གྱི་ན་བ་བཞག་ལྡོམ་དར་རྒྱས་ཀྱིས་གུས་ཕྱག་དང་བཅས་བསོལ་བ་འདེབས་པའི་སྙིང་པོར་། གུས་པ་ནི་ནམ་ཡང་༧གོང་ས་མཆོག་གིས་སྲོལ་བཏོད་པའི་གཉིས་སྨན་དབུ་མའི་ལམ་ལ་ཡང་དག་པའི་ཡིད་ཆས་དང་རྒྱབ་བསྐྱོར་བྱེད་མཁན་ཚོའི་གྲས་ཤིག་ཡིན་པའི་ཆ་ནས་། ཁྱེད་ཚོས་གཉིས་སྟོང་བཅུ་གཉིས་སྤྱི་ཟླ་ལྔ་བའི་ཚེ་བརྒྱད་ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ་”བཙན་བྱོལ་བོད་མི་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ནི། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལྟར་བོད་མི་དཀྱུས་མ་ཞིག་གིས་བོད་གཞིས་བྱེས་མི་མང་གིས་མངོན་འདོད་རྒྱ་གཞུང་ལ་དངོས་སུ་བརྡ་སྤྲོད་བྱེད་ཆེད། རང་ཉིད་བློས་གཏོང་གནང་བ་འདི་ནི་ཡོངས་སུ་རྒྱབ་སྐྱོར་གྱི་གནས་ཤིག་ཡིན་སྟབས། དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། ལས་འགུལ་འདི་ལྟ་བུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འབྱུང་ཐུབ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་ ” ཞེས་བོད་མི་ཚོའི་སྐར་ལྔའི་དར་དམར་མགོ་ལ་ཤར་དེ་ལས་འགུལ་སྤེལ་དགོས་བའི་སྐུལ་མ་བྱས་བའི་བསྐོར་ལ་གུས་བ་རང་གིས་བསམ་ཚུལ་འགའ་གཤམ་དུ་ཞུས་ན་བསམ་བྱུང་། ༧གོང་ས་མཆོག་གི་དྲ་ཚིགས་། དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད་ལས་”བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བའི་བོད་ཀྱི་ད་ལྟའི་གནས་བབ་ཁས་ལེན་མི་བྱེད་པ་དང༌། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད།”་གསུང་བ་དེར་ཕ་རོལ་རྒྱ་གཞུང་གིས་ངོས་ལེན་བྱེད་ཀྱི་ཕར་ཞོག་ཐ་ན་སྐད་ཆ་ཙམ་ཡང་མི་བཤད་པའི་སྐབས་སུ་བྱེས་འབྱོར་དབུ་མའི་ལམ་ལས་འགུལ་ཁང་གིས་གུང་ཁྲན་གྱིི་དར་དམར་བོད་མི་ཚོའི་འཁྱེར་དགོས་པའི་སྐུལ་མ་བཏང་བ་དེ་ནི་ཕྱོགས་གཅིག་ལ་སྟུན་ཐབས་ཁོ་ན་ཞིག་ལས་། དོན་དངོས་བོད་མིའི་ཚོགས་པ་ཕན་ཚུན་མི་འཆམས་པ་དང་། བོད་རྒྱ་ཆེ་མི་མང་གི་མགོ་རྨོངས་བ་དང་། སྤྱི་ཚོགས་སུ་འཆལ་གཏམ་སྣ་ཚོགས་ཀྱི་རྒྱུ་ལས་མ་འདས་ཞེས་གུས་བ་ངས་ངོས་འཛིན་བྱེད་ཀྱི་ཡོད་། རྒྱུ་མཚན་ནི་། སྐར་ལྔའི་དར་དམར་གྱི་རྐྱེན་ཀྱིས་བོད་ནས་གྲྭ་བའི་དགོན་པ་དང་། སློབ་མའི་སློབ་གྲྭ་དང་། ལས་བྱེད་པའི་བྱ་བ་དང་། མི་མང་གི་ཚེ་སྲོག་ཤོར་གྱིན་ཡོད་པ་ནི་ཉིན་ལྟར་གསར་འགྱུར་ལས་གོ་བ་དེ་རེད་། གལ་སྲིད་ཁྱེད་ཚོས་དེ་ལྟ་བུ་སྐུལ་མ་ཡང་ནས་ཡང་དུ་བྱ་ཡི་ཡིན་ན་། ང་དང་ང་ལྟ་བུའི་དབུ་མ་ལ་ཡིད་ཆས་དང་རྒྱབ་སྐྱོར་བྱེད་མཁན་ཚོས་གུས་ཞབས་མེད་ལ་དགའ་བོ་ནི་དེ་བས་ཀྱང་བྱེད་ཀྱི་མིན་ལ་ཐ་ན་སྐྱོན་བརྗོད་ཀྱང་བྱ་སྲིད་། རྒྱུ་མཚན་ནི་། དབུ་མའི་ལམ་ལས་འགུལ་ཁང་ནི་མི་བུ་ཁ་ཤས་ཀྱིས་རང་སྣང་གང་དྲན་མིན་པར་དབུ་མ་བ་ཡོངས་ཀྱི་ཚབ་བྱེད་ཀྱིན་ཡོད་པས་ཡིན་། མ་གཞི་དབུ་མའི་ལམ་མངོན་དུ་གྱུར་བར་རྒྱ་བོད་ཟུང་གིས་ཡང་དག་པའི་རྣམ་དཔྱོད་དང་། ཕན་ཚུན་གཞུངས་དྲང་། ལྷག་བསམ་རྣམ་དག གནས་ལུགས་བཅས་སུ་བརྟེན་ནས་ཡིད་ཆས་བསྐྲུན་ཅིང་དོགས་པ་དང་དཀའ་ངལ་མ་ལུས་བ་སེལ་དགོས་བ་ལས་། བོད་མིས་རྒྱ་དར་དམར་ལྷེམ་ལྷེམ་ཞིག་ལག་དུ་འཁྱེར་མིན་ལ་བརྟེན་པ་ཞིག་གང་ནས་ཡིན་། ལྷག་པར་དབུ་མའི་ལམ་ལ་དབུ་མའི་ལམ་དང་མཐུན་པའི་ལངས་ཕྱོགས་དང་གཏན་ཚིགས་ཤིག་ཡོད་པ་ལས་གདོང་ལ་གྱོན་པའི་མིག་ཤེལ་མདོག་འགྱུར་བཞིན་ཕྱིའི་རྐྱེན་ཅུང་ཙམ་དང་སྟུན་ནས་འགྱུར་ཆོག་ཆོག་ཅིག་ཡིན་གྱི་མ་རེད་། ལངས་ཕྱོགས་དེ་དང་གཏན་ཚིགས་དེའི་དབང་དུ་བྱས་ན་། གུན་ཁྲན་གཞུང་གིས་ནམ་ཞིག་ལ་དྲི་མ་དྲལ་ཞིང་དབུ་མའི་ལམ་གྱི་རིན་ཐང་དང་ཡོན་ཏན་ཧ་གོ་ན་མ་གོ་ཁུལ་མ་བྱེད་པར་ཚུར་བོད་མི་ཚོར་ཁས་ལེན་བྱེད་ན་། དུས་དེ་ནས་བཟུང་བོད་མི་ཚོས་རྒྱ་དར་ལག་ཏུ་འཁུར་ཅིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་དུའང་འདུག་གི་རེད་།
གཞན་གསལ་བོར་ཞུ་རྒྱུ་ཞིག་ནི་གླེང་ཚ་མ་བུ་གསུམ་གྱིས་རྒྱ་དར་ལག་དུ་ཐོགས་པའི་ལས་འགུལ་དང་། དབུས་གཞོན་ནུ་ལྷན་ཚོགས་ཀྱིས་སྐར་ལྔའི་དར་དམར་མེར་བསྒྲོན་པའི་ལས་འགུལ་དག་ལ་གུས་བས་བསྟོད་པ་དང་སྨད་པ་གང་ཡང་བྱེད་ཀྱི་མེད་། རྒྱུ་མཚན་ནི་། མང་གཙོ་སྤྱི་ཚོགས་གང་ཞིག་ཡིན་ཡང་ཀུན་ལ་གཏམ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། ལས་འགུལ་རང་དབང་སོགས་ཡོད་པས་ཡིན་།
མཇུག་ཏུ་གུ་བས་བཤད་པ་འདི་ནི་རང་ཉིད་བོད་པ་ཞིག་ཡིན་པ་དང་ལྷག་པར་དབུ་མའི་ལམ་ལ་ཡིད་ཆས་དང་རྒྱབ་བསྐྱོར་ཡོད་མཁན་ཞིག་ཡིན་པའི་ཆ་ནས་འགན་དང་ཐོབ་ཐང་གཉིས་ཀྱི་སྒོ་ནས་ཁྱེད་ཚོ་ལས་བྱེད་ཡོངས་ལ་ཡར་ཞུ་བྱེད་པ་ལས་སེམས་ཀྱི་དགའ་སྡུག་དང་རང་སྣང་གང་ཤར་མིན་པའི་དབུ་མའི་ལམ་ལས་འགུལ་ཁང་གི་ལས་བྱེད་ཚོའི་ཐུགས་དགོངས་དང་ཡོངས་སུ་འགལ་ཡོད་ན་བཟོད་པ་སྒོམ་རོགས་ཞུ་ཞུ་ཞུ་། །
གུས་བ་བཞག་ལྡོམ་པ་དར་རྒྱས་ཀྱིས་སྤྱི་ལོ་༢༠༡༢ /༥/ ༡༠ ཉིན་ཨ་རི་ནས་གུས་བའི་ཕུལ་།
ཐུགས་ཆུང་ཆུང་ཐུགས་གཡེང་གནང་མི་དགོས།
རྡོ་ཆུང་ཆུང་རླུང་བུས་ཁྱེར་དོགས་མེད།
ཁྱེར་ཟེར་ན་རྡོ་བ་ཡིན་དོགས་མེད།
ཨ་རོགས་བཞག་ལྡོམ་པ་ཁྱེད་ཐུགས་ཁྲལ་གནང་མི་དགོས།
དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དབུ་མ་བ་འོངས་ཀྱི་ཚབ་མཚོན་མི་ཐུབ་ལ། ལས་འགུལ་ཁང་དེ་པད་མའི་ལས་གཞིའི་ནང་མི་ཚུད་པའི་རྡ་སའི་མི་འཁྱམས་ཁ་ཤས་ཀྱི་འཚོ་རྟེན་རེད་མ་གཏོགས། མི་མང་གིས་བརྩི་བཀུར་དང་ཁས་ལེན་ཞུ་སའི་ཚོགས་པ་གལ་ཆེན་དེ་འདྲ་གང་ཡང་མིན་པས་སོ།
དབུ་མ་ཡོངས་ཀྱི་
དར་རྒྱས་ལགས། ཞུ་བ་ཕུལ་ས་ནོར་འདུག དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་དེ་རྡ་སར་བརྟེན་གཞི་བྱས་པའི་རྒྱ་མིའི་ལས་དོན་རུ་ཁག་རེད། ཁོང་ཚོར་ཏང་གི་བཀའ་དང་ལས་དོན་བསྒྲུབ་རྒྱུ་ཡོད། ཁྱེད་རང་སེམས་ཆུང་གནང་མི་དགོས།
འདི་ཡང་ཨ་མདོ་བ་ཞིག་ཡིན་ཐག་ཆོད་རེད། དངོས་གནས་འགོ་འཚོས་མི་འདུག རྒྱལ་དར་མཉམ་འཕྱར་གྱི་འདི་འདྲའི་ལས་འགུལ་སྤེལ་རྒྱུར་དབུ་མའི་ལམ་གྱི་རྩ་དོན་སྒྲུབ་རྒྱུར་ཕན་ཐོག་ཡོད་པ་གསལ་བོ་རེད་མ་གཏོགས། དར་ཆ་མཉམ་འཕྱར་བྱས་པ་ཙམ་གྱིས་རང་སྐྱོང་གི་རྩ་དོན་བློས་གཏོང་བྱས་ཡོད་པ་མ་རེད། མ་གཞི་ནས་སྐད་ཆ་བཤད་ན་འགོ་འཚོས་པ་གནང་རོགས། སྐུ་མཁྱེན། གསུང་མཁྱེན། སྲེག་པ་དང་སྒྲེང་བ་གཉིས་ཀ་བསམ་འཆར་མེད་ལ་ཁྱི་ཁ་བཙུམ་ནས་བཞུགས་རོགས། ཁྱེད་དབུ་མ་པ་ཞིག་ཡིན་ན། དར་ཆ་སྲེག་པ་དེ་འཚེ་བའི་ལས་ཀ་ཡིན་མིན་ལ་དགོངས་པ་བཞེས་མི་དགོས་སམ། འཚེ་བ་ཅན་ཟེར་བ་དེ་མེ་མདའ་སྦོམ་རྐྱང་པ་ཐོག་རྒྱུ་མ་རེད། སྒྲོ་ལོར་གྱི་རྐུབ་ལ་འབྲངས་ཏེ་ཁ་རྒྱགས་པ་བཤད་རྒྱུ་ལས། དངོས་གནས་དྲང་གནས་བོད་དོན་བློས་མ་གཏོང་བར་ལས་ཀ་བྱེད་སར་ཡོང་ནས་འགོ་འཚོས་པ་གནང་ནས་སྐད་ཆ་བཤད་ན་ཅིས་མི་དགའ། མི་འདི་ཚོ་ཉོབ་པ་ལ།
དགྲ་བོའི་མེ་མདའ་བོད་མིའི་གདོང་ལ་གཏད།།
བོད་མིས་དགྲ་དར་མགོ་ལ་འཕྱར་བ་འདིས།།
ཕུ་ནུ་ནང་དཀྲུགས་རྒྱག་པའི་ལག་ཆ་ལས།།
བོད་ལ་ཕན་པའི་ལས་སུ་འགྱུར་བར་དཀའ།།
དབུ་མའི་ལས་མགུལ་ཁང་འདི་སུས་བཙུགས་པ་རེད་་་་་མྱི་ལྡང་ཁ་ཤས་ཀྱིས་རང་གི་ལྟོ་རྒྱབ་ཁོ་ནའི་ཆེད་དུ་བཙུགས་པ་ཞིག་རེད་དམ། ཁྲིམས་མཐུན་གྱི་དབུ་མ་པའི་ཚབ་མཚོན་ཐུབ་པའི་ཚོགས་པ་ཞིག་རེད། ཚོགས་པ་འདིས་ད་བར་དུ་བོད་ཀྱི་དབུ་མ་བ་དང་་རྒྱག་ནག་གི་དབུ་མ་བ་གཉིས་ཀའི་ལྟ་བའི་ཐོག་ནས་སློབ་འཁྲིད་གནང་གིན་ཡོད་དམ། ཡང་ན་རྒྱ་ནག་ཧ་ཤང་རྒན་པོ་དེའི་ལྟ་བ་བོད་མིས་གླེང་བཞིན་པའི་དབུ་མའི་ལྟ་བར་བསྒྱུར་ཐབས་བྱེད་ཀྱིན་ཡོད། གང་ལྟར་འདི་བོད་སྲིད་གཞུང་གི་ཡན་ལག་ཚོགས་པ་གལ་ཆེན་ཞིག་རེད་པས།
བཀུར་འོས་རྒྱལ་མཚན་ལགས་་་་་་ཕྲན་གྱིས་དྲ་གནས་ཀྱི་གོ་སྐབས་འདི་བརྒྱུད་ཉིད་ཀྱིས་དྲ་ཐོག་ཏུ་བཏོན་གནང་བའི་མཆན་འགྲེལ་དེའི་ནང་གི་ཚིག་དུམ་ཞིག་གི་སྐོར་ལ་བཀའ་འདྲི་ཤིག་ཞུ་དགོས་བྱུང་། ་་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་དེ་རྡ་སར་རྟེན་གཞིར་བྱས་པའི་རྒྱ་མིའི་ལས་དོན་རུ་ཁག་རེད་་ཅེས་བའི་ཐད་ལ་སྐུ་ཉིད་ཀྱིས་དེའི་བྱུང་རིམ་དང་དམིགས་འབེན་སོགས་ཅི་ཡིན་བསྐོར་ལ་གང་ལྕོགས་ཀྱིས་གསལ་བཤད་ཅིག་བྱེད་ཐུབ་ན་བོད་གཞུང་མང་གཉིས་ལ་ཐུགས་ཕན་གང་འཚམས་རེ་མེད་འགྲོ་སྙམ། གང་ལགས་ཞུས་ན། གཞན་ཕ་རོལ་བོ་རྒྱ་གཞུང་ཡིན་ཡང་ཁོང་ཚོའི་བསམ་པ་ལ་ཡུན་རིང་གནག་པའི་གཡོ་ཐབས་ཀྱི་ལྐོག་ཇུས་རེ་ངན་དེ་འགྲུབ་མ་སོང་བསམ་པའི་ཞུམ་པའི་བློ་ཞིག་ངང་གིས་ཆགས་འགྲོ་བ་དང་། དེར་མཚུངས་ང་ཚོས་དངོས་ནས་དེ་དང་དེ་ལྟ་བུའི་རིགས་ལ་ཕྱིན་ཆད་ལས་འགུལ་གང་སྤེལ་ཡང་མ་འཛོལ་བ་དང་འཁྲུལ་བ་ཞིག་གི་སྒང་ལ་འགྲོ་ཐུབ་པའི་དགེ་མཚན་ཆེ།
མ་ཟད་དེ་འདྲའི་ཚོགས་པ་ལ་སླད་མར་བཀའ་བློན་ཁྲི་ཟུར་དང་སྤྱི་འཐུས་ཚོགས་གཙོ་སོགས་ཆེད་ཕེབས་མ་གནང་ན་ཡག་པོ་མེད་འགྲོ། མདོར་ན་དེའི་ཐད་ལ་འགྲེལ་བཤད་གནད་ལ་སྨིན་པ་ཞིག་ཡོད་པ་གལ་ཆེ
དར་རྒྱས་ལགས་ཀྱི་གསུངས་པ་དེ་དེ་བཞིན་ནོ། མངོན་པར་བསྟོད་དོ།
ཤར་ཁུག་ལྟ་བུ་མི་འཁྱམས་དེ་ཚོའི་འཚོ་བའི་འགྲོ་གྲོན་ཙམ་གྱི་ཆེད་དུ་རྒྱ་ནག་གི་དར་ཕྱོར་དུང་བུས་ནས་རྒྱ་ནག་ཏུ་ཤར་བསྐྱོད་བྱོས།
རྡ་སའི་མི་འཁྱམས་དེ་ཚོ་བོད་བསྟན་པ་ཆབ་སྲིད་རྒྱ་སྒོར་དང་དགྲ་དར་ལ་མ་བརྗེ་རོག
ཁ་བྱང་ལ་བསྐུར་འོས་ཟེར་འདུག ད་ག་རེ་བསྐུར་འོས་གི་འདུག་གམ།
མེ་ཏོག་དཀར་པོ་ལགས། བསྐུར་འོས་ཟེར་ན་རྩམ་སྐྱ་རླུང་ལ་བསྐུར་མཁན་དང་སྔོ་ལོ་རྒྱལ་མཚན་བསྒྲེངས་མཁན་ལ་ཟེར་གྱི་ཡོད་པ་རེད། ཤེས་བྱ་ཀུན་འདུས་ཀྱི་ཚིག་མཛོད་ལ་གཟིགས་དང་།
ཨ་རོགས་མྱི་ལྡང་། ང་ཚོ་ཨ་མདོའི་ཐན་ཞྭ་ནག་པོ་འདི་སྲོག་ཆགས་ཅི་འདྲ་རེད། ངོ་མ་སྙིང་ན་གི་ཡ།
ཚེ་བརྟན་རྡོ་རྗེས་རྒྱ་ནག་གི་དར་ཆ་འཕྱར་བ་དེས་བོད་འདི་རྒྱ་ཁོངས་ཡིན་པར་ངོས་ལེན་བྱས་པ་མིན་ལ། ད་ལྟའི་བོད་ནང་གི་གནས་སྟངས་དང་འདས་པའི་ལོ་རྒྱུས་ནག་བསུབ་བཏང་བ་དེ་བས་ཀྱང་མིན། ཁོས་གོམས་བགྲོད་ལས་འགུལ་འདི་སྤེལ་བའི་དམིགས་ཡུལ་དོན་ཚན་དུ་བགོས་ནས་གསལ་བོར་བརྗོད་ཟིན་པ་དེ་ལ་གཟིགས་དང་། ལས་འགུལ་འདིའི་དམིགས་ཡུལ་ནི་སྔོན་འགྲོའི་ཆ་རྐྱེན་བཏོན་པ་དེ་རྒྱ་གཞུང་གིས་ལག་ལེན་བྱ་དགོས་ཟེར་བ་མ་གཏོགས། ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་ལ་མགོ་སྒུར་བ་མ་ཡིན་པ་ཚང་མས་ཤེས་ན་ལེགས།
དྲ་གྲོགས་ཁ་ཤས་འུར་འདྲོགས་ལངས་ནས་རྒྱ་ནག་གི་དར་ཆ་འཕྱར་དོན་གང་ཡིན་མི་དཔྱོད་པར་ཅ་ཅོ་སྒྲོག་པ་འདི་ལ་ཕན་ཐོགས་ཅང་མེད་དོ།།
ད་དུང་གནད་འགག་ཅིག་ནི། ཚེ་བརྟན་རྡོ་རྗེའི་གོམ་བགྲོད་ལས་འགུལ་དང་དེའི་དགོས་འདོད་གང་ཡིན་དེ་གཙོ་བོ་ཡིན་པ་དང་། རྒྱ་ནག་གི་དར་ཆ་འཕྱར་བ་དེ་ལས་འགུལ་གྱི་དགོས་འདོད་དང་འབྲེལ་བ་མེད་པའི་ཞར་བྱུང་རྣམ་འགྱུར་ཞིག་སྟེ་རྒྱ་ནག་མི་མང་ལ་བརྩི་བཀུར་བྱས་པ་ཙམ་ཡིན།
འོན་ཀྱང་སྲིད་དོན་ཚོགས་པ་ལ་ལས་འབྲེལ་མེད་ཞར་བྱུང་གི་རྣམ་འགྱུར་དེ་ལས་འགུལ་གྱི་དམིགས་འབེན་ལྟ་བུར་སྙད་བཏགས་ནས་ངར་ངར་རྫིག་རྫིག་གིས་ངོ་རྒོལ་ལམ་རྒྱབ་སྐྱོར་གྱི་གསལ་བསྒྲགས་སྤེལ་འདུག འདི་ངོ་མ་དགོད་བྲོ་ལ་ངུ་ཡང་བྲོ་བའི་གནས་ཤིག་ལས་མ་འདས་སོ།།
བཞག་སྡོམ་དར་རྒྱལ་ལ་དྲི་བ།
གལ་ཏེ་དབུ་མའི་ལམ་གྱི་ཆ་རྐྱེན་བཞིན་རྒྱའི་ཆབ་སྲིད་སྒྲོམ་གཞིའི་འོག་སྡོད་རྒྱུ་བྱུང་ན་ཁྱོད་ལ་མོས་མཐུན་ཡོད་ཡོད་རེད། རྒྱུ་མཚན་ནི་ཁྱོད་ཀྱིས་ལམ་དབུ་མར་རྒྱབ་སྐྱོར་གནང་བའི་ཕྱིར།
དེ་ལྟར་ཡིན་ན། སྐབས་དེར་ཁྱོད་ཀྱིས་དར་དམར་བསྒྲེངས་ཀྱིན་མིན་ཟེར་རམ་ཅང་མི་ཟེར་བར་སྡོད་རྒྱུ་ཡིན།?
དང་པོ་ལྟར་ན། རྒྱལ་ཁབ་ཀྱི་འོག་ཏུ་སྡོད་ལ། དེའི་རྒྱལ་དར་འོག་མ་བསྡད་མཁན་ཞིག་ས་ཆ་གང་དུ་འདུག་ཤོད་ཤོག།
གཉིས་པ་ལྟར་ན། ད་ལྟ་ཡང་རྒྱབ་སྐྱོར་མ་ཐུབ་ཀྱང་ཁུ་སུམ་སུམ་བསྡད་ན་བཟང་།
བདེ་མོ།
ངའི་འཕྲིན་ཀློག་མཁན་ཚོས་བསམ་ཚུལ་བརྗོད་པར་གུས་བས་དགའ་སུ་དང་། འཕྲིན་གྱི་ནང་དུ་ཡིག་ནོར་འགའ་རེ་ཤོར་འདུག་པས་དགོངས་འགལ་མེད་པར་ཞི་། དག་བཅོས་། བསྐུར་འོས་ཞེས་བ་དེའི་དག་ཆ་བཀུར་ཡིན་།
༡༥༽ ལོ་མ་ལྗང་ཁུ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༡ གི་ཆུ་ཚོད་ ༧ སྐར་མ་ ༢༣
ངའི་འཕྲིན་ཀློག་མཁན་ཚོས་བསམ་ཚུལ་བརྗོད་པར་གུས་བས་དགའ་སུ་དང་། འཕྲིན་གྱི་ནང་དུ་ཡིག་ནོར་འགའ་རེ་ཤོར་འདུག་པས་དགོངས་འགལ་མེད་པར་ཞུ་། དག་བཅོས་། བསྐུར་འོས་ཞེས་བ་དེའི་དག་ཆ་བཀུར་ཡིན་།
ཤར་ཁུག་ནག་རིམ་མའི་ཁྱི་བཤད་ལས་དབུ་མའི་ལས་འགུལ་ཁང་གིས་རྒྱ་ནག་རྒྱལ་དར་འཕྱར་བར་རྒྱབ་སྐྱོར་དང་དེ་༧གོང་ས་མཆོག་གི་དགོངས་གཞི་དང་བཙན་བྱོལ་གཞུང་སྲིད་བྱུས་ལའང་མཐུན་ཚུལ་གྱི་ཤོབ་རིང་ལུང་བ་གང་བསྒྲགས་པ་ཡོད་ལ། དེ་རིང་བོད་ཀྱི་བང་ཆེན་གྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་བཅར་འདྲི་བྱས་པའི་ནང་བཀུར་འོས་ཚོགས་གཙོ་མཆོག་གིས”བོད་ཀྱི་དཀའ་རྙོག་གང་ཡང་མ་སེལ་བ་དང་རྒྱ་ནག་གིས་ངོས་ལེན་གཙང་མ་ཞིག་ཀྱང་མེད་པའི་དུས་ཚོད་ཅིག་ལ། དེ་སྔ་ཡང་རྒྱ་ནག་གི་རྒྱལ་དར་བེད་སྤྱོད་བཏང་ཡོད་མ་རེད་ལ་ད་ལྟ་ཡིན་ན་ཡང་གཞུང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལས་འགུལ་སྤེལ་བའི་སྐབས་ལ་རྒྱ་དར་བེད་སྤྱོད་གཏོང་བའི་འཆར་གཞི་ཡང་ཡོད་མ་རེད་ལ། བེད་སྤྱོད་གཏོང་དགོས་པའི་རྒྱུ་མཚན་ཡང་ཡོད་མ་རེད། ”ཞེས་གསུངས་འདུག འདིས་ཤར་ཁུག་གི་ཁྱི་བཤད་ཀྱི་རྐུང་བརྡོལ་བ་མི་ཡིན་ནམ།
ཤར་ཁུག་ནག་རིམ་མའི་ཁྱི་བཤད་ལས་དབུ་མའི་ལས་འགུལ་ཁང་གིས་རྒྱ་ནག་རྒྱལ་དར་འཕྱར་བར་རྒྱབ་སྐྱོར་བྱ་རྒྱུ་དང་། དེ་༧གོང་ས་མཆོག་གི་དགོངས་གཞི་དང་བཙན་བྱོལ་གཞུང་གི་སྲིད་བྱུས་ལའང་མཐུན་ཚུལ་གྱི་ཤོབ་རིང་ལུང་བ་གང་བསྒྲགས་ཡོད་ལ། དེ་རིང་བོད་ཀྱི་བང་ཆེན་གྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་བཅར་འདྲི་བྱས་པའི་ནང་བཀུར་འོས་ཚོགས་གཙོ་མཆོག་གིས”བོད་ཀྱི་དཀའ་རྙོག་གང་ཡང་མ་སེལ་བ་དང་རྒྱ་ནག་གིས་ངོས་ལེན་གཙང་མ་ཞིག་ཀྱང་མེད་པའི་དུས་ཚོད་ཅིག་ལ། དེ་སྔ་ཡང་རྒྱ་ནག་གི་རྒྱལ་དར་བེད་སྤྱོད་བཏང་ཡོད་མ་རེད་ལ་ད་ལྟ་ཡིན་ན་ཡང་གཞུང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལས་འགུལ་སྤེལ་བའི་སྐབས་ལ་རྒྱ་དར་བེད་སྤྱོད་གཏོང་བའི་འཆར་གཞི་ཡང་ཡོད་མ་རེད་ལ། བེད་སྤྱོད་གཏོང་དགོས་པའི་རྒྱུ་མཚན་ཡང་ཡོད་མ་རེད། ”ཞེས་གསུངས་འདུག འདིས་ཤར་ཁུག་གི་ཁྱི་བཤད་ལུང་བ་གང་དེའི་རྐུབ་བརྡོལ་བ་མ་ཡིན་ནམ།
ད་ངོ་མ་དྲ་ཚིགས་འདི་ཡང་མི་མི་དགའ་ས་ལ་དམོད་དམོད་གཏོང་ས་དང་། ནང་ཁུལ་ལ་དཀྲུག་ཤིང་རྒྱག་སའི་གླེང་སྟེགས་ཙམ་ལས་མི་འདུག ཁ་ཁོམ་སོང་། ལག་ཁོམ་སོང་ན་མི་ཡོད་ཡོད་ཚད་ཚད་ལ་ཁ་རེ་གཏོང་རྐྱང་བྱེད་པ་འདི་ངོ་མ་ཐབས་སྐྱོ་བོ་ཞིག་རེད། དེ་མིན་རྒྱ་མིའི་གསང་མྱུལ་བ་ཟེར་ན་ངོ་མ་གདོང་ལ་རས་ཤིག་དཀྲིས་ཏེ་སྲང་ལམ་དུ་འགྲོ་མི་དགོས་པར་རང་ཁྱིམ་ནས་ཇ་རེ་འཐུང་ཞོར་དུ་དྲ་ཐོག་ཏུ་མཆན་རེ་བྲིས་ནས་བསྡད་ན་ངོ་མ་ཁོང་ཚོའི་དམིགས་ཡུལ་གང་འཚམས་ཤིག་འགྲུབ་འགྲོ་ས་རེད། སྙིང་མ་རྗེ་ཁྱོད་ཚོ་གང་དུ་ཁྲིད་ཁྲིད་རེད་འདུག་ག ངོ་མ་ཐབས་སྐྱོ་བོ་འདུག ཤུ་ཤུ་་་་་་་་་་་་ངོ་མ་ཐང་ཆད་སོང་རུང་་་་་་རང་ཉིད་བོད་མི་ཞིག་ཡིན་ཕྱིན་གླེན་ལྐུགས་འདི་ཚོར་་་་་ཤུ་ཤུ་་་་རེ་བ་རེ་མི་ཞུ་ཀ་མེད་རེད། གང་ལྟར་ཡང་ང་ཚོ་སུ་ཡིན་རུང་ཞབས་འདྲེན་རེ་མི་ཞུ་བའི་རེ་བ་ཡོད་སྟབས་་་་་འདིར་མཆན་སྤེལ་མཁན་ཚོར་ངོ་མ་ལྷག་བསམ་དང་སེམས་ཤུགས་རེ་ཡོད་ན་ལས་འགུལ་སྤེལ་ཕྱོགས་ཀྱི་ནོར་འཁྲུལ་རེ་བྱུང་སོང་ན། རང་ཉིད་ཀྱིས་དེའི་བཟློག་ཕྱོགས་ཀྱི་བསམ་ཚུལ་བཟང་ས་ཞིག་ནས་ཐབས་ལམ་ཞིག་འཚོལ་ཐབས་བྱེད་རོགས། རང་ཉིད་ནས་འགོ་བཙུགས་ཏེ་ལས་འགུལ་རེ་སྤེལ་རོགས་ཞེས་འབོད་སྐུལ་བྱེད་རྒྱུ་ཡིན།
ཨ་ཕོ་བློ་བཟང་ལགས་།
གལ་སྲིད་གུན་ཁྲན་སྲིད་གཞུང་གིས་རིན་ཐང་ལྡན་ལ་ཡང་དག་པའི་གཉིས་སྨན་དབུ་མའི་ལམ་གྱི་ཆ་རྐྱེན་ཡོངས་རྫོགས་ངོས་ལེན་དང་ལག་ལེན་ནམ་བྱེད་ན་དུས་དེར་རྒྱ་ནག་གི་རྒྱ་དར་ལ་འགྱུར་བ་སོང་མེད་ན་བོད་མི་ཚོ་དེའི་འོག་གམ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་དུ་འདུག་གི་རེད་། རྒྱུ་མཚན་ནི་དབུ་མའི་ལམ་གྱི་ལངས་ཕྱོགས་དེ་ཡིན་པས་སོ་། ཡིན་ནའང་ཤེས་དགོས་བ་ཞིག་ལ་རྒྱ་ནག་དེའང་རྒྱལ་ཁབ་གཞིན་འགྱུར་བའི་ཆོས་ཉིད་ཅིག་ཡིན་པ་ཤེས་དགོས་།
གུང་ཁྲན་
མཐའ་བཞི་མཐའ་བརྒྱད་བྲལ་བའི་མཐའ་ཐུག་གི་གནས་ལུགས།
ཀུན་རྫོབ་དོན་དམ་དབང་དུ་ཡོད་ཡོད་དང་མེད་མེད།
སྤང་བྱའི་སྒྲིབ་པ་སྤངས་ཅིང་རྟོགས་བྱའི་རྣམ་རྟོག་ཀྱང་།
ཐེག་ཆེན་ཐེག་དམན་དབང་གིས་བྱང་སེམས་དང་དགྲ་བཅོམ།
སྙིང་ཉེ་སྤུན་མཆེད་རྣམས་ལ་ཞེན་ཆགས་ཡང་སྤང་ཟེར།
ཕ་བསད་དགྲ་བོའི་ཚོགས་ལ་གནོད་པ་ཡང་སྤང་ཟེར།
ཕ་མེས་ཡང་མེས་རྒྱུ་ནོར་སློང་མོ་བར་སྦྱིན་ཟེར།
ཕ་རོལ་གཞན་གྱི་དོན་དུ་རང་སྲོག་ཡང་དོར་ཟེར།
ཀླུ་སྒྲུབ་ཟླ་གྲགས་ཐར་བའི་ཤིང་རྟ་ཞིག་ཡིན་ཟེར།
ཐོགས་མེད་དབྱིག་གཉེན་མཁས་པའི་གཙུག་རྒྱན་ཞིག་ཡིན་ཟེར།
ས་སྐྱ་པཎྜི་ཏ་ཡང་ཁོང་ཚོ་དང་འདྲ་ཟེར།
གོ་བོ་རབ་འབྱམས་པ་ནི་ཀུན་མཁྱེན་ཞིག་ཡིན་ཟེར།
ཁོང་ཚོས་བཤད་ཚད་འཁྲུལ་མེད་གནས་ལུགས་ཀྱང་ཡིན་ཟེར།
གཞན་གྱིས་བཤད་པ་རྟག་ཆད་གང་རུང་ལས་མེད་ཟེར།
སྔོན་བྱོན་གྲགས་ཆེན་མཁས་པའི་བསྟན་བཅོས་ལ་བལྟས་ཚེ།
མདོ་མེད་འཁྱམས་པོ་བུ་ངའི་མགོ་བོ་ཡང་ན་སོང་།
དེ་བོད་ནས་འབྱོར་བྱུང
གླིང་ཚ་མ་བུ་གསུམ་གྱི་བློས་གཏོང་དང་ཆོད་སེམས་ལ་གུས་བཀུར་འགྱུར་བ་མེད་པ་ཡོད། གཞོན་ནུས་ལང་ཕྱོགས་དང་མཐུན་པའི་གསལ་བསྒྲགས་ལའང་བསམ་ཚུལ་གང་ཡང་མེད། འོན་ཀྱང་མི་སྣ་ངན་དགུ་འཛོམས་པའི་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་འདིས་གླིང་ཚ་མ་བུ་གསུམ་གྱི་བློས་གཏོང་གི་ཞབས་རྗེས་ནག་བསུབ་གཏོང་བཞིན་འདུག་པས་ཁྱེད་ཅག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཡིན་ན་བྱེད་སྟངས་ཤེས་པ་གནང་རོགས། བསམ་བཞིན་དུ་ནག་བསུབ་གཏོང་བཞིན་ཡོད་ན་ཅི་བྱ་གཏོལ་མེད་རེད། གང་ལྟར་ཁྱོད་ཚོས་དབུ་མའི་ལམ་གྱི་གཟེངས་རྟགས་དེ་དག་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཁག་ལེན་མཁན་ཡོང་བའི་རེ་བ་མེད་ཀྱང་བསྔོས་མ་ཐུབ་པ་དེ་ཁྱེད་ཅག་གི་ཕམ་ཁ་རེད། གཞན་ཁྱེད་ཅག་ད་ལྟའི་ཆར་གུང་ཁྲན་ཏང་ཡོན་དངོས་སུ་གྱུར་ཟིན་པ་རེད། འོན་ཀྱང་དུས་ཚོད་ཅུང་ཟད་སྔ་ཕྱི་ཙམ་ལས་འགྱུར་རྒྱུ་ཉག་གཅིག་རེད། བསྟོད་མ་ཤེས་པས་བསྟོད་པ་ལས་སྨད་མ་ཤེས་པས་སྨོད་པ་དགའ་ཟེར་བའི་གནའ་གཏམ་དེར་བདེན་ཁ་མི་སྟེར་ཐབས་མེད་བྱུང་། ཇི་འདྲའི་སྐྱུག་བྲོ་བའི་བསྒྲགས་གཏམ་འདིས་ཚེ་རྡོར་མ་བུ་གསུམ་གྱི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཐུབ་འདུག་གམ།