གྲགས་པ།
ཁ་ཕོ་གནམ་ལས་ཆེ་བའི་བློ་སེང་གིས།།
ཆིག་སྒྲིལ་གསར་གཏོད་རང་ཁ་རང་གསོ་ཡི།།
ཁ་གཡང་སྙན་མོའི་གཡོ་ཇུས་དར་ཐག་ཉིད།།
གཞིས་བྱེས་བོད་མིའི་བར་ལ་ཤུགས་ཀྱིས་འཐེན།།
རྩ་དོན་གསུམ་གྱི་གྲུབ་འབྲས་སྙེ་མ་ཞིག།
མི་ལོ་བདུན་ལ་ཉིན་མོའི་སྐར་མ་བཞིན།།
ནམ་ཡང་མཐོང་བར་དཀའ་བའི་རང་མདོག་དེ།།
ན་ནིང་ད་ལོ་ཇེ་གསལ་ཇེ་གསལ་རེད།།
སྐྱབས་མགོན་རྒྱལ་བའི་ཐུགས་རེ་རི་རབ་ནི།།
བྱེ་མའི་ཆང་བུར་བསྒྱུར་བའི་སྲིད་སྐྱོང་གིས།།
མགོ་ནག་བོད་པ་ཚང་གི་སྐྱིད་སྡུག་དེ་།།
ཆུ་སྲིན་རྔ་མ་པ་ཊའི་གཟུགས་སུ་བསྒྱུར།།
གཙུག་ལག་འབུམ་རམས་པ་ཡི་མཚན་གནས་ཀྱང་།།
ཡོད་མེད་སུ་ལའང་གསལ་ཆ་མེད་པ་དེ།།
ཉམ་ཆུང་བོད་མིའི་མགོ་བོ་རྡུང་བྱེད་དུ།།
རྟག་ཏུ་སྤྲང་པོའི་དབྱུག་པ་བཞིན་དུ་འཕྱར།།
སྐྱབས་མགོན་རྒྱལ་བའི་མཛད་པའི་ཆ་ཤས་རེ།།
རང་གི་བྱས་རྗེས་ཕྱོགས་སུ་འཐེན་ན་ཡང་།།
བཙན་བྱོལ་བོད་མིའི་ཁྲིམས་བཟོའི་ལྷན་ཚོགས་སུ།།
གཟུར་གནས་མཁས་པས་སུན་འབྱིན་ཡང་དག་བྱས།།
མང་གཙོའི་ལམ་སྲོལ་བཟང་པོའི་ཞིང་ས་རུ།།
ཆོལ་ཁའི་འཐེན་འཁྱེར་ངན་པའི་ས་བོན་བཏབ།།
སྐྱབས་མགོ་རྒྱལ་བའི་རིངས་ལུགས་འོ་མའི་མཚོ།།
ཁྲག་བཞིན་དཀྲུག་པའི་ལྟེ་བོ་སྲིད་སྐྱོང་ཉིད།།
རེ་བའི་དར་ཐག་བོད་རྒྱའི་འབྲེལ་མོལ་ཡང་།།
སྲིད་སྐྱོང་ཁེངས་དྲེགས་ཅན་པོས་དུམ་བུར་གཏུབ།།
ལྷག་བསམ་གོམ་པའི་མདུན་བསྐྱོད་རྒྱ་རི་སོགས།།
ལས་ཀྱི་སྣེ་ནས་མཐོང་རྒྱུ་མེད་པ་བཟོས།།
ཤེས་འཇོན་ལྷག་བསམ་དཀར་པོ་དུང་འདྲ་བའི།།
དངོས་གྲུབ་དང་ནི་བདེ་སྐྱིད་ཆོས་དབྱིངས་སོགས།།
སྲིད་ཀྱི་སྟེགས་བུ་བཞག་ནས་འགྲོ་དགོས་བཟོས།།
དེ་ཡང་སྲིད་སྐྱོང་རང་གི་བྱས་ཉེས་ཡིན།།
ས་ཡ་དྲུག་གི་བདེ་བ་སྡུག་བསྔལ་རྣམས།།
ལོ་མང་ཕྲག་ཏུ་ཁུར་བའི་བྱས་པ་ཅན་།།
དབུ་མའི་ལམ་གྱི་རྒྱལ་སྲས་ཆེན་པོ་ཡང་།།
ཉེས་མེད་ཕྱིར་འབུད་བཏང་བའི་ཚུལ་ལ་ལྟོས།།
གནས་ལུགས་བདེན་པའི་དར་ཆ་སྒྲེང་བ་པོ།།
ཕོ་རབ་སྤེན་ཚེས་བདེན་པ་མཐའ་སྐྱེལ་གྱིས།།
བདེན་པའི་ཐ་ཚིག་བསྒྲགས་པའི་རྣོ་ངར་གྱིས།།
སྲིད་སྐྱོང་རྣ་བའི་ཡོལ་གོ་ཤེད་ཀྱིས་ཕུག།
ངོ་ཚའི་གོས་དང་བྲལ་བའི་སྲིད་སྐྱོང་ཉིད།།
མི་གཙང་ཕྱི་སའི་སྟེང་ནས་དཀྱིལ་དྲུང་གིས།།
ངག་ནས་ཁྲིམས་ཁང་ནང་ལ་གཏུགས་ཟེར་བ།།
སྤྱི་པའི་སྡིངས་ཆ་ཆེན་པོ་བེད་སྤྱོད་བཏང་།།
སྤྱི་མང་གཏུག་བཤེར་ཁང་གི་འགྲོ་ལུགས་ལྟར།།
ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱས་པའི་ཚེ།།
ཡ་ཡོལ་འཁྱོག་བཤད་དུ་མའི་བརྒྱུད་རིམ་ཁྲོད།།
ཉིན་འགྱངས་ཞག་ཕུད་གཡོ་སྒྱུའི་ལམ་ལ་ཆས།།
ཁྲིམས་ཀྱི་ཚངས་ཐིག་དྲང་མོའི་གཞུང་ལམ་ནང་།།
གཡོ་སྒྱུའི་ཚིག་ཉོག་དུ་མའི་ལྷད་བསྲེས་པ།།
ཁྲིམས་ཞིབ་ཁང་གིས་ངོས་བཞེས་མ་གནང་བ།།
རང་གི་དེ་ཉིད་མངོན་གསལ་ལྷང་ལ་བུད།།
ཡ་མཚན་བློ་ཡི་ཡོལ་གོར་མི་ཤོང་བའི།།
གནས་ཚུལ་གསལ་པོ་བཏོན་པའི་སྙན་ཐོའི་ནང་།།
ཁ་མཆུ་ངོས་བཞེས་རྩིས་མེད་དགོས་ཞེས་གསལ།།
རང་ལ་གདེང་ཚོད་མེད་པའི་རང་མཚང་བསྟན།།
གནས་ལུགས་བདེན་པའི་སྟོབས་ཤུགས་ཡོད་མདོག་གིས།།
ཁ་ཕོ་ཆེ་བའི་དཔལ་ལྡན་སྲིད་སྐྱོང་གིས།།
ཨ་རོ་ཁམས་པའི་རང་ཚུགས་མ་ཟིན་པ།།
ཝ་སྐྱེས་སེང་ལྤགས་གྱོན་པའི་རྗེས་ངན་གསལ།།
གསར་དུ་ཐོན་པའི་གྱོད་གཞི་གསར་པ་ཞིག།
མི་ལ་རང་བཙན་ཟེར་བའི་སྟག་ཤར་གྱིས།།
སྲིད་ཀྱི་རྐུབ་སྟེགས་མཐོན་པོའི་ཁྲིར་བཞུགས་པའི།།
སྲིད་སྐྱོང་འདོད་ལྷའི་བུ་བཞིན་འཁྲིག་རབས་གླེང་།།
བཙན་བྱོལ་སྤྱི་ཚོགས་གསར་པའི་མཁའ་དབྱིངས་ན།།
གནམ་བསྐོས་གོང་མ་ཆེན་པོའི་རང་སྣང་ཅན།།
སྲིད་སྐྱོང་བློ་སངས་དབང་ཆ་སྒེར་གཅོད་པའི།།
བྱེད་སྟངས་མ་ལུས་བྲིས་ན་རྫོགས་མཐའ་མེད།།
སྤེན་ཚེ་དང་ནི་མི་ལ་རང་བཙན་གཉིས།།
ཁྲིམས་ཀྱི་ཐོག་ནས་གསལ་པོ་མ་བཟོས་པར།།
རི་བོང་རྡོ་རྫུས་བྱས་ཏེ་འདུག་པ་ནི།།
ག་ནས་བལྟས་ཀྱང་གད་མོ་འཆོར་བའི་རྒྱུ།།
༢༠༡༨/༡༢/༢༩ ཉིན་ལ།
བོད་པས་བོད་པ་མེད་པ་བྱས་མྱོང་ཡོད།། བོད་པའི་བོད་ཆོས་འཐེན་འཁྱེར་བྱས་མྱོང་ཡོད།།
བོད་པས་བོད་པར་ཁྲོ་བརླག་བཏང་མྱོང་ཡོད།། བོད་པའི་བོད་ཐོག་ཏུ་བོད་མའི་དབང་ཐུབ་མེད།། དེ་བས་བོད་ལ་རྒྱ་དམར་དབང་བྱས་ན།། གཡོ་རྒྱུ་ཁྲམ་གསུམ་ཕྱི་ལ་འངོན་མི་ཐུབ།།
རང་བཙན་མི་དགོས་དབུ་མ་མི་དགོས་ལ།། ཆོལ་གསུན་མི་དགོས་འཐེན་འཁྱེར་མི་དཧིས་ལ།། ཆོས་དང་རིག་གཞུང་ཉམས་སྒྲུབ་ཆོག་པ་ཡིས།། དེ་ཀས་གང་ཡང་མི་དགོས་སོ་སོ།།
༧ གོ་ས་མཆོག་ནི་སྐུ་ཚེ་བརྟན་དགོས་ཡོད།། པན་ཆེན་ན་གཞོན་བཙོན་ལས་གྲོལ་དགོས་ཡོད།། ཆོས་དང་རིགས་གཞུང་ཉམས་སྒྲུབ་ཆོག་དགོས་ཡོད།། རང་བཙན་རང་ཟེར་མི་དགོས་་ལགས།།
དེ་དེ་བཞིན་ནོ།
གྲི་དང་སྟ་རེ་ཐོགས་པའི་ཇག་ཚོགས་ཀྱི་འགོ་བར།། ཟུར་ཟའི་སྙན་ཚིག་བསྐུར་བ་གླེན་པ་ཡི་ལས་ཀ།། ལྐོག་ཟའི་རྒྱལ་བོ་བློ་བཟང་སེང་གེ་ཡི་གདོང་ལ།། ཁྲེལ་དང་ངོ་ཚ་མི་འདུག་ཟེར་བ་ཡིས་ཅི་ཕན།།