བཀྲས་ཁང་པ་སངས།
ཡང་ནེའུ་ཡོག་ཏུ་མི་མང་གིས་བདེན་རྒྱབ་རྟིང་གནོན་གྱི་ལས་འགུལ་སྤེལ་འདུག ལས་འགུལ་དེ་ནི་བཀའ་ཤག་གིས་མངགས་པའི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་དང་སྲིད་སྐྱོང་གི་ལྐོག་ལས་སམ། ཕྱི་གསལ་ནང་གསལ་མེད་པའི་སྤྱི་དོན་ཁ་འཁྱེར་གྱི་ལས་དོན་ཁག་གི་ཁྲོད་ནས། བོད་ཀྱི་ཐེབས་རྩ་དང་འབྲེལ་བའི་ཨ་སྒོར་ས་ཡ་གཅིག་གི་གན་རྒྱས་རྫུན་རྐུབ་བརྡོལ་བའི་གཏམ་རྒྱུད་འགེབས་སྲུང་བྱེད་པ་ལ་ཐེར་འདོན་བྱེད་ཆེད་སྤེལ་བ་ཡིན་འདུག
བོད་ཀྱི་ཐེབས་རྩ་ཡང་དེ་སྔ་ནས་དོན་ཟུར་སྐལ་རྡོར་དང་སྲིད་སྐྱོང་བློ་སེང་གི་གནང་སྟངས་ལ་དོགས་པ་ཡོད་སྟབས། གན་རྒྱའི་ནང་དུ་ཕྱོགས་གཉིས་ཀྱི་ཁེ་ཕན་སྲུང་བརྩི་དང་ཡིན་ལུགས་ཚུལ་མཐུན་གྱི་ཕྱག་ལས་གནང་བ་ཡིན་ན། དུས་ཚོད་རན་པ་ཞིག་ལ་བུ་ལོན་རོགས་དངུལ་དུ་ཁ་བསྒྱུར་ཞུ་རྒྱུ་ཡིན་པའི་ཉེན་བརྡའི་རང་བཞིན་ཅན་གྱི་གན་རྒྱ་བཞག་ཡོད་པ་རེད། འོན་ཀྱང་མུ་མཐུད་བཀའ་ཤག་དང་སྐལ་རྡོར་ནས་བོད་གཞུང་གི་འབག་གྱོན་ནས། ཡང་ནས་ཡང་དུ་བོད་ཀྱི་ཐེབས་རྩར་གནོན་ཤུགས་སྤྲོད་བཞིན་པ་མ་ཟད། ”ད་འོ་ན་ཁྱོད་ཚོས་རོགས་དངུལ་ཁ་བསྒྱུར་ཞུ་གི་མིན་ན། པེད་ཤག་ཕར་སློག་སྟེ། ས་ཡ་གཅིག་དང་ཕྱེད་ཀ་དགའ་ལྡན་ཕོ་བྲང་ནས་ཞུ་གི་ཡིན། མ་འོངས་པར་ལྟ་ཆོག་”་ཅེས་རྫིག་གཏམ་ཡང་བཤད་ཡོད་འདུག
དེས་ན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་ཚོས་ཀྱང་གནད་དོན་འདི་དག་ལ་ཞིབ་འཇུག་གིས། སྲིད་སྐྱོང་བློ་སེང་གིས་བོད་གཞུང་དང་༸གོང་ས་མཆོག་གི་མཚན་གནས་ལོག་སྤྱོད་གནང་སྟངས་ཅི་ཡིན་མཁྱེན་པ་མ་གནང་ན། ལོ ༥༠ རིང་གི་བཙན་བྱོལ་གཞུང་མང་གཉིས་ཀའི་བྱས་རྗེས་ཆུ་ལ་བསྐྱུར་རྒྱུ་ཡིན་པ་ཐག་ཆོད་ཡིན་གཤིས། མི་མང་གི་རེ་བ་ཉག་ཅིག་སྟེ། ད་ནི་བློ་སེང་བཀའ་ཤག་གིས་བཟང་སྤྱོད་དང་ལྡན་པའི་ངང་རྩ་དགོངས་ཞུས་ཏེ། ང་ཚོས་༸རྒྱལ་བ་རིན་པོ་ཆེར་ཡར་སྲིད་དབང་ཕུལ་དགོས་པའི་དུས་ལ་བབ་འདུག དེ་ནི་བོད་མི་རིགས་ཀྱི་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ཤིན་ཏུ་ཆེ་སྙམ།།
༢༠༡༨ ཟླ ༡ ཚེས ༡༡ ལ།།
བོད་ཀྱི་ཐེབ་རྩ་ཡིན་ཀྱང་རུང་གང་ལྟར་གནས་ཡུལ་ལུང་པའི་ཁྲིམས་འོག་ཏུ་ེེདབ་སྐྱེལ་ཞུས་པའི་དགེ་རྩའི་ཐེབ་རྩའི་མ་དངུལ་ནས་ཚོང་ལས་འདུ་འགོད་ལ་གཏོང་ཆོག་མིན་དེ་ལུང་པ་དེའི་ཁྲིམས་ཀྱི་ངོ་སྤྲོད་ལས་དེ་མིན་སུ་གཅིག་ཐག་གཅོད་མི་ཐུབ་བོ་།
བློ་སེང་དང་སྐལ་རྡོར་ད་དུང་སྐར་མ་དང་དངོས་ཚེ་མི་བཞི་ཤོག་ཁག་དེ་རྣམས་ལ་བོད་མི་དམངས་ནས་ཁོང་ཚོའི་རང་སྣང་གང་དྲན་གྱིས་ཁྲིམས་མེད་ལུགས་མེད་བྱེད་བཞིན་པར་སྣང་ཆུང་རྩ་བ་ནས་གཏོང་མི་ཉན་ཁོང་ཚོ་ནི་རང་དོན་བསྒྲུབ་ན་བོད་ཀྱི་རྩ་དོན་སྩིས་མེད་གཏོང་ཀྱང་རེད་
ཨ་ཚོགས་ཀླུ་བྱམས་མ་གཏོགས། ཚང་མ་དེ་འདྲ་བ་རེད་མི་འདུག་པས། གཅིག་བྱས་ན་ང་ནོར་སྲིད།
བློ་སེང་དང་སྐལ་རྡོར་ཚར་གྲབས་ཡོད་ས་རེད
བློ་སེང་སྲིད་ཁྲིར་བཀོད་པ་དང་དུས་མཉམ་དུ་བཙན་བྱོལ་སྒྲིག་འཛུགས་ནང་བཀྲ་མི་ཤིས་རྐྱང་རྐྱང་གི་འགོ་ཚུགས་སོང་། བོད་རྒྱ་གནད་དོན་ཕར་ཞོགས་ནང་ཁུལ་གྱི་གནད་དོན་ལོ་ངོ་ལྔ་བཅུར་འབད་རུང་གཙང་སེལ་མི་ཐུབ་པ་ལྟ་བུ་བཟོས་སོང་། དེ་བློ་སེང་གི་ང་ཚོར་བཞག་པའི་བྱས་རྗེས་རེད་བཙན་བྱོལ་བོད་མིའི་ཆག་འཇིག་གི་དུས་རབས་སུ་བགྲངས་ནས་ལོ་རྒྱུས་ཁྲོད་འགོད་དགོས།
བཀྲ་མི་ཤིས་བ་ཡོང་དང་ཡོང་། ང་ཚོ་བོད་པ་ཚོས་རྟེན་འབྲེལ་མགོ་ནས་འགྲིག་པར་བྱས་ཤིག་འང་ཟེར་སྲོལ་ཡོད་རེད། བློ་སངས་ཀྱི་མགོ་དེ་རྒྱ་མགོ་ཡིན་ཙང་ལས་ཀའི་མགོ་དེ་ཡང་རྒྱ་འདྲེ་ཚོ་དགའ་སའི་ཨང་གྲང་8899་འདི་འདེམས་པ་མ་ཡན་ནམ།
༄༅། ཐེངས་མང་པོ་ལབ་པ་ཡིན། སུ་ཡིན་ཡང་ནད་མ་འཁྱག་ན་་་དབྱིན་་་ཧིན་་་བོད་གསུམ་
གྱི་ཁྲིམས་ལ་གཏུགས།
ཁྲིམས་ཁང་སྟོང་པ་རེད། དེ་མིན་དྲ་རྒྱའི་ནང་ཚིག་ངན་ཁ་དམག་མ་རྒྱག།
ཚིག་ངན་བཤད་རྒྱུ་ཡོད་ན་་་ཕ་ཡུལ་བཙན་འཕྲོག་བྱེད་མཁན་རྒྱ་དམར་ལ་ཤོད།
རྒྱ་དམར་ལ་ངོ་རྒོལ་བྱེད་དགོས་པ་ལས་ནང་ཁུལ་ལ་རྫིག་མདོག་་་དང་་མཁས་མདོག་
འཇོན་མདོག་མ་བསྟན་་་སུ་གཅིག་གི་་་བདག་པོ་རྒྱག་གི་མ་རེད།
རྒྱབ་སྐྱོར་ཡོད་བོད་ཀྱི་ལོ་རྒྱུས་ནག་པོ་བཟོས་སོང་ཞབས་འདྲེན་ཞུས་ཚར་སོང་ད་ཨ་རི་ཁྲིམས་ཁང་ལ་གཏུགས་རོགས་རྒྱ་གར་གྱི་ཁྲིམས་ཁང་ལ་གཏུགས་རོགས་བཙན་བྱོལ་བོད་མིའི་ཁྲིམས་ཁང་ལ་གཏུགས་རོགས་།
བདེན་པ་རྫུན་པ་ཁྲིམས་ཀྱི་དབྱེ་།
ཆུ་དང་འོ་མ་རུས་སྦལ་དབྱེ་།
དཀར་ནག་འབྲས་བུ་ཤིན་རྗེའི་དབྱེ་།
ྱ
ད་སྤེན་ཚེ་ཤོག་ཁག་གི་བཤད་རྒྱུ་དང་ལས་རྒྱུ་མེད་ན་མ་རྟོགས་བྱས་བྱུང། མཐར་སྤེན་ཚེ་སྐྱོབ་ཐུབ་མི་འདུག་ཨ་རིས་ལ་ཆང་རག་ཁང་ལ་སྐྱབས་བཅོལ་བཞུགས་བཞག།
ད་སྐྱག་པར་ལག་པ་འཆང་ན་སྐྱག་དྲི་མ་ཏོག་ག་རེ་ཡོད། སྐལ་རྡོར་སྐྱག་པ་རེད། བློ་སེང་གི་གྲོགས་པོ་རེད་མ་ཏོག་ད་མིན་སྒྲིག་འཛུགས་ཞིག་གི་གནད་ཡོད་མི་སྣ་བྱེད་རྒྱུའི་ཆ་རྐྱེན་གཅིག་ཀྱང་མེད། ཁོ་ལ་ཡོད་པ་དེ་དངུལ་རེད། བྱས་ཙང་བློ་སེང་གིས་སྲིད་སྐྱོང་འོས་བསྡུའི་ཁྱབ་བསྒྲགས་ཆེད་ཁོའི་དངུལ་བེད་སྤྱོད་ཡག་པོ་བཏང་ཡོད། ད་བློ་སེང་གིས་སྐལ་རྡོར་ལས་སྣེ་འདྲ་མིན་ཞིག་སྤྲད་ནས་དྲིན་ལན་འཇལ་ཐབས་བྱེད་བཞིན་ཡོད། བདེན་པ་རེད། དངུལ་གི་འོག་ལ་ཚང་མ་གཡོག་པོ་རེད། སྲིད་སྐྱོང་མཁས་དབང་མིན་ཅན་པ་བློ་སེང་ཀྱང་ཀླད་མེད་འབྱོར་ལྡན་སྐལ་རྡོར་གྱི་བྲན་གཡོག་ལྟ་བུར་མ་འགྱུར་ཐབས་མེད་རེད། སྐལ་རྡོར་ལ་བློ་སེང་ལ་དགོས་རྒྱུའི་དྲིན་ཅན་ཨ་སྒོར་ཡོད། དེ་མིན་བློ་སེང་གིས་སྐལ་རྡོར་ལ་སྲིད་ཞུ་བ་རྣལ་མ་ཞིག་བྱེད་རྒྱུའི་ཆ་རྐྱེན་སྤུ་རྡོག་གཅིག་ཀྱང་མེད་པ་ཤེས་བཞིན་ཡོད། ཡིན་ཡང་སྟོབས་ལྡན་ཨ་སྒོར་འོག་ལ་མགོ་བཏགས་མ་ཞུ་ཐབས་མེད་རེད།
བདེན་པ་རྫུན་པ་ཁྲིམས་ཀྱིས་དབྱེ།
ཆུ་དང་འོ་མ་ངང་པས་དབྱེ།
དཀར་ནག་ལས་འབྲས་ཤིན་རྗེས་དབྱེ།
ཐ་མ་དེ་ལ་ཞིབ་ཏུ་སོམས།
་
དེ་ལྟར་སེམས་པའི་མིའི་བུ་དེ།
ཚེ་འདིར་སྐྱིད་ཅིང་ཕྱི་མར་སྐྱིད།
མཁས་པས་བྲིས་པའི་བོད་ཡིག་དེ།
སྲུང་བས་རང་སྐྱིད་ཐེ་ཚོམ་མེད།
བློ་སེང་བཀའ་ཤག་ནི་ནོར་འཁྲུལ་གྱི་ཕུང་པོ་རེད།
ལོ་རྒྱུས་ནང་གི་ནག་ཉེས་ཅན་གྱི་སྲིད་སྐྱོང་བློ་བཟང་སེང་གེ་ཞེས་པའི་མིང་ཞིག་མི་མང་གིས་བཏགས་ན་དེ་ལས་བུ་རབས་ཚ་བརྒྱུད་དུ་ངོ་ཚ་བ་ཞིག་གང་ན་ཡོད། ད་ཆག་སྒོ་རེད། སྤྲང་པོས་རྒྱལ་ས་བཟུང་པའི་ལེའུ་འདི་ཆག་སྒོ་ལ།
༄༅། ད་་་སྐྱག་པར་ལག་པ་མ་འཆང། སྐྱག་པར་ལག་པ་འཆང་ན་དྲི་མ་སྡུག་ཏུ་སྡུག་ཏུ་འགྲོ་བ་
ལས་གཞན་ཅི་ཡང་མེད་། མཐའ་མ་སུས་ནད་མ་འཁྱག་པ་ཡིན་ན་་་ཁྲིམས་ལ་གཏུགས་དགོས་
ཞེས་ཐེངས་མང་ཞུས་ཡོད། དེ་མིན་གྱི་ཁ་དམག་མ་རྒྱག་རོགས་གནང། སུ་གཅིག་གི་བདག་པོ་
རྒྱག་གི་མ་རེད། ཁྲིམས་མེད་ལུང་མེད་་་་དྲ་རྒྱའི་ནང་ཁ་དམག་རྒྱག་མཁན་དེ་ཚོར་སུ་གཅིག་གི་
ཡ་བྱེད་མཁན་མེད། རིན་ཐང་ཅི་ཡང་མེད།
སྲིད་སྐྱོང་རྒྱལ་འགྱུར་ཅིག
བོད་རྒྱལ་ཁབ་་སྲིད་ཀྱི་སྐྱོང་རྒྱལ་འགྱུར་ཅིག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་རྒྱལ་འགྱུར་ཅིག
བོད་ཆོལ་གསུམ་མི་རགས་གཅིག་གི་སྲིད་སྐྱོང་རྒྱལ་འགྱུར་ཅིག