ངེད་ཀྱིས་ནི་སྔོན་མ་ནས་འདི་འདྲ་བཤད་ཡོད། རྩོམ་འདི་འདྲ་བའི་རིགས་སྤེལ་དུས། ཚོར་བ་འཁྱེར་ནས་མ་ཡོང་བར་ཞིབ་འཇུག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ལབ་ཡོད།
དེ་རིང་ཡང་འདིར་བསྐྱར་དུ་བཤད་རྒྱུ་ཡིན། བོད་ལ་ཆེད་ལས་བ་ཡོད་མེད་དང་དེའི་རྐྱེན་གང་ལ་ཐུག་མིན། ཆེད་ལས་བ་མེད་ན་བོད་ཕོངས་མིན་དང་དེའི་ཁ་གསབ་ཅི་ལྟར་བཤད་དགོས་མིན་སོགས་ནི་ངེས་པར་དུ་ཞིབ་འཇུག་བྱེད་དགོས་བའི་གྲས་རེད། ད་ཕན་ལོ་ངོ་ལྔ་བཅུའི་ནང་ལ་དགོན་སྡེའི་ཆེད་ལས་བ་ཚོ་ཕར་བཞག་པའི་མི་སྐྱའི་ཁྲོད་དུ་ཆེད་ལས་བ་ཉུང་ཤས་མ་གཏོགས་ཐོན་མེད་པ་དེ་ཡང་དངོས་ཡོད་གནས་ཚུལ་རེད། འདིའི་ཐད་ལ་སྤྱི་སྒེར་གཉིས་ནས་འཐུས་ཤོར་ཕྱིན་ཡོད་པ་རེད་། ༧གོང་ས་མཆོག་གིས་འཐུས་ཤོར་ཕྱིན་འདུག་གསུངས་དོན་ཡང་ཞིབ་འཇུག་གི་སྐད་ཆ་རེད་མ་གཏོགས་རང་སྣང་གང་ཤར་ལ་གསུངས་བ་དེ་འདྲ་མ་རེད།
ངེད་རང་དཔལ་འབྱོར་རིག་པའི་ཕྱོགས་ལ་ཆེད་ལས་བྱེད་རྒྱུའི་བློ་ཁ་ཕྱོགས་པའི་སློབ་ཕྲུག་ཞིག་ཡིན།
དེ་རིང་སང་ཉིན་ངེད་ལ་བོད་ཡིག་སྒང་ལ་ཡོད་པའི་དཔལ་འབྱོར་རིག་པའི་ཚིག་མཛོད་ཞིག་དགོས་ཀྱི་འདུག ངེད་ཀྱིས་བོད་ཕྱི་ནང་གཉིས་ཀྱི་ངོ་ཤེས་ཚོར་འབྲེལ་བ་བྱས་ནས་ཚིག་མཛོད་དེ་འདྲ་ཞིག་རེག་མིན་གྱི་ཐབས་ཤེས་བཏང་བ་ཡིན། འོན་ཀྱང་། ད་སྔ་ཕན་ལ་བོད་ཡིག་གི་ཐོག་ལ་དཔལ་འབྱོར་རིག་པའི་སྐོར་གྱི་ཚིག་མཛོད་ཞིག་མེད་པ་འདྲ་ལ་བྱུང་ཡང་མི་འདུག
འདི་ནི་ང་ཚོར་ཆེད་ལས་བ་མེད་པ་དེས་ལན་སོང་བ་འདྲ། དེར་བརྟེན། ང་ཚོར་ཆེད་ལས་བ་མེད་ན་ཕོངས་ས་མང་གི་སྙམ།
ཟམ་གདོང་རིན་པོ་ཆེས་ནུབ་ཕྱོགས་རྒྱལ་ཁབ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོ་ཁྲིམས་པ་རེད་ཟེར་གྱི་འདུག དེ་འདྲ་ཡིན་ན་དེ་ཚོའི་ལག་པ་ནས་རང་བཙན་ལག་དེབ་ཀྱི་དངུལ་གྱང་མི་དགོས་གསུངས་དགོས་པ་རེད། གང་ཡིན་ཟེར་ན་ཁྲིམས་འགལ་གྱི་མིའི་སྒོར་མོ་ཡང་ནག་པོ་ཡིན་པ་བཤད་མ་དགོས་པ་རེད། དེའི་ཕྱིར་བཀའ་ཤག་གི་ཕྱི་རྒྱལ་གྱི་བོད་མི་ཚོའི་ལག་པ་ནས་དཔྱ་ཁྲལ་གྱི་དངུལ་བསྡུ་རྒྱུ་ཡོད་པ་མ་རེད། ཁོ་ཚོ་ནག་ཅན་པ་མ་རེད་དམ། ་་་་་་་་་་་་་་་་་་་་་་་ཡང་བསྐྱར་ཆང་འཐུང་དང་་་་་་་་་་་་་་ཟམ་གདོང་གིས་བཟོ་བའི་སེམས་ནང་གི་རྨ་ཁའི་ན་ཟུག་དེ་འཇགས་ཕྱིར་་་་་་་་་་་་་་་་་་་་་་ཡང་བསྐྱར་ཆང་གང་འཐུང་དང་་་་་་་་་་་་་་་་་་་་་་་་་་་་་་་།
སྐུ་ཞབས་སྟག་སྨྱོན་ལགས།
ཟམ་སྟོང་རིན་པོ་ཆེ་ལ་ཁོང་ཁྲོ་ལངས་པ་འདི་གནས་ཚུལ་གཅིག་རེད། ང་ཚོའི་སྤྱི་ཚོགས་ནང་ཆེད་ལས་པ་དགོས་ཀྱི་འདུག་ཟེར་བ་འདི་གནས་ཚུལ་གཉིས་རེད།
གལ་ཏེ་སྐུ་ཞབས་ཁྱེད་རང་ཟམ་སྟོང་རིན་པོ་ཆེར་སྐྱོན་ཆ་བཤད་མ་མྱོང་བ་ཞིག་ད་དུང་འདོན་རྒྱུ་ཡོད་ན། སྐུ་ཞབས་ཁྱེད་ནས་གླེང་བརྗོད་གསར་པ་ཞིག་ཁ་ཕྱེ་ནས་དེའི་སྐོར་ལ་བྲིས་ན། ངེད་ཚོས་བསམ་འཆར་འབུལ་ཆོག
འདིར་ཆེད་ལས་སམ་རྐང་འཛིན་པའི་སྐོར་གྱི་གྲོས་གཞིའི་ཐོག་གནས་ཐུབ་ན་མ་ལེགས་སམ།
རབ་གསལ་ལགས།
ངའི་མཆན་མི་འགྲོ་བ་ཅི་རེད།
མཆན་ཞིག་ལ་འདི་འདྲའི་ཆུ་ཆོ༹ད་རིང་པོ་སྒུག་དགོས་ན
ཉོབ་པ་ལ།
དབྱིན་ཡིག་གི་ཨེ་དགའ
རེ་བ་དང་ལྷག་བསམ་གྱིས་ཁེངས་བའི་དྲ་རྒྱ་འདི་ཚོགས་མི་ཚོར་དགོངས་འགལ་མེད་པ་ཞུ། ངས་བོད་ནང་གི་བོད་མི་ཚོར་རོགས་པ་གང་ཡང་བྱེད་རྒྱུའི་ནུས་པ་མེད་དང་། ང་འོངས་པར་རང་ཡུལ་ལ་ཕན་ཐོགས་ཅན་གྱི་མི་ཞིག་ཉན་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་ཡོང་བའི་མདུན་ལམ་ཐོག་ཟམ་གདོང་བཀའ་ཤག་གིས་དངོས་ཤུགས་བརྒྱུད་གསུམ་ནས་གནོད་ཤུགས་རིམ་པ་སྤྲད་དེ་མ་ཤི་ཙམ་གྱི་མཚམས་ལ་བསྐྱལ་བར་བརྟེན་ད་ནི་ཡིད་ཆེས་དང་རེ་བ་ཡོད་ཚད་བརླག་ཚར་བས། རང་སེམས་སྤྲོ་ཐབས་ཀྱི་བཟི་གཏམ་རེ་ལས་མགོ་མཇུག་ཡོད་པའི་རྩོམ་ཡིག་ཅིག་འབྲི་རྒྱུའི་ནུས་པ་རྫོགས་འདུག་པས་བཟི་གཏམ་ལ་བཟོ་སྒོམ་བྱེད་རོགས། དེ་ཡང་ཁྱེད་རང་གི་སྤྲོ་སྣང་ལ་ཕན་པ་ལས་ང་ལ་ངན་པ་ག་ཚོད་བཤད་ཀྱང་ཁྱད་མེད། རེ་བ་མེད་པའི་བཟི་བོ་ཞིག་གིས་མིང་དང་ཆེ་མཐོང་ལ་བདག་པོ་བྱེད་ཀྱི་མེད་པ་ལོས་ཤེས། Wein དམར་པོ་འཐུང་ནས་གཉིད་སྐྱིད་པོ་ཁུག་ཏུ་འགྲོ་གི་ཡིན་ནོ། ཁྱེད་ཚོས་ང་ལ་གཤེ་གཤེ་ག་ཚོད་ཅིག་བྲིས་ཀྱང་སང་ཉིན་མ་གཏོགས་ཀློག་ཐུབ་ཀི་མ་རེད་དོ།
རེད་ཡ། བོད་གཞུང་བཀའ་ཤག་གིས་གཞིས་ཆགས་རྩ་སྟོང་དུ་མི་འགྲོ་བའི་ཆེད་དུ་གཞིས་ཆགས་ཀྱི་འཚོ་བ་ཡར་རྒྱས་སུ་གཏོང་ཐབས་དང་དེ་ལ་དཔག་པའི་འཆར་འགོད་རབས་དང་རིམ་པ་ཞིག་བྱས་དང་བྱེད་བཞིན་ཡོད་པ་རེད། དེ་ནི་བཀའ་ཤག་གི་ལྟ་བ་ལངས་ཕྱོགས་གཅིག་པོ་མ་ཡིན་པར་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་གང་མང་ཞིག་གིས་ཀྱང་བོད་པ་འཛམ་གླིང་དུ་འཐོར་སོང་ན་བོད་པའི་ཆོས་དང་རིག་གཞུང་བརླག་རྒྱུའི་ཉེན་ཁ་འདུག་ཅེས་སྙན་སྐུལ་བྱེད་བཞིན་ཡོད་ལུགས་ཐོས། དཔེར་ན་ཕྱོགས་གཅིག་ནས་ཨ་རིར་གནས་སྤོ་བྱས་པའི་མི་ཚང་ཞིག་ལ་ཕྲུ་གུ་ཞིག་སྐྱེས་པ་ཡིན་ན་དེས་མ་འོངས་ལོ་ཟླའི་ནང་དུ་བོད་པའི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་དང་ཤ་ཁྲག་གི་གདུང་རྒྱུད་ཀྱི་རྒྱུན་འདི་ཇི་ལྟར་འཛིན་ཐུབ་མིན་ལ་བསམ་བློ་གཏོང་རྒྱུ་ཡོད་པ་དང་། ང་ཚོའི་ས་གནས་འདིའི་བོད་ཕྲུག་ཚོ་ལ་མཚོན་ན་རེ་བ་ཅི་ཡང་མཐོང་གི་མི་འདུག ཕྲུ་གུ་འདི་ཚོས་བོད་སྐད་ཤེས་ཀྱི་མི་འདུག ཆོས་ནི་དེ་བས་ཤེས་ཀྱི་མི་འདུག བོད་ཡིག་བོང་བུའི་མགོ་ཙམ་ཞིག་བསྟན་ཡང་མི་ཤེས། ཁོ་ཚོས་ཨ་
རི་བ་ཞིག་དང་མཉམ་དུ་གཉེན་སྒྲིག་བྱེད་རྒྱུ་གཏན་ཁེལ་ཚར་མི་རབས་གཉིས་པ་དེ་བོད་པ་ཕྱེད་ཀ་ཞིག་རེད། ཟམ་གདོང་བཀའ་ཤག་གིས་ཀྱང་དོན་གནད་འདི་མཐོང་སྟེ་དེ་ལྟར་བོད་མི་ཕྱི་སྐྱོད་པ་ཚོའི་འགྲོ་འདུག་ལ་སྟངས་འཛིན་བྱེད་བཞིན་ཡོད་ཀྱི་རེད། ཡིན་ན་ཡང་བོད་དོན་འཛམ་གླིང་དུ་ཁྱབ་སྤེལ་དང་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཏོག་ཙམ་ཡར་རྒྱས་སུ་འགྲོ་བ་ལ་བསམ་ཚེ་དེ་ཙམ་དགག་བྱ་ཆེ་བར་ཡང་མཐོང་གི་མི་འདུག་མཁན་ཡང་གང་མང་ཞིག་ཡོད་པ་རེད་བསམ།
ང་ཚོའི་དྲ་གནས་འདིའི་ཐོག་ཁོར་ཡུག་འདྲ་མིན་ནང་འཚར་བའི་མི་སྣ་འདྲ་མིན་གྱི་བསམ་ཚུལ་ཡོང་ན་ཡག་པོ་རེད། བསམ་ཚུལ་ལོགས་ཀ་ཞིག་བཏོན་ཡོང་ན་ལམ་སང་ཕྱོགས་རིས་ཕྱོགས་ཞེན་གྱི་རྟགས་ཤིག་འཐེན་ཡོང་ན་ཡག་པོར་མཐོང་དཀའ། པད་མ་ཚེ་དབང་ལགས་ཀྱི་དགོངས་ཚུལ་འདི་ཚོར་བསམ་ཞིབ་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང་།
ང་རང་ཡང་རྒྱ་གར་ནང་ས་ཆ་འགའ་ཤས་རེར་ཕྱིན་ཏེ་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ལ་རྒྱུས་ལོན་ཅུང་ཟད་ཅིག་བྱུང་། དེ་ནས་ཕྱི་རྒྱལ་ལ་ཡོང་སྟེ་ཕྱི་སྡོད་བོད་མི་ཚོའི་གནས་སྟངས་ལ་ཡང་རྒྱུས་ལོན་ཅུང་ཟད་ཅིག་བྱུང་། ཡིན་ན་ཡང་བོད་མིའི་སྤྱི་ཚོགས་ཁྲོད་གཏིང་ཟབ་པའི་ཉམས་ཞིབ་དེ་འདྲ་བྱེད་རྒྱུ་མ་བྱུང་། ད་བར་ང་རང་འགྲོ་ས་འདུག་ས་ནས་དོ་སྣང་བྱུང་བ་ལྟར་ན། ཕྱི་ལོགས་ནས་འཚར་བའི་བོད་མི་ཚོའི་ནང་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་མང་པོ་མཐོང་མ་སོང་། ཝར་ན་དང་མཚན་ཉིད་གྲྭ་ཚང་། གཞན་དགོན་སྡེ་འགའ་རེ་བཅས་ནང་བོད་ཡིག་ཡག་པོ་ཡོད་པ་དེ་འདྲར་ཡང་སེ་མཇལ་རྒྱུ་འདུག
གཞན་ང་ཚོས་ཆེད་ལས་ཟེར་ནས་གླེང་གི་ཡོད་པ་དེ་བཙན་བྱོལ་བོད་གཞུང་གིས་གསོ་སྐྱོང་བྱས་པའི་ཆེད་ལས་པ་ཟེར་གྱི་ཡོད་པ་རེད་དམ་ཡང་ན་བྱེས་སྡོད་བོད་སྤྱི་ཚོགས་ཧྲིལ་བོའི་ནང་ཆེད་ལས་པ་ཡོད་མེད་སྐོར་བརྗོད་ཀྱི་ཡོད་པ་རེད། དང་པོར་རྒྱལ་བ་རིན་པོ་ཆེའི་ཆེད་ལས་པ་མེད་པའི་སྐོར་གྱི་བཀའ་སློབ་དེ་གོ་མ་ཐག་ང་ལ་ཐེ་ཚོམ་སྐྱེས་བྱུང་། ས་ཆ་གང་ས་གང་དུ་ཆེད་ལས་པར་ཐུག་རྒྱུ་ཡོད་པའི་སྐོར་དེ་སྔོན་གླེང་ཟིན་པ་ལྟར་རེད། དེ་རིང་པད་མ་ཚེ་དབང་ལགས་ཀྱིས་ཀྱང་ཁོ་རང་གིས་ངོ་ཤེས་པ་ཉི་ཤུ་སྐོར་བགྲངས་སོང་།
ད་ལྟ་བོད་གཞུང་གིས་ག་ས་གང་དུ་ཆེད་ལས་པ་རྣམས་རྩད་གཅོད་བཞིན་པ་འདིར་ཡང་གནད་འགག་ཅིག་མཐོང་གི་འདུག ཆེད་ལས་པ་གང་ན་ཅི་ཡོད་ཚང་མ་རྙེད་ཐུབ་རྒྱུ་མིན་པ་དེ་བཤད་མ་དགོས་པ་ཞིག་ཡིན་ན་ཡང་གྲངས་ཐོ་གང་འཚམས་ཤིག་ཕལ་ཆེར་རྙེད་གི་རེད་སྙམ། དེ་ནས་ང་ཚོར་ཆེད་ལས་པ་ཡོད་མེད་ཤེས་གི་རེད། དེ་ནས་ཅིའི་ཕྱིར་ཁོ་ཚོས་བཙན་བྱོལ་སྤྱི་ཚོགས་ནང་ཞབས་ཞུ་བྱེད་གི་མེད་པ་དེ་ཡང་ཤེས་གི་རེད།
དྷ་ས་གཅིག་པོ་ལ་བལྟས་ནས་དེ་མི་འདུག་འདི་མི་འདུག་ཟེར་ནས་བཤད་བསྡད་ན་ཕལ་ཆེར་ཏག་ཏག་ཅིག་འགྲོ་གི་ཨེ་ཡོད་སྙམ། ད་རུང་ངས་བཙན་བྱོལ་སློབ་གྲྭ་ཁག་ནང་བོད་ཡིག་སྐྱོ་བོ་ཡིན་པ་དེ་གཅིག་པོ་མ་གཏོགས་ངོས་ལེན་བྱེད་མི་ཐུབ།
ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་གཉིས་ཀྱི་ཁྱད་པར་དེ་གང་ནས་འབྱེད། ཡང་ན་ཁྱད་པར་མེད་པ་རེད་དམ། པད་ཚེ་མགོ་རྨོངས་ས་དེ་འདི་རེད། ཨོ་དཀོན་མཆོག་གིས་ང་ལྟ་བུ་དོར་མའི་དཔེ་རུ་བཞག་ནས་བློ་རྒྱ་དོར་མ་ལྟ་བུར་དོག་ཚུལ་ཞིག་བཤད་སོང་། ཨ་རོ་དོར་མ་ཡིན་ན་དོག་པོ་ཡིན་པའི་ངེས་པ་ཨེ་ཡོད། གཅིག་བྱས་ན་ཁྱོད་ཀྱིས་ཉོས་པའི་དོར་མ་ཐམས་ཅད་དོག་པོ་ཡིན་ས་རེད། དོར་མ་ཉོ་དུས་དོག་འགྲོ་ན་མ་ཉོས་གོང་ལ་ནང་ལོགས་སུ་ལྟོས་དང་དབྱིན་ཡིག S, M, L, XL, XXLབཅས་རིམ་བཞིན་དོར་མའི་ཆེ་ཆུང་གཏན་ལ་ཕབ་ཡོད་པ་རེད། གལ་སྲིད་XXLཞིག་ཉོས་ཚེ་མི་གཟུགས་པོ་ཆུང་ཆུང་ཚོ་ནང་ནས་ཉལ་ན་ཡང་ཆོག་གི་འདུག ཨ་རི་འདིར་མི་རྒྱགས་པ་མང་དྲགས་པས་XXLསྟེ་ལྡབས་འགྱུར་གྱིས་ཆེ་བ་ཞེས་པ་འདི་ཡང་འདུག
མི་ཚོའི་བློ་མིག་དོག་མི་དོག་གི་དཔེ་འཇོག་ཁབ་མིག་ལ་དཔེ་ལེན་གིན་འདུག་ག དེས་ན་ཁབ་ཁང་བའི་ཀ་བ་ནང་བཞིན་ཡོད་ཆོག་གི་རེད་ལ། དེའི་མིག་ལ་ཁྱེད་ཀྱི་མགོ་ཡང་ཤོང་གི་རེད། མ་གཞི་དོག་མོའི་དཔེ་དོར་མ་ལ་ལེན་དུས་ཤིག་གི་དོར་མའམ(bathing suit)ལྟ་བུ་ལ་གོ་དགོས་པ་ལས་དོར་མ་ཆེ་ཤོས་XXLལ་གོ་ན་ཁྱོད་ནོར་བ་རེད།
ཨ་རོགས་་། མཀོན་མཆོག ཁབ་ཀ་བ་འདྲ་བ་རེ་ཡོད་ན། དེས་བཟོས་པའི་དོར་མ་དེ་ཇི་འདྲའི་ཆེ་ཆེ་་ཞིག་ཡིན་རྒྱུ་རེད་དམ། ཧ་ཧ་ངོ་མ་་་་་་་
དོར་མ་འདི་ཤམ་ཐབས་སོགས་དང་བསྡུར་ན་དོག་པོ་ཡོད་པ་སྨྲོས་མ་དགོས་སྟབས་དཔེ་དེ་ལྟར་བཞད་ཀྱང་ལོས་ཆོག མཐའ་གཅིག་ཏུ་དོར་མ་ཡིན་ན་བལ་པོའི་དོར་མ་བཞིན་དོག་དོག་ཤ་སྟག་ཡིན་པར་གོ་ག་ལ་དགོས།
དོར་མའི་དཔེ་འཇོག་དང་དོར་མའི་རྩོད་གླེང་འདིའི་ངོ་གཅིག་རྫོགས།
ཀླུ་ཚང་དགོན་པའི་སྐོར་གྱི་གསར་འགྱུར་རེ་གོ་སོང་སམ།
ཁར་སང་ལས་ལྷག་པ་ཞིག་གང་ཡང་གོ་མ་སོང་།
ཕྱོགས་ཞེན་གྱི་སྐད་ཆ་ནི་ནམ་ཡང་གོ་ན་མི་འདོད་པ་ཞིག་ཡིན་ལ། ང་རྒྱལ་གྱིས་ཡར་བསླེང་བའི་རང་རློམ་རྐྱང་རྐྱང་གི་སྐད་ཆ་དེ་དག་ཡང་གཏན་ནས་གོ་ན་མི་འདོད་པ་ཞིག་ཡིན། གང་ལྟར། དེ་རིང་གི་བརྗོད་གཞི་ནི་བོད་པ་ཚང་ལ་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་ཡོད་མེད་གཉིས་ཀྱི་བསྐོར་ལས་ཆེད་ལས་པ་ཡོད་མེད་ཀྱི་བསྐོར་གླེང་བཞིན་ཡོད་པ་དེ་རེད། དེས་ན་མི་དང་མིའི་བར་གྱི་འབྲེལ་ཐག་ནི་སྐད་ཆ་བཤད་དེ་ཕན་ཚུན་ལ་གོ་བརྡ་སྤྲོད་ཐུབ་མིན་དེ་ལ་རེག་ལས་པ་ཡོད་པ་ཡིན་དུས། གོ་བརྡ་སྤྲོད་ལུགས་དེ་ཡང་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་ཡོད་པའི་སྒོ་ནས་སྐད་ཆ་གནས་ལུགས་ཡོད་པ་རེ་བཤད་དགོས་པ་ལས་མི་རབས་གསར་རྙིང་སྐད་ཆ་སོགས་བཤད་དེ་དོན་མེད་ཀྱི་རྙོག་གཏམ་དེ་ཚོ་མི་གླེང་བར་ཁ་ཚ་དགོས་གཏུགས་ཀྱིས་རིག་གནས་ནང་འདྲེན་བྱེད་ཐབས་དང་བོད་ཀྱི་མི་རིགས་བོད་པས་བདག་པོ་ཇི་ལྟར་རྒྱག་དགོས་མིན་བསྐོར་ལ་དཔྱད་བརྗོད་སྤེལ་བ་སོགས་བྱེད་ཐུབ་པ་ཡིན་ན་ནི་དངོས་ནས་ཕན་པར་སྙམ། དེ་མིན་ཁྱེད་རང་གི་གང་ཞིག་རྟོགས་ཡོད་པའི་རང་རློམ་དང་། ཁོ་རང་གི་གང་ཞིག་ཤེས་ཡོད་པའི་ང་རྒྱལ། ང་རང་གི་མང་བོ་ཞིག་མྱོང་ཡོད་པའི་འཁེང་སེམས་སོགས་ཀྱི་ང་ཚོའི་བོད་མི་རིགས་ཀྱི་རྩ་དོན་ལ་ཕན་ལས་གནོད་པ་ཆེ་བར་ཐག་གཅོད་བྱེད་ཆོག་པ་ཡིན། རྒན་པའི་གཏམ་ལ་ཉན་ནས་ལེན་བྱ་དང་དོར་བྱ་གང་ཡིན་བརྟག་དཔྱད་བྱེད་པ་དང་གཞོན་པའི་རིག་ལམ་གྱི་མྱུར་ཚད་ལ་རྒན་པའི་གུས་བརྩི་དང་ལེན་གྱི་ཟུང་འབྲེལ་དང་ཆིག་སྒྲིལ་བྱས་པ་ཡིན་ན་ནི། ད་གཟོད་མ་འོངས་པོ་ཚང་གི་མི་རིགས་དེ་ཉིད་དངོས་ནས་བོད་ཟེར་བ་ནི་གཅིག་ལས་་ཕྱི་ནང་མེད་པ་ཞིག་ཆགས་སྲིད་པ་རེད།
པདྨ་ཚེ་དབང་ལགས་ཀྱིས་བགྲངས་པའི་མཁས་པ་དེ་ཚོ་ནི་ཚད་ལྡན་མ་རེད་ལབ་ཡུལ་མེད་པ་རྐྱང་རེད། གསར་འབྱོར་ཚོའི་ནང་ན་འདི་ཚོར་འགྲན་གྱི་དོ་ཡོང་བ་སུ་དང་སུ་ཡོད་དམ། པདྨ་འབུམ་དང་རབ་གསལ་གཉིས་ལས་གསུམ་པ་ཞིག་བགྲངས་རྒྱུ་ཡོད་དམ། ངས་ཤེས་ཚོད་བྱས་ན། ཡོད་པ་མ་རེད། པདྨ་ཚེ་དབང་གིས་མཁས་པ་ཁག་ཅིག་བགྲངས་ནས་སླེབས་པར། གསར་འབྱོར་དང་རྙིང་འབྱོར་ཟེར་ནས་ཨུ་ཚུགས་བྱེད་པ་འདི་ཡག་པོར་མཐོང་མ་སོང༌། འདིར་དཔེ་འཇོག་ཅིག་བཤད་ན། སྐྱ་བོའི་སྤྱི་ཚོགས་ནང་བོད་ཀྱི་རིག་གནས་ཀྱི་གཞི་རྐང་བརྟན་པ་དང་མཁར་གྱང་མཐོ་བ་ལ་ནི། པདྨ་ཚེ་དབང་གིས་བགྲངས་པའི་གྲས་ཀྱི་འདི་ཚོ་རེད། གྲྭ་ལོག་ཚོའི་ནང་གི་མཁས་ཤོས་ནི་བཙན་བྱོལ་ནང་ནས་སྐྱེ་འཚར་བྱུང་བ་བསྟན་འཛིན་ཤེས་རབ་དང་གསར་འབྱོར་བའི་གྲས་ནས་དགེ་འདུན་རབ་གསལ་དངཆུང་ཚེ་རིང་གཉིས་རེད། དེ་མིན་གཞན་དག་གིས་འགྲན་གྱི་དོ་ཡོང་བ་ཕར་རིའི་སྤང་རྒྱན་རེད། ང་ཚོས་གནས་ལུགས་ཁས་ལེན་དགོས་པ་རེད། གསར་འབྱོར་དང་རྙིང་འབྱོར་ཟེར་ནས་བརྩད་མ་རྒྱག་རོགས།
ད་ཡིན་ན་ངས་ནི་ཁྱོད་ཚོར་དྲི་བ་ཞིག་འདོན་དགོས་བྱུང་སོང་། ངས་ཁྱོད་ཚོས་གླེང་བཞིན་པའི་ཆེད་ལས་པའམ་ཁྱད་ལས་པ་ཞེས་པ་དེ་ག་འདྲ་ཞིག་ལ་འདོགས་དགོས་པའི་ས་མཚམས་འདྲ་བོ་དེ་ཤེས་མ་སོང་། ལོ་རེ་རེ་བཞིན་བོད་ཕྲུག་མཐོ་སློབ་ཐོན་པ་ག་ཚོད་མང་པོ་ཡོད་པ་དེ་ཚོས་ཆེད་ལས་འདྲ་ཞིག་སྦྱངས་མེད་ན་མཐོ་སློབ་ནས་ག་རེ་སྦྱངས་བསྡད་པ་རེད། པདྨ་ཚེ་དབང་ལྟར་ན་བོད་མི་ཚང་མ་ཆེད་ལས་པ་ཡིན་ངེས་རེད། འབྲོག་པས་འབྲོག་ལས་ཤེས་ཀྱིན་ཡོད་ལ་ཞིང་པས་ཞིང་ལས་ཤེས་ཀྱིན་ཡོད་རེད་ཟེར་བ་ལྟ་བུ་རེད། དགེ་བཤེས་ཁ་ཤས་ཤིག་ཀྱང་བགྲངས་འདུག
སློབ་སྦྱོང་མཐོན་པོ་ཐོན་པ་ཙམ་ལ་ཟེར་བ་ཡིན་ན་རྒྱལ་སྤྱིའི་འབྲེལ་ལམ་ཐོག་ལ་ཆེད་ལས་ཐོན་ཞིང་སློབ་དཔོན་གྱི་ཕྱག་ལས་གནང་བཞིན་པ་རྒྱ་རི་པདྨ་རྒྱལ་པོ་ཡོད་རེད། དེ་བཞིན་ཁྲིམས་ལུགས་ཀྱི་ཐོག་ཏུ་ཆེས་མཐོའི་སློབ་སྦྱོངས་ཐོན་པ་བློ་བཟང་སེངྒེ་ཡོད་རེད། དེ་ཚོས་མཚན་གཞི་ཡོང་གི་རེད་དམ། ད་དུང་མང་པོ་ཡོད་རྒྱུ་རེད་སྙམ།
ངས་ངོ་མ་ཤེས་ཀྱིན་མི་འདུག འདིའི་སྐོར་ད་དུང་ཡང་གསལ་པོ་བཟོ་དགོས་ཀྱིན་འདུག ངས་ད་ལྟ་བར་དུ་ཁྱོད་ཚོས་བཤད་སྦྱངས་བྱས་པ་དེར་ཉན་པ་ཡིན་མོད་གསལ་པོ་བྱུང་མ་སོང་། རིགས་གཅིག་རྐང་འཛིན་ཡིན་ནམ་ཆེད་ལས་པ་ཡིན་ནམ་དེ་ཚོའི་ས་མཚམས་གང་ཞིག་ཡིན་མིན་དང་རྒྱལ་བ་རིན་པོ་ཆེས་ང་ཚོའི་སྤྱི་ཚོགས་ཁྲོད་དུ་རིགས་གཅིག་རྐང་འཛིན་པ་གང་མང་སྐྱེད་སྲིང་བྱེད་དགོས་ཀྱིན་འདུག་གསུངས་པའི་རིགས་གཅིག་རྐང་འཛིན་གྱི་ས་མཚམས་དེ་གང་འདྲ་ཞིག་ལ་ཟེར་བ་ཡིན་མིན་ཤེས་དགོས་ཀྱིན་འདུག
ཨོ་ན་གྲྭ་པ་ཡིག་སྒྱུར་མཁས་པ་རྔ་བ་ཆོས་གྲགས། གྲྭ་པ་གློག་ཡིག་མཁས་པ་རྔ་བ་སྨོན་ལམ། མི་སྐྱ་ཆབ་སྲིད་མཁས་པ་རྔ་བ་ཚེ་རྒྱམ་ལྟ་བུ་རྔ་བ་གཅིག་པོའི་ནང་གི་མི་བུ་མ་རེ་བ་ཅན་འདི་དག་གི་གཅིག་གིས་ཀྱང་ཚེ་རིང་བཀྲ་ཤིས་དང་ན་ག་སངས་བསྟན་ལྟ་བུར་དོ་མི་ཐུབ་པ་རེད། བཀྲ་ཤིས་ཚེ་རིང་དང་ན་ག་སངས་བསྟན་གཉིས་དོན་ངོ་མར་ཅི་ཞིག་ལ་མཁས་པ་རེད། ལོ་རྒྱུས་ངོ་སྤྲོད་རེ་སུས་ཀྱང་བྱེད་ཐུབ་ཀྱི་རེད། ཁོ་གཉིས་ལ་རང་རང་རྣམ་དཔྱོད་རྩལ་དུ་བཏོན་ནས་བརྩམས་པའི་དཔེ་དེབ་ཅི་ཙམ་ཞིག་བསྟན་དུ་ཡོད། ཤྰཀྱ་དང་འཇམ་དབྱངས་ནོར་བུ་གཉིས་དོན་ངོ་མར་ཅི་ཞིག་ལ་མཁས་པ་རེད། སྒྲུང་གཏམ་རེ་འབྲི་མཁན་ནི་ཕྱིས་འབྱོར་བ་ཚོའི་ནང་ན་གྲངས་ཀ་རྒྱག་མི་ཐུབ་པ་ཞིག་ཡོད་ལ། སྒྲུང་གཏམ་སྤུས་དག་འབྲི་མཁན་ཡང་དེ་སྙེད་ཅིག་འདུག ཀརྨ་སྨོན་ལམ་དང་སློབ་དཔོན་རྒྱ་མཚོ་ཟེར་བ་འདི་ཚོས་དོན་ངོ་མར་མཁས་པའི་ལག་རྗེས་ཅི་ཞིག་བཞག་ཡོད་པ་རེད། ངོ་སྤྲོད་རེ་གནོངས་དང་།
ཡིག་ནོར་རེ་ཤོར་འདུག
རྔ་བ་སྨོན་ལམ་གྱི་སྨོན་ལམ་གློག་རྡུལ་བོད་ཡིག་གསར་བཟོ་རབ་དང་རིམ་པ་བྱས་པ་འདི་གཅིག་པོར་བསམ་བློ་བཏང་ན་ཡང་། ད་བར་ཕྱི་བོད་ནང་འཚར་ལོངས་བྱུང་བའི་ང་ཡིན་ཁོ་ཡིན་གྱི་ང་རྒྱལ་ཅན་སུ་གཅིག་གིས་ཀྱང་དེ་འདྲའི་ཡིག་གཟུགས་སྤུས་དག་ཅིག་གསར་བཟོ་བྱེད་མ་ཐུབ་དེ་པད་ཚེ་ཅན་ནས་གད་སྙིགས་ཀྱི་ནང་དུ་དབྱུགས་རྐྱང་བྱས་པ་འདི་ནི་ངོ་མ་ཕྱིས་འབྱོར་བ་ཚོར་མཐོང་ཆུང་ཚད་མེད་བྱས་པའི་དཔང་རྟགས་ཆེན་པོ་ཞིག་རེད། ཞིབ་ཏུ་བསམས་ན་ལོས་ཡིན་ཏེ། སྨོན་ལམ་བོད་ཡིག་གསར་བཟོ་བྱེད་མཁན་དེ་ཡང་”མི་”ཞིག་མ་ཡིན་པར་”གསར་འབྱོར་”ཞིག་ཡིན་པས་སོ། །
དེ་མིན་དགེ་ལུགས་སྤྱི་འཐུས་བེ་འཇིགས་ལྟ་བུར་མཚོན་ན་ནང་ཆོས་ལ་དེ་མཁས། སྙན་ངག་ནི་དེས་འབྲི། སྒྲུང་གཏམ་ནི་དེས་འབྲི། ལོ་རྒྱུས་ནི་དེས་རྩོམ། བརྡ་སྤྲོད་ནི་དེས་འཆད། ཐ་ན་ཆབ་སྲིད་ཀྱང་དེས་བཤད་ཤེས་ན་ཡང་པད་ཚེ་ཅན་ནས་མི་འདིའི་སྟེང་གི་པ་པུ་ལུང་བ་གང་དང་གསར་འབྱོར་ཞེས་པའི་ཐ་སྙད་འདི་གཉིས་ཀྱི་གོ་ས་བརྗེས་པ་ནི་ཡ་ང་ཞིང་ཡི་མུག་པའི་གནས་སོ། །
རྔ་བ་སྨོན་ལམ་ལགས་ཀྱི་སྨོན་ལམ་བོད་ཡིག་དང་སྐད་གདངས་མཉེན་ཆས་གསར་བཟོའི་གསར་འཕྲིན་ཀློག་ས།
http://www.tibettimes.net/blogs.php?id=49&post_id=1216
པད་ཚེ་ཅན་ཕྲག་དོག་གི་ཟུག་རྔུས་བརྒྱལ་འགྲོ་བར་ཐེ་མི་ཚོམ་ན་ཡང་རྗེས་སུ་ཕན་ཕྱིར་ལན་གཅིག་བལྟས་ན་ལེགས།
ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་ཡིན་ན་ཡིན་གཅིག་དེབ་རེ་འབྲི་དགོས་པ་ཨེ་རེད། ཅིག་བྲིས་ནས་ལོང་དགོས་ན་ང་ཚོའི་གཡས་གཡོན་དུ་ལྷ་ཀླུ་མ་གཏོགས་ལྷག་གི་མ་རེད། དྲང་མོར་བཤད་ན་བོད་ནས་གསར་དུ་ཕེབས་མཁན་(50%)ཚོར་རང་ཡུལ་དྲིན་ཆེན་དེས་ཁ་ནང་ལ་བོད་སྐད་ཅིག་བཞག་ཡོད་པ་ལས་རྒྱ་གུང་ཁྲན་གྱིས་ལོ་ངོ་དྲུག་ཅུ་མ་ཟིན་ཙམ་གྱི་རིང་ང་ཚོར་ཅི་ཞིག་སྤྲད་ཡོད་ཨང་། འདི་ལྟར་བསམ་བློ་བཏང་ཚེ་ང་རང་བཞི་བརྒྱ་ནད་ཀྱི་འབྱུང་ཁུངས་རྒྱ་གུང་ཁྲན་ལ་ཁོང་ཁྲོ་ཇེ་ཆེ་དང་བཙན་བྱོལ་ནང་གི་མཁས་པ་དང་སློབ་མ་༼བཙན་བྱོལ་ནང་སློབ་གྲྭ་ཁག་གི་བོད་ཡིག་ཞེན་པོ་ཡོད་ནའང་གནས་སྟངས་ལ་དཔག་པས་འགྲིག་ཙམ་ཡོད༽ཚོར་ཡིད་སྨོན་ཀྱང་ཇེ་ཆེ་རེད་ཤག གང་ཡིན་ཞེ་ན། ཉུང་མཐར་ཡང་ཁོ་ཚོར་རང་གི་རྐང་པའི་སྒང་ནས་རང་ཁ་ཙམ་གསོ་སྤྱད་ཀྱི་ཐབས་ལམ་རེ་ཁ་ལག་ཏུ་འཁྱེར་རྒྱུ་འདུག།
ཨ་རོ། ཨ་ལགས། དེ་རིང་སང་ཉིན་ཅི་རེད།
རང་གི་ཕ་ཡུལ་མཚོ་སྔོན་གཅིག་པོར་མཚོན་ན་ང་བརྒྱད་དང་རིག་གསར་སྐབས་རྒྱ་གུང་ཁྲན་གྱིས་སྡུག་པོ་བཏང་བར་ཁ་རྡུང་གཏོང་བ་དང་ཆབས་ཅིག བརྒྱད་ཅུ་གྱ་གྲངས་ནས་ཚེ་ཏན་ཚང་དང་དམུ་དགེ་ཚང་། དོར་ཞི་ཚང་དང་ཤར་གདོང་ཚང་སོགས་སློབ་གྲྭ་ཆེན་མོ་དང་། བསེ་ཚང་དང་ཨ་ཁུ་བཤད་སྒྲུབ་ཚང་སོགས་དགེ་འོས་སློབ་གྲྭར་གདན་ཞུས་ཀྱིས་ན་གཞོན་སྟོང་ཕྲག་དུ་མར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་སུམ་རྟགས་དག་གསུམ་སློབ་ཁྲིད་བྱེད་དུ་བཅུག་ནས་ཤེས་ལྡན་པ་སྟོང་ཕྲག་དུ་མ་གསོ་སྐྱོང་བྱེད་དུ་བཅུག་པ་འདི་ཡང་ཁས་ལེན་དགོས་ཀྱི་རེད། དེ་མིན་ང་བརྒྱད་ཡར་སྔོན་དུ་ཡང་རང་ས་དྲིན་ཆེན་དེ་ནི་དེ་རང་ཡིན་ན་ཡང་གྲྭ་པ་རེ་ཟུང་མ་གཏོགས་བརྒྱད་ཅུ་གྱ་གྲངས་གོ་གྲངས་ལྟ་བུའི་སྤྱིའི་ཆ་ནས་ཤེས་ལྡན་པ་འབོར་ཆེན་ཞིག་ཐོན་པ་འདི་འདྲ་ཞིག་གང་ན་ཡོད་དེ་མེད་དོ། །ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་གསོ་རིག་སློབ་གླིང་སོགས་སློབ་ཆེན་དང་མཚོ་ལྷོ་དགེ་འོས་སློབ་གྲྭ། རྨ་ལྷོ་དགེ་འོས་སློབ་གྲྭ་སོགས་སློབ་གྲྭ་སོ་སོ་རུ་སློབ་གྲྭའི་སྒེར་གྱི་ཚགས་པར་དང་དུས་དེབ་གང་མང་ཞིག་པར་སྐྲུན་བྱེད་བཞིན་ཡོད་ན་ཡང་། ཕྱི་ཕྱོགས་སུ་ཝ་ཎ་མཐོ་སློབ་ཅེས་ང་རྒྱལ་གྱི་གཞི་རྩར་འཛིན་སའི་སློབ་གྲྭ་དེ་རུ་ད་ལྟ་བར་དུ་དུས་དེབ་རྐང་གཅིག་བཏོན་པའི་སྐད་ཆ་ཡང་ཐོས་མ་མྱོང་། བོད་ཡིག་དང་རྒྱ་ཡིག་གི་རྨང་གཞིའི་ཕྱོགས་ནས་བཤད་ན་བོད་ནང་ལྡབས་བརྒྱ་ཕྲག་གིས་བཟང་པ་དེ་ཀླད་པ་ཐང་ཐང་ཅན་ཞིག་ཡིན་ན་ངོས་ལེན་མི་བྱེད་རང་བྱེད་རེད་ལ། གོང་ས་མཆོག་གིས་ཀྱང་དེ་ལྟར་གསུངས་ཡོད། ཕྱི་ཕྱོགས་སུ་གོང་ས་མཆོག་གིས་གསུངས་པ་བཞིན་བོད་ཡིག་དེ་ཡང་འཁྱར་འཁྱོར་ཞིག དབྱིན་ཡིག་དེ་ཡང་འཁྱར་འཁྱོར་ཞིག ཧིན་རྡུ་དེ་ཡང་འཁྱར་འཁྱོར་ཞིག་ཏུ་སྣང་བས། ཧི་མ་ལ་ཡའི་ཕར་ཚུར་གྱི་ཤེས་ལྡན་པའི་གྲངས་འབོར་དེ་བསྡུར་རྒྱུ་ཟེར་མཁན་ཞིག་ཡོད་ན་དེ་ནི་ནམ་ཡང་བསྡུར་ཐབས་བྲལ་བ་ཞིག་ཡིན་པ་ནི་དངོས་ཡོད་གནས་ཚུལ་རང་གིས་ཐག་བཅད་པ་ཞིག་རེད་དོ།།
གོང་གི་བྲིས་བྲིས་ཐམས་ཅད་གསར་འབྱོར་བའམ་ཕྱིས་འབྱོར་བའི་མགོ་དང་ཕྲག་པ་རུ་དམའ་འབེབ་ཀྱི་རྐང་བ་དྲི་ངན་ཅན་དེ་འཇོག་རྒྱུར་སྐྱག་ལངས་ཤོར་བསྡད་ཡོད་པའི་པད་མ་ཚེ་དབང་ཟེར་བའི་མི་ཧྲུལ་དེ་རང་ལ་བྲིས་པ་ཡིན་གྱི། གཞན་དྲ་གྲོགས་སུ་གཅིག་ལ་དོན་མེད་ཁ་འཛིང་རྒྱག་གིན་མེད་དོ། །
པད་ཚེས་བྲིས་པའི་སྙན་ངག་ཡིན་ཟེར་བའི་དེབ་གཅིག་འདུག་པ་དེ་ལྟ་བུ་ནི་ངོ་མ་ངའི་ཕ་ཡུལ་གྱི་སློབ་འབྲིང་སློབ་མ་ཡོན་ཚད་ཅུང་ལེགས་པ་ཞིག་གིས་འབྲི་ཐུབ་པ་ཞིག་རེད་འདུག་པས། འདི་ཙམ་ང་རྒྱལ་གྱི་མ་རྩར་བཟུང་སྟེ་ཕྱིས་འབྱོར་ཤེས་ལྡན་པའི་དཔུང་ཚོགས་ཀྱི་ཤེས་རབ་ཀྱི་མེ་ལྕེ་དེ་གསོད་རྒྱུའི་སྦྱོར་བ་རྩོམ་པ་ནི་ར་སྤུའི་འུར་རྡོ་ར་མ་རྒྱ་བོ་རང་གི་ཀླད་པའི་སྤྱི་གཙུག་ཏུ་འཕོག་རྒྱུ་རང་རེད་དོ།།
ལོ་ངོ་དགུའི་སྔོན་གྱི་ད་ཚོད་ཅིག་ལ། གངས་སྐྱིད་ནས་པ་དང་བ་ཡི་སྦྱོར་ཚུལ་བརྩད་པ་རེད་ཟེར། དེ་དུས་ན་ག་སངས་རྒྱས་བསྟན་དར་སོགས་ཀྱིས་ལུང་དང་རིག་པ་རྩལ་དུ་བཏོན་ནས་བཤད་པ་ལ། ཨ་མདོའི་གསར་འབྱོར་བ་བཅུ་གྲངས་ཡོད་པ་དེ་ཚོ་མ་དོ་བ་རེད་ཟེར། ད་དུང་ན་ག་སོགས་ཀྱིས་དེ་དུས་ཀྱི་ལུང་སྦྱོར་ལ། ཨ་ལགས་ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་ལུང་ནང༌། པ་བའི་སྦྱོར་ཚུལ་གསུངས་ཡོད་པ་དེ་དྲངས་པས་དེ་བས་ཀྱང་གྲག་མེད་བཟོས་རབས་ཤིག་གོ་རྒྱུ་འདུག་གཱ་ དེ་ན་ག་མཁས་རྟགས་སུ་འགྲོ་གི་མ་རེད་པས། འོ་ན། གསར་འབྱོར་བ་དགེ་འདུན་རབ་གསལ་དང༌། ཤེས་རབ་དར་རྒྱས། པདྨ་འབུམ། ཆུང་ཚེ་རིང་བཅས་ནི་དཀོན་མཆོག་གོང་ཕུད་རེད། དེ་འཕྲོས། ཧོར་གཙང་འཇིགས་མེད་དང༌། བེ་རི་འཇིགས་མེད། ཀླུ་སྨྱོན་སོགས་པ་གེ་པུ་གེ་དེ་ཚོ་གང་ལ་མཁས་པ་རེད་ཅེས་དྲིས་ན། ལན་ཅི་ལྡོན། རིགས་པ་མཚུངས་སོ།། པདྨ་ཚེ་དབང་གིས། ཚགས་ཤོག་དང་དུས་དེབ་སོགས་སུ་སྙན་ངག་ཙམ་རེ་བྲིས་མ་བྲིས་ཀྱིས་མཁས་པས་ཁྱད་འབྱེད་དཀའ་བའི་དགོངས་ཚུལ་བསྟན་པར་གནས་ལུགས་ཡེ་མི་འདུག་ཅེས་བརྒྱ་ཁགཅིག་ཆོད་བྱེད་པ་གནས་ལུགས་ཤིག་ཨེ་ཡིན་སྙམ།
པད་ཚེ་ཅན་གྱི་ལན་ལ་བསྒུགས་བསྡད་ཡོད། རྩོད་པ་འདི་མི་གཞན་དང་འབྲེལ་བ་མེད་པ་གོང་ནས་བརྗོད་ཟིན། རེབ་གོང་ནས་རྩོམ་རིག་དཔྱད་བརྗོད་ལ་མཁས་པ་པད་མ་འབུམ། མདོ་སྔགས་རིག་གནས་ལ་མཁས་པ་བློ་བཟང་སྙན་གྲགས། གསར་འགྱུར་རིག་པ་ལ་མཁས་པ་དགེ་འདུན་རབ་གསལ་གསུམ་པད་ཚེ་ཅན་ཁྱོད་ཀྱིས་མིང་ཙམ་ཡང་གོ་མྱོང་ཡོད་ཀྱི་མ་རེད། དེ་བཞིན་ལྷ་ས་ནས་སྒྲུང་གཏམ་རྩོམ་སྒྱུར་ལ་མཁས་པ་ཆུང་ཚེ་རིང་། དེང་རབས་རི་མོ་ལ་མཁས་པ་གུང་དཀར་རྒྱ་མཚོ་གཉིས་ཀྱི་མིང་བོས་ན་ཁྱོད་ཀྱི་མགོ་བོ་ན་རྒྱུ་རེད།
ད་དངོས་ནས་ཧ་ལས་པའི་ཡར་ཐོན་བྱིན་འདུག བོད་པ་ཚང་གི་ཤེས་ཡོན་པ་ཡིན་ཟེར་མཁན་དག་གིས་གཅིག་གིས་གཅིག་དམད་དེ་རང་རང་གི་གང་ཞིག་རྟོགས་ཡོད་ཁུལ་གྱིས་བསྡོད་དང་དངོས་ནས་ཧ་ལས་པ་ཞིག་རེད། བྱས་རྗེས་ལག་གསུབ་གཏོང་མཁན་གྱི་མི་རིགས་འདི་ལ་རིགས་གཅིག་རྐང་འཛིན་དང་ཁྱད་ལས་པ་མ་བྱུང་བ་མ་རེད། རང་རློམ་པ་དག་གིས་མིག་གིས་མ་མཐོང་བ་རེད། ཨ་ཐང་ཆད་འགྲོ་བའི་སྐད་ཆ་འདི་དག་ཤེས་ཡོན་པ་ཡིན་པ་ཟེར་མཁན་དག་གི་གླེང་ནས་འོང་དུས། བོད་ཡིག་ཙམ་ཤེས་མཁན་ང་འདྲ་བོ་དག་གི་ཉན་དེ་འོང་དུས་མིང་དང་སྙན་གྲགས་གང་ཙམ་ཡོད་མཁན་གྱི་མི་འདི་དག་ལ་སྐྱུག་མེར་བླངས་དེ་འོང་གི་འདུག་གོ
བཙན་བྱོལ་ནང་དུ་བོད་ཡིག་གི་ཤེས་ཚད་ཅན་གྱི་མི་སྣ་གསོ་སྐྱོང་བྱ་མ་ཐུབ་པ་བདེན་ངེས་རེད། དེ་བཞིན་བོད་ཀྱི་རིག་གཞུང་གི་ལས་དོན་སྟེང་དུ་སེམས་ཤུགས་ཅན་གསོ་སྐྱོང་པ་ཡང་བདེན་པ་རེད། དཔེར་ན། ཁར་སང་དེ་རིང་བོད་ཡིག་གི་སྟེང་དུ་དྲྭ་རྒྱ་ཐེབས་ཆག་ཁ་ཤས་ཤིག་ཡོད་པ་དེ་ཡང་གསར་འབྱོར་ཀ་ཅ་དེ་ཚོས་བཟོས་པ་རེད་མ་གཏོགས་གཞན་སུས་བཟོས། དེ་བཞིན་དེབ་བཏོན་མ་བཏོན་དང་རྩོམ་ཡིག་བྲིས་མ་བྲིས་དེ་ཡང་མཁས་པའི་མཚན་གཞིར་འཇོག་རུང་བ་ཞིག་རེད། དེ་མ་ཡིན་པའི་འཕྲུལ་ལས་པ་མཁས་ཅན་དང་ཆབ་སྲིད་དཔལ་འབྱོར་སྤྱི་ཚོགས་དང་སེམས་ཁམས་རིག་པ་སོགས་ལ་མཁས་པ་ཞིག་བཙན་བྱོལ་བའི་ཁྲོད་ནས་སྐྱེས་པ་ཞིག་ལ་ནི་དེ་ལས་ཀྱང་མཛུབ་མོ་འཛུགས་ས་ཞིག་མེད་པ་འདྲ། པདྨ་ཚེ་དབང་ལགས་ཀྱིས་མཛུབ་མོ་འཛུགས་ཐུབ་མི་འདུག
ཡིག་ནོར། བོད་ཀྱི་རིག་གཞུང་གི་ལས་དོན་སྟེང་ལ་སེམས་ཤུགས་ཅན་གསོ་སྐྱོང་བྱ་མ་ཐུབ་པ་ཡང་བདེན་པ་རེད།
མི་མང་པོས་འདི་ལ་སྐད་ཆ་བཤད་འདུག དེ་ལ་ངས་ཀྱང་ཏོག་ཙམ་ཞིག་བཤད་དགོས་ཤར་སོང་། དང་པོ་དེ་སྐྱབས་མགོན་ཆེན་པོས་ཆེད་ལས་པའམ་ཆེད་མཁས་གསོ་སྐྱོང་མ་ཐུབ་པའི་སྐོར་གསུངས་པ་དེ། དེང་རབས་ཀྱི་སློབ་གྲྭ་ཆེན་མོ་དག་མཐར་ཕྱིན་ཏེ་སློབ་འབྲས་ལ་ རབ་འབྱམས་པའམ་ཌོག་ཊོར་ཟེར་བ་དེ་ཐོན་རིགས་ལ་གོ་དགོས་པ་རེད་བསམས། འདི་ལ་རྩོད་པ་ཡོད་མ་རེད་བསམས། ལོ་རེ་རེ་ལ་ང་ཚོ་འཛིན་གྲྭ་བཅུ་གཉིས་ཐོན་མཁན་སྟོང་ཁ་ལོངས་རེ་ཡོད། དེ་ནས་བྷི་ཨེ་ཟེར་བའི་མཐོ་སློབ་ཐོན་མཁན་ཡང་བརྒྱ་སྐོར་རེ་ཡོད། དེ་ནས་ཚང་མ་དགེ་རྒན་དང་དྲུང་ཡིག་གི་ལས་ཀ་ལ་ཞུགས་མཁན་རེད། ཨེམ་ཨེ་ཟེར་བ་འཛུལ་མཁན་ཉིན་སྐར་དང་ཌོག་ཊོར་ཟེར་བ་ལ་འཛུལ་མཁན་ཉིན་སྐར་ལས་ཀྱང་ཉིན་སྐར་རེ་གསུངས་གི་ཡོད་པ་རེད་བསམས། དགེ་བཤེས་དེ་ཚོ་འདིའི་ནང་ལ་ཚུད་ཀྱི་མེད་པ་རེད་བསམས། ཝར་ཎ་མཐོ་སློབ་ན་ཌོག་ཊོར་གྱི་སློབ་སྦྱོང་ལས་རིམ་ཡོད་པ་དེ་ཐོན་ན་འདིའི་ནང་ཚུད་དགོས་ཀྱི་རེད་བསམས།
གཉིས་པ་དེ་གསར་འབྱོར་དང་རྙིང་འབྱོར་གྱི་སྐོར་དེ་རེད། འདི་ལ་གསར་རྙིང་གི་ཁྱད་པར་ཞིག་འབྱེད་རྒྱུ་ཨེ་ཡོད། དེང་སང་གི་སློབ་གྲྭ་ཆེན་མོ་དག་ན་ ༡༩༩༠ གོ་གྲངས་ནང་གསར་འབྱོར་ཡིན་པའི་སློབ་མས་ཁེངས་འདུག་ག
ད་དབྱིན་ཡིག་གི་ཆུ་ཚད་སྐོར་རེད། འཛིན་རིམ་བཅུ་གཉིས་ཐོན་ན་ཡང་དབྱིན་ཡིག་གི་བསྐུར་ཡིག་ཅིག་ཀྱང་འབྲི་མི་ཤེས་པའམ་བྲིས་པའི་གནས་ཚད་ཧ་ཅང་སྐྱོ་པོ་མང་པོ་འདུག་ག
ལེ་བདའ་མི་ཡིས་ཐ་མ་རེད། དེ་ལས་སྐད་ཆ་རྗེས་ཕྱོགས་བོད་པ་ཚང་གི་མི་རབས་བསྐྱེད་སྲིང་ཇི་ལྟར་བྱེད་ཕྱོགས་བསྐོར་རེད་གསུང་རྒྱུ་ཡོད་ན་གསུང་རོགས་ཞུ། དེ་མིན་ཕན་ཚུན་ལ་ལེ་བདའ་བྱོས་དེ་བསྡད་པ་དེ་ནི་ཡག་པོ་ཞིག་རེད་མི་འདུག་ལ་དུས་ཚོད་ཀྱང་འཕྲོ་བརླག་རེད།
ཨ་རོ། ཤསྟྲཱི་འམ་ཤ་གཏུམས་སྟ་རེ། རང་ཤ་གཏུབས་པའི་སྟ་རེ། ཁོ་ཕལ་ཆེར་ཤི་ཚར་བ་ཡིན་འགྲོ། ཀླུ་སྨྱོན་གྱིས་ཉིན་ཁ་ཤས་སྒུག་ནའང་དོན་ཡོང་མཁན་མི་འདུག ཤི་ནའང་ཕལ་ཆེར་རོ་ལངས་རྒྱབ་རན་ཚོད་ཡིན། ཁོས་དེ་སྔོན་བྲིས་པའི་ཤར་ནུབ་ ཀྱི་སྒྲུང་དེའི་ཁ་ཐབས་དང་མདོག་ཆ་ལ་གཅིག་ལྟོས་དང༌། ཁོ་མི་གཞན་གྱི་ཤེས་ཡོན་ཚད་ལ་འཇལ་མཁན་གྱི་གྲས་ཞིག་རེད་འདུག་གམ། ཁོ་ལ་རྒྱུ་མཚན་བཤད་རྒྱུ་ཡོད་ན་བཤད་མཁན་ཤོག་དང༌། མི་འདིའི་གྲས་ཁ་ལ་ཐལ་ལྕག་འདྲ་བྱུགས་ན་མ་གཏོགས་ཅི་བྱ་ཡོད་ལེ་མ་རེད། གོ་བ་མེད་པའི་གླང་རྒན་ལ༎རྒྱལ་བའི་བཀའ་ལས་དབྱུགས་པས་བཙན། ཕོ་ཤི་རེ། འདི་ངའི་འཁྲིས་ལ་ཡོད་ན། འགྲམ་ལྕག་མེ་འབར་འདྲ་ཞིག་གཞུར་ཐག་གཅོད་ཡིན།
ཡིག་ནོར། སྟག་ཕྲག –སྟག་ཕྲུག ཤ་གཏུམས་–ཤ་གཏུབས།
རྒྱ་དམར་གུང་ཁྲན་གྱིས་བོད་སྐོར་དེབ་གསར་ཞིག་བཏོན་འདུག་པར་དོན་ཚན་གསུམ་འདུག དང་པོ། བོད་རང་བཙན་གྱི་དུས་སྐབས་ནི་ཆེས་མུན་ནག་ཡིན་པ། གཉིས་པ། རྔམ་བརྗིད་ལྡན་པའི་དམངས་གཙོའི་བཅོས་སྒྱུར་བྱས་ཚུལ། གསུམ་པ། དུས་རབས་ཕྱེད་ཀའི་རིང་བོད་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཚུལ་བཅས་རེད་འདུག་ཟེར། གོང་གི་གུང་ཁྲན་གྱི་སྐད་ཆ་འདི་ཐོས་དུས་ངས་ཀླུ་སྨྱོན་ཡིད་ལ་དྲན་སོང་། སྐད་ཆ་བཤད་སྟངས་ཤིག་མ་གཏོགས་ཁོ་གུང་ཁྲན་གྱི་མགྲིན་ཚབ་པ་ལྟ་བུ་ཆགས་འདུག མིན་ན་ཁོས་རྒྱ་དམར་སླེབས་ནས་བོད་ལ་ཡར་རྒྱས་ཕྱིན་ཚུལ་བཤད་པ་འདི་འདྲ་ག་རེ་བྱས་ཏེ་ངག་ནས་ཐོན་པ་རེད། རྒྱ་དམར་གུང་ཁྲན་གྱི་བཙན་དབང་བོད་ལ་སླེབས་མེད་ན་ང་ཚོར་ཡར་རྒྱས་མེད་པ་ཨེ་རེད། འབྲུག་དང་བོད་གཉིས་ཡུལ་གོམས་གཤིས་ལུགས་སོགས་ཆུ་ལ་ཆུ་བཞག་ཡིན་ནའང་རྒྱ་གུང་ཁྲན་མ་སླེབས་པའི་འབྲུག་ཡུལ་དེ་དེང་སང་ཆབ་དཔལ་རིག་གསུམ་ཡར་རྒྱས་ཕྱིན་ནས་ས་སྒང་འདིའི་སྟེང་གི་ལུང་པ་སྐྱིད་ཤོས་བཅུའི་གྲས་སུ་ཚུད་སར་ཁྱོད་དང་ངའི་ཕ་ཡུལ་དེང་སང་ས་གང་ན་ལྷག་འདུག ད་དུང་གུང་ཁྲན་མ་འབྱོར་སའི་ཐེ་ཝན་ལ་བལྟས་ནའང་བློ་བསྐྱེད་ཅིག་ཐོབ་ཚོད་ཡིན་མོད་ཁྱོད་ཀྱིས་གནས་ལུགས་འདི་དག་མ་མཐོང་བ་ཡ་མཚན་རེད། མ་གཞི་ཀླུ་སྨྱོན་སོགས་བྱེས་སྡོད་ཁ་ཤས་ཀྱིས་༧གོང་ས་མཆོག་དཀོན་མཆོག་ཡར་ཕུད་བྱེད་ཞོར་བོད་གཞུང་དང་དེའི་ལས་ཀྱི་སྣེ་མོ་བ་མཐའ་དག་ལ་བརྟག་དཔྱད་ཅི་ཡང་མེད་པར་སྐྱག་དོང་ལ་གཡུག་རྐྱང་བྱེད་པའི་བསམ་བློ་གཏོང་ཕྱོགས་འདི་དང་། བོད་ནང་དུ་གྲྭ་ལོག་ལྟ་ལོག་ཁ་ཤས་ཀྱི་རྗེས་སུ་འབྲངས་པའི་རྟོགས་སད་པ་སྐོར་ཞིག་གིས་ཆོས་དང་ཆོས་བར་ཚད་ལས་བརྒལ་བའི་མཐོང་ཆུང་ཁྱད་གསོད་ཀྱིས་དབྱུག་པས་ལེབ་རྡུང་བྱེད་སྟངས་འདི་དག་གི་ཕུགས་དམིགས་སུས་ཀྱང་བཤད་དཀའ་ནའང་། བོད་དོན་ལ་ཕན་ལས་གནོད་ཚབ་ཆེ་བ་དང་རྒྱ་ཆེ་མི་མང་གི་སེམས་ངོར་ཅི་འདྲའི་ཟུག་གཟེར་ཞིག་ཡོད་པ་བཤད་མ་དགོས། དྲང་མོར་བཤད་ན་ང་ཚོར་ཕྱི་ལ་ངོམ་རྒྱུ་བོད་གཞུང་དྲིན་ཆེན་འདི་དང་ནང་དགྲ་ལ་གཏུགས་དགོས་ན་གྲྭ་རྐྱང་འདི་ཚོ་ལས་དགའ་ཞིག་གང་ན་ཡོད་ཨང་།།
གསལ་བཤད་ཅིག་བྱེད་འདོད་བྱུང་། འབྲུག་པ་ལུང་པ་སྐྱིད་ཤོས་ཀྱི་གྲས་སུ་བཞག་པ་དེ་ནི་དེང་སྐབས་ཡར་རྒྱས་སུ་བགྲང་བཞིན་པའི་ཚན་རིག་གིས་ཐོན་སྐྱེད་བྱས་པའི་དངོས་རྫས་ཁྲ་ཁྲ་རིག་རིག་དེ་ཚོ་མེད་པར་ལོ་ངོ་ཉིས་བརྒྱ་སུམ་བརྒྱའི་སྔོན་གྱི་འཚོ་བ་རོལ་སྟངས་ཏེ། རང་གི་ཞིང་ཁ་རང་གིས་འདེབས་པ་དང་། རང་གི་རྩམ་པ་རང་གིས་འཐག་པའི་ལུགས་སྲོལ་རྙིང་བ་དེ་རང་ད་དུང་རྒྱུན་འཁྱོངས་བྱེད་བཞིན་པས། ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཚོའི་འབངས་མི་བཞིན་འགྲན་སེམས་ཕྲག་དོག་དང་ལས་ཤོར་སེམས་ཁྲལ་མེད་པའི་ཆ་ནས་བཞག་པ་རེད།
རྒྱ་ནག་གིས་བོད་ཟིན་པ་དེས་བདེ་སྡུག་གཉིས་མཉམ་དུ་སྦྱར་འདུག ཞིང་བྲན་ཁྲི་ཚོ་བརྒྱ་ཡི་ཚེ་གཡོག་གི་འཚོ་བར་འགྱུར་ལྡོག་བྱུང་བ་དེ་ནི་བདེ་སྐྱིད་ཅིག་རེད། ཡིན་ན་ཡང་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་རང་གིས་དད་གུས་བྱེད་སའི་བླ་མའི་སྐུ་པར་ཙམ་ཡང་ཉར་མི་ཆོག་པ་དེ་ནི་སྡུག་བསྔལ་རེད། བོད་རིགས་བྱིས་པ་བརྒྱ་ཆའི་བརྒྱད་ཅུ་སློབ་གྲྭར་འགྲོ་བཞིན་པ་དེ་ནི་བདེ་སྐྱིད་ཅིག་རེད། ཡིན་ན་ཡང་བྱིས་པ་དེ་དག་གིས་ནམ་ཡང་བོད་པ་རང་གི་སྲིད་འཛིན་ལས་བྱེད་མཐོ་གྲས་ཤིག་ཆགས་རྒྱུ་དཀའ་བ་འདི་ནི་སྡུག་བསྔལ་ཞིག་རེད། གོང་ས་མཆོག་གིས་ཀྱང་བཀའ་སློབ་རབ་དང་རིམ་པ་གནང་སྟེ་བོད་རྒྱ་འོག་ཏུ་ཚུད་པ་ནས་ད་བར་གྱི་ཡར་རྒྱས་ཀྱི་རྣམ་པ་ལ་བསྔགས་བརྗོད་དང་མུན་ནག་གི་ཕྱོགས་ལ་བཀའ་བཀྱོན་གནང་གིན་ཡོད་པ་རེད། ཡིན་ན་ཡང་དེང་སྐབས་ཕྱི་ཡི་ཁྲ་ཁྲ་ཟང་ཟིང་དང་ནང་གི་བདེ་སྐྱིད་གཉིས་བསྡུར་བ་ཡིན་ན་བདེ་སྐྱིད་དེ་རྦད་དེ་ཁྲ་ཁྲ་ཟང་ཟིང་གིས་བསྐྲུན་མི་ནུས་ལ་ཉོ་ཡང་མི་ཐུབ་པ་ཞིག་ཆགས་འདུག བོད་ཀྱི་སྐུ་དྲག་ངན་པ་དེ་ཚོ་ནི་སྐྲག་ས་རྒྱ་མི་ལྟ་བུ་ཞིག་མེད་ན་མི་དམངས་ལ་བཅིང་འགྲོལ་གཏོང་འདོད་ནམ་ཡང་མེད་པ་དེ་ནི་སྐུ་ཕྲེང་བཅུ་གསུམ་པའི་དུས་ཀྱི་ལོ་རྒྱུས་ཀྱིས་ང་ཚོར་ཁ་ཚུར་གྲགས་ཡོང་གིན་འདུག གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དུས་སུ་རྒྱ་དམར་བོད་ལ་བསླེབས་གྲབས་ཡོད་པས་སྐུ་དྲག་ཚོ་འཛུལ་སའི་ཁུངས་མེད་པར་འབངས་མི་སེར་ལ་གུ་ཡངས་ཀྱི་རྣམ་པ་ཕྲན་བུ་ཞིག་སྤྲོད་མགོ་ཚུགས་འདུག ཡིན་ན་ཡང་རྒྱ་ནག་གིས་ཤེས་དགོས་པ་ཞིག་ནི་མི་རིགས་ཤིག་གི་སེམས་གཏིང་གི་ཉི་མ་དེ་ནི་ཆབ་སྲིད་དང་ནོར་རྫས་མིན་པར་ཆོས་ལུགས་དང་རིག་གཞུང་ཡིན་པ་དེའོ།།
གལ་སྲིད་རྒྱ་ནག་གིས་བོད་དེ་ཟིན་མེད་ན་ད་ལྟ་བོད་ཀྱི་གནས་སྟངས་དེ་ག་འདྲ་ཞིག་ཏུ་ཡོད་ཅེ་ན། ངས་ངོ་མ་མི་ཤེས་ལ་ད་ལྟ་བར་དུ་འདི་འདྲ་ཞིག་ཏུ་ཡོད་ཅེས་བརྗོད་མཁན་ཞིག་དང་འབྲི་མཁན་ཞིག་མཐོང་མ་སོང་། གཅིག་བྱས་ན་ད་ལྟའི་འགྱུར་ལྡོག་འདི་ལས་སྡུག་ཙམ་མེད་འགྲོ ཡང་མིན་ན་ད་ལྟའི་སྐྱོ་གནས་འདི་ལས་དྲག་ཙམ་མེད་འགྲོ
ཁ་སྣོན་ཏོག་ཙམ་ཞུས་ན། བོད་མི་རེ་ཟུང་གིས་རྒྱ་ནག་སྲིད་གཞུང་ལ་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་རྒྱ་ནག་གིས་བོད་ནང་ཆུ་མེད་སར་ཆུ་དང་ལམ་མེད་སར་ལམ། གློག་མེད་སར་གློག་དང་སློབ་གྲྭ་མེད་སར་སློབ་གྲྭ་གསར་རྒྱག་སོགས་ཕྱི་སྣོད་ཀྱི་འཛུགས་སྐྲུན་ཡར་རྒྱས་བཏང་བ་ཡོད་ཚད་ཁས་མི་ལེན་པ་ནི། རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་སྤྱི་ཚོགས་རྙིང་བ་ཡོད་ཚད་མུན་ནག་དང་ཀླ་ཀློ་འབའ་ཞིག་ཏུ་འགྲེལ་བརྗོད་བྱེད་སྟངས་དེ་ལས་ཁྱད་པར་ཆེན་པོ་ཞིག་མ་མཐོང་ཞིང་། གོང་ས་མཆོག་གིས་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་ཞེས་གསུངས་པའི་གཉིས་སྨན་ཡིན་སྟངས་དེ་ནི་རྒྱ་ནག་གི་ཕྱི་སྣོད་ཡར་རྒྱས་སུ་གཏོང་སྟངས་དེ་བོད་ལ་སྨན་ཞིང་། བོད་ཀྱི་ཆོས་དང་རིག་གཞུང་བཟང་པོ་དེས་རྒྱ་ནག་མི་དམངས་ཀྱི་སེམས་པའི་དཀའ་ངལ་སེལ་ཐུབ་པས་དེ་རྒྱ་ལ་སྨན་པ་ཞིག་ཡིན་ཚུལ་བཀའ་སློབ་ཚར་སྟོང་ཕྲག་བརྒལ་བ་ཞིག་ཕེབས་ཚར་བས། གལ་སྲིད་བོད་མི་ཞིག་གིས་རྒྱ་ནག་གིས་བོད་ནང་ཕྱི་སྣོད་ཡར་རྒྱས་སུ་བཏང་བའི་སྐོར་བརྗོད་མ་ཐག་ཏུ་མི་དེ་རྒྱ་ནག་གི་མགྲིན་ཚབ་པ་རེད་ཟེར་རྒྱུ་མང་དྲགས་ན་ནམ་ཞིག་གོང་ས་མཆོག་གི་བཀའ་སློབ་ལ་ཡང་དོགས་སློང་ངམ་དགག་གཞག་བྱེད་དགོས་པའི་འགག་འཕྲང་ཞིག་ལ་བསླེབ་རྒྱུ་ཡིན་ཏེ། གོང་ས་མཆོག་གིས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་འཛུག་སྐྲུན་རབ་དང་རིམ་པ་བྱས་པ་རེད། དེ་ཚོ་ཡག་པོ་རེད། ཡིན་ན་ཡང་དེ་ཙམ་གྱིས་ད་དུང་འདང་གི་མེད་གསུང་བཞིན་པ་རེད། ཨ་མདོར་མཚོན་ན་ལུང་གཡང་འགག་གི་ཆུ་མཛོད་ཆེན་པོ་དེས་ཐོན་སྐྱེད་བྱས་པའི་གློག་འོད་ཀྱིས་མདོ་སྨད་ཀྱི་ས་ཆ་ངེས་ཅན་ཞིག་ལ་ཉིན་མཚན་མེད་པར་གློག་ལ་རྒྱུན་ཆད་མེད་པ་ཞིག་བྱུང་བ་རེད། ། རྨ་ཆུ་འབྲི་ཆུ་རང་ས་ན་ཡོད་ཀྱང་གཞན་གྱི་རོགས་སྐྱོར་མེད་ན་ང་ཚོས་ཅི་ཞིག་འཇོན་ནམ། བལ་ཡུལ་འདྲ་བོ་རྒྱལ་ཁབ་ཅིག་གི་བཟོ་ལྟ་ཡོད་ཀྱང་རང་གིས་མ་འཇོན་ཕྱི་རྒྱལ་གྱི་རོགས་སྐྱོར་གྱིས་མ་འདངས་པས་དུས་རབས་ཉེར་གཅིག་པའི་དུས་འདིར་ཡང་རྒྱལ་ཁབ་ཅིག་གི་རྒྱལ་ས་རུ་གློག་ཆུ་ཚོད་བཅུ་བཞི་རེར་མེད་པའི་གནས་སྟངས་འདི་འདྲ་ཞིག་ད་དུང་ཡོད་པ་རེད། འབྲུག་ཡུལ་དུ་ནི་ཚན་རིག་གིས་བསྐྲུན་པའི་དངོས་པོ་མེད་དྲགས་ནས་མི་རྣམས་འཛམ་གླིང་གི་ཡར་རྒྱས་ཞེས་པའི་ངོ་མཚར་ལྟད་མོ་དེ་མ་མཐོང་བར་སོས་དལ་སྐྱིད་ཉལ་གྱིས་འཚོ་བཞིན་པ་རེད། ཡིན་ན་ད་ལྟ་ཕབ་སྐྲུན་བྱས་པའི་འབྲུག་པའི་གློག་བརྙན་ཁག་ཅིག་གིས་དེང་རབས་ཀྱི་ཟང་ཟིང་དེ་ན་ཚ་སྡུག་པོ་ཞིག་དང་འདྲ་བར་འབྲུག་གི་ལུང་ཁུག་དག་ཏུ་ཡང་ཁུ་སིམ་སིམ་ངང་ཁྱབ་ཡོང་གིན་འདུག
མཐའ་སྡོམ། གོང་ས་མཆོག་གི་གཉིས་སྨན་དབུ་མའི་ལམ་བཟང་སྟེ་བོད་རྒྱ་གཉིས་ཀྱིས་གཅིག་གིས་གཅིག་ལ་རོགས་སྐྱོར་བྱས་དང་བྱེད་བཞིན་པ་འདི་ནི་རྗེ་འབངས་སམ་བཙན་གཉོམ་གྱི་རང་བཞིན་ཅན་ཞིག་མ་ཡིན་པར། ཕན་ཚུན་བསམ་ཤེས་དང་བརྩི་བཀུར་གྱི་སྒོ་ནས་རྒྱུན་སྐྱོང་ཐུབ་པའི་སྨོན་ལམ་ཙམ་ཞིག་འདེབས་པ་ལགས།།
ཡིན་ན་ཡང་རོགས་སྐྱོར་རམ་འཛུག་སྐྲུན་ཞེས་པ་དེ་ནི་ཕྱིའི་དངོས་པོ་བརྒྱུད་དེ་ནང་སེམས་པའི་སྟེང་དུ་ཞི་བདེ་དང་བག་ཕེབས་ཀྱི་ཚོར་བ་སྐྲུྣན་བྱེད་ཅིག་ཏུ་མ་གྱུར་ཚེ། དེས་བཞག་པའི་མཇུག་འབྲས་དེ་ནི་བསམ་ཡུལ་ལས་འདས་པའི་གདུག་རྩུབ་ཅན་ཞིག་ཏུ་འགྱུར་ངེས་ཡིན་པས། བོད་ཡུལ་ཡར་རྒྱས་འཛུག་སྐྲུན་གྱི་ལག་པ་འཇམ་པོ་དེ་ལ་མི་སེར་སྤེལ་ཡུལ་གྱི་སྡེར་མོ་སྐྱེས་ན་མི་འགྲིག་ཅིང་། སྡེར་མོ་དེས་ཞི་བདེ་བག་ཕེབས་ཀྱི་མི་རིགས་ཤིག་གི་བླ་སྲོག་ལ་འཇིགས་སྣང་བསྐུལ་ན་དེ་བས་ཀྱང་འགྲིག་ཐབས་མེད་དོ།།
ཨ་རོ་་་་་་་་ཀླུ་སྨྱོན། ངས་ཁྱོད་ལ་གསལ་བཤད་ཅིག་བྱས་ན་འདོད་རུང་ཡིག་བཏགས་ལ་བྱང་ཆ་མེད་པས་འཇོག་དགོས་བྱུང་སོང་། དྲི་བ་ཞིག་ལ། ༡༽གུང་ཇག་གིས་བོད་ཡུལ་ཡར་རྒྱས་འཛུགས་སྐྲུན་གྱི་ལག་པ་འཇམ་པོ་དེ་ལ་མི་སེར་སྤེལ་ཡུལ་གྱི་སྡེར་མོ་སྐྱེས་ཨེ་ཡོད་དམ། ༢༽གལ་ཏེ་སྡེར་མོ་དེས་ཞི་བདེ་བག་ཕེབས་ཀྱི་བོད་མི་རིགས་ཀྱི་བླ་སྲོག་ལ་འཇིགས་སྣང་བསྐུལ་བཞིན་ཡོད་ན་ང་ཚོས་ད་དུང་གུང་ཇག་ལ་བྱས་རྗེས་ཡོད་རབས་བཤད་དགོས་པ་ཨེ་རེད། མ་གཞི་ཁྱོད་འདི་ཕྱི་རྒྱ་གུང་ཁྲན་སྒང་ལ་དཀྱིལ་ཡངས་མདོག་ཁ་བོ་དང་ནང་རང་རིགས་སྒང་ལ་བློ་རྒྱ་ཤིག་གི་དོར་མ་ལྟར་དོག་མོ་ཡིན་པ་འདི་མཐོང་དུས་ང་ངུ་རྒྱུ་ཡོང་ནས་སྐེད་པ་ཆད་གྲབས་བྱེད་ཀི།
པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་གུང་ཁྲན་གྱིས་བོད་ལ་སྤྲད་པའི་དངུལ་སྒོར་དང་བོད་ལ་སྤྲད་པའི་གྱོང་གུན་གཉིས་གཤིབས་ན་གྱོང་གུན་མང་གསུངས་པ་རེད་ལ། ངས་ཀྱང་འདི་ལྟར་འདོད། བོད་ལ་རྒྱ་མིའི་འཛུག་སྐྲུན་དང་འཇིགས་སྣང་གཉིས་ཀ་རེག་ཡོད། ཡིན་ན་ཡང་འཛུག་སྐྲུན་གྱིས་ཕྱིའི་ལོངས་སྤྱོད་ལ་ཕན་ཐོགས་ཡོད་པའི་ཞོར་ལ་ནང་སེམས་པའི་སྟེང་གི་འཇིགས་སྐྲག་འདི་མ་ཞི་བར་དུ་བོད་ཀྱི་རྩ་དོན་ཟེར་བ་འདི་ཆད་ཀྱིན་མཐུད་བཞིན་ས་སྟེང་འདི་རུ་གནས་པར་འདོད་དོ།། འདི་ནི་བོད་རྒྱ་མི་རིགས་གཉིས་བར་གྱི་རྩོད་རྙོག་ཅིག་རེད་མ་གཏོགས་དྲ་སྟེང་འདི་ནས་སྣང་བ་མཐོ་དམན་རྩོད་སྤྱད་ཅིག་མ་རེད་ཡ། ཨ་ཤུ་རེ་ཁོ།
ཡར་རྒྱས་དང་འཛུགས་སྐྲུན་ཟེར་བ་འདི་དགའ་མི་འོས་པའི་དོན་དག་ཅིག་མིན་ན་ཡང་། རྒྱ་གཞུང་གི་ཁ་ནས་བརྗོད་བཞིན་པའི་ཡར་རྒྱས་དང་འཛུགས་སྐྲུན་ཟེར་བའི་མིང་རླབས་པ་ཆེ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཏོར་བྱེད་ཀྱི་འགད་རྫས་ཤིག་དང་འདྲ། དེ་བས་ཚིག་འདི་འདྲའི་རིགས་ལ་ང་ཅུང་ཟད་ཞེད་སྣང་སྐྱེ་གི་འདུག ད་རུང་གསར་གཏོད། མདུན་སྐྱོད། དུས་རབས་གསར་པ། དེང་རབས་ཅན་ཟེར་བ་འདི་ཚོ་ནི་ང་ལ་མཚོན་ན་གད་ལ་ཉེ་བའི་འགད་རྫས་ཤིག་དང་མཚུངས།
རྒྱ་གཞུང་གིས་རྒྱ་རིགས་ཆེན་པོའི་སྟོབས་ཤུགས་སྤྱད་ནས་བོད་རིགས་རྩ་མེད་བཟོ་ཐབས་བྱས་ན་དེ་ནི་བོད་མི་མང་ལའང་ལྡོག་ཕྱོགས་ནས་མི་རིགས་ཀྱི་སྟོབས་ཤུགས་ཤིག་སྤྲོད་པ་ལས་གཞན་གང་ཡང་མིན།
གོང་གསལ་གྱི་ཚིག་དེ་དག་ནི་མི་རིགས་རང་ཉིད་ཀྱིས་ངོས་ལེན་བྱེད་བཞིན་པའི་མི་རིགས་རྩ་མེད་གཏོང་བྱེད་ཀྱི་མདེའུ་རེ་རེར་འདྲ།
ཀ྄ླུ་ས྄ྨྱོན་གྱིས་ར྄ྒྱ་ནག་གིས་བོད་ནང་ཡར་ར྄ྒྱས་བཏང་ས྄ྐོར་དང༌། ས྄ྟག་ས྄ྨྱོན་གྱིས་རང་དོན་ས྄ྒྲུབ་པར་ཟམ་གདོང་གིས་བགག་ར྄ྒྱ་བཟོས་ཚུལ་གཉིས་ནི་ཅུང་ཐལ་དྲག་འདུག་ས྄ྙམ། ས྄ྟག་ས྄ྨྱོན་ཁྱོད་རང་དེང་ས྄ྐབས་ཁྱོད་རང་ས྄ྡོད་སའི་རང་དབང་ལུང་ལ་མ་སོང་ཚེ་འཆི་ལམ་ལས་མེད་ས྄ྐོར་བཤད་འདུག་ འོ་ན་ར྄ྒྱལ་བ་རིན་པོ་ཆེས་གཙོས་ར྄ྒྱ་གར་དུ་ཡོད་པའི་བོད་ས྄ྟོང་མང་པོ་ཡོད་དེ་ར྄ྣམས་ད་དུང་ཤི་མེད་པ་ཅི་རེད། ས྄ྐད་ཆ་བཤད་དུས་ཚོར་བའི་དབང་དུ་མ་སོང་ན་བཟང༌། རང་བཙན་ལག་དེབ་ཀྱི་ས྄ྒོར་མོ་དེ་ཟམ་གདོང་གིས་ཟ་དགོས་པ་མ་རེད། འཇོན་ན་མ་འཇོན་ན་ས྄ྐྱབས་བཅོལ་བོད་མིའི་དེང་གི་འཚོ་གནས་ཀྱི་ཆེད་གཏོང་གིན་ཡོད་པ་རེད། ལོ་རེའི་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་འདི་ཙམ་ཡང་ས྄ྤྲོད་འདོད་མེད་མཁན་ཞིག་གིས་བོད་དང་བོད་དོན་བྱེད་མཁན་ཞིག་ལ་ཁ་དེ་འདྲ་བཏང་ན་འོས་སམ།་ བསམ་བ྄ློ་རེ་བཏང་བཟང་ས྄ྙམ། ཀ྄ླུ་ས྄ྨྱོན་ལ་ད་དུང་གསར་ར྄ྙིང་གི་ཚོར་བ་ར྄ྣོ་བར་བསམ་ན། ཁོ་ས྄ྔོན་མ་ར྄ྒྱ་གར་དུ་ས྄ླེབས་ས྄ྐབས་མཐོང་ཆུང་གང་མང་ཞིག་མྱངས་ཡོད་པ་འདྲ། འོན་ས྄ྤྲོ་ལངས་དགོས་ས་དེ་ཁྱོད་རང་རང་ཡུལ་ནས་ས྄ྡོད་དུ་མ་བཅུག་པར་ས་མཐར་བདའ་མཁན་དང༌། ཕ་གཞིས་མི་རིགས་རིག་གནས་དང་བཅས་པ་ར྄ྩ་གཏོར་བྱས་བྱེད་བཞིན་པའི་དགྲ་ཡི་དྭངས་ར྄ྒྱ་དམར་གུང་ཁྲན་རེད་ས྄ྙམ། ར྄ྒྱ་དམར་གྱིས་བྱས་དང་བྱེད་བཞིན་དངོས་ཡོད་རས྄ྤྲོད་ཀྱི་ར྄ྩོམ་ཐུང་རེ་ཕྲིས་ཁྱོད་ལ་གུས་བཀུར་བྱ་ངེས། དེ་མིན་ཉིད་ཀྱིས་ཞེ་འཁོན་བཅངས་ས་ནོར་འདུག་ འོན་ཁྱོད་ཀྱི་བས྄ྒྱུར་ར྄ྩོམ་འགའ་བཀ྄ླགས་པས་སེམས་པ་ས྄ྤྲོ་བོ་བྱུང༌།
ང་སྔོན་མ་ཕ་ཡུལ་ན་ཡོད་དུས། ཧོར་གཙང་འཇིགས་མེད་ལགས་ཀྱི་རྩོམ་ཡིག་སྤངས་འོས་པའི་གཤིས་ཀ་ཟེར་བ་ཞིག་བཀླགས་མྱོང༌། ད་དུང་བློ་འཛིན་དང་འབྲི་བཤུས་བྱས་ཏེ་གྲོགས་ཕོ་མོ་མང་པོར་སྤྲད་མྱོང༌། སྙན་རྩོམ་དེའི་ཚིག་འགའ་ད་དུང་ཡིད་གསལ་བོར་འདུག ཚིག་གཅིག་ནི་དེ་བས་ཀྱང་ཤེས་ཡོན་པ་ཚོར་དགོས་གལ་ཆེ་སྙམ། རྩོམ་དེར། རྣོ་ངར་རལ་གྲིའི་སོ་ཁ་ཕྱི་ལ་སྐོར༎ ཟེར། འོན་ངའི་རལ་གྲི་ལ་ད་དུང་རྣོ་ངར་མེད་པས་ཕྱི་དགྲའི་ཐོག་བསྐོར་ཀྱང་དོན་མེད་རེད། དེ་བས་དྲ་གྲོགས་ཚོར་རེ་བ་ཞིག་ལ། ནང་ཁུལ་སྨྱོག་འཛིངས་མི་བྱེད་པར་སྨྱུག་ཕྱི་ལ་བསྐོར་ཏེ་རྒྱ་ནག་གུང་ཁྲན་གྱིས་བཟོས་པའི་གྲངས་མེད་པའི་བརྫུན་བཟོས་དེ་དག་དངོས་ཡོད་གྱི་ལམ་ནས་སུན་འབྱིན་དང༌། དབེན་པ་ར་སྤྲོད་ཀྱི་རྩོམ་ཡིག་བོད་རྒྱ་དབྱིན་གསུམ་ཐོག་བྲི་རྒྱུ་གལ་ཆེ་སྙམ། ང་ཚོར་བདེན་པ་ཡོད་ཀྱང་རྒྱ་ནག་གིས་བརྫུན་བཟོས་ནང་བཞིན་དངོས་ཡོད་ཕྱིར་བསྒྲགས་བྱེད་པར་འདང་གི་མེད་པས། མི་རེ་ངོ་རེ་ནས་བདེན་དོན་ཕྱི་བསྒྲགས་ཀྱི་རྩོམ་རེ་འེ་ཕྲིས་བལྟས་ན་མི་བཟང་ངམ།
ཡིག་ནོར་དག་བཅོས། ས྄ྨྱོག་འཛིངས་ ས྄ྨྱུག་འཛིངས། དབེན་པ་ བདེན་པ།ནོར་བཅོས་ཡོང་པར་ཞུ།
རྨུག་འབུ་ལགས། ཁྱོད་ཀྱིས་གུས་པར་མ་ཤེས་ལམ་སྟོན་བྱས་པར་དགའ་བསུ་ཞུ། ཡིན་ན་ཡང་ཁྱོད་ཀྱིས་གཏགས་པའི་ཡི་གེ་འདི་ཚོར་དགའ་བསུ་མི་ཞུ། མགོ་ཅན་འདོགས་ཅན་ཚང་མ་ཆུ་འབུ་གློ་ཉལ་བཞིན་དུ་གཅིག་གི་རྗེས་སུ་གཅིག་ཉལ་ནས་བསྡད་འདུག འདི་ཚོ་གཅིག་གི་སྒང་ལ་གཅིག་ཞོན་རྒྱུར་ངོ་ཚ་བ་རེད་དམ།
ལྟོས་དང༌། ཡང་ཀླུ་སྨྱོན་གྱིས་སྨད་ར་བཏང་སོང༌།
ང་གཅིག་ཐོག་གཅོག་ལ་ཞོན་རྒྱུར་བྱང་ཆ་མེད་སྟབས། བྲིས་པའི་ཡི་གེའང་འདི་འདྲ་ཐལ་སོང་བ་རེད། དགོངས་དག་ཞུ།
ཡང་ཡིག་གཅིག་ཤོར་འདུག་པས་ཀླུ་སྨྱོན་ལགས་ཀྱིས་བཀའ་མི་བཀྱོན་པར་ཞུ།
ཀླུ་སྨྱོན་འདི་ཅི་འདྲའི་ཁ་རྒོད་ཅིག རང་དབང་མེད་པར་དགོད་ཁ་ཤོར་དུ་བཅུག་སོང་། གཅིག་གི་སྒང་ལ་གཅིག་ཞོན་མི་ཤེས་གོང་ལ། མི་རྒན་པར་བསླབ་བྱ་བརྒྱག་རྒྱུ་དེ་སེམས་ལ་ཅི་ལྟར་ཤར་བ་ཡིན་ནམ། ཁ་སྔོན་ནས་བཟུང་བོད་ཀྱི་བསྟན་བཅོས་ཁག་ཏུ་ལྕགས་དང་རྡོ། ཆུ་དང་ཤིང་བཅས་ཀྱི་བསྟན་བཅོས་འཚོལ་དུ་ཕྱིན་པ་ཡིན། བསླབ་བྱ་རྐྱང་རྐྱང་མ་གཏོགས། མགར་ལས། རྡོ་ལས། ཤིང་ལས་བཅས་ཀྱི་ཁ་ཡོད་ལག་ཡོད་ཀྱི་ལག་རྩལ་ཤེས་བྱའི་སྐོར་ནས་ཐ་ན་ཁབ་ཙམ་རྡུང་སྟངས་དང་རྩམ་སྒམ་ཙམ་ལས་སྟངས་ཀྱི་ཤེས་བྱའང་ཡིག་ཐོག་ན་རྙེད་རྒྱུ་མི་འདུག ཤེས་བྱ་འདི་ཚོ་རིག་གནས་གསར་བརྗེའི་སྐབས་སུ་མེར་བསྲེགས་བཏང་བ་ནི་ཡིན་རྒྱུ་མ་རེད།
སྔར་རྒྱ་གར་དང་འབྲེལ་བ་ཆེ་བའི་ཤུགས་རྐྱེན་གྱིས་བོད་དུ་ཆོས་དཔེ་དྲངས་པ་ལྟར། ད་སྐབས་རྒྱ་ནག་སྲིད་དབང་སྒེར་གཅོད་ཀྱི་འོག་ཏུ་སྡོད་པའི་ཤུགས་རྐྱེན་གྱིས། ལྷ་ཆབ་སྦྱིན་པ་སོགས་ཀྱིས་དྲ་ཐོག་གི་ཉེན་རྟོག་པ་དགོས་པའི་འབོད་སྒྲ་སྒྲོག་བཞིན་འདུག ཞིབ་ཏུ་བསམ་ན་འདི་འདྲའི་སྤྱི་ཚོགས་ཤིག་ནས་ད་བར་དུ་བསླབ་བྱ་དང་ལེགས་བཤད་གསུང་མཁན་ཁོ་ན་མ་གཏོགས་ཐོན་རྒྱུ་མེད་པ་ནི་ངོ་མཚར་སྐྱེས་དགོས་པའི་གནས་ཤིག་མིན་པ་ངང་གིས་ཤེས་འོངས།
བཙན་བྱོལ་དུ་ཆེད་ལས་པས་ག་ལ་ཕོངས་སམ། ཀརྨ་སྨོན་ལམ་གྱིས་བོད་མི་ཚང་མ་འཛམ་གླིང་གི་ནང་ཆོས་ཀྱི་དགེ་རྒན་བྱས་རུང་ད་དུང་མི་འདང་པའི་ཚོད་ཡིན་རྒྱུ་རེད་ཅེས་དུས་བབ་ཀྱི་ཐོག་ཏུ་བཤད་མི་འདུག་གམ། བཙན་བྱོལ་དུ་ང་ཚོར་རང་ལ་བདག་པའི་ས་ཞིང་མེད། སྒོ་ཟོག་མེད། རྒྱ་མི་ནང་བཞིན་དབུགས་ཐོག་ཐམས་ཅད་བསད་དེ་གཡོ་སྐོལ་བྱེད་པའི་ཁ་ཟས་ཀྱི་ལག་ཤེས་མེད། ང་ཚོར་ཡོད་པ་ནི། ཆོས་དང་རིག་གཞུང་ཟེར་བ་དེ་གཉིས་རེད། དེའི་སྒང་ལ། ཆབ་སྲིད་ཀྱི་སྡུག་སྦྱོང་ཟེར་བ་མ་གཏོགས་སྣོན་རྒྱུ་ཞིག་རྩ་ནས་མེད་རུང་། འདས་པའི་བཙན་བྱོལ་གྱི་ལོ་ངོ་དེ་དག་གི་རིང་ལ་ང་ཚོས་སངས་རྒྱས་ཀྱི་ཆོས་འཚོང་བ་དང་ཆབ་སྲིད་ཀྱི་སྡུག་བསྔལ་བཙོང་བ་ལ་བརྟེན་ནས། ཐ་ན་དེང་སང་ཨ་རིའི་མངའ་ཁོངས་མང་པོར་བོད་སྡེ་དང་བོད་དགོན་མང་པོ་ཆགས་ཐུབ་པར་གྱུར་ཡོད་པ་འདི་ནི་ཧ་ལས་པ་མ་རེད་དམ། ཆོས་རྒྱམ་དྲུང་པས་ནུབ་ཕྱོགས་སུ་ཆོས་སྤེལ་ནས་འདས། ཟླ་བ་ནོར་བུས་ནེ་རུ་སློབ་གྲྭར་རྒྱ་གར་ཚོར་ཆབ་སྲིད་ཚན་རིག་ཁྲིད་ནས་མི་ཚེ་རྫོགས། ཚེ་རིང་ཤ་ཀྱ་ཡིས་ཁ་ན་ཌ་རུ་ཕྱི་གླིང་བ་ཚོར་(བོད་རིགས་གཉིས་ཡོད) སློབ་ཁྲིད་བྱས་ཏེ་མི་ཚེ་རྫོགས་ཀྱིན་ཡོད། བོད་དང་བོད་མི་ལ་བཀའ་དྲིན་འདི་འདྲའི་ཆེ་བའི་ཆེད་ལས་མཁས་པ་མང་པོ་བཞག་སྟེ། རྒྱལ་བ་རིན་པོ་ཆེ་ཡིས་བཙན་བྱོལ་དུ་ཆེད་ལས་པ་སྟོན་རྒྱུ་མི་འདུག་ཅེས་གསུངས་པ་དེ་ག་རེ་ཡིན་ནམ།
པད་ཚེ་ཡིས་བཤད་པ་ངོ་མ་རེད། རྒྱལ་བ་རིན་པོ་ཆེ་ནོར་བ་རེད། བཙན་བྱོལ་དུ་ཆེད་ལས་པས་ཕོངས་ཡོད་པ་མ་རེད། པད་ཚེ་ཁོ་ཡང་ Snow Lion Publishing House ལ་ལས་ཀ་བྱེད་ཀྱི་ཡོད་པ་ཞིག་གོ་སོང་། ད་དུང་། ཧར་ཝར་ཌི་ལ་འཕྲལ་སེལ་ལས་བྱེད་བློ་བཟང་སེང་གེ་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་དངུལ་ཁང་བཅས་རྒྱལ་སྤྱིའི་སྒྲིག་འཛུགས་ཆེ་ཁག་མང་པོ་ཞིག་ཏུ་བོད་མི་ཆེད་ལས་པ་ཡོད་པ་རེད། ང་ཚོར་ཚང་མ་ཡོད་པ་རེད། ང་ཚོའི་ལུང་པར་རྒྱ་མི་ག་ཚོད་དགོས་དགོས་ཡོད་རེད། ང་ཚོ་ལ་མེད་པ་ཅི་ཡང་ཡོད་མ་རེད། ཚང་མ་འགྲིག་བསྡད་ཡོད་རེད། 1995 ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྡ་རམ་ས་ལའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དཔེ་ལེགས་ཅན་གྱི་བཙན་བྱོལ་སྤྱི་ཚོགས་ཞེས་པའི་གཟེངས་རྟགས་ཀྱང་གནང་ཡོད་པ་རེད། ང་ཚོ་བོད་ལ་ལོག་མ་ཐུབ་རུང་། གནད་འགག་གང་ཡང་མེད་པ་ཆགས་ཚར་ཡོད་པ་རེད། ལྷག་པར་དུ་བོད་དུ་རྙོག་དྲ་ཡང་ཡང་བྱུང་ན། ཆབ་སྲིད་ཀྱི་སྡུག་བསྔལ་བཙོང་བའི་ཚོང་ལས་ལ་ཁེ་ཕན་ཆེན་པོ་ཡོད་པ་རེད། ངས་བལྟས་ན་གསར་འབྱོར་སྙན་ངག་ཐར་ཐོར་འབྲི་མཁན་ཚོས་གཞིས་བྱེས་གཉིས་ཀྱི་བར་ལ་དཀྲུགས་ཤིང་མ་བརྒྱབ་ན་དགའ་གི་རེད། གསར་འབྱོར་དྲིན་ཆེན་ཚོ། ཝ་ར་ཎཱ་སི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་ཨ་རིའི་སློབ་གྲྭ་ཆེན་མོ་བཅས་ནས་ཤེས་བྱའི་རྒྱ་མཚོ་ལ་ཞུགས་པའི་རིག་པའི་དེད་དཔོན་པད་ཚེ་དང་ཁོང་དང་མ་ཡུམ་སློབ་གྲྭ་གཅིག་པའི་ཀརྨ་སྨོན་ལམ་སོགས་བཙན་བྱོལ་གྱི་ཆེད་ལས་པ་ཚོར་དམའ་འབེབས་མ་གཏོང་རོགས།
ལྕགས་རྒྱས་བཤད་པ་ཧ་ཅང་བདེན། བོད་ལ་ཁ་པར་རེ་གཏོང་སྐབས་ཀྱང་གཉེན་ཉེ་གྲོགས་པོ་ཚོས་དོན་དངོས་སུ་ཕར་འདྲི་བཞིན་པ་དེ་ལ་ལན་ཁ་གསལ་ཞིག་འདེབས་མི་ཐུབ་པར་ཅིག་བྱེད་དགོས་རེད་དང་ཅིག་བྱེད་མི་རུང་ཚུལ་གྱི་བསླབ་བྱ་ལུང་པ་གང་རེ་རྒྱག་ཡོང་དུས་ཉོབ་སྣང་ཞིག་ཀྱང་སྐྱེས་ཀྱིན་འདུག
གོང་གི་ཀླུ་སྨྱོན་གྱི་དྲ་མཆན་ཚོ་རེ་རེ་བཞིན་ཀློགས་དུས་དངོས་གནས་ཐེ་ཚོམ་ཞིག་ལ། རྩོམ་པ་བོ་དང་རབ་བྱུང་བ་ཁོང་པད་མ་ཚེ་དབང་གི་སྟེང་དུ་སྙིང་ན་ན་ཞིག་རྒྱ་དམར་གུང་ཁྲན་སྟེང་ལ་མེད་པ་འདྲ། རྒྱ་དམར་གྱིས་ང་ཚོའི་རི་ལུང་གི་གཏེར་ཁ་སྔོགས། རིན་ཆེན་གྱི་གསེར་དངུལ་རྐུས། ལྷ་ཁང་དང་དགོན་སྡེ་སྣུབས། མི་རིགས་དང་རིག་གཞུང་རྩ་མེད་བཟོ་རྒྱུ་དམིགས་ལ་བཟུང་། སྤུན་ཟླ་ཚོའི་ཚེ་སྲོག་འཕྲོག ཕ་མེས་ཀྱི་མགོ་བོ་བྲེགས ཁྱིམ་གཞིས་དང་རྒྱུ་ནོར་བཅོམ། བཟའ་མི་དང་བུ་སྤུན་ཁ་ཁར་བཏང་སྟེ་ལོ་ངོ་ལྔ་བཅུ་འཁོར་བའི་དེ་རིང་ང་ཚོས་དྲན་ཐེངས་རེ་ལ་རང་གི་ལག་པས་རང་གི་བྲང་ཁར་སྤར་སྙོབས་རེ་བྱ་དགོས་པའི་སྐབས་འདིར། ཁོང་གིས་ཁོག་པ་ཡངས་མདོག་གིས་རྒྱ་མི་བཀའ་དྲིན་ཆེ་བར་བཤད་པ་འདི་དངོས་གནས་གྲོགས་པོ་ཡིན་རུང་དོགས་པ་ཟ་དགོས་པ་ཞིག་རེད།
སྤྱིར་ན་གྲོགས་པོ་ལ་ཡིད་ཆེས་མེད། དེའི་ནང་ནས་ཀྱང་ཕ་ཡུལ་གཅིག་པའི་གྲོགས་པོ་ལ་ཡིད་ཆེད་རྩ་བ་ནས་མེད། ཕ་ཡུལ་གཅིག་པའི་གྲོགས་པོ་འདི་དག་གིས་ཁ་ལ་འོ་མ་ལྡུག་བཞིན་ཁོང་གི་སྙིང་ལ་སྙོབ་ཅི་ཐུབ་བྱེད་ཀི ང་ནི་རྒྱ་ནག་གཞུང་དང་བོད་ཀྱི་གྲོགས་པོ་གཉིས་ཀ་ལ་ཡིད་ཆེས་མེད། ཡིན་ན་ཡང་ལོ་ངོ་ལྔ་བཅུའི་རིང་ལ་ཕ་ཡུལ་གྱི་ཕྱིའི་རྣམ་པ་ལ་འགྱུར་ལྡོག་དང་ཡར་རྒྱས་ཅི་ཙམ་ཞིག་བྱུང་ཡོད་པ་དང་། ལོ་ངོ་ལྔ་བཅུའི་རིང་ལ་ཕ་ཡུལ་གྱི་མི་དག་ལ་བཙན་གནོན་དང་དགག་གསོད་ཅི་ཙམ་ཞིག་བྱེད་བཞིན་པ་ངས་ཤེས་ཡོད།
ཕྱི་ཡི་ཡར་རྒྱས་ནང་གི་ཞི་བདེ་གཉིས་ཀྱིས་གཅིག་གྲོགས་གཅིག་གིས་བྱེད། །
གཅིག་དགྲ་གཅིག་གིས་བྱེད་ཀྱང་སྲིད་པས་འདི་གཉིས་རྣམ་པ་མི་འདྲ་ཞིང་། །
མཉམ་དུ་དཀྲུགས་ན་མོ་མཚན་ཅི་བཞིན་བདེ་བ་འབྱིན་ན་དཀྲུགས་དཀྲུགས་ཐོངས། །
དེ་མིན་ཁ་དང་རྐུབ་ཁུང་བཞིན་དུ་བར་ཐག་རིང་དུས་རང་སོར་ཞོག །
པད་ཚེ་ཅན་འདི་ཤི་ཚར་འདུག་པས་ངས་ཁོ་རང་གསར་འབྱོར་ལ་མཐོང་ཆུང་བཏང་བའི་སྡིག་ཉེས་ཀྱིས་དམྱལ་བར་མི་སྐྱེ་བའི་ཆེད་དུ་ཉི་མ་དགུ་ལ་སྨོན་ལམ་ཞིག་འདོན་དགོས་བྱུང་། མི་ཤི་བོའི་རྩོམ་ཡིག་ལ་མཆན་བཏབ་ན་རོ་གྲིབ་ཡོང་རྒྱུར་ཞེད་ཀི་འདུག ད་ང་ཡང་སེ་འདིར་ཡོང་གི་མིན། ད་བདེ་མོ་བྱོས། ཁྱོད་ཚོས་ཀྱང་མ་ཎི་རེ་ཐོན། ཅི་ཙམ་སྡུག་རུང་རིགས་རུས་གཅིག་པ་རེད། སྙིང་རྗེ།
ཁ་ལ་འོ་མ་ལྡུད་མ་མྱོང་ལ་ཁོག་གི་སྙིང་ལ་སྙོབས་དགོས་པའི་རྒྱུ་མཚན་ཡང་མེད། སྤྱིར་ངེད་གཉིས་ཕ་ཡུལ་གཅིག་པ་ཡིན་མིན་ཡང་མི་ཤེས། ངེད་ལ་མཚོན་ན་རྒྱ་མིའི་གཞུང་དང་བོད་ཀྱི་གྲོགས་གཉིས་རྦད་དེ་སེམས་ངོགས་ནས་ཐ་དད་ཡིན་མོད་སྐུ་ཉིད་ཀྱིས་གཅིག་ཏུ་དགོངས་པ་ཡ་མཚན་རེད། འོན་ཀྱང་ལོ་ངོ་ལྔ་བཅུའི་རིང་གི་ཕ་ཡུལ་གྱི་བཙན་གནོན་དང་དམར་གསོད་སྐུ་ཉིད་ཀྱིས་ངེས་ཟིན་ཡོད་པ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་སྐུ་ཉིད་ཀྱིས་ལོ་ངོ་ལྔ་བཅུའི་རིང་ལ་རྒྱ་དམར་གྱིས་བོད་ལ་དབང་བསྒྱུར་བྱས་མེད་པ་ཡིན་ན་ང་ཚོའི་མི་རིགས་འདིའི་ཕྱིའི་རྣམ་པ་ལ་འགྱུར་ལྡོག་དང་ཡར་རྒྱས་མེད་པར་དགོངས་པ་ལ་ངས་ཡིད་ཆེས་དང་ཁས་ལེན་མེད།
ལན་གཉིས་པ།
ཕྲག་དོག་ཅན་དང་ཞེ་སྡང་ཅན།།ཁྲོས་ནས་སྨོན་ལམ་སྐྱོར་བ་ལས།།
ཁ་ཏ་ཕོ་རོག་སྐྱ་ག་སོགས།།སྡོང་རྩེར་གྲགས་ན་ཕན་པར་ངེས།།
ཨ་ལ་ཀུ་རེ་ཡིན། ད་བདེ་མོ་བྱོས།
ངེད་ཀྱི་བསམ་ཚུལ་བྱས་ན། གཞན་གྱི་རྩོམ་ལ་མཆན་བུ་འདེབས་དུས། ཚིག་རྩུབ་མ་སྤྱད་ན་ཡག་པོ་འདུག དམའ་འབེབས་མ་བྱས་ན་ཡག་པོ་འདུག
རྩོམ་འབྲི་བས་གཞན་ལ་མཐོང་ཆུང་བཏང་ཡོད་པའི་དབང་དུ་བཏང་རུང་། མཆན་བུ་འདེབས་མཁན་ཚོས་རྩོམ་འབྲི་བའི་མི་གཞི་སོགས་ལ་་མཐོང་ཆུང་མ་བྱས་ན་ཡག་པོ་འདུག
འདི་མཆན་བུ་འདེབས་མཁན་ཚོར་དགོས་བའི་ཡོན་ཏན་རེད། ཁ་བརྡ་འདི་ྐློག་མཁན་བོད་ཕྱི་ནང་གཉིས་ན་ཡོད་གི་ དེར་བརྟེན། ཕྱི་སྡོད་བོད་རིགས་རྩོམ་འབྲི་བ་ཚོས་གཅིག་གིས་གཅིག་ལ་མཐོང་ཆུང་འདྲ་བོ་དང་འཁོན་རེས་འདྲ་བོ་བྱས་ནས་བསྡད་ན་ཡག་པོ་མི་འདུག་
བདེན་པ་རེད། སྤྱིར་རང་ངོས་ནས་མཐོང་ཆུང་དང་ཚིག་རྩུབ་འདྲ་གང་ཡང་བེད་སྤྱོད་བྱས་མེད་བསམ་ཡོད་མོད། གང་ལྟར་དྲ་བདག་དང་དྲ་མཆན་འདེབས་རོགས་ཚོར་དགོངས་དག་དང་འབྲེལ་ཕྱིས་སུ་དོ་སྣང་བྱ་ངེས་ཡིན།
གྲོས་ཚོགས་ཉིན་གཉིས་པ།
2008།3།12།
ཁ་ཉིན་གསུམ་བཅུའི་དུས་དྲན་འཁེལ་བ་ལས༎
༸གོང་ས་མཆོག་གི་གལ་ཆེན་བཀའ་སློབ་དང༌༎
བཀའ་སྤྱིའི་ཡོངས་ཁྱབ་གསུང་བཤད་སྤེལ་བའི་རྗེས༎
མང་ཚོགས་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ༎
ཁ་རྩངས་ཆོ་འཕྲུལ་སྨོན་ལན་དུས་སྟོན་ཉིན༎
གཙུག་ལག་ཁང་དུ་ཀུན་བཟང་མཆོད་སྤྲིན་བཀྲིགས༎
ཆོས་སྲིད་ཟུང་འབྲེལ་གཞུང་གི་གུང་སིང་བཏང༌༎
དེ་ཕྱིར་གྲོས་ཚོགས་གུང་སིང་གཏོང་དགོས་བྱུང༌༎
དེ་རིང་ཞོགས་པར་གྲོས་ཚོགས་ཁང་དུ་བཅར༎
གཞུང་འབྲེལ་བཅའ་ཁྲིམས་སྒྲིག་གཞི་བསྐྱར་བཅོས་ཁག།
མཛད་གཙོ་རྣམ་པའི་ཕོག་དང་ཟུར་ཕོག་དང༌༎
ཐོབ་ཐོང་གཞན་གྱི་སྒྲིག་གཞི་བསྐྱར་བཅོས་གླེང༌༎
དེ་སྔོན་སྤྱི་འཐུས་རྒྱུན་ལས་མཚན་དོད་དང༌༎
ཉིན་རེའི་ལས་དོད་གཅིག་ཏུ་སྒྲིལ་བྱས་ཏེ༎
ཕོགས་ཐོབ་གཏན་འབེབས་སྤྱི་འཐུས་གཞན་དག་གི།
མཚན་དོད་མ་བཅོས་རང་སོར་བཞག་པར་གནང༌༎
འདི་དོན་བགྲོ་གླེང་འཚུབ་མའི་རླུང་གི་གསེབ༎
ཕན་ཐོགས་མེད་པའི་བྱ་སྤུ་རླུང་ཁྱེར་དང༌༎
བརྟན་ལྷིངས་དགོངས་འཆར་རི་རྒྱལ་ལྷུན་པོ་ལྟར༎
བཏོན་པའི་བཀུར་འོས་སྤྱི་འཐུས་མང་པོ་བྱུང༌༎
བཙན་བྱོལ་གཞུང་གི་ལས་ཤག་བགྲེས་ཤག་ཟུང༌༎
བགོ་འགྲེམས་གྲོས་གཞི་བསྐྱར་བཅོས་གྲོས་འཆར་གྱི༎
ནང་གསེས་དོན་ཚན་གང་ཞིག་འཁོད་པ་རྣམས༎
དགག་བྱ་མེད་པར་སྤྱི་མོས་གཏན་འབེབས་གནང༌༎
མཛད་གཙོ་རྣམ་པའི་ཕོག་དང་ཟུར་ཕོག་དང༌༎
རྒས་ཕོགས་ཐོབ་ཐོང་སྒྲིག་གཞི་བསྐྱར་བཅོས་ཀྱི༎
གྲོས་འཆར་ཐོག་ལ་བགྲོ་གླེང་ཟབ་རྒྱས་མཐར༎
སྤྱི་མོས་ཐག་གཅོད་གནང་ ནས་ཚོགས་འདུ་གྲོལ༎
དེ་རིང་གྲོས་ལས་རིམ་དངོས་སྒྲིག་ན༎
སྔོན་རྩིས་ཚོད་དཔག་གོ་བསྡུར་གནང་དགོས་ཀྱང༌༎
དཔལ་འབྱོར་དཔལ་བློན་ལྡི་ལིར་ཕེབས་དགོས་བྱུང༌༎
དེ་ཕྱིར་ལས་རིམ་བསྒྱུར་བཅོས་གཏོང་དགོས་བྱུང༌༎
བསྐྱར་བཅོས་ཕལ་ཆེར་བགྲོ་གླེང་མི་དགོས་པར༎
སྤྱི་མོས་ཁོ་ནས་ཐག་གཅོད་བྱུང་བས་ན༎
ཉིན་གུང་ཆུ་ཚོད་གཉིས་པ་མ་ཟིན་གོང༌༎
ཉིན་འདིའི་གྲོས་ཚོགས་གྲོལ་ནས་བར་སིང་བྱས༎
ངག་རིག་གཞི་ལག་སྔར་ནས་རྫོགས་ཟིན་པས༎
ཚིགས་བཅད་རེ་གཉིས་བྲིས་པས་གྲོས་ཚོགས་ཀྱི༎
ལས་རིམ་འཐུས་ཤོར་འགྲོ་དོགས་མི་འདུག་པས༎
གྲོས་ཚོགས་ལས་རིམ་དེད་ནས་ཟིན་བྲིས་སྤེལ༎
དོན་གྱི་རྡོག་ཁའི་འགྲོ་ཕྱོགས་མི་ཤེས་ཤིང༌༎
ཚིགས་བཅད་རེ་ལ་ཉི་མ་རེ་འགོར་བའི༎
ཨུ་ཚུགས་བྱས་ནས་དྲ་ཡིག་འབྲི་མཁན་ལ༎
ཕན་པའི་རེ་བ་རྨི་ལམ་ན་ཡང་མེད༎
སྙན་པའི་ཚིག་རིས་སྡེབ་ནས་མ་སྤེལ་ཀྱང༌༎
ཉིན་རེའི་བྱུང་བ་སྡེབ་ནས་སྦྱོར་བ་འདི༎
ཉིན་ཐོའི་ཟོལ་དུ་བྲིས་ཏེ་དྲ་ཚིགས་ཐོག།
དཔྱོད་ལྡན་དྲ་གྲོགས་དགྱེས་པའི་སྐྱེས་སུ་བཏེགས༎
2008/3/12/ ཉིན་གྲོས་ཚོགས་ནང་བྲིས།
གྲོས་ཚོགས་ནང་གི་སྙན་ངག་པ་ལགས། ཚོགས་འདུ་ཚོགས་པ་མ་རེད་དམ། སེམས་པ་སྐྱོ་བ་ལ་སྤྱི་འཐུས་ཚོས་སྤྱི་འགན་ཁུར་སྟངས་འདི་འདྲ། “2008/3/12/ ཉིན་གྲོས་ཚོགས་ནང་བྲིས།” ཞེས་བཀོད་པ་ཆེད་དུ་བོད་མི་དམངས་ལ་བརྙས་བཅོས་བྱེད་འདོད་པ་ཡིན་ནམ། ཁྱེད་ལ་གྲོས་ཚོགས་སྐབས་ཅི་འདྲའི་ཆུ་ཚོད་མང་པོ་ཞིག་འཕྲོ་བརླག་ཏུ་གཏོང་རྒྱུ་འདུག་གམ། དེ་འདྲའི་རྩོམ་རིང་ཞིག་འབྲི་རྒྱུར་ཆུ་ཚོད་ག་ཚོད་དགོས་སམ། མ་ཟད་ཚོགས་འདུ་རང་གི་དུས་ཡུན་ཆུ་ཚོད་ག་ཚོད་རེད་དམ། ཨ་ཁ་ཁ། བོད་པ་ཚང་གི་མིག་ལྟ་ས་འདི་ཚོ་རེད།
ཀ་ཡེ་རྒྱུ་འབྲས་མེད་པའི་སྤྱི་འཐུས་ཚོ།།
ཁ་བ་ཅན་གྱི་སྤྱི་དོན་མི་གླེང་ཞིང་།།
ག་ལེར་ཆུ་ཚོད་བསྐྱལ་བའི་ཉེས་ཚོ།།
ང་ལ་དབང་ཞིག་ཡོད་ཚེ་གསོད་ན་འདོད།།
ཅ་ཅོའི་ཚིག་རྙོག་མང་པོ་གླེང་མཁས་པའི།།
ཆ་ཡོད་སྤྱི་འཐུས་འདི་ཚོ་སྐྱུགས་རེ་བྲོ།།
ཇ་ཆང་ཐུགས་སྤྲོ་བསམ་ནས་ཡོང་བ་ལས།།
བོད་ཀྱི་སྤྱི་དོན་བསམ་མཁན་གཅིག་ཀྱང་མེད།།
ཏྰ་ལའི་བླ་མ་ཟེར་ནས་དད་ཁུལ་བྱེད།།
ཐ་ཤལ་རྒྱ་མི་ཟེར་ནས་སྡིག་ཁུལ་བྱེད།།
ད་དུང་ཁྲེལ་མེད་སྐྱལ་བཟན་འདི་འདྲ་ཚོ།།
ན་ནིང་དོ་ཚིགས་བོད་ཀྱི་དབུ་ཁྲིད་བྱེད།།
པ་ལགས་རྒྱ་ཡིས་བསད་པའི་ད་ཕྲུག་ཚོ།།
ཕ་རོལ་དགྲ་ལ་འཐབ་བཞིན་བོད་ན་ཡོད།།
བ་གླང་ལྟ་བུའི་སྐུ་ངོ་སྐྱག་བཟན་ཚོ།།
མ་རབས་ནང་འཁྲུགས་སློང་བཞིན་རྡ་སར་བཞུགས།།
ཙ་རི་ལྷ་ས་མདོ་སྟོད་མདོ་སྨད་སོགས།།
ཚ་གྲང་ན་ཟུག་བཟོད་པའི་བོད་རིགས་ཚོ།།
ཛ་དྲག་གོ་ལག་ཐོགས་པའི་རྒྱ་དམག་གིས།།
ཝ་མོ་བཞིན་དུ་གསོད་པ་མཐོང་ན་ཡང་།།
ཞ་ར་འོན་པ་ལྟ་བུའི་ལྐུག་ངོ་ཚོས།།
ཟ་མ་ཞིམ་པོ་ཟ་བཞིན་ལྷོད་ལྷོད་ངང་།།
འ་འ་འོ་འོ་ཟེར་ནས་བགད་མོ་ཤོར།།
ཡ་མཚན་འདི་འདྲ་བོད་ལ་དངོས་སུ་བྱུང་།།
ར་རྫི་ལུག་རྫི་ལྟ་བུའི་སྤྱི་འཐུས་ཚོ།།
ལ་རྒྱ་ཅན་གྱི་བོད་མི་ཉམས་ཆུང་ཚོས།།
ཤ་ཁྲག་བཏང་ནས་བོད་དོན་རྩོད་ཐོག་འདིར།།
ཟ་མ་ཟས་ནས་འདུག་རན་མ་རེད་ད།།
ཧ་ཅང་རྒྱུ་འབྲས་མེད་པའི་སྐུ་ངོ་ཚོ།།
ཨ་མར་བཙན་གཡེམ་བྱས་ཀྱང་བགོད་བཞིན་འདུག།
སྟག་སྨྱོན་ཟེར་བ་ཞིག ཉེ་ལམ་དྲ་རྒྱ་ཐོག་མཐོང་རྒྱུ་འདུག འདི་བོད་གཞུང་དང་། ཟམ་གདོང༌། བེ་སྨྱོན། ཀླུ་སྨྱོན། བཅས་ལ་ཤིན་ཏུ་སྡང༌། ཁག མེད། ཟམ་གདོང་གི་འོག་ནས་ཁྲིམས་འགལ་བཟོ་ས་མི་རག བེ་རིའི་རྟུག་དྲིའི་རིན་ཐང་ཙམ་ཡང་མེད། ཀླུླུ་སྨྱོན་དང་བསྡུར་ཐབས་མེད། འདི་བོད་གཞུང་དང་མི་དམངས་པ་ཤ་ཞེན་ག་ཚོད་ཡོད་མེད་ཁོ་བའི་དྲ་རྒྱཚོར་གཟིགས་དང་ཤེས་འོང༌། རྒྱ་གར་ལ་གྲྭ་ཁུངས་མ་འཁྱོལ། ཨ་རི་ལ་ལས་ཁུངས་མ་འཁྱོངས། བསྟན་པ་ཆབ་སྲིད་ལ་ཕན་ཐོགས་མེད་པའི་གད་སྙིགས་འདི་ཚོ་ཅ་མ་ཟིངས། དྲ་གྲོགས་བསམ་ཡོད་ཚོ། མི་འདིའི་དར་ཡིག་ལ་དོ་སྣ་གྱིས་དང་། ཁོ་ག་འདྲ་ཞིག་ཡིན་པ་ཤེས་ཐུབ། དྲ་བདག་ཚོ། དྲ་ཚིགས་འདི་བོད་དོན་དུ་ཡིན་ན་མི་ངན་འདིའི་གྲས་ཀྱི་དྲ་རྩོམ་དེ་ཚོ་འདིེ་བཞག་ན་ཕན་ཐོགས་འདུག་གམ།
བེ་རིས།
“ངག་རིག་གཞི་ལག་སྔར་ནས་རྫོགས་ཟིན་པས༎
ཚིགས་བཅད་རེ་གཉིས་བྲིས་པས་གྲོས་ཚོགས་ཀྱི༎
ལས་རིམ་འཐུས་ཤོར་འགྲོ་དོགས་མི་འདུག་པས༎
གྲོས་ཚོགས་ལས་རིམ་དེད་ནས་ཟིན་བྲིས་སྤེལ༎
དོན་གྱི་རྡོག་ཁའི་འགྲོ་ཕྱོགས་མི་ཤེས་ཤིང༌༎
ཚིགས་བཅད་རེ་ལ་ཉི་མ་རེ་འགོར་བའི༎
ཨུ་ཚུགས་བྱས་ནས་དྲ་ཡིག་འབྲི་མཁན་ལ༎
ཕན་པའི་རེ་བ་རྨི་ལམ་ན་ཡང་མེད༎”
འདི་སྟག་སྨྱོན་གྱིས་རང་ཉིད་ལ་གོ་འདུག གོ་སྟངས་ནོར་མི་འདུག ཨ་ཁུ་བེ་རི་ཚང་དང་། ཨ་ལགས་ཀླུ་སྨྱོན་ཚང་གཉིས། ཟ་འདྲེ་ཁྱོད་ནང་བཞིན་ིགས་བཅད་རེ་ལ་ཉི་མ་རེ་འགོར་མཁན་ཞིག་མིན་པས། གྲོས་ཚོགས་ལས་རིམ་འཐུས་ཤོར་འགྲོ་དོགས་ག་ལ་དགོས། ཀླུ་སྨྱོན་འགྲན་ཟླ་མ་ཆོག བེ་རི་ཚང་ཁམས་རིགས་མཁས་པ་ཞིག་ཐོན་འོང་བ་ལ་མ་དགའ་ནས་ཅི་བྱེད་འདི་བྱེད་མེད་པས་རེད། ཁྱོད་རང་ཨ་རིེ་སླེབས་ཡག་པ་རེད་མ་གཏོགས། ཀླུ་ཚང་བློ་བཟང་ཡེ་ཤེས་ནང་བཞིན། རྡ་སའི་སྲིད་དོན་པ་ཚོས་དགོས་གལ་བྱུང་དུས་ཤོག་ལྷེ་རེ་གཉིས་རེ་འབྲི་བཅུག་ནས་སྒོར་མོ་བརྒྱ་སོ་ཁ་ཤས་རེ་སྤྲོད། དགོས་གལ་མེད་དུས་ཡ་ཁོ་རང་བྱེད་མཁན་མེད་པའི་མིའི་བེད་སྤྱོད་ཀྱི་ཅ་ལག་ཆགས་རྒྱུ་རང་རེད། ཁྱོད་ཤ་ཚ། དཀོན་མཆོག་གསུམ་ཤ་ཚ།
འཆར་སྒོ་མགྱོགས་རིས་མ།
ལྷོ་མཐའི་རྒྱ་མཚོ་བ་ཚྭའི་འདམ་གྱིས་བསྙོགས།།
བྱང་རྒྱུད་གངས་རི་ཤར་མཐའི་ཉི་མས་བཞུས།།
མེས་པོའི་རྣམ་ཤེས་མེ་མདའི་ཁ་ནས་ཡལ།།
མཛེས་མའི་ལང་ཚོ་ལོ་ཟླའི་དམག་གིས་བཀུམས།།
གྱང་རོ་འབུར་དུ་ཐོན་པའི་ཁང་ཤུལ་དང༌།།
མིང་གི་ལྷག་མར་ལུས་པ་རྒྱལ་པོའི་མཚན།།
མི་རྟག་བཙན་པོའི་དཔུང་གིས་འཇོམས་པ་ཡི།།
འདུས་བྱའི་སྒྱུ་མའི་འཇའ་རིས་ཡལ་བ་མང༌།།
སྔོན་པོའི་གནམ་མཐའ་དཀར་ནག་སྤྲིན་གྱིས་སྒྲིབ།།
མཐོན་པོའི་རི་བོ་སྨུག་པའི་གསེབ་ཏུ་འཚང༌།།
མེས་པོའི་ཕ་ས་དགྲ་བོའི་རྡོག་པས་བརྗེས།།
ཁང་བྱེའུ་ཉལ་ཚང་རི་བྱེའུ་སྐྱ་བོས་བཟུང༌།།
ཡོད་ཚད་ལས་ལ་བཅོལ་བའི་མི་རིགས་འདི།།
ཕམ་ཉེས་མགོ་ཐོག་ལྷུང་བའི་མཚན་ལྗོངས་སུ།།
རེ་བའི་རྨི་ལམ་སྒུག་ནས་གཉིད་པའི་མཐར།།
ད་ནི་མི་ལོ་ལྔ་བཅུ་ཏག་ཏག་རྫོགས།།
ལྷ་ཡི་ལུང་བསྟན་སྙན་པོའི་ཚིག་རིས་དང༌།།
གཉིད་ཀྱི་རྨི་ལམ་སྐྱིད་པའི་འཁྲུལ་སྣང་གཉིས།།
འཁྲུལ་མེད་མངོན་སུམ་ཚད་མའི་སྣང་ངོ་ལ།།
འཆར་བའི་རེ་བ་འདི་ཡིས་ད་དུང་ཕུང༌།།
སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ཤིན་ཏུ་མཐོ།།
འོག་ཕྱོགས་དམྱལ་བའི་འཇིག་རྟེན་ས་འོག་གནས།།
འཇིག་རྟེན་མི་ཡི་བདེ་སྡུག་འཚོལ་དགོས་ན།།
ས་སྟེང་འཇིག་རྟེན་འདི་ནས་འཚོལ་ན་རན།།
རྒྱ་ནག་སྐུ་ཚབ་འབྲེལ་མཐུད་ད་དུང་གནས།།
རྒྱ་གར་སྐྱོབ་གསོའི་ལྟ་རྟོག་ཤིན་ཏུ་ཟབ།།
སྦྲང་རྩིའི་སྙིང་པོ་ཕྱུངས་པའི་མངར་ཆ་འདི།།
བྱིས་པའི་ཁ་ལ་ཕྲོད་པའི་བྲོ་བ་ཞིག།
གྲོས་ཚོགས་འཐུས་མིའི་ཚོགས་ར་ཇེ་རྒྱས་རེད།།
དྲི་བ་དྲིས་ལན་དུས་ཚོད་ཇེ་ལྷུག་རེད།།
དགོངས་འཆར་གཏམ་བཤད་གནང་མཁན་ཇེ་མང་རེད།།
གཟུགས་མཐོང་གསར་འཕྲིན་ལྟད་མོ་ཇེ་ཆེ་རེད།།
གྲོས་གཞི་གྲོས་འཆར་ཇེ་མང་ཇེ་མང་རེད།།
ལག་ལེན་ལག་བསྟར་ཇེ་ཉུང་ཇེ་ཉུང་རེད།།
རྩ་དོན་གསུང་མཁན་དེ་བས་ཇེ་ཉུང་རེད།།
འདི་དོན་རྨི་ལམ་ཡིན་ན་དགའ་བ་ལ།།
ལྟོས་དང་རྡ་སའི་ནགས་ཀླུང་སྟུག་སོའི་ནང༌།།
སྤྲ་དང་སྤྲེའུ་རྒྱུ་བའི་འཚང་ཀ་ལ།།
ཁང་ཁྱིམ་སྡོད་གནས་མེད་པའི་སྐྱབས་བཅོལ་ཚོར།།
དྲན་པའི་སྐུལ་འདོད་གཏོང་བའི་བརྙན་རིས་ཤིག།
ལྷོ་མཐའི་ཚ་བས་ཕ་ས་དྲན་གསོ་གཏོང༌།།
བསིལ་རླུང་དལ་བུས་སེམས་ཀྱི་ངལ་གསོ་སྟེར།།
དགའ་སྐྱོ་བསྣོལ་མ་འཐབ་པའི་ཚོར་སྣང་གིས།།
གདོས་བཅས་ལུས་འདི་ཤིང་བལ་བཞིན་དུ་གཡོ།།
མིག་དང་རྣ་བ་བཀབ་པར་མ་ནུས་པས།།
ཚོར་སྣང་སྐྱུར་མོས་སེམས་ཁམས་བཟི་དྲགས་ནས།།
ཟར་ཟིར་འུར་ཟིངས་འཁྲུག་པའི་མི་ཚོགས་ཁྲོད།།
འཚང་ཁ་བརྒྱབ་ནས་བོད་ཀྱི་ཟ་ཁང་འགྲིམས།།
ཁ་ལ་སྦྲང་རྩིའི་གསོལ་ཇ་འཐུང་ན་ཡང༌།།
ལྕེ་ཐོག་མངར་མོའི་བྲོ་བ་མ་སླེབས་གོང༌།།
ཚོར་སྣང་སྐྱུར་མོ་བཀག་ཀྱང་མ་ཁོག་པར།།
སྨྱུ་གུའི་ལམ་ནས་ཤོག་གུའི་སྒང་ལ་སྐྱུགས།།
ད་ནི་དགུང་མོ་ཆུ་ཚོད་བཅུ་པ་རེད།།
ཁོར་ཡུག་འདི་ནས་དག་ཞིང་མི་སླེབས་པས།།
ཉལ་ནས་གཉིད་ཀྱི་འཁྲུལ་སྣང་རྨི་ལམ་དུ།།
དག་པའི་ཞི་ཁམས་འགྲིམས་པའི་རེ་བ་འཆང༌།།
2009/3/13/མཚན་མོར་(Hotell Tibet)ནང་དུ་བྲིས།
བེ་རི་འཇིགས་མེད་ལགས། བཀྲ་ཤིས་བདེ་ལེགས། ཟམ་གདོང་བླ་མས་ཁྱོད་ལ་མཁས་དབང་གི་མིང་གནང་བ་དོན་དང་མཐུན་འདུག ཁྱོད་ཀྱིས་མཛད་པའི་༸གོང་ས་མཆོག་གི་དགེ་སློང་སྡོམ་རྒྱུན་དེ་ཕྲན་གྱིས་གཅིག་རག་སོང༌། དེ་དུས་མ་གཏོགས་སྐུ་ཉིད་སྙན་ངག་རྩོམ་པ་པོ་འདྲ་ཞིག་མ་གཏོགས་ཚོར་གི་མེད། ད་དུང་དེབ་འདྲ་མིན་ཉི་ཤུ་ལྷག་ཡོད་པ་རེད་ཟེར། རྒྱལ་ཁབ་ཕྱི་ནང་གི་མཐོ་སློབ་མང་པོར་སློབ་ཚན་ཁྲིད་སྟངས་སྐད་གྲགས་ཡོད་པ་རེད་ཟེར། ང་ནི་ཁྲིད་མྱོང་མེད། ཁྱོད་ཀྱི་དགེ་ཕྲུག་ཡིན་ཟེར་མཁན་མང་པོས་བརྩམས་པའི་དེབ་མཐོང་བྱུང༌། དྲ་ཚིགས་འདིའི་ནང་རྩ་མ་ཚང་བའི་ཁམས་པ་ཁ་ཤས་དང༌། ཕྱོགས་རིས་ཆེ་བའི་ཨ་མདོ་བ་རེ་གཉིས་ཀྱིས་ཁྱོད་ལ་སྡང་ཟུག་བྱེད་པ་ལ་ཐུགས་ཁག་མི་འདུག དེང་སང་ཁྱོད་དང་། ཧོར་གཙང༌། ཀླུ་སྨྱོན་གསུམ་ནང་བཞིན་རྩོམ་པ་པོ་ཁག་པོ་རེད། ངས་སྙན་ངག་འབྲི་མི་ཤེས། ཡིན་ནའང་ཀློ་རྒྱུར་དགའ་བོ་ཡོད། ཁྱོད་གསུམ་གྱི་སྙན་ངག་ནང་བཞིན་ཀློག་རྒྱུ་རག་གི་མི་འདུག དྲ་རྒྱ་འདི་ནང་ཡང་ཡང་འཛུལ་གི་ཡོད། དྲང་པོ་བཤད་ན་དེང་སང་རྒྱ་ཡིག་ཆོ་མེད་དེ་ཚོར་ལྟ་སྙིང་དྲོ་གི་མི་འདུག ཁྱོད་ཀྱི་དྲ་རྩོམ་ཁོ་ནའི་ཆེད་དུ་དྲ་རྒྱ་ནང་འཛུལ་གི་ཡོད། ཁྱོད་དངོས་གནས་ཁོག་པ་ཆེན་པོ་ཡོད་པ་ཟེར། མི་ཉག་དང་ལྡན་གྱི་གྲྭ་པ་ངོ་ཤེས་པ་ཚོའི་ཁ་ན་ས་ཡང་ཡང་གོ་མྱོང་། དེ་དངོས་གནས་རེད་འདུག མི་ཁྱི་འདྲ་བ་དེ་ཚོས་ཁྱོད་ལ་ག་ཚོད་ཟུག་ན་ཡང་། ལན་གང་ཡང་གནང་མི་འདུག མཁས་པ་མ་ཟད་མི་ཕོ་རབ་ཅིག་ཀྱང་རེད། ཁྱོད་ཀྱིས་དྲ་ཚིགས་འདིའི་ནང་གློག་འཕྲིན་ཁ་བྱང་ཞིག་གནང་རོགས། ཐུགས་རྗེ་ཆེ།
ཚིག་གི་སྙན་ཆ་གཞན་ལས་ཆེ༎
དོན་གྱི་གོ་བ་ཧ་ཅང་ཟབ༎
དུས་ཐོག་ཆར་པ་འབབ་པ་བཞིན༎
སྙན་ངག་འབྲི་ན་འདི་འདྲ་དགོས༎
ཁྱོད་ཀྱི་ཁ་གོག་ཆགས་རབས་དང༌༎
ང་ཡི་སྣ་ཁུག་རལ་རབས་སོགས༎
གང་བྱུང་མང་བྱུང་འབྲི་མཁན་ཚོ༎
དྲ་རྒྱ་ནང་གི་གད་སྙིགས་ཡིན༎
བེ་རིའི་སྣན་ངག་ཚིག་རེ་ལ༎
གསེར་སྲང་སྟོང་རེ་རིན་ཟེར་ཆོག།
ཁོ་ལ་ཚིག་ངན་གཤོ་མཁན་ཚོ༎
ཁྱི་རྒན་སྐར་མ་ལ་ཟུག་པ་འདྲ༎
ཟླ་བ་ཟེར་བའི་བུ་ཆུང་གུ་དོག་ཅིག།
རྒྱ་སྟག་ཕྲ་མོའི་བུ་ལ་ཕྲག་དོག་བྱེད།།
ཉི་མ་དོན་གྲུབ་ཟེར་བའི་གླེན་རྒན་ཞིག།
ཟམ་གདོང་རྒྱགས་པ་ཁ་ཡི་རྒྱབ་རྩར་ལངས།།
གླེན་པ་འབུམ་ཕྲག་དགོས་ཀྱང་བོད་ལ་ཡོད།།
གཏུམ་པོ་སྟོང་ཕྲག་བཙལ་ཀྱང་རྙེད་པ་སླ།།
སྙན་ངག་ཐར་ཐོར་འབྲི་མཁན་མི་དཀོན་པ།།
འདི་དག་རྗེས་ལུས་བོད་ཀྱི་རྒྱུད་འཛིན་ཡིན།།
ཟམ་གདོང་བླ་མས་རྟག་ཏུ་ཚིག་རྩུབ་སྨྲ།།
སྤྱི་འཐུས་བེ་རིས་ཚོགས་ཐོག་སྙག་ངག་འབྲི།།
དེ་འདྲ་དེ་ལ་དགེ་ཕན་མ་མཐོང་བས།།
དགག་ལན་དམར་པོར་སྡང་ཡང་སྡུག་གྱོང་རེད།།
བཙན་གྱིས་དད་དགོས་ཟེར་བ་རྒྱ་ཡི་ལུགས།།
ཁ་ནས་ཅི་བཤད་མེད་བོད་ཀྱི་ལུགས།།
རང་དབང་སྨྲ་སྒོ་ཡངས་པའི་སྟག་སྨྱོན་ང་།།
འདི་འདྲ་འདི་ལ་ནམ་ཡང་ཞེད་སྣང་མེད།།
རྣོ་བོའི་རལ་གྲི་ཁྱེར་ནས་རྒྱུགས་ཀྱང་ཆོག།
དུག་གི་རྐྱལ་བ་བཟུང་ནས་འོང་ཡང་འགྲིག།
དུག་དང་རལ་གྲི་རྣོ་བོའི་སོ་ཁ་ནས།།
བོད་ཀྱི་སྐྱེས་བུ་དམ་པ་ཕལ་ཆེར་འཆི།།
སྡེ་སྲིད་སངས་རྒྱས་དར་རྫོངས་བརྒྱབ་ནས་བསད།།
རྒྱལ་བ་སྐུ་ཕྲེང་རིམ་བྱོན་དུག་གིས་བསད།།
དགེ་ཆོས་དམ་པ་བཙོན་དུ་མནར་གཅོད་བཏང་།།
མུ་ནག་ཀླ་ཀློའི་ལུགས་འདི་ད་དུང་འདུག།
བཙན་གྱིས་དད་དགོས་ཟེར་བ་རྒྱ་ཡི་ལུགས།།
ཁ་ནས་ཅི་བཤད་མེད་པ་བོད་ཀྱི་ལུགས།།
རང་དབང་སྨྲ་སྒོ་ཡངས་པའི་སྟག་སྨྱོན་ང་།།
འདི་འདྲ་འདི་ལ་ནམ་ཡང་ཞེད་སྣང་མེད།།
རྣོ་བོའི་རལ་གྲི་ཁྱེར་ནས་རྒྱུགས་ཀྱང་ཆོག།
དུག་གི་རྐྱལ་བ་བཟུང་ནས་འོང་ཡང་འགྲིག།
དུག་དང་རལ་གྲི་རྣོ་བོའི་སོ་ཁ་ནས།།
བོད་ཀྱི་སྐྱེས་བུ་དམ་པ་ཕལ་ཆེར་འཆི།།
སོ་སོའི་འདོད་པ་ཉིད་ལས་སྨྲ་དབང་མེད།།
རང་ཉིད་དད་སར་ཀུན་ཀྱང་དད་དགོས་ཟེར།།
བཙན་པོ་དམར་ནག་བྱེད་པའི་དམངས་གཙོ་ཞིག།
བཙན་བྱོལ་བོད་མིའི་ཁྲོད་དུ་ལྷུན་གྱིས་གྲུབ།།
རྒྱ་ཡི་མེ་མདའི་ཁ་ནས་ཐར་བའི་སྲོག།
སླར་ཡང་བོད་མིའི་རལ་གྲིས་འཇིགས་པ་བསྟན།།
ལྕགས་ཀྱི་མགོ་བོ་ལྡན་པའི་བཀའ་ཁྲི་ལ།།
བཙིར་གྱང་དད་པ་གཏིང་ནས་མི་སྐྱེས་སོ།།
མ་ཡིན་ཡིན་དགོས་ཟེར་བ་རྒྱ་ཡི་ཁྲིམས།།
མི་དད་དད་དགོས་ཟེར་བ་བོད་ཀྱི་ཁྲིམས།།
བཙན་པོའི་དབང་གིས་བཀལ་བའི་ཁྲིམས་ལུགས་འདི།།
དམར་ཆུང་སྲོག་ལ་བབ་ཀྱང་ངོས་ལེན་མེད།།
ཟླ་བ་ཟེར་བའི་བུ་ཆུང་གུ་དོག་ཅིག།
རྒྱ་སྟག་ཕྲ་མོའི་བུ་ལ་ཕྲག་དོག་བྱེད།།
ཉི་མ་དོན་གྲུབ་ཟེར་བའི་གླེན་རྒན་ཞིག།
ཟམ་གདོང་རྒྱགས་པ་ཁ་ཡི་རྒྱབ་རྩར་ལངས།།
གླེན་པ་འབུམ་ཕྲག་དགོས་ཀྱང་བོད་ལ་ཡོད།།
གཏུམ་པོ་སྟོང་ཕྲག་བཙལ་ཀྱང་རྙེད་པ་སླ།།
སྙན་ངག་ཐར་ཐོར་འབྲི་མཁན་མི་དཀོན་པ།།
འདི་དག་རྗེས་ལུས་བོད་ཀྱི་རྒྱུད་འཛིན་ཡིན།།
ཟམ་གདོང་བླ་མས་རྟག་ཏུ་ཚིག་རྩུབ་སྨྲ།།
སྤྱི་འཐུས་བེ་རིས་ཚོགས་ཐོག་སྙག་ངག་འབྲི།།
དེ་འདྲ་དེ་ལ་དགེ་ཕན་མ་མཐོང་བས།།
དགག་ལན་དམར་པོར་སྡང་ཡང་སྡུག་གྱོང་རེད།།
བཙན་གྱིས་དད་དགོས་ཟེར་བ་རྒྱ་ཡི་ལུགས།།
ཁ་ནས་ཅི་བཤད་མེད་པ་བོད་ཀྱི་ལུགས།།
རང་དབང་སྨྲ་སྒོ་ཡངས་པའི་སྟག་སྨྱོན་ང་།།
འདི་འདྲ་འདི་ལ་ནམ་ཡང་ཞེད་སྣང་མེད།།
རྣོ་ངར་རལ་གྲི་ཁྱེར་ནས་རྒྱུགས་ཀྱང་ཆོག།
དུག་གི་རྐྱལ་བ་བཟུང་ནས་འོང་ཡང་འགྲིག།
དུག་དང་རལ་གྲི་རྣོ་བོའི་སོ་ཁ་ནས།།
བོད་ཀྱི་སྐྱེས་བུ་དམ་པ་ཕལ་ཆེར་འཆི།།
སྡེ་སྲིད་སངས་རྒྱས་དར་རྫོངས་བརྒྱབ་ནས་བསད།།
རྒྱལ་བ་སྐུ་ཕྲེང་རིམ་བྱོན་དུག་གིས་གྲོངས།།
དགེ་ཆོས་དམ་པ་བཙོན་དུ་མནར་གཅོད་བཏང་།།
མུ་ནག་ཀླ་ཀློའི་ལུགས་འདི་ད་དུང་འདུག།
སོ་སོའི་འདོད་པ་ཉིད་ལས་སྨྲ་དབང་མེད།།
རང་ཉིད་དད་སར་ཀུན་ཀྱང་དད་དགོས་ཟེར།།
བཙན་པོ་དམར་ནག་བྱེད་པའི་དམངས་གཙོ་ཞིག།
བཙན་བྱོལ་བོད་མིའི་ཁྲོད་དུ་ལྷུན་གྱིས་གྲུབ།།
རྒྱ་ཡི་མེ་མདའི་ཁ་ནས་ཐར་བའི་སྲོག།
སླར་ཡང་བོད་མིའི་རལ་གྲིས་འཇིགས་པ་བསྟན།།
ལྕགས་ཀྱི་མགོ་བོ་ལྡན་པའི་བཀའ་ཁྲི་ལ།།
ནན་གྱིས་བཙིར་ཡང་དད་པ་མི་སྐྱེས་སོ།།
མ་ཡིན་ཡིན་དགོས་ཟེར་བ་རྒྱ་ཡི་ཁྲིམས།།
མི་དད་དད་དགོས་ཟེར་བ་བོད་ཀྱི་ཆོས།།
བཙན་པོའི་དབང་གིས་བཀལ་བའི་ཁྲིམས་ལུགས་འདི།།
དམར་ཆུང་སྲོག་ལ་བབ་ཀྱང་ངོས་ལེན་མེད།།
སུ་ཞིག་གིས་གུས་པའི་མཆན་བུ་འོག་ཤོས་འདི་དུས་བབ་ནང་ཡོད་པའི་གུས་པའི་ཟིན་བྲིས་ཀྱི་མཆན་བུའི་ནང་བཤུ་འགོད་བྱེད་རོགས། ཕྲན་ད་ནས་ཕོ་རོག་དཀར་པོའི་གཏམ་རྒྱུད་ཀྱི་ནང་དུ་འཛུལ་ཐབས་མེད་པས་སུ་ཞིག་འདི་དེའི་མཆན་ནང་འགོད་རོགས། མ་ཟད་དེ་རིང་ཟམ་གདོང་ལ་ད་བར་དུ་སྐྱོན་བརྗོད་བྱེད་དགོས་པའི་རྒྱུ་མཚན་རེ་གཉིས་འགོད་རྒྱུ་ཡིན། ཆ་ཚང་བ་ནི་བཀའ་ཤག་གི་ལས་ཡུན་ལོ་བརྒྱད་ཙམ་གྱི་ལོ་རྒྱུས་རེ་རེ་བཞིན་འབྲི་དགོས་པས་ཡོང་ཐབས་མེད། ཚང་མས་ཟམ་གདོང་མཁས་པ་ཆེན་པོ་རེད་ཟེར་བ་བདེན་པ་རེད། ངས་ཀྱང་དེ་ལ་དགའ་བསུ་ཡོད། འོན་ཀྱང་ཁོང་གི་སྐུ་ཡོན་དེ་ཁྲིམས་དང་ཆབ་སྲིད། ཆོས་ལུགས་སོགས་སྣ་འཛོམས་ཤིག་རེད། དེ་ཚོ་ཚང་མའི་ཐོག་ལ་མཁྱེན་རྒྱ་ཆེན་པོ་ཡིན་ཚོད་འདུག འོན་ཀྱང་ཁོང་ཉམས་ལེན་དེ་ཆོས་གཙོ་བོ་རེད། དེའི་དབང་གིས་སྤྱི་ཚོགས་བཀག་རྒྱ་ཆེན་པོ་བཟོ་གི་ཡོད་པ་རེད།
ཁོང་གི་ལྟ་གྲུབ་ཀྱི་གཞི་བཅོལ་ས་གཙོ་བོ་རྣམས་ཚིག་བཅད་སྟབས་བདེ་ཞིག་བྲིས་ན་འདི་འདྲ་རེད།
ཁེ་ཕན་མི་གཙོ་དྲང་བདེན་གཙོ།།
དེང་རབས་མི་གཙོ་གནའ་རབས་གཙོ།།
བདེ་སྡུག་མི་གཙོ་ཁྲིམས་ལུགས་གཙོ།།
ད་ལྟ་མི་གཙོ་འབྱུང་འགྱུར་གཙོ།།
མི་དམངས་མི་གཙོ་བཀའ་ཤག་གཙོ།།
མི་ཆོས་མི་གཙོ་ལྷ་ཆོས་གཙོ།།
འབྱོར་བ་མི་གཙོ་མཆོག་ཤེས་གཙོ།།
ལག་ལེན་མི་གཙོ་གཏམ་བཤད་གཙོ།།
གུས་ཞབས་མི་གཙོ་དབང་ཤེད་གཙོ།།
བོད་མི་མི་གཙོ་ལྟ་གྲུབ་གཙོ།།
བོད་མི་མི་གཙོ་ཕྱི་མི་གཙོ།།
འབངས་མི་གཙོ་མཁས་པ་གཙོ།།
གྲུབ་འབྲས་མི་གཙོ་མིང་གྲགས་གཙོ།།
འཚོ་རྟེན་མི་གཙོ་གཞི་ཆགས་གཙོ།།
བོད་ཕྲུག་མི་གཙོ་བོད་ཡིག་གཙོ།།
མདུན་ལམ་མི་གཙོ་བོད་ཡིག་གཙོ།།
༡ དཔེར་ན་གཞི་ཆགས་ཀྱི་འཚོ་རྟེན་ཆེད་མོ་ཏྲའི་བཟོ་གྲྭ་ཞིག་འཛུགས་དགོས་ཟེར་བ་ཡིན་ན། ཟམ་གདོང་རིན་པོ་ཆེས་གོང་གི་ལྟ་གྲུབ་དེ་དག་གཞིར་བཞག་གིས། མོ་ཏྲ་བཟོ་གྲྭ་བཙུགས་ན་འཁོར་ཡུག་དང་ཁ་རླུང་གཙོག་པ་བཟོ་གི་རེད། ལམ་བཟོས་ནས་ཐང་འཕྲོ་བརླག་ཏུ་འགྲོ་གི་རེད། ད་དུང་མོ་ཏྲའི་ཆེད་སྣུམ་བཏོན་ན་འཁོར་ཡུག་ཉམས་ཆགས་འགྲོ་གི་རེད། དེ་ལས་རྟ་དང་གཡག་ཞོན་ནས་སོང་ན་ལམ་བརྐོ་མི་དགོས་པ་དང་སྣུམ་གི་འགྲོ་སོང་མེད་པ། འཁོར་ཡུག་ལ་མི་གནོད་པ་དང་གདོང་ཐུག་བརྒྱག་རྒྱུ་མེད་པ་སོགས་རྒྱུ་མཚན་འགྲེལ་བཤད་ལུང་བ་གང་བརྒྱབ་ནས་མོ་ཏྲ་ལ་དགག་པ་བརྒྱག་གི་རེད། འོན་ཀྱང་ཁོང་གི་སྐད་ཆ་དེ་ཚོར་རྒྱུ་མཚན་ཡོད་པ་ཙམ་གྱིས་མི་འགྲིག་པར་མི་རིགས་འདི་དེང་རབས་ཀྱི་རྗེས་སུ་མ་ལུས་པ་བྱེད་དགོས་པ་མ་རེད་དམ། ༢ ད་དུང་ཁོང་གི་ཁྲིམས་ཟེར་དུས་དམ་དྲགས་ཁོ་ན་བྱེད་དགོས་པ་ཞིག་ལ་གོ་བ་ལེན་གྱི་ཡོད་པ་འདྲ། ཁོང་གིས་བཀག་པ་དང་སྒོ་བརྒྱབ་དང་མེད་པ་བཟོས་པ་ཁོ་ན་ལས་གོ་རྒྱུ་མེད། སྤྱི་ཚོགས་ལ་གོ་སྐབས་སྤྲད་པ་དང་གློད་པ། གུ་ཡངས་བཏང་བ་སོགས་ཀྱིང་ཁྲིམས་སྣ་གཅིག་ཀྱང་བཟོ་མ་མྱོང་། ཁྲིམས་ལ་བསྡམ་དགོས་ས་ལྷོད་དགོས་ས་གཉིས་ཀ་ཡོད་པ་རེད། ཁོང་གིས་ཁྲིམས་ལྷོད་རྒྱུ་ཡོད་པ་ཞིག་གོ་མྱོང་མེད་པ་འདྲ། ཁྲིམས་ཟེར་དུས་ངེས་དུ་དམ་དྲགས་དང་བཀག་བསྡོམ་ཁོ་ན་བྱེད་དགོས་པར་གོ་ལེན་གྱི་ཡོད་པ་འདྲ། གཙོ་བོ་མི་དམངས་དང་སྤྱི་ཚོགས་ཀྱི་ཁེ་ཕན་གཙོ་བོ་བྱས་པའི་ཐོག་ནས་ཁྲིམས་ལྷོད་དགོས་སར་ལྷོད། གུ་ཡངས་སྤྲོད་དགོས་སར་གུ་ཡངས་སྤྲད། དེ་མིན་སྤྱི་ཚོགས་ཀྱི་བདེ་འཇགས་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་རིགས་ལ་ཁྲིམས་བསྡོམ་དགོས་སར་བསྡམ། དམ་དྲགས་བྱེད་དགོས་སར་དམ་དྲགས་བྱེད་འོས་པ་ལས། ཟམ་གདོང་ནང་བཞིན་ཁྲིམས་ཟེར་དུས་དམ་དྲགས་ཁོ་ན་བྱེད་རྒྱུ་ཞིག་ལ་གོ་བ་ཡིན་ན་ཉེན་ཁ་རེད།
དཔེར་ན་སློབ་གྲྭ་ཁག་ལ་དབྱིན་ཡིག་མེད་པ་བཟོས། དཔལ་འབྱོར་ལས་ཁུངས་སྒོ་བརྒྱབ ནུབ་ཕྱོགས་ཁག་ཏུ་སོང་བའི་བོད་མི་སྐྱབས་བཅོལ་ཚོར་དངོས་ཤུགས་བརྒྱུད་ནས་དཀའ་ངལ་དང་དམ་དྲགས་ཚད་མེད་བཟོས། བཀའ་བློན་བདུན་གྱི་ས་མིག་ཉུང་དུ་བཏང་ནས་བཞི་བཟོས། རྒྱལ་སྤྱིར་ཐོག་བོད་རང་བཙན་གྱི་སྐད་འབོད་བརྒྱག་མི་ཆོག་པ་བཟོས། པན་ཆེན་རྫུན་མར་པན་ཆེན་རྫུན་མ་ཟེར་མ་ཆོག་པ་སོགས། མདོར་ནས་མི་ཆོག་པ་དང་མི་འགྲིག་པ་རྐྱང་ལས། ཆོག་པ་དང་འགྲིག་པ་སོགས་གུ་ཡངས་ཀྱི་ཁྲིམས་སྣ་གཅིག་བཟོས་མ་སོང་དྲན་གྱི་འདུག གང་ལྟར་ཁོང་བཀའ་ཁྲིར་སླེབས་པ་ནས་ད་བར་མ་མི་མིན་མེད་དགག་སྒྲ་རྐྱང་ལག་ལེན་བསྟར་བ་རེད། འདི་ནི་ཁོང་གི་མི་གཤིས་དང་ཆོས་ལུགས་ཀྱི་ངན་ཤུགས་ཆེན་པོ་ཡོད་པ་ལས་བྱུང་བ་རེད། དུས་ཚོད་ཀྱི་དབང་གིས་གོ་རིམ་ཡོད་པ་དང་ཆ་ཚང་བ་ཞིག་འབྲི་ལོང་མ་བྱུང་། ཕྱོགས་ཙམ་བསྟན་པ་ཡིན།
སྟག་སྨྱོན་པའི་དྲ་ཡིག་ནང༌། “སྡེ་སྲིད་སངས་རྒྱས་དར་རྫོངས་བརྒྱབ་ནས་བསད།།
རྒྱལ་བ་སྐུ་ཕྲེང་རིམ་བྱོན་དུག་གིས་བསད།།”ཅེས་འདུག མི་འདི་ཤ་ཚ། ཟམ་གདོང་དང་བེ་རི་ཚང་ལ་ཅི་ཞིག་བཤད་ཁག་བྱེད་འདུག འདི་དྲས་དེ་དངོས་གནས་སྨྱོན་པ་ཡིན་རྒྱུ་རེད་ཡ།
རྒྱལ་བ་སྐུ་ཕྲེང་ལྔ་བའི་རྗེས་ནས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕལ་ཆེ་བ་དགོངས་ལོ་མང་པོ་བཞུགས་མ་ཐུབ་པར་གཞོན་གཞོན་གྱི་སྐབས་ནས་གྲོངས་ཡོད་པ་ལོ་རྒྱུས་ན་གསལ་བས་སུས་ཀྱང་རྩོད་པ་བྱེད་མི་སྲིད། འོ་ན་དེ་ལྟར་སྐུ་ཕྲེང་རེ་རེ་བཞིན་དགོངས་ལོ་ཆུང་ཆུང་ནས་གྲོངས་པ་དུག་ཕུལ་མེད་ན་ག་རེ་ན་ནས་གྲོངས་པ་རེད་དམ། འཕྲོད་བསྟེན་གང་ཡང་མེད་པའི་འབྲོག་པའི་སྦྲ་ཁྱིམ་ཞིག་ལ་དཔེ་བཞག་ན་ཕྲུ་གུ་སྐྱེས་ཚད་ཚང་མ་རེ་རེ་བཞིན་གྲོངས་སོང་བའི་ལོ་རྒྱུས་གོ་མ་མྱོང་། དེས་ན་ཅི་ཕྱིར་ཕོ་བྲང་པོ་ཏ་ལའི་ནང་གི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྐུ་ཕྲེང་རེ་རེ་བཞིན་ཆུང་ཆུང་ནས་གྲོངས་སོང་བ་རེད་དམ། ཐ་ན་སྐུ་ཕྲེང་བཅུ་བཞིའི་ཡབ་ཀྱང་ག་རེ་ན་ནས་གྲོངས་མིན་ལ་འགྲེལ་བཤད་བརྒྱག་རྒྱུ་མེད་དོན་གང་ཡིན་ནམ། དེ་ཚོ་བཤད་ནས་ཅི་ཕན། དེ་འདྲ་གནམ་སའི་འོག་ལ་ཤོངས་དཀའ་བའི་ལས་ཀ་ནག་པོ་མང་པོ་བྱས་ཉེས་ལས་བོད་འདི་ལྟར་ཕོངས་པ་མ་རེད་དམ།
ཁྱི་དང་སྨྱོན་པ་ཙམ་ལས་ལན་མེད་ན་ང་ཚོའི་རྩོད་པ་རྫོགས་ཚར་བ་རེད། མི་ལ་གང་དྲན་གྱི་མཚང་འབྲུ་བ་ནི་བཤད་འདོད་ཀྱང་བཤད་རྒྱུ་མ་རྙེད་པའི་འུ་ཐུག་རྟགས་རེད། ཚིག་དེ་ཙམ་གྱིས་མི་ཞིག་ལ་གནོད་གང་ཡང་ཐུབ་ཀི་མ་རེད། ཡ་ཁོག་ན་གྲི་དང་མདུང་སྐོར་སའང་ཡོད་པས་ཁྱོད་ཁྱི་དང་སྨྱོན་པ་རེད་ཟེར་བ་འདྲ་བོ་བྱིས་པ་སྤྱོད་ངན་ཚོའི་ལས་སྟངས་དེ་ལ་དགོད་མོ་ཤོར་ཡོང་གི་འདུག ཁྱི་དང་སྨྱོན་པ་དང་ཕྱི་རྒྱལ་གྱི་གསང་སྤྱོད་བཀྲུ་མཁན་སོགས་གང་དྲན་ཤོད་དང་། སྐད་ཆ་དེ་དག་ལ་རྒྱལ་ཁ་ཞིག་ཡོད་ན་ཁྱོད་ཚོ་ལ་ཕུལ་བ་ཡིན། ད་དུང་ཕག་པ་དང་ཞི་མི། སྦལ་བ་དང་སྦྲུལ་ཡོད་པ་རེད་དོ། ད་དུང་ཨ་ཧེ་རི་ཀ་དེ་ལས་ཀྱང་མང་བའི་སེམས་ཅན་དུད་འགྲོ་མང་བས་རྩད་ཆོད་དང་ཁྱེད་ཚོར་གཤེ་སྤྱད་ལ་ཕན་དུད་འགྲོ་དེ་འདྲའི་མིང་ཤེས་སྲིད།
རང་ཚུགས་མེད་པའི་གྱང་ཁའི་རྩྭ་འདྲ་བ་ཚོས་ཁ་ཡག་ངོ་བསྟོད་ཀྱི་ཕྱེ་གཏོར་ལ་ཉན་འདོད་མེད་པ་དེ་བཞིན་དུ་དགའ་མ་དགའི་རིས་སུ་ཆད་པའི་སྐྱོན་བརྗོད་ལ་ཡང་ཉན་མི་སྤྲོ། འོན་ཏེ། ཕྱོགས་སུ་མ་ལྷུང་བའི་རྣག་ཐོག་གཙགས་འཁེལ་ལ་ཤིན་ཏུ་ནས་ཀྱང་ཉན་པར་སྤྲོ།
གྲོས་ཚོགས་ཕྱི་ནང་དུ་སྤྱི་འཐུས་ཁ་ཤས་ཀྱིས་སྙན་ངག་འབྲི་བཞིན་སོས་དལ་ནས་འདུག་པ་མཐོང་ཐོས་བྱུང་བས་བློ་ཕམ་བྱུང་བ་མ་ཟད། མཆན་འབྲི་མཁན་ཞིག་གིས་ཀླུ་སྨྱོན་དང་སྟག་སྨྱོན་གཉིས་བཀའ་ཁྲི་དང་བདེ་སྲུང་བཀའ་བློན་དུ་འདེམས་ཐོན་བྱུང་ན་རང་རེའི་གནས་སྟངས་ག་འདྲ་ཆགས་མིན་གྱི་དྲི་བ་འདི་ལ་འདང་རྒྱག་བྱུང་བ་མ་ཟད་གད་མོ་བགད་ནས་གྲོད་པའང་ན་སོང་།
ཨ་རི་དམ་ཉམས་སྟག་སྨྱོན་དང༌༎
ཨ་མདོ་བསྟན་འཛིན་མགོན་པོ་གཉིས༎
བོན་པོ་སྤྱི་འཐུས་རྒྱག་པ་གསུམ༎
ཟམ་གདོང་གི་ཐད་དགྲ་ཡིན༎
ཧཧཧཧཧ༌༌༌
༡། མི་འདི་འདྲ་ཞིག་ལ་ལན་བཏབ་ནས་ཡོང་རྒྱུ་འདུག་གམ། ངས་ཟམ་གདོང་གི་འགྲམ་ནས་དམ་ཚིག་གང་ཡང་ལེན་མ་མྱོང་ད། རྒྱབ་སྐྱོབ་བྱེད་མི་ཐུབ་སའི་མི་དང་དེའི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་ཆོག་པ་དམངས་གཙོའི་འགྲོ་ལུགས་རེད། དབུ་ཁྲིད་ལ་སྐྱོན་བརྗོད་བྱེད་མི་ཆོག་པའི་དམངས་གཙོའི་དཔེ་མཚོན་ཞིག་དགོས་ན་བོད་མིའི་སྤྱི་ཚོགས་གཅིག་པོ་མིན་འགྲོ། ཟམ་གདོང་གི་སྲིད་ཇུས་མང་པོ་ཞིག་ལ་ཧོལ་རྒྱུགས་རང་བཞིན་ལྡན་པ་དངོས་ཡོད་ཡིན་པས། དེར་སྐྱོན་བརྗོད་བྱས་པ་ཡིན་ན་དམ་ཚིག་ག་རེ་དང་འགལ་བ་རེད་དམ། ངས་མི་ཤེས་ད། ཟམ་གདོང་རིན་པོ་ཆབ་སྲིད་པ་ཞིག་རེད་མ་གཏོགས་ངའི་རྡོ་རྗེ་སློབ་དཔོན་མ་རེད་དོ།
དཔེར་ན་ཁོང་གིས་བོད་ཀྱི་སློབ་གྲྭ་ཁག་གི་བོད་ཡིག་གི་གནས་ཚད་ཡར་རྒྱུས་གཏོང་རྒྱུའི་འཆར་གཞི་བཏིང་བ་རེད། སྲིད་ཇུས་དེ་འདྲ་དགོས་ངེས་ཅན་དང་དགའ་བསུ་ཞུ་འོས་པ་ཞིག་རེད། འོན་ཀྱང་ལག་ལེན་དངོས་ཀྱི་ཐོག་ནས་ཕན་ལས་གནོད་ཆེ་བ་བཟོས་རེད། བོད་ཡིག་གི་ཆུ་ཚད་ཡར་རྒྱུས་གཏོང་གི་ཡིན་ཟེར་ནས་སློབ་གྲྭ་ཁག་གི་ནང་དང་པོ་འཛིན་གྲྭ་བརྒྱད་པ་བར་དུ་དབྱིན་ཡིག་གི་སློབ་ཚམ་རྩ་མེད་བཟོས་རྩིས་བྱས་པ་རེད། བསམ་བློ་ཐོངས་དང་དེ་ནི་ཐབས་ཤེས་ཡང་དག་པ་ཞིག་རེད་དམ། དེང་སྐབས་རང་བཙན་ཡོད་པའི་འབྱོར་ལྡན་དང་སྔོན་ཐོན་གྱི་རྒྱལ་ཁབ་ཀྱི་སློབ་གྲྭ་ཁག་ཏུའང་དབྱིན་ཡིག་གིས་གཙོའི་སྐད་རིགས་ཉུང་མཐར་གཉིས་གསུམ་རེ་སློབ་ཀྱི་འདུག དེ་ནོ་དེང་རབས་ཀྱི་འཚོ་བའི་དགོས་དགོས་མཁོ་མེད་ཐབས་བྲལ་བ་ཞིག་ཆགས་པ་རེད། དེའི་བོད་མིས་མི་དགོས་ཟེར་ནས་དོར་ཐབས་མེད་པ་ཆགས་ཚར་བ་རེད། ལྷག་པར་དུ་གཞན་ལ་བརྟེན་ཅིང་གཞན་གྱི་ས་ཐོག་ཏུ་གནས་པའི་བོད་མི་སྐྱབས་བཅོལ་བ་ཞིག་ལ་མཚོན་ན་དབྱིན་ཡིག་ནི་ཁ་དང་མིག་དང་ལག་པ་གསུམ་ཀའི་ཚབ་རེད། བོད་ཡིག་གི་གནས་ཚད་ཡར་རྒྱུས་གཏོང་གི་ཡིན་ན། བོད་ཡིག་གི་དགེ་རྒན་གྱིས་སྤུས་ཚད་དང་ཁྲིད་ཐབས་ཡར་རྒྱས་གཏོང་དགོས་པ་ཨང་དང་པོ་རེད། དེ་ནས་སློབ་ཕྲུག་གི་སློབ་སྦྱོང་བྱེད་སྟངས་དང་ཀླད་པའོ་ཤོངས་ཚད་ཆེ་རུ་གཏོང་ཐབས་ལ་འབད་དགོས་པ་ལས། སློབ་ཕྲུག་གི་ཀླད་པའི་ཤོངས་ཚད་ཡར་རྒྱས་མ་བཏང་བར་སློབ་ཕྲུག་གི་ཀླད་པའི་ནང་གི་དབྱིན་ཡིག་གི་ཤེས་བྱ་མར་བཏོན་ནས་ས་ཆ་སྟོང་པ་བཟོ་བའི་ཤུལ་ཏུ་བོད་ཡིག་གི་ཤེས་ཡོན་བླུག་གི་ཡོད་པ་འདྲ་བོ་རེད། དེ་ནི་དེང་སྐབས་གློག་ཀླད་ཀི་ཀླད་པའི་ནང་ཡིག་ཆ་མང་དྲགས་ན་མར་བཏོན་ནས་སྟོང་བ་བཟོས་ཏེ་གཞན་བླུག་ཆོག་པ་ལ་འདྲ་བོ་རེད། འོན་ཀྱང་མིའི་ཀླད་པ་དང་འཕྲལ་ཆས་བཀོལ་སྟངས་གཅིག་པ་ག་ལ་ཡིན།
༢། ངས་ཁོང་བླ་མ་བྱིན་རླབས་ཆེན་པོ་ཞིག་ཡིན་པའི་རེ་བ་བརྒྱག་གི་མེད་པར། ཆབ་སྲིད་ཀྱི་ཐོག་ནས་དམིགས་བསལ་གྱི་ཁྱད་རྩལ་འདོན་རྒྱུ་ཡོད་པའི་རེ་བ་བྱས་ཀྱང། ཁོང་གིས་ག་དུས་ཡིན་ན་ནང་ཆོས་དང་ལྷག་པར་དུ་མཚན་ཉིད་རིག་པར་སྦྱངས་པའི་ཁ་ཤེད་ཆེན་པོ་ངོམ་གྱི་འདུག དཔེར་ན་མཚན་མ་རིག་པའི་ནང་རི་བོང་ལ་རྭ་འདོམ་པ་བཅོ་བརྒྱད་པ་བཟོ་ཐུབ་ཀི་ཡོད་པ་རེད། རྩོད་པ་བརྒྱག་སྟངས་དེ་ཚོ་ནང་ཆོས་སྦྱངས་སྐབས་དགོས་ངེས་དང་ཕན་སྤྱོད་ཆེན་པོ་ཡིན་ནའང་། རྩོད་པ་བརྒྱག་སྟངས་དེ་སྤྱི་ཚོགས་ནང་གི་དངོས་ཡོད་དཀའ་ངལ་སེལ་ཐབས་ཕན་ཐོགས་ཡོད་པ་མ་རེད་ལ། བཀའ་ཤག་གིས་བོད་མི་ཚོ་མཉམ་དུ་མཚན་ཉིད་རྩོད་རྒྱུ་ཡོད་པ་མ་རེད། མཚན་ཉིད་རྩད་ན་བཀའ་ཤག་གིས་ཐོབ་རྒྱུ་ཡིན་བརྒྱ་ཆ་བརྒྱ་རེད།
༣། བཀའ་ཁྲི་སྐབས་དང་པོ་འོས་འདེམས་བྱུང་བ་དང་ཤེས་འཇོན་ལྡན་པའི་བོད་མི་ན་གཞོན་གང་མང་ཞིག་གིས་རང་རང་གི་ནུས་འདོན་གྱི་གོ་སྐབས་ཆེ་རུ་འགྲོ་གི་རེད་བསམ་པའི་རེ་བ་གསར་བ་ཞིག་སླེབས་དང་། དམངས་གཙོའི་རྣམ་པ་སྔར་ལས་ཤུགས་ཆེ་རུ་འགྲོ་གི་རེད་བསམ་ནས་དགའ་བསུས་བྱས་པ་རེད་མོད། འོན་ཀྱང་བཀའ་ཁྲིས་ཁྱེད་ཚོར་དགོས་ན་ཡ་ལབ་པ་འདྲ་བོ་བྱས་ཏེ། ཐ་ན་དགོས་ངེས་ཅན་གྱི་ཕྱག་རོགས་བཀའ་བློན་བདུན་ཡང་མ་འདེམས་པར་གསུམ་བཟོས་པ་རེད། ཆ་རྐྱེན་ལྡན་མི་མེད་སོང་བ་རེད་ཟེར་ན་མི་འགྲིག་ཏེ། བོད་མིའི་སྤྱི་ཚོགས་ལ་དཔག་པའི་དྲག་ཤོས་དེ་བཟང་ན་ངན་འདེམས་དགོས་པ་རེད། རྦད་དུ་མེད་པ་ལས་ཐེབས་ཆགས་ཤིག་ཡོད་བཟང་གི་རེད། དཔེར་ན་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་དང་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་ལྟ་བུ་རེད། ཁོང་ཚོར་སྐད་ཡིག་དང་དེང་རབས་ཀྱི་ཤེས་ཡོན་ཆ་རྐྱེན་ཕུན་སུམ་ཚོགས་ཕོ་འཛོམས་མེད་ཀྱང། སྐབས་དེའི་བོད་མིའི་ཚོགས་ཀྱི་ཁྲོད་ནས་དྲག་ཤོས་དང་འོས་ཤོས་བྱུང་བ་རེད། དེའི་ཕྱིར་དང་པོ་ནས་ཁོང་སྲིད་དབང་སྒེར་གཅོད་པ་ཞིག་ཡིན་སྲིད་པའི་བག་ཆགས་ངན་པ་བཞག་པ་རེད། དེ་ནས་མུ་མཐུད་མི་ཆོག་པ་དང་མི་འགྲིག་པ། དམ་དྲགས་དང་བཀག་བསྡོམ་སོགས་ཀྱི་སྲིད་ཇུས་རིམ་པ་བཞིན་བརྩེགས་ཡོང་བ་དང་མི་འདྲོགས་སོང་བ་རེད། ཕྲུ་གུའི་མི་ཚེའི་མདུན་ལམ་སོགས་ལ་བསམ་ནས་རང་མགོ་གང་ཐོན་གྱིས་ནུབ་ཕྱོགས་སོགས་སུ་ཐོན་སོང་བ་རེད།
༤། བཀའ་ཁྲིས་རླབས་ཆེ་ཤོས་ཀྱི་སྲིད་ཇུས་ཅིག་བཟོས་པ་དེ་དཔལ་འབྱོར་ལམ་ལུགས་ཡིན་པར་ངོས་འཇིན་བྱེད་ཀྱི་ཡོད་པ་རེད། དེ་ནི་ཧ་ལམ་ཁས་ལེན་ཐུབ་པ་ཞིག་རེད། དེས་ཟ་ལངས་ལ་ཤོར་བའི་འབྲེལ་ཡོད་མང་པོ་ཞིག་གི་ཁ་ལ་ཟྭ་བརྒྱབ་པ་རེད། དེས་གཞུང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཚོད་འདུག བཀག་འགོག་དང་དམ་དྲགས་ཀི་སྲིད་ཇུས་ཤིག་བཟོ་དགོས་ན་ཁོང་གིས་ཆུང་མ་དྲགས་པ་ཞིག་བཟོ་ཐུབ་ངེས་པ་རེད།
༥། སོ་ནམ་ཞིང་ལས་དེ་རྩ་ཆེན་པོ་རེད། འོན་ཀྱང་དེ་ནི་གནས་དུས་ཀྱི་དབང་གིས་གྲབ་འབྲས་སོན་རྒྱུ་ཡོད་པ་མ་རེད། དེ་ལས་ཆུ་ཚོད་དེ་བཏང་ནས་བོད་ནང་གི་བོད་མི་ཚོའི་འཚོ་བ་དང་བདེ་འཇགས། བོད་ཀྱི་རྩ་དོན་གསུམ་ཀར་ཕན་པའི་འཐབ་རྩོད་ཀྱི་སྲིད་ཇུས་ཤིག་བཟོས་ནས་བརྒྱུད་བསྒྲགས་བྱེད་ཐུབ་ཡོད་བསམ། དེ་ཡང་བོད་ནང་གི་བོད་མི་རེ་རེའི་ཉི་མ་རེ་རེའི་མི་ཚེ་བསྐྱེལ་སྟངས་ལ་རྒྱུས་ལོན་བྱས་ཤིང་ཁོང་ཚོའི་འཚོ་བ་དང་ཆབ་སྲིད་གཉིས་ཀའི་ཆ་ནས་དོན་སྙིང་ལྡན་པའི་བྱེད་ཐབས་ལམ་སྟོན་གནང་ཡོད་ན་ཕན་ཐོགས་ཆེ་བ་བྱུང་ཡོད་རེད་བསམ། དེ་འདྲ་བྱུང་ཡོད་ན་དེང་སྐབས་ནང་བཞིན་བོད་མིར་མིའི་ལུས་སྲོག་གི་འགྲོ་སོང་ཆེ་བ་དང་། རྒྱལ་ཁ་དང་གྲུབ་འབྲས་ཆུང་བའི་གནས་ཚུལ་ཐབས་སྡུག་འདི་འདྲ་ཡོང་མེད་སྲིད།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ག་གླེང་ཆོག
མ་གཞི་ནས་སྲིད་འཛིན་དང་སྲིད་བློན་སོགས་ལ་ནན་བསྐུལ་དང་ནན་འདེད། ལྟ་རྟོག་དང་འདྲི་བརྩད་བྱེད་དགོས་པ་དམངས་གཙོའི་མི་དམངས་ཀྱི་ལས་འགན་དང་དབང་ཚད་ཡིན་པ་ལས། བོད་པ་ནང་བཞིན་ཁོང་མཁྱེན་ཟེར་ནས་མིག་བཙུམ་ནས་ཡིད་ཆེས་བྱས་བསྡོད་མཁན་ཡོད་པ་མ་རེད། ད་དུང་མི་ཤས་ཀྱིས་རང་རང་གི་བློ་རྩལ་སྤྱད་ནས་དགག་པ་བྱེད་མཁན་བྱུང་ན་དམ་ཉམས་དང་ཁྱི་དང་སྨྱོན་པ་སོགས་ཟེར་བཞིན་པ། བོད་མིའི་སྤྱི་ཚོགས་འདི་ད་དུང་མུ་ནག་དང་ཀླ་ཀློའི་གྲིབ་ནག་གི་བཏུམ་ནས་ཡོད་པས་རྟགས་རེད། ངས་བཀའ་ཁྲི་ལ་དམ་འབུལ་དང་མནའ་གང་ཡང་བསྐྱལ་མ་མྱོང་དོ། གླེན་བཤད་དེ་འདྲ་མ་བརྒྱག་ལོ། དེ་ཚོ་དགོན་པའི་ནང་གི་བཤད་སྲོལ་ཞིག་ཡིན་འགྲོ།
ངས་རང་ཉིད་བོད་མི་ཞིག་ཏུ་སྐྱེས་པའི་འགན་དེ་ཁུར་ནས་ཐ་ན་སྐྱབས་བཅོལ་འཚོ་བ་མི་སྐྱིད་ནའང་ཨུ་ཚུགས་བརྒྱབ་ནས་བསྡད་ནས། རང་ཉིད་བོད་པ་ཞིག་ཏུ་སྐྱེས་པའི་འགན་དེ་ཁུར་ཁུལ་བྱེད་ཀྱི་ཡོད་མ་གཏོགས། དེ་ལས་ལྷག་པའི་དམ་བཅའ་འཕར་མ་དེ་འདྲ་གང་ཡང་བཞག་མྱོང་མེད་དོ།
སྟག་སྨྱོན་འདི་མི་ཁ་རུ་ཁ་ཐུག སྤྱི་ཚོགས་རིག་པའི་ཤེས་བྱ་ཡང་གང་འཚམ་ཡོད་པ་ཞིག་རེད། བྱ་བ་ཐམས་ཅད་ལམ་འགྲོ་ཡོང་བའི་སྨོན་ལམ་འདེབས།
མཆན་འདེབས་ས་ནོར་འདུག་ཀྱང་མཆན་དམིགས་ས་ནོར་མེད།
གྲོས་ཚོགས་ནང་སྐར་ཆ་རེ་རེ་བཞིན་བོད་བསྟན་སྲིད་ཀྱི་ཆེད་གཏོང་དགོས་ཀྱང་། དེ་ལྟར་མ་ཡིན་པར་གྲོས་ཚོགས་སྙན་ངག་ཟེར་བ་འདྲ་བོ་དེ་འདྲ་བྲིས། དེ་ནས་ཀློག་ཀླད་དུ་གཏགས་ནས་དྲ་རྒྱའི་ཐོག་ལ་བཏང་བ་སོགས་ཚོགས་ཆེན་སྐབས་ཆུ་ཚོད་འབེལ་འབེལ་ལྷུག་ལྷུག་འཕྲོ་བརླག་ཏུ་གཏོང་རྒྱུ་ཡོད་མཁན་ཞིག་ལ་ཁ་བརྡུང་ཞིག་བཏང་བཞག་པ་ཡིན། དེ་ནས་ཅང་མ་འགོར་ཟླ་བ་དང་ཉི་མ་དང་ཟེར་བ་སོགས་མིང་གསར་བ་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་སྨྱོན་པ་དང་དམ་ཉམས། ཁྱི་སོགས་ང་ལ་ཆ་རྒྱུས་མེད་པའི་ཚིག་དེ་འདྲ་བཀོལ་ནས་ངའི་ཐོག་ལ་དྲ་ཁང་འདིའི་ནང་རིག་གནས་གསར་བརྗེ་ཞིག་སྤེལ་ལ་ཁད་ཀྱི་ཛ་དྲག་གཉན་འཕྲང་གི་དུས་ཚོད་འདི་ལ་ཁྱེད་ཀྱི་དེ་ལྟར་གསུངས་པར་ཞེ་གི་སྲ་ཐ། ཁྱེད་ངོ་ནས་སྨྱ་སེ་སྨྱོ་སེ་ཁ་དཀར་ཁོག་ཡངས་ཤིག་ཡིན་ས་རེད་ད། དེ་མིན་ང་ལ་སྲ་གི་ཟེར་སྲོལ་ཞིག་མེད་ཐ་ར།
གྲོགས་པོ་ཚོ། །
ང་ཡིས་སྟག་སྨྱོན་དང་ཟླ་བ་སུ་ཡིན་མི་ཤེས་ཀྱང་། ཟིན་བྲིས་ལ་བལྟས་ན། སྟག་སྨྱོན་གྱིས་བརྟག་དཔྱད་མཛད་་པའི་གཟུར་གནས་གྱི་གཏམ་ཞིག་དང་། ཟླ་བས་མ་བརྟག་ཀུ་རེའི་དགྲ་གྲོགས་ནོར་བའི་དམོ་ངན་དེ་འདྲ་མ་གཏོང་ན་དྲག་ས་རེད། །དྲ་ཚིགས་དང་དང་འཇིག་རྟེན་འགལ་བའི་གཏམ་དེ་ཚོ་སྙིང་པོ་མ་མཐོང་ངོ་། དངོས་ནས་བཤད་བསམ་ན་བཀའ་བློན་གྱི་དམིགས་ཡུལ་དེ་ཚོ་གསལ་བཤད་དང་རྒྱུ་མཚན་མེད་ན། ངན་པ་མི་ལ་བརྗོད་ན་གནོད་པ་རང་ལ་འཁོར་ཟེར་བ་དེ་གོ་ཨེ་མྱོང་ངམ། ། གང་ཟག་རང་གཞན་སུ་ཡིན་ཡང་། དང་པོ་བརྟག་དཔྱད་དང་བསམ་བློ་གཏོང་ནས་བརྗོད་ན་ལེགས་ས་རེད། །
ཤྲྰི་སྨྱོན་ནས
སྟག་སྨྱོན་ལགས། ང་ཚོ་ས་མཐར་འཁྱམས་པ་ཚོས་ཚིག་གཅིག་གཉིས་ཤིག་གི་མཐོ་དམན་གྱིས་ཕན་ཚུན་བར་ཐག་བཀྱེད་ན་ག་ལ་འགྲིག ང་ཚོ་ལ་ས་མཐར་ལུས་པའི་སྙིང་རླུང་ཡོད་པ་རེད་ལ། ང་ཚོ་ལ་ས་མཐའ་ནས་རྙེད་པའི་བརྩེ་སེམས་ཀྱང་ལོས་ཡོད། པད་མ་ཚེ་དབང་ལ་ཡང་སེམས་པའི་འཁོར་ཕྱོགས་ཤིག་གིས་ཚིག་རྩུབ་ཏོག་ཙམ་ཞིག་ཤོར་སོང་མ་གཏོགས་ཞེ་བསམ་པའི་གཏིང་ནས་ཁོང་ལ་དགའ་མོས་ཡོད། ཕྱི་བོད་ནང་ཁོང་འདྲའི་བོད་ཡིག་གིས་ལུས་ཟུངས་རྒྱས་ཡོད་པ་ཧ་ཅང་དཀོན་པོ་རེད།
འགའ་རེར་རང་གི་བླ་མ་གཙོ།།
འགའ་རེར་ཕ་ཡུལ་གཅིག་པ་གཙོ།།
འགའ་རེར་ཕུ་ནུ་ཉེ་འབྲེལ་གཙོ།།
འགའ་རེར་མཐོ་རེས་མཐོ་ཚད་གཙོ།།
འགའ་རེར་དྲང་གཏམ་སྐད་ཆ་གཙོ།།
འགའ་རེར་ཚིག་རྩུབ་དམོད་མོ་གཙོ།།
འགའ་རེར་གནས་ལུགས་རྒྱུ་མཚན་གཙོ།།
འགའ་རེར་ཕྱོགས་ཞེན་འཐེན་འཁྱེར་གཙོ།།
འགའ་རེར་སྐྱོན་བརྗོད་བྱེད་རྒྱུ་གཙོ།།
འགའ་རེར་ངོ་བསྟོད་ཕྱེ་གཏོར་གཙོ།།
འགའ་རེར་གཏམ་རིང་བཤད་པ་གཙོ།།
འགའ་རེར་ངོ་རྒོལ་ཁྲོམ་སྐོར་གཙོ།།
བཀའ་བློན་རྣམས་ལ་རྐུབ་བཀྱག་གཙོ།།
སྤྱི་འཐུས་རྣམས་ལ་ཁ་བཤད་གཙོ།།
སྙུག་ཐོགས་རྣམས་ལ་སྟོང་གཏམ་གཙོ།།
གྲྭ་ངན་རྣམས་ལ་དྲ་གནས་གཙོ།།
འོག་ལ་རྒྱ་གཞུང་གིས་བཀོད་པའི་གསར་འགྱུར་ཐུང་ངུ་ཞིག་དྲངས་གི་ཡིན། ཀླུ་སྨྱོན་སོགས་ཀྱིས་ཞིབ་གཟིགས་གནང་རོགས། “པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ཚེས་བཅོ་ལྔ་ཉིན་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་ཕེབས་ཏེ། གནས་དེ་ན་སྤེལ་བཞིན་པའི་བོད་ལྗོངས་ཀྱི་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་ངོ་ལྔ་བཅུ་འགོར་བའི་འགྲེམ་སྟོན་ལ་གཟིགས་སྐོར་མཛད།
པཎ་ཆེན་མཆོག་གིས་འགྲེམ་སྟོན་བྱེད་ས་སོ་སོར་ཞིབ་ཏུ་གཟིགས་པ་དང་། ལས་བྱེད་མི་སྣའི་འགྲེལ་བཤད་ལ་ཞིབ་མོར་གསན། གཟིགས་སྐོར་མཇུག་སྒྲིལ་རྗེས་ཁོང་གིས་ཡིད་འགུལ་ཐེབས་པའི་སྒོ་ནས་གསུང་དོན། འགྲེམ་སྟོན་ལས་སྔོན་ཆད་བོད་ལྗོངས་ཀྱི་བཀོས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཉེས་དམིགས་དང་མི་དམངས་ཀྱི་སྐྱོ་སྡུག་གི་འཚོ་བའི་གནས་ཚུལ་དངོས་སུ་མཚོན་ཡོད་པར་མ་ཟད། ལོ་ངོ་ལྔ་བཅུའི་བོད་ལྗོངས་ཀྱི་འཕོ་འགྱུར་དང་། ཞིང་བ་བྲན་གཡོག་ལ་རང་དབང་དང་འཚོ་སྡོད་ཀྱི་དབང་ཆ་ཐོབ་ནས། ངལ་རྩོལ་མི་དམངས་བོད་ལྗོངས་ཀྱི་བདག་པོར་གྱུར་བའི་བརྒྱུད་རིམ་མངོན་པར་མཚོན་ཡོད་ཅེས་གསུངས།” གཤམ་ལ་ཀླུ་སྨྱོན་ལ་དྲི་བ་ཁ་ཤས་ཡོད། ཁོམ་སྐབས་ཡོད་ན་ལན་རེ་གནང་རོགས། ༡༽བོད་རིགས་བྱིས་པ་བརྒྱ་ཆའི་བརྒྱད་ཅུ་སློབ་གྲྭར་འགྲོ་བཞིན་པ་དེ་ནི་བདེ་སྐྱིད་ཅིག་རེད་ཟེར་བ་འདི་བདེན་པ་ཨེ་ཡིན། ཁྱོད་ཀྱིས་སྐད་ཆ་འདིའི་ཁུངས་གཏུགས་ས་གུང་ཁྲན་གྱི་ཞིན་ཧྭ་གསར་འགྱུར་སོགས་ཡིན་ནམ།
༢༽ཁྱོད་ཀྱི་སྤུན་མཆེད་ཚོའི་ནང་དུ་བརྒྱ་ཆ་བརྒྱད་ཅུའི་ཡིག་རྨོངས་སེལ་ཨེ་ཡོད། ཡོད་ན་དེ་ནི་རྒྱ་གཞུང་གི་བཀའ་དྲིན་ལ་བསྟེན་ནས་བྱུང་བ་ཡིན་ནམ།
༣༽རང་རེའི་བཙན་བྱོལ་ནང་དུ་བརྒྱ་ཆའི་བརྒྱ་ཡིག་རྨོངས་སེལ་ཡོད་རེད་ཟེར་ནའང་མི་ཆོག་རྒྱུ་མེད་ཀི ཉིད་ཀྱི་གསུང་སྟངས་བྱས་ན་བོད་ནང་དུ་ད་རུང་བྱིས་པ་བརྒྱ་ཆའི་ཉི་ཤུ་ཡིག་རྨོངས་པ་རེད། ཁྱོད་ལ་བོད་ཕྱི་ནང་གཉིས་ཀྱི་མི་འདྲ་བའི་གནས་སྟངས་འདི་མཐོང་དུས་སེམས་ལ་ཚོར་བ་ག་འདྲ་ཞིག་ཡོང་གིན་འདུག་གམ།
སྟག་སྨྱོན་འདི། མི་དང་སྐུལ་སློང་གཉིས་ཡག་ཡག་འདིར་གླེང་འདོད་མེད། ཁམས་པ་དང་ཨ་མདོའི་གཤིས་ཀ་བཅོས་ཐབས་མེད་མཁན་ཞིག་རེད་འདུག་ ཁོའི་དྲ་ཡིག་ཚོར་བལྟས་ན་བཀའ་ཁྲི་ལ་འཁོན་འཛིན་ཤོར་བའི་རྒྱུ་མཚན་གསལ་པོ་ཤེས་ཐུབ་པ་ཞིག་རེད་ལ། རྒྱབ་ལངས་བྱེད་མཁན་ཚོ་ཡང་རྒྱུ་མཚན་ཁོ་དང་གཅིག་པ་རེད། ཡིན་ནའང༌མི་འདིར་མཐོང་ཆུང་གཏོང་རྒྱུ་མི་འདུག འདི་ཨ་རག་གིས་གཟི་ཐེངས་རེར་གསན་ལུགས་ཧ་ཅང་ཟབ་པའི་དྲ་རྩོམ་རེ་སྤེལ་ཡོང་གི་འདུག དཔེར་ན། ཁོང་གིས།
དེང་རབས་མི་གཙོ་གནའ་རབས་གཙོ།།
བདེ་སྡུག་མི་གཙོ་ཁྲིམས་ལུགས་གཙོ།།
ད་ལྟ་མི་གཙོ་འབྱུང་འགྱུར་གཙོ།།
མི་དམངས་མི་གཙོ་བཀའ་ཤག་གཙོ།།
མི་ཆོས་མི་གཙོ་ལྷ་ཆོས་གཙོ།།
འབྱོར་བ་མི་གཙོ་མཆོག་ཤེས་གཙོ།།
ལག་ལེན་མི་གཙོ་གཏམ་བཤད་གཙོ།།
གུས་ཞབས་མི་གཙོ་དབང་ཤེད་གཙོ།།
བོད་མི་མི་གཙོ་ལྟ་གྲུབ་གཙོ།།
བོད་མི་མི་གཙོ་ཕྱི་མི་གཙོ།།
འབངས་མི་གཙོ་མཁས་པ་གཙོ།།
གྲུབ་འབྲས་མི་གཙོ་མིང་གྲགས་གཙོ།།
འཚོ་རྟེན་མི་གཙོ་གཞི་ཆགས་གཙོ།།
བོད་ཕྲུག་མི་གཙོ་བོད་ཡིག་གཙོ།།
མདུན་ལམ་མི་གཙོ་བོད་ཡིག་གཙོ།།
ཅེས་པ་འདི་ཚོ་མཁས་དབང་ཟམ་གདོང་རིན་པོ་ཆེས་པྱག་ལས་གནང་ཕྱོགས་དང་བར་ཐག་ཧ་ཅང་ཉེ། དངོས་གནས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་མཐོང་གི་འདུག འདིས་བཤད་སྟངས་དང་བསམ་སྟངས། བྱ་སྤྱོད་གང་ཐད་ནས་དགེ་འདུན་ཆོས་འཕེལ་འདྲ་བོ་མཐོང་གི་འདུག མི་ལ་རིན་ཐང་ཡོད་མེད་ཇི་ལྟར་ཡང་། གཏམ་ལ་རིན་ཐང་ངེས་ཅན་ཞིག་འདུག དངོས་གནས་བྱས་ན་དྲ་རྩོམ་འདི་ཟམ་གདོང་རང་ལ་འབུལ་ལམ་ཞུ་ན། ཁ་བྱང་ངས་ཕུལ་ཆོག བསྟན་འཛིན་མགོན་པོ་དང་བེ་པོ་སྤྱི་འཐུས་གཉིས་ཀྱིས་བཀའ་ཁྲི་ལ་དྲི་བརྩད་གཏོང་བ་རྣམས་རྒྱུ་མཚན་མེད་པ་མིན། དེ་དག་གི་ནང་དུ་བསམ་བློ་གཏོང་དགོས་པ་མང་པོ་ཡོད། འདོ་ཚོ་གླེང་མོ་ཙམ་ཡིན། ལས་མེད་དྲ་གྲོགས་ཚོ་དབུ་སྐོར་ཞུ་བྱེད་ཙམ་ལས། འདིས་བོད་ཕྱི་ནང་གི་སྤྱི་ཚོགས་ནང་ཕན་ཐོགས་གནང་རྒྱུའི་ནུས་པ་ཤིག་ཙམ་ལས་ཡོད་མི་སྲིད། གང་ཡིན་ཞེ་ན། དྲ་རྒྱ་བཟོ་མཁན་གྱིས་ལྷག་བསམ་རྣམ་དག་གིས་བཟོས་ན་ནའང༌། དྲ་རྒྱ་ནང་ཞུགས་མཁན་གྱི་མི་རྐང་ཁ་ཤས་ཡོད་པ་ངེད་ཚོའི་འཇོན་ཐང་དང་ནུས་པ་འདི་ལ་བལྟས་ན་ཤེས་ཐུབ་པ་ཞིག་རེད། དྲ་གྲོགས་ཚོ། རབ་བྱུང་ན་(ཨོ་གློག་ཤི་སོང་)རྗེས་ནས་ཡིན།
བོད་རིགས་བྱིས་པ་བརྒྱད་ཆའི་བརྒྱད་ཅུ་སློབ་འགྲོ་བཞིན་ཡོད་ལ་དེ་ཡང་དེང་སྐབས་འཛིན་གྲྭ་དྲུག་པ་བར་དུ་རིན་མེད་རེད་ཟེར། དེ་ནི་ཕྱོགས་གཅིག་དུས་རབས་ཀྱི་འགྱུར་ལྡོག་རེད། ཕྱོགས་གཅིག་གུང་ཁྲན་གྱི་སྲིད་བྱུས་རེད། ཕྱོགས་གཅིག་བོད་མིའི་རྟོགས་སད་རེད། འདི་གསུམ་གྱི་གཅིག་ཆད་ན་ཡང་བོད་ནང་དེ་ལྟར་མི་ཡོང་། བྱིས་པ་བརྒྱ་ཆའི་ཉི་ཤུ་ཙམ་ཞིག་ད་དུང་ཟོག་ལུག་གི་རྫི་བོའམ་ཁྱིམ་ལས་པ་རེད། དེ་རྒྱ་གུང་ཁྲན་ལ་ཁག་འཇོག་རྒྱུ་མེད། བོད་རང་གི་ཞིང་འབྲོག་མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱིས་བྱས་པ་རེད། ཡིན་ན་ཡང་དེང་སྐབས་འབྲོག་པ་རོང་བར་བསྒྱུར། རོང་བ་གཡོག་པོར་བསྒྱུར་བའི་སྲིད་བྱུས་འདིས་བྱིས་པ་ཚོའི་བརྒྱ་ཆའི་བརྒྱ་བོ་སློབ་གྲྭར་འགྲོ་ཐུབ་པ་ཞིག་གང་མགྱོགས་འཆར་སྙམ་རེད། བཙན་བྱོལ་བྱིས་པ་བརྒྱ་ཆའི་བརྒྱ་བོ་སློབ་གྲྭ་འགྲོ་བཞིན་པ་དེ་ཁོ་ཚོའི་ནང་མིར་ཟོག་ལུག་འཚོ་རྒྱུ་མེད་སོང་བས་རེད། གལ་སྲིད་ཡོད་ན་དེ་ལྟར་མི་ཡོང་ཐག་ཆོད་རེད། ཕྱི་བོད་རྒྱ་གར་གཞུང་གི་འཛིན་སྐྱོང་འོག་ན་འདུར། ནང་བོད་རྒྱ་ནག་གཞུང་གི་འཛིན་སྐྱོང་འོག་ན་འདུར། བོད་ཡིག་བཅའ་དག་རེ་ཤེས་མཁན་ཕལ་ཆེར་རྒྱ་གུང་ཁྲན་གྱི་འོག་ནས་ཡོང་གིན་ཡོད་པ་འདྲ་ཞིག་འདུག དེ་མི་བདེན་བསམ་ན་ཕྱིས་འབྱོར་སྤྱི་ཚོགས་ལ་དཔྱོད། ཡིན་ན་ཡང་དབྱིན་ཡིག་དང་ཧིན་ཡིག་ཁོ་ཚོས་མི་ཤེས་པས། གཅིག་གིས་མི་ཤེས་པ་དེ་གཅིག་གིས་ཤེས་པས་ཆེ་ས་ནས་བལྟས་ན་འདྲ་འདྲ་ཞིག་ཏུ་ཡང་མཐོང་། གང་ལྟར་རྒྱ་གཞུང་གི་ཤེས་རིག་སྲིད་བྱུས་འདིའི་ཕུགས་ན་གང་ཡོད་མི་ཤེས་ཏེ་འཕྲལ་གྱི་ལག་ལེན་ལ་བལྟས་ན་བྱིས་པ་ཚོས་ཀ་ངོ་ཡིག་ངོ་རེ་ཆོད་ཀི་འདུག་པས། ད་ནི་རྨ་ཁར་ཕན་ན་ཁྱི་ཚིལ་ཟེར་བ་བཞིན་ཡར་ལངས་རེ་ཡང་བྱས་བསྟུན་མཁས་རེ་ཡང་བྱས་ནས་ད་རུང་ལོ་ལྔ་བཅུར་སྡོད་དགོས་ས་རེད་ཡ།
Dear Tibetans,
As i think you all know that some breaking news come out in at Gangkyi at CTA. as a letter came from Representative of H H the Dalai Lama in New York named Lobsang Nyindak as former Kalon wich chosen by Samdhong Rinpoche. as in the letter he used bad words on our leader H H the Dalai Lama. but Kalon Tripa Samdhong and Chairman Phunpa Tseing just keep the letter in securily.
this is just they all are one group and they try to hide their friend’s mistake. we must have to talk about that and our MPs must have to take some action on that.
Long life H H the Dalai Lama and Hope we will be return back to our home land.
དྲ་གྲོགས་བོད་ཀྱི་སོན་རྩ་ལགས།
ཁྱེད་ཀྱི་སྐད་ཆ་དེ་གསར་འགྱུར་བརྒྱུད་ལམ་ཁག་ན་མེད་གི
གནས་ཚུལ་བདེན་པ་ཡིན་ན་དྲ་ཐོག་ལ་འཇོག་རོགས་གནང་།
བེ་རི་འཇིགས་མེད་ལགས་ཀྱིས་ཀྱང་གནས་ཚུལ་དེའི་སྐོར་ནས་གོ་ཐོས་ཡོད་ན་མཁོ་སྤྲོད་གནང་རོགས།
གནས་ཚུལ་དངོས་གནས་དེ་མ་རིག་ན། རྨོངས་འཆར་སྤེལ་བ་དང་བགྲོ་གླེང་བྱེད་རྒྱུའི་གཞི་མེད་གི།
མང་པོ་ཞིག་གིས་ཟམ་གདོང་ལ་སྐྱོན་བརྗོད་དོན་བྲིས་ཤོག་ཟེར་གྱི་འདུག་མོད། རྒྱས་པ་དང་གསར་བ་ཞིག་བྲིས་ནས་ཆོ་མེད་ན་ཡང། སྔར་གྱི་འཕྲོས་བཤད་ཅིག་སླར་བཀོད་པ་ཡིན། འདི་དྲང་བདེན་རེད་ཟེར་ནས་སྤྱི་འཐུས་བེ་རུས་ཀྱང་ཞལ་བཞེས་གནང་འདུག
ཁེ་ཕན་མི་གཙོ་དྲང་བདེན་གཙོ།།
དེང་རབས་མི་གཙོ་གནའ་རབས་གཙོ།།
བདེ་སྡུག་མི་གཙོ་ཁྲིམས་ལུགས་གཙོ།།
ད་ལྟ་མི་གཙོ་འབྱུང་འགྱུར་གཙོ།།
མི་དམངས་མི་གཙོ་བཀའ་ཤག་གཙོ།།
མི་ཆོས་མི་གཙོ་ལྷ་ཆོས་གཙོ།།
འབྱོར་བ་མི་གཙོ་མཆོག་ཤེས་གཙོ།།
ལག་ལེན་མི་གཙོ་གཏམ་བཤད་གཙོ།།
གུས་ཞབས་མི་གཙོ་དབང་ཤེད་གཙོ།།
སྤྱི་ཚོགས་མི་གཙོ་ལྟ་གྲུབ་གཙོ།།
བོད་མི་མི་གཙོ་ཕྱི་མི་གཙོ།།
འབངས་མི་གཙོ་མཁས་པ་གཙོ།།
གྲུབ་འབྲས་མི་གཙོ་མིང་གྲགས་གཙོ།།
འཚོ་རྟེན་མི་གཙོ་གཞི་ཆགས་གཙོ།།
བོད་ཕྲུག་མི་གཙོ་བོད་ཡིག་གཙོ།།
མདུན་ལམ་མི་གཙོ་བོད་ཡིག་གཙོ།།