རྒྱ་གར་སྐད་དུ།།ཨཱརྱ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏཱ་པ་ཏྲེ་ཨ་པ་རཱ་ཛི་ཏ་མ་ཧཱ་པྲ་ཏྱངྒིར་བ་ར་མ་སིདྡྷ་ནཱ་མ་དྷཱ་ར་ཎི།།
བོད་སྐད་དུ།།འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོག་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་།།འཕགས་པ་ཉན་ཐོས་དང་།།རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ།།བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པ་གཙུག་ཏོག་རྒྱལ་མོ་ལ་ཕྱག་འཚལ་ལོ།
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།།བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཆོས་བཟང་ལྷའི་མདུན་ས་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་།།བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་།།ལྷའི་དབང་བོ་བརྒྱ་བྱིན་དང་ཐབས་གཅིག་ཏུ་བཞུགས་སོ།།དེའི་ཚེ་བཅོམ་ལྡན་འདས་གདན་གཤམས་པ་ཉིད་ལ་བཞུགས་ནས་གཙུག་ཏོར་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོངས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་གཙུག་ཏོག་གྱི་དབུས་ནས་གསང་སྔགས་ཀྱི་ཚིག་འདི་དག་ཕྱུང་ངོ་།།སངས་རྒྱས་ལ་ཕྱག་འཚལ་ལོ།།ཆོས་ལ་ཕྱག་འཚལ་ལོ།།དགེ་འདུན་ལ་ཕྱག་འཚལ་ལོ།།ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ལ་ཕྱག་འཚལ་ལོ།།བྱང་ཆུབ་སེམས་དཔའི་དགེ་འདུན་དང་།།ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ།།འཇིག་རྟེན་ན་དགྲ་ བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པའི་དྲང་སྲོང་ཕན་འདོགས་ནུས་པ་རྣརྣམས་ལ་ཕྱག་འཚལ་ལོ ། །རིག་སྔགས་འཆང་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །དབང་བོ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་པའི་བདག་པོ་དང་བཅས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་པདྨའི་ གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ནོར་བུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གླང་བོའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀླུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བེེཊཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་བོ་མེ་ཏོག་ཀུན་ཏུ་རྒྱས་པ་ལ་ཕྱག་ འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རིན་པོ་ཆེན་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུཏྤ་ལའི་ དྲིའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས། །བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་འདིས་འབྱུང་བོའི་གདོན་ཐམས་ཅད་ཚར་གཅོད་པར་བྱེད་པ། །གཞན་གྱི་རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། །དུས་མ་ཡིན་པར་འཆི་ཐམས་ཅད་ལས་ཟློག་པ། །སེམས་ཅན་གསོད་པ་དང་བཅིངས་པ་ཐམས་ཅད་ལས་སྒྲོལ་བ། །སྡང་བ་དང་རྨི་ལམ་ངན་པ་ལྟས་ངན་པ་ཐམས་ཅད་ཟློགཔ། །གནོད་སྦྱིན་དང་སྲིན་པོའི་གདོན་ཐངས་ཅད་འཇིག་པར་བྱེད་པ། །གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇིག་པར་བྱེད་པ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ། །གཟག་ཆེན་པོ་བརྒྱད་འཇིག་པ་བྱེད་པ། །དགྲ་ཐམས་ཅད་ཟློག་པ་བྱེད་པ། །མ་རིངས་པ་དང་། །སྡང་བ་དང་། །རྨི་ལམ་ངན་པ་ཐངས་ཅད་འཇིག་པ་བྱེད་པ། །དུག་དང་མཚོན་ཐམས་ཅད་དང་། །མེ་དང་ཆུ་ལས་ཟློགས་པར་བྱེད་པ། །ངན་འགྲོའི་འཇིགས་པ་ཐམས་ཅད་ལས་སྒྲོལ་བ་སྟེ། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་པ་ཆེན་མོ་ སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །དཀར་ཆེན་འབར་ཕྲེང་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོའི་རྗེའི་མཚན། །གཞན་གྱིས་མི་ཐུབ ་ཕྲེང་བ་ཅན། །རྡོ་རྗེ་མཆུ་ཅན་རྣམ་སྒེག་མོ། །ཞི་བ་ལྷ་རྣམས་ཀྱིས་མཆོད་མ། །ཞི་བ་གསེར་གྱི་ཕྲེང་བ་ཅན། །དཀར་ཆེན་འབར་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་སྟོབས་མོ་ཆེ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང་། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །ལག་ན་རྡོ་རྗེ་རིག་གསེར་ཕྲེང་། །ལེབ་རྒན་རྩི་དང་རིནིཆེན་མ། །སྣང་མཛད་རྡོ་རྗེ་གཙུག་ཏོག་ གྲགས། །ཕྱག་རྒྱ་དང་སྔགས་ཀྱི་ཚོགས་དེ་དག་ཐམས་ཅད་ཀྱིས་བདག་ཅག་འཁོར་དང་བཅས་པ་དང་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ། །
ཨོཾ་སརྦྦ་ཏ་ཐཱ་ག་ཏོ་ཥྞི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། ཛམྦྷ་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། སྟམྦྷ་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། མོ་ཧ་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿ་ཥྚོཾ། །ལམྦྷ་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། །བ་ཧ་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། པ་ར་བི་ཥ་བྷཀྵ་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། །སརྦྦ་དུ་ཥྚ་པྲ་དུ་ཥྚ་ནཱི་སྟམ་ངྷ་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། སརྦྦ་ཡཀྵ་རཀྵ་ས་གྲ་ཧཱ་ཎཱཾ་བི་རྦྷཱཾ་ས་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། སརྦྦ་པ་རི་བིབྱཱ་ཙྪ་ད་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། ཙ་ཏུར་ཤཱི་ཏཱི་ནཱཾ་གྲ་ཧས་ཧ་སྲཱ་ཎཱཾ་བི་བྷཱཾ་ས་ན་ཀ་རཱི་ཧཱུཾ་དྲུཾ་ཧྲཱིཿཥྚོཾ། །ཨཥྚ་བི་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་སཱ་ད་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། ཨཥྚ་ནཱཾ་མཧཱ་གྲ་ཧཱ་ཎཱཾ་བི་དྷཱཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། རཀྵ་རཀྵ་མཾ་སརྦྦ་སཏཱཾ་ཤྩ།
བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན། །རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། །ཕྱག་སྟོང་མངའ་བ་ཆེན་མོ། །དབུ་སྟོང་མངའ་བ་ཆེན་མོ། །སྤྱན་བྱེ་བ་བརྒྱ་ སྟོང་མངའ་བ་ཆེན་མོ། །མི་ཕྱེད་འབར་བའི་མཚན་རྟགས་ཅན། །རྡོ་རྗེ་ཡངས་པ་ཆེན་པོས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག །རྣམ་པར་བསྒྱིངས་མ་རྡོ་རྗེ་དང་། །གསེར་ འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེའི་འགྲོས་དང་དཀར་མོ་དང་། །པདྨའི་སྤྱན་དང་ཟླ་འོད་དང་། །སངས་རྒྱས་ དཔལ་དང་དེ་བཞིན་སྤྱན། །རྡོ་རྗེ་ཉི་མའི་འོད་དང་ནི། །དེ་བཞིན་ཟླ་བ་རྡོ་རྗེ་འཛིན། །རིག་པ་དང་། །ཕྱག་རྒྱ་དང་། །སྔགས་ཀྱི་ཚོགས་དེ་དག་གི་བདག་དང་སེམས་ཅན་ཐམས་ཅད་ཀུན་ནས་བསྲུང་དུ་གསོལ། ། ཨོཾ་རི་ཥི་ག་ན་པྲ་ཤཱ་སྟཱ་སརྦྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲུཾ། ཛམྦྷ་ན་ཀ་རཱི་ཧཱུཾ་དྲུཾ། སྟམྦྷ་ན་ཀ་རཱི་ཧཱུཾ་དྲཱུཾ། མཧཱ་བིངྱཱ་སཾ་བྷཀྵ་ན་ཀ་རཱི་ཧཱུཾ་དྲཱུཾ། པ་ར་པིངྱཱ་སམྦྷཀྵ་ཎ་ཀ་རཱི་ཧཱུཾ་དྲཱུཾ། སརྦྦ་དུ་ཥྚཱ་ནཱཾ་སྟམྦྷ་ན་ཀ་རཱི་ཧཱུཾ་དྲཱུཾ། སརྦྦ་ཡཀྵ་རཀྵ་ས་གྲ་ཧཱ་ཎཱཾ་པི་དྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། ཙ་ཏུ་ར་ཤཱི་ཏཱི་ནཱཾ་གྲ་ཧ་ས་ཧསྲཱ་ཎཱཾ་བི་ངྷཱཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། །ཨཥྚ་པི་ཤཾ་ཏཱི་ནཱཾ་ནཀྚ་ཧྲཱ་ཎཱཾ་པྲ་སཱ་ད་ན་ཀ་རཱི་ཧཱུཾ་དྲཱུཾ།།ཨཥྚ་ན་མཧཱ་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། །ཧཱུཾ་ཧཱུཾ་ཕཊ་ཕཊ་རཀྵ་རཀྵ་མཾ་སྭཱ ཧཱ།
བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། །ཕྱག་སྟོང་མངའ་བ་ཆེན་མོ། །དབུ་སྟོང་མངའ་བ་ཆེན་མོ། །སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ། །མི་ཕྱེད་འབར་བའི་མཚན་རྟགས་ཅན། །རྡོ་རྗེ་ཡངས་པ་ཆེན་པོས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད་རྒྱལ་པོའི་འཇིགས་པ་དང་། །རྐན་པོའི་འཇིགས་པ་དང་། །མེའི་འཇིགས་པ་དང་། །ཆྭུའི་འཇིགས་པ་དང་། །དུག་གི་འཇིགས་པ་དང་། །མཚན་གྱི་འཇིགས་པ་དང་། །ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་། །མུ་གེའི་འཇིགས་པ་དང་། །དགྲའི་འཇིགས་པ་དང་། །ལྕེ་འབབ་པའི་འཇིགས་པ་དང་། །དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་། །ས་གཡོ་བའི་འཇིགས་པ་དང་། །སྐར་མདའ་ལྟུང་བའི་འཇིགས་པ་དང་། །རྒྱལ་པོའི་ཆད་པའི་ལས་ཀྱི་འཇིགས་པ་དང་། །ལྷའི་འཇིགས་པ་དང་། །ཀླུའི་འཇིགས་པ་དང་། །གློག་གི་འཇིགས་པ་དང་། །ནམ་མཁའ་ལྡིང་གི་འཇིགས་པ་དང་། །གཅན་གཟན་ཁྲོ་བོའི་འཇིགས་པ་དང་། །ལྷའི་གདོན་དང་། །ཀླུའི་གདོན་དང་། །ལྷ་མ་ཡིན་གྱི་གདོན་དང་། །རླུང་ལྷའི་གདོན་དང་། །ནམ་མཁའ་ལྡིང་གི་གདོན་དང་། །དྲི་ཟའི་གདོན་དང་། །མིའམ་ཅིའི་གདོན་དང་། །ལྟོ་འཕྱེ་ཆེན་པོའི་གདོན་དང་། །གནོད་སྦྱིན་གྱི་གདོན་དང་། །སྲིན་པོའི་གདོན་དང་། །ཡི་དྭགས་ཀྱི་གདོན་དང་། །ཤ་ཟའི་གདོན་དང་། །འབྱུང་བོའི་གདོན་དང་། །གྲུལ་བུམ་གྱི་གདོན་དང་། །སྲུལ་པོའི་གདོན་དང་། །ལུས་སྲུལ་པོའི་གདོན་དང་། །སྐེམ་བྱེད་ཀྱི་གདོན་དང་། །རྗེད་བྱེད་ཀྱི་གདོན་དང་། །སྨྱོ་བྱེད་ཀྱི་གདོན་དང་། །གྲིབ་གནོན་གྱི་གདོན་དང་། །གནོན་པོའི་གདོན་དང་། །མཁའ་འགྲོ་མའི་གདོན་དང་། །ནམ་གྲུའི་གདོན་དང་། །གཤེན་རྗེའི་གདོན་དང་། །བྱའི་གདོན་དང་། །མ་མོ་དགའ་བར་བྱེད་པའི་གདོན་དང་། །ཀུན་ཏུ་འགྲོ་བའི་གདོན་དང་། །ཚེར་མ་འདོན་པའི་གདོན་རྣམས་ལས་བདག་བདེ་ལེགས་སུ་གྱུར་ ཅིག །ཟས་སུ་མདངས་ཟ་བ་དང་། །ཟས་སུ་མངའ་ཟ་བ་དང་། །ཟས་སུ་ཁྲག་འཐུང་ཟ་བ་དང་། །ཟས་སུ་ཞག་ཟ་བ་དང་། །ཟས་སུ་ཤ་ཟ་བ་དང་། །ཟས་སུ་ཚིལ་ཟ་བ་དང་། །ཟས་སུ་རྐང་ཟ་བ་དང་། །ཟས་སུ་བཙས་པ་ཟ་བ་དང་། །སྲོག་འཕྲོག་པ་དང་། །ཟས་སུ་སྐྱུགས་པ་ཟ་བ་དང་། །ཟས་སུ་ཕྱི་ས་ཟ་བ་དང་། །ཟས་སུ་གཅིན་འཐང་བ་དང་། །ཟས་སུ་སྟོར་ཁུང་ནས་འབབ་པ་འཐང་བ་དང་། །ཟས་སུ་ལྷག་མ་ཟ་བ་དང་། །ཟས་སུ་མཆིལ་མ་འཐིང་བ་དང་། །ཟས་སུ་སྣབས་ཟ་བ་དང་། །ཟས་སུ་ངར་སྣབས་ཟ་བ་དང་། །ཟས་སུ་མི་གཙང་བ་ཟ་བ་དང་། །ཟས་སུ་གཏོར་ཟ་བ་དང་། །ཟས་སུ་ཕྲེང་བ་ཟ་བ་དང་། །ཟས་སུ་དྲི་ཟ་བ་དང་། །ཟས་སུ་བདུག་པ་ཟ་བ་དང་། །སེམས་འཕྲོག་པ་དང་། །ཟས་སུ་མེ་ཏོག་ཟ་བ་དང་། །ཟས་སུ་འབྲས་བུ་ཟ་བ་དང་། །ཟས་སུ་ལོ་ཏོག་ཟ་བ་དང་། །ཟས་སུ་སྦྱིན་སྲེག་ཟ་བའི་གདོན་ལས་བདག་ལ་སྲུང་བར་གྱིས་ཤིག །དེ་དག་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །ཀུན་ཏུ་རྒྱུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །ཚངས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །དབང་ཕྱུག་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །ནམ་མཁའ་ལྡུང་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །ནག་པོ་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །རྒྱལ་བ་བྱེད་པ་དང་། །སྦྲང་རྩིག་བྱེད་པ་དང་དོན་ཀུན་གྲུབ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །སྲིང་མོ་བཞིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །བྷྲྀང་གི་རི་ཏི་དང་། །དགའ་བྱེད་དབང་ཕྱུག་དང་། །ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །དགེ་སྦྱོང་མགོ་རེག་གིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །འཇིག་རྟེན་དབང་ ཕྱུག་འཁོར་དང་བཅས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །ལག་ན་རྡོ་རྗེ་འཁོར་དང་བཅས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །ཕོ་ཉ་དང་། །ཕོ་ཉ་མོ་དང་། །བྲན་ཕོ་དང་བྲན་མོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །དྲང་སྲོང་གི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །ལྷའི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། ། །མི་འཕྲོད་པ་ཟ་བའི་བདག་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བདག་དང་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ་ བསྲུང་དུ་གསོལ། །
ཨོཾ་ཨ་སི་ཏ་ཨ་ན་ལཱ་རྐ་པྲ་བྷཱ་སྤུ་ཊ་བི་ཀ་སི་ཏཱ་ཏ་པ་ཏྲེ། ཨོཾ་ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧན། ད་ཧ་ད་ཧ། ད་ར་ད་ར། བི་ད་ར་བི་ད་ར། ཙྩིནྡ་ཙྪིནྡ། བྷིནྡ་བྷིནྡ། ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྙིད་པོའོ། ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷཱ་ཡ་ཕཊ། ཨ་པྲ་ཏི་ཧ་དཱ་ཡ་ཕཊ། བ་ར་དཱ་ཡ་ཕཊ། བ་ར་པྲ་དཱ་ཡ་ཕཊ། པྲ་ཏྱངྒི་རཱ་ཏཱ་ཡ་ཕཊ། ཨ་སུ་ར་བི་དྲཱ་བ་ཎ་ཀ་རཱ་ཡ་ཕཊ། པ་ར་མི་དྲཱ་བ་ཎ་ཀ་རཱ་ཡ་ཕཊ། སརྦྦ་དེ་བེ་བྷྱཿཕཊ། སརྦྦ་ནཱ་གེ་བྷྱཿཕཊ། སརྦྦ་རཱཀྵ་སེ་བྷྱཿཕཊ། སརྦྦ་བྷཱུ་ཏེ་བྷྱཿཕཊ། སརྦྦ་པྲེ་ཏེ་བྷྱཿཕཊ། སརྦྦ་བི་ཤཱ་ཙེ་བྷྱཿཕཊ། སརྦྦ་ཀུམྦྷནྜེ་བྷྱཿཕཊ། སརྦྦ་པཱུ་ཏ་ནེ་བྷྱཿཕཊ། སརྦྦ་ཀཊ་པཱུ་ཏ་ནེ་བྷྱཿཕཊ། སརྦྦ་སྐནྡེ་བྷྱཿཕཊ། སརྦྦ་ཨུཾ་མཱ་དེ་བྷྱཿཕཊ། སརྦྦ་ཙྪཱ་ཡེ་བྷྱཿཕཊ། སརྦྦ་ཨ་བསྨཱ་རེ་བྷྱཿཕཊ། སརྦྦ་ཨོ་སྟ་ར་ཀེ་བྷྱཿཕཊ། སརྦྦ་ཌཱ་ཀི་ནཱི་བྷྱཿཕཊ། སརྦྦ་རེ་བ་ཏཱི་བྷྱཿཕཊ། སརྦྦ་ཡ་མ་ཡེ་བྷྱཿཕཊ། སརྦྦ་ཤ་ཀུ་ནི་བྷྱཿཕཊ། སརྦྦ་མཱ་ཏྲི་ནནྡི་ཀེ་བྷྱཿཕཊ། སརྦྦ་ཀཾ་པཱུ་ཀི་མ་ནི་བྷྱཿཕཊ། སརྦྦ་ཨ་ལཾ་བ་ཀེ་བྷྱཿཕཊ། སརྦྦ་ཀ་ཏ་ད་ནེ་བྷྱཿཕཊ། སརྦྦ་གནྔྷ་རྦེ་བྷྱཿཕཊ། སརྦྦ་ཨ་སུ་རེ་བྷྱཿཕཊ། སརྦྦ་ཀིནྣ་རེ་བྷྱཿཕཊ། སརྦྦ་ག་རུ་ཊེ་བྷྱཿཕཊ། སརྦྦ་མ་ཧ་ར་གེ་བྷྱཿཕཊ། སརྦྦ་ཡཀྵེ་བྷྱཿཕཊ། སརྦྦ་དུརླཾ་གི་ཏེ་བྷྱཿཕཊ། སརྦྦ་དུ་པྲ་ཀྵི་ཏེ་བྷྱཿཕཊ། སརྦྦ་ཛྭ་རེ་བྷྱཿཕཊ། སརྦྦ་བྷ་ཡེ་བྷྱཿཕཊ། སརྦྦ་ཨུ་པ་དྲ་བེ་བྷྱཿཕཊ། སརྦྦ་ཨུ་པ་ས་རྐེ་བྷྱཿཕཊ། སརྦྦ་ཀྀ་ཏྱ་ཀརྨ་ཎི་ཀཱ་ཁོ་རྡེ་བྷྱཿཕཊ། ཀི་ར་ཎ་བེ་ཏཱ་ཌེ་བྷྱཿཕཊ། ཙི་ཙྪ་པྲེ་ཤ་ཀ་སརྦྦ་དུཤྩ་རྡེ་ཏེ་བྷྱཿཕཊ། སརྦྦ་དུར་བྷུཀྟེ་ བྷྱཿཕཊ། སརྦྦ་ཏཱི་རྠི་ཀེ་བྷྱཿཕཊ། སརྦྦ་ཤྲ་མཎི་བྷྱཿཕཊ། སརྦྦ་པཱ་ཏ་ཀི་བྷྱཿཕཊ། སརྦྦ་བིངྱཱ་ངྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར་མ་ངྷུ་ཀ་ར་སརྦྦ་ཨརྠི་་སཱ་ངྷ་ཀེ་བྷྱོ་བངྱཱི་ཙ་རེ་བྷྱཿཕཊ། ཙ་ཏུརྦྷྱོ་བྷ་གི་ནཱི་བྷྱཿཕཊ། བཛྲ་ཀཽ་མཱ་རཱིཡ་བཛྲ་ཀུ་ལནྔྷ་རེ་བི་ངྱཱ་ཙ་རེ་བྷྱཿཕཊ། སརྦྦ་མཧཱ་པྲ་ཏྱཾ་གི་རེ་བྷྱཿཕཊ། །བཛྲ་ཤཾ་ཀ་ལཱ་ཡ་པྲ་ཏྱཾ་གི་ར་རཱ་ཛཱ་ཡ་ཕཊ། མཧཱ་ཀཱ་ལཱ་ཡ་མཱ་ཏྲི་ག་ཎ་ན་མ་སྐྲྀ་ཏཱ་ཡ་ཕཊ། པྲཧྨཱ་ཎཱི་ཡེ་ཕཊ། བི་ཥྞ་བཱི་ཡེ་ཕཊ། མ་ཧ་ཤྭ་རཱི་ཡེ་ཕཊ། རཽ་དྲཱི་ཡེ་ཕཊ། མཧཱ་ཀཱ་ལཱི་ཡེ་ཕཊ། ཙཱ་མུ་ཎྜི་ཡེ་ཕཊ། ཀཽ་མ་རི་ཡེ་ཕཊ། བཱ་རཱ་ཧཱི་ཡེ་ཕཊ། ཨིནྡྲཱི་ཡེ་ཕཊ། ཨགྣི་ཡེ་ཕཊ། ཡ་མཱ་ཡེ་ཕཊ། ནཻ་རྀ་ཏཱི་ཡེ་ཕཊ། བ་རུ་ཎཱ་ཡེ་ཕཊ། མཱ་རུ་ཏཱི་ཡེ་ཕཊ། སཽ་མཱ་ཡེ་ཕཊ། ཨཱི་ཤནཱི་ཡེ་ཕཊ། ཀཱ་ལ་དཎྜཱི་ཡེ་ཕཊ། ཀཱ་ལ་རཱ་ཏྲཱིཡེ་ཕཊ། ཡ་མ་དཎྜཱི་ཡེཕཊ། རཱ་ཏྲཱི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨ་ངྷི་མུཀྟི་ཤྨ་ཤཱ་ན་བཱ་སི་ནཱི་ཡེ་ཕཊ། ་བནྔྷ། ཨོཾ་ཥྚོཾ་བནྔྷརཀྵ་རཀྵ་མཾ་སྭཱཧཱ། སེམས་ཅན་གང་སུ་དག་བདག་ལ་གདུག་པ་དང་གདུག་པའི་སེམས་དང་ལྡན་རྣམས་དང་། །དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། །འཁྲུག་པ་དང་འཁྲུག་པའི་སེམས་དང་ལྡན་པ་རྣམས་དང་། །སྡང་བ་དང་སྡང་བའི་སེམས་དང་ལྡན་པ་རྣམས་བྱམས་པའི་སེམས་དང་ལྡན་པར་གྱུར་ནས། །བདག་དང་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ། །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག །གནོད་སྦྱིན་དང་གདོན་གང་སུ་དག་ཟས་སུ་མདངས་ཟ་བ་རྣམ་དང་། །གཟི་བྱིན་འཕྲོག་པ་རྣམས་དང་། །ཟས་སུ་མངའ་ཟ་བ་རྣམ་དང་། །ཟས་སུ་ཁྲག་འཐུང་བ་རྣམ་དང་། །ཟས་སུ་ཞག་ཟ་བ་རྣམ་དང་། །ཟས་སུ་ཤ་ཟ་བ་རྣམ་དང་། །ཟས་སུ་ཚིལ་ཟ་བ་རྣམ་དང་། །ཟས་སུ་རྐང་ཟ་བ་རྣམ་དང་། །ཟས་སུ་བཙས་པ་ཟ་བ་རྣམ་དང་། །སྲོག་འཕྲོག་པ་རྣམས་དང་། །ཟས་སུ་ཟ་བ་རྣམ་དང་། །ཟས་སུ་ལྷག་མ་ཟ་བ་རྣམ་དང་། །ཟས་སུ་གཏོར་མ་ཟ་བ་རྣམ་དང་། །ཟས་སུ་འཕྲེང་བ་ཟ་བ་རྣམ་དང་། །ཟས་སུ་དྲི་ཟ་བ་རྣམ་དང་། །ཟས་སུ་བདུག་པ་ཟ་བ་རྣམ་དང་། །ཟས་སུ་མེ་ཏོག་ཟ་བ་རྣམ་དང་། །ཟས་སུ་འབྲས་བུ་ཟ་བ་རྣམ་དང་། །ཟས་སུ་ལོ་ཏོག་ཟ་བ་རྣམ་དང་། །ཟས་སུ་སྦྱིན་སྲེག་ཟ་བ་རྣམ་དང་། །ཟས་སུ་རྣག་ཟ་བ་རྣམ་དང་། །ཟས་སུ་ཕྱི་ས་ཟ་བ་རྣམ་དང་། །ཟས་སུ་གཅིན་འཐུང་བ་རྣམ་དང་། །ཟས་སུ་མཆིལ་མ་འཐུང་བ་རྣམ་དང་། །ཟས་སུ་སྐྱུགས་པ་ཟ་བ་རྣམ་དང་། །ཟས་སུ་སྣབས་ཟ་བ་རྣམ་དང་། །ཟས་སུ་ངར་སྣབས་ཟ་བ་རྣམ་ དང་། །ཟས་སུ་མི་གཙང་བ་ཟ་བ་རྣམ་དང་། །ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམ་དང་། །ལྡིག་པའི་སེམས་དང་ལྡན་པ་རྣམས་དང་། །གདུག་བའི་སེམས་དང་ལྡན་པ་རྣམས་དང་། །དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། །འཁྲུག་པའི་སེམས་དང་ལྡན་པ་རྣམས་དང་། །སྡང་བའི་སེམས་དང་ལྡན་པ་རྣམས་དང་། །ལྷའི་གདོན་རྣམས་དང་། །གླུའི་དོན་རྣམས་དང་། །ལྷ་མ་ཡིན་གྱི་དོན་རྣམས་དང་། །གནིད་སྦྱིན་གྱི་དོན་རྣམས་དང་། །སྲིན་པོའི་དོན་རྣམས་དང་། །འབྱུང་བོའི་དོན་རྣམས་དང་། །ཡི་དྭགས་ཀྱི་དོན་རྣམས་དང་། །ཤ་ཟའི་དོན་རྣམས་དང་། །ཀུ་སྨན་དའི་དོན་རྣམས་དང་། །སྲུལ་པོའི་དོན་རྣམས་དང་། །ལུས་སྲུལ་པོའི་དོན་རྣམས་དང་། །སྐེམ་བྱེད་ཀྱི་དོན་རྣམས་དང་། །སྨྱོ་བྱེད་ཀྱི་དོན་རྣམས་དང་། །གྲིབ་གནོན་གྱི་དོན་རྣམས་དང་། །རྗེད་བྱེད་ཀྱི་དོན་རྣམས་དང་། །གནོན་པོའི་དོན་རྣམས་དང་། །མཁའ་འགྲོ་མའི་དོན་རྣམས་དང་། །ནམ་གྲུའི་དོན་རྣམས་དང་། །གཤེན་རྗེའི་དོན་རྣམས་དང་། །བྱའི་དོན་རྣམས་དང་། །མ་མོ་དགའ་བར་བྱེད་པའི་དོན་རྣམས་དང་། །ཀུན་ཏུ་འགྲོ་བའི་དོན་རྣམས་དང་། །རེ་ལྡེ་འདོན་པའི་དོན་རྣམས་དང་། །ཚེར་མ་འདོན་པའི་གདོན་རྣམས་ལས་བདག་ལ་བསྲུང་བར་མཛད་དུ་གསོལ། །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་འཐོང་བར་གྱུར་ཅིག །རིམས་ཉིན་གཅིག་པ་རྣམས་དང་། །ཉིན་གཉིས་པ་རྣམས་དང་། །ཉིན་གསུམ་པ་རྣམས་དང་། །ཉིན་བཞི་བ་་རྣམས་དང་། །ཉིན་བདུན་པ་རྣམས་དང་། །རྟག་པའི་རིམས་རྣམས་དང་། །རིམས་མི་བཟད་པ་རྣམས་དང་། །འབྱུང་བོའི་རིགས་རྣམས་དང་། །རླུང་ལས་གྱུར་པ་རྣམས་དང་། །མཁྲིས་པ་ལས་གྱུར་པ་རྣམས་དང་། །བད་ཀན་ལས་གྱུར་པ་རྣམས་དང་། །འདུས་པ་ལས་གྱུར་པ་རྣམས་དང་། །རིངས་ནད་ཐམས་ཅད་དང་། །ཀླད་པ་ན་བ་བསང་དུ་གསོལ། །གཞོགས་ཕྱེད་ན་བ་དང་། །ཡི་ག་འཆུས་པ་དང་། །མིག་ནད་དང་། །སྣ་ནད་དང་། །ཁ་ནད་དང་། །མགུལ་ནད་དང་། །སྙིང་ནད་དང་། །ལྐོག་མའི་ལྷ་གོར་ན་བ་དང་། །རྣ་ན་བ་དང་། །སོ་ན་བ་དང་། །སྙིང་ན་བ་དང་། །ཀླད་པ་ན་བ་དང་། །རྩིབ་ལོགས་ན་བ་དང་། །རྒྱབ་ན་བ་དང་། །ལྟོ་བ་ན་བ་དང་། །སྐེད་པ་ན་བ་དང་། །ཆུ་སོ་ན་བ་དང་། །བརླ་ན་བ་དང་། །རྗེ་ངར་ན་བ་དང་། །ལག་པ་ན་བ་དང་། །རྐང་བ་ན་བ་དང་། །ཡན་ལག་ན་བ་དང་། །ཉིན་ལག་ན་བ་རབ་ཏུ་བསལ་དུ་གསོལ། །གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་འདིས། །དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ། །འབྱུང་པོ་དང་། །རོ་ལངས་དང་། །མཁའ་འགྲོ་མ་དང་། །གནོད་སྦྱིན་དང་། །སྲིན་པོ་དང་། །རིམས་དང་། །ཤུ་བ་དང་། །གཡའ་བ་དང་། །འབྲུམ་བུ་ཕྲ་མོ་དང་། །མཚན་པར་རྡོལ་བ་དང་། །མཛེ་དང་། །ཕོལ་མིག་དང་། །བས་ལྡགས་དང་། །མེ་དཔལ་དང་། །གཡན་བ་དང་། །ལྷོག་པ་དང་། །སྐེམས་པ་དང་། །སྐྲག་པ་དང་། །ལུད་པ་ལུ་བ་དང་། །དབུགས་མི་བདེ་བ་དང་། །མི་དྲན་པ་དང་། །དབྱིག་དུག་དང་། །དུག་སྦྱར་མ་དང་། །བྱད་དང་། །མེ་དང་། །ཆུ་དང་། །མི་ངས་དང་། །བདུད་དང་། །འཆིང་བ་དང་། །དགྲ་དང་། །གནོད་པ་དང་། །དུས་མ་ཡིན་པར་འཆི་བ་དང་། །སྦྲང་བུ་ཏྲྱ་མ་བུ་ག་དང་། །ཏྲཻ་ལ་ཏ་དང་། །སྡིག་པ་དང་། །སྦྲུལ་དང་། །སྲེ་མོང་དང་། །སེང་གེ་དང་། །སྟག་དང་། །དོམ་དང་། །དྲེད་དང་། །གཡག་རྒོད་དང་། །ཆུ་སྲིན་ལ་སོགས་པའི་སྲོག་ཆགས་རྣམས་ལས་བསྲུང་དུ་གསོལ། །དེ་དག་ཐམས་ཅད་ཀྱིས་བྱས་པའི་རིགས་སྔགས་བཅིང་བར་བགྱིའོ། །དེ་དག་ཐམས་ཅད་ཀྱིས་བྱས་པའི་རིགས་སྔགས་བཅིང་བར་བགྱིའོ། །གཟི་བརྗིད་བཅིང་བར་བགྱིའོ། །གཞན་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །མཚམས་བཅིང་བར་བགྱིའོ། །
ཏངྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བེ་རེ་བེ་རེ། སཽ་མེ་སཽ་མེ། ཤཱནྟེ་ཤཱནྟེ། ངཱནཊེ་ངཱནཊེ། བི་ཥ་དེ་བི་ཥ་དེ། པཱི་རེ་བཱི་རེ། དེབི་བཛྲ་ངྷཱ་རི། བནྔྷ་བནྔྷ་ནི། བཛྲ་པཱ་ཎི་ཕཊ། ཨོཾ་ཧཱུཾ་ཧཱུཾ་དྲཱུཾ་ཥྚོཾ་ཕཊ། ཧཱུཾ་དྲུཾ་བནྔྷ་ཕཊ། བདག་ལ་སྲུངས་ཤིག་སྭཱ་ཧཱ། ཨོཾ་བཛྲ་བཱ་ཎི་བནྔྷ་བནྔྷ་བཛྲ་བཱ་ཤེ་ན་མ་མ་སརྦ་དུ་ཥྚཾ་བི་ནཱ་ཡ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་འྭཱཧཱ། ཉེ་བའི་སྙིང་པོའོ།།
སུས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི། །གྲོ་གའམ། །རས་སམ། །ཤིང་ཤུན་ལ་བྲིས་ཏེ། །ལུས་སམ་མགུལ་དུ་བཏགས་སམ་ཀློག་པར་བྱེད་ན་དེ་ཇི་སྲིད་འཚོའི་བར་དུ་མཚོན་གྱིས་མི་ཚུགས། །དུག་གིས་མི་ཚུགས། །མེས་མི་ཚུགས། །ཆུས་མི་ཚུགས། །དབྱིག་དུག་གི་མི་ཚུགས། །དུག་སྦྱར་མས་མི་ཚུགས། །བྱད་ཀྱིས་མི་ཚུགས། །དུག་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །གདོན་ཐམས་ཅད་དང་། །བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། །རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་དང་། །གྲུབ་པའི་ལྷ་མོ་རྣམས་ཀྱིས་ཀྱང་དེ་ལ་རྟག་ཏུ་མཐུན་པར་སྲུང་བ་དང་། །སྐྱོབ་པ་དང་། །སྦེད་པ་བྱེད་ཅིང་། །དེ་རྣམས་ཀྱི་ཡིད་དུ་འོང་བ་དང་། །དགའ་བར་ཡང་འགྱུར་རོ། །བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་སྐྱེ་བ་འགྱུར་རོ། །རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་ཀྱང་རྟག་པར་ཡོངས་སུ་སྐྱོང་བར་འགྱུར་རོ། །ནམ་དུ་ཡང་གནོད་སྦྱིན་དང་། །ཡི་དྭགས་དང་། །ཤ་ཟ་དང་། །སྲུལ་པོ་དང་། །ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ། །མི་དབུལ་བོར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་བོ་དང་ལྡན་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དང་། །བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་སྲུང་བ་དང་། །སྐྱོབ་པ་དང་། །སྦེད་པར་མཛད་ཅིང་དེ་དག་གི་ཐུགས་སུ་བྱོན་པ་དང་། །དགྱེས་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ན་ཚངས་པ་མི་སྤྱོད་པ་ཡང་ཚངས་པ་སྤྱོད་པར་འགྱུར། །ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར། །མི་གཙང་བ་ཡང་གཙང་བ་འགྱུར། །མྱུང་བ་མ་བྱས་པ་ཡང་མྱུང་བ་བྱས་པར་འགྱུར་རོ། །མཚམས་མེད་མེད་པ་ལྔ་བྱས་ཡང་བྱང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་ཟད་པར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བུ་འདོད་པ་གང་ལ་ལས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ངམ་ཀློག་ན་བུ་འདོད་པ་དེས་བུ་རྙེད་དེ། །ཚེ་དང་བསོད་ནམས་དང་སྟོབས་ཀྱང་རབ་ཏུ་སྙེད་དོ། །འདི་ནས་ཤི་འཕོང་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །མི་ནད་དང་། །ཕྱུགས་ནད་དང་། །ཡམས་ཀྱི་ནད་དང་། །འཚེ་བ་དང་། །གནོད་པ་དང་། །ནད་འགོ་བ་དང་། །འཁྲུག་པ་ཐམས་ཅད་དང་། །ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་གཙུགས་གཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། །རིམ་གྲོ་ཆེར་མཆོད་པ་ཆེན་པོ་བྱས། །གྲོང་ཁྱེར་ཐམས་ཅད་ཀྱི་སྒོའམ། །གྲོང་ངམ། །གྲོང་ཁྱེར་རམ། །གྲོང་རྡལ་ལམ། །ལྗོངས་སམ། །དགོན་པའི་གནས་སུ་གཟུངས་སོ། །འཕགས་མ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་རིམ་གྲོ་ཆེར་ བྱས་ཏེ་བཙུགས་ན་བཙུགས་མ་ཐག་དུ་གཡུལ་ཞི་བར་འགྱུར་རོ། །ཡམས་ཀྱི་ནད་དང་། །འཚེ་བ་དང་། །གནོད་པ་དང་། །ནད་འགོ་བ་དང་། །འཁྲུག་པ་དང་། །ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཏངྱ་ཐཱ། །ཨོཾ་ཥྚོཾ་བནྔྷ་བནྔྷ། མ་མ་རཀྵ་རཀྵ་སྭཱཧཱ། ཨོཾ་ཥྚོཾ་བནྔྷ་བནྔྷ། བཛྲ་མ་མ་རཀྵ་རཀྵ། བཛྲ་པཱ་ཎི་ཧཱུཾ་ཕཊ་སྭཱཧཱ། ཨོཾ་སརྦྦ་ཏ་ཐཱ་ག་ཏོ་ཥྣཱི་ཥ་ཨ་ནལེ། ཨ་བ་ལོ་ཀི་ཏེ་ཙུརྣ་ཏེ་རྫོ་རྭཱ་སི། ཨོཾ་ཛྭ་ལ་ཛྭ་ལ། ངྷ་ཀ་ངྷ་ཀ། ད་ར་ད་ར། བི་ད་ར་བི་ད་ར། ཙྪི་ནྔྷ་ཙྪི་ནྔྷ། བྷིནྡ་བྷིནྡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་སརྦྦ་ཏ་ཐཱ་ག་ཏོ་ཥྣཱི་ཥ་ཧཱུཾ་ཕཊ་སྭཱཧཱ། ཏངྱ་ཐཱ། ཨོཾ་ཨ་ན་ལེཨ་ན་ལེ། ཁ་ས་མེ་ཁ་ས་མེ་། །སཽ་མེ་སཽ་མེ། །སརྦྦ་བུངྔྷ་ཨ་ངྷི་ཥྛཱ་ན་ཨ་ངྷི་ཥྛཱི་ཏེ། སརྦྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ། །ཧཱུཾ་མ་མ་ཧཱུཾ་ནི་སྭཱཧཱ། །ཀླུའི་རྒྱལ་པོ་མཐའ་ཡས་དང་། །ཀླུའི་རྒྱལ་པོ་དུང་སྐྱོང་དང་། །ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་རྣམས་དུས་དུས་སུ་ཆར་འབེབས་སོ། །དུས་དུས་སུ་སྤྲིན་སྡུད་པ་དང་། །དུས་དུས་སུའབྲུག་སྒྲ་སྒྲོག་པར་འགྱུར་རོ། །ཉེ་བར་འཚེ་བ་ཐམས་ཅད་ལ་སངས་རྒྱས་རྣམ་འབྱོར་དུ་བྱས་ལ་ལན་གསུམ་བཟླ་བར་བྱའོ། །སམས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། །ལྷ་དང་། །མི་དང་། །ལྷ་མ་ཡིན་དང་། །དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོག་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །
།རྒྱལ་བློན་བྱང་ཆུབ་སེམས་དཔའི་སྐུ་རིང་ལ་བསྒྱུར་པ་ལས་དུས་ཕྱིས་ཁ་ཆེའི་པཎྜི་ཏ་བ་ར་ཧེ་ཏ་དང་། །ལོ་ཙཱ་པ་ཟུ་དགའ་རྡོར་གྱིས་ཁ་ཆེའི་བདུད་རྩི་འབྱུང་གནས་ཀྱི་གཙུག་ལག་ཁང་གི་དཔེ་རྙེང་ལ་གཏུགས་ནས་དག་པར་བྱས་སོ། །
རྒྱལ་བ་བྱེ་བ་བདུན་དང་འཕགས་པའི་འཁོར། །དྲང་སྲོང་རིག་སྔགས་འཆང་དང་ཚངས་དབང་དང་། །དྲག་པོ་རི་སྲས་དང་བཅས་སྲེད་མེད་བུ། །ལེགས་ལྡན་ནག་པོ་གདུང་བདུན་བདེ་གཤེགས་བཅུ། །ཕྱག་འོས་རྣམས་ལ་གུས་ པས་ཕྱག་བྱས་ནས། །བདེ་གཤེགས་གཙུགས་ནས་གསང་སྔགས་ཚིག་ཕྱུང་སྟེ། །གང་གིས་བསྔགས་པ་འཁོར་ལ་ བཀའ་བསྩལ་པའི། །དཔལ་ལྡན་གདུགས་དཀར་ཅན་ལ་བསྟོད་པར་བྱ། །འཆི་མེད་དབང་བོའི་མདུན་ས་ཆོས་བཟང་དུ། །ཤཱཀྱའི་རྒྱལ་པོའི་མཚན་མཆོག་གཙུག་ཏོར་ནས། །ལེགས་འཁྲངས་བདུད་ཀྱི་རིགས་ཀྱིས་མི་ཐུབ་ཅིང་། །ཕས་ཀྱི་རྒོལ་བ་ཐམས་ཅད་ཕྱིར་ཟློག་པས། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་ གྲགས་པས་ས་གསུམ་ཀུན་ཁྱབ་པ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་པུ། །བཅོམ་ལྡན་འདས་མ་ཁྱོད་ལ་ བདག་ཕྱག་འཚལ། །གདོན་དང་རྒྱུ་སྐར་གཟའ་ཡི་གནོད་པ་དང་། །དུས་མིན་འཆི་དང་སྡིག་པའི་རྨི་ལམ་དང་། །དུག་མཚོན་མེ་དང་ཆུ་ཡི་གནོད་པ་སོགས། །མ་ལུས་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་ཡི་དཀྱིལ་འཁོར་ཁྱོན་ནི་ཤིན་ཏུ་ཡངས། །དུ་མའི་ཉམས་ཅན་དབུ་ནི་སྟོང་ཕྲག་དང་། །འབར་བའི་ཕྱག་མཚན་ལྡན་པའི་ཕྱག་སྟོང་ཅན། །ས་གསུམ་དཀྱིལ་འཁོར་ཀུན་ལ་དབང་མཛད་མ། །དྲག་ཤུལ་ཆེ་སོགས་ཉེར་གཉིས་ཕྱག་རྒྱའི་འཁོར། །གདུག་པ་ འདུལ་བའི་ལས་ལ་ཐོགས་མེད་པས། །ནག་པོའི་སྡེ་རྣམས་རྡིལ་དུ་བརླག་མཛད་པའི། །རིག་སྔགས་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །དུས་མིན་འཆི་དང་ནད་ཀྱི་འཇིགས་པ་སོགས། །མི་དང་མི་མིན་འབྱུང་བོས་བསྐྱེད་པ་ཡི། །འཇིགས་པ་དྲན་ནས་ཁྱོད་ལ་སྐྱབས་འཆའ་ན། །འཇིགས་པ་ཀུན་ལས་རྟག་ཏུ་བསྲུང་དུ་གསོལ། །ལྷ་ཀླུ་ལྷ་མ་ཡིན་ལ་སོགས་པ་ཡི། །གདོན་ཆེན་རྣམས་དང་གཟི་བརྗིད་མདངས་འཕྲོག་ཅིང་། །མངའ་དང་ཤ་ཁྲག་ལ་སོགས་ཟ་བ་ཀུན། །ཁྱོད་ཞབས་དྲན་པ་ཙམ་གྱིས་བཟློག་ཏུ་གསོལ། །གང་གི་སྒོ་ནས་མི་བསྲུན་སྐྱེ་བོ་ཡིས། །བདག་ཅག་བདེ་ལེགས་འཕྲོག་པའི་རིག་སྔགས་སོགས། །མ་ལུས་གཅད་དང་འབར་བའི་ཕུར་བུ་ཡིས། །དེ་དག་རྣམས་ལ་གདབ་པའི་ འཕྲོན་ལས་མཛོད། །མདོར་ན་བཅོམ་ལྡན་མ་ཁྱོད་ཕྱག་རྒྱའི་འཁོར། །སྐྱབས་སུ་བཟུང་ནས་རེ་བ་འཆའ་བ་ཡི། ། ཚུལ་འདི་དགོངས་ལ་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། །བདེ་ གཤེགས་གཙུག་ནས་གདུགས་དཀར་ལྷ་མོ་ཞེས། །གདོན་དང་བགེགས་རིགས་འབྱུང་བོའི་ཚོགས་བཅས་ཀུན། །ཕྱེ་མར་འཐག་བྱེད་རྔམས་པའི་གཟི་བརྗིད་ཅན། །བཅོམ་ལྡན་མ་ཁྱོད་ཐུབ་བསྟན་རྒྱས་པར་མཛོད། །བདེ་གཤེགས་ཐུགས་རྗེས་གཙུག་ཏོག་ལས་འཁྲུངས་ཤིང་། །བདེ་འབྱུང་བསྟན་ལ་གནོད་བྱེད་ཚར་བཅད་ནས། །བདེ་ལེགས་འབྲས་བུ་ཉེ་བར་སྩོལ་མཛད་པའི། །བདེ་མཆོག་གདུགས་དཀར་ཅན་གྱི་བཀྲ་ཤིས་ཤོག །
བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། །མཐུ་སྟོབས་ཐོགས་པ་མི་མངའ་ཞིང་། །ཐུགས་ རྗེའི་སྨོན་ལམ་མཐུ་བཙན་པས། །བདག་གིས་གསོལ་བ་བཏབ་པ་བཞིན། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཆག་ཆེ་ཉམ་ང་ཟློག་ཏུ་གསོལ། །རྨི་ལམ་མཚན་མ་ངན་པ་ཟློག །རྟགས་དང་རྟེན་འབྲེལ་ངན་པ་ཟློག། །དགྲ་འདྲེའི་བསམ་སྦྱོར་ངན་པ་ཟློག ། ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་བཟློག །དུས་མིན་འཆི་བ་རྣམ་བརྒྱད་བཟློག །ཡས་ཀྱི་བདུད་དུགཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །དཔྲལ་བའི་གཤེད་དུ་བརྐོས་པ་བཟློག །ཕ་ མེས་དུར་སྲི་ལངས་པ་བཟློག །མི་ལ་ནད་དུ་གཏོང་བ་བཟློག །ཕྱུགས་ལ་གོད་ཁ་བྱེད་པ་བཟློག །གནམ་གྱི་དལ་ཁ་ཐེབས་པ་བཟློག །ས་ཡི་དུག་མདའ་གཡོས་པ་བཟློག །སྨེ་བ་སྤར་ཁ་ངན་པ་བཟློག །སྐེགས་ དང་ཕུང་སྲི་ལངས་པ་བཟློག་ཏུ་གསོལ།། ཞེས་གཙུག་ཏོར་གདུགས་དཀར་ཅན་ལ་བསྟོད་པ་ནི། །བློ་བཟང་གྲགས་པའི་དཔལ་གྱིས་སྡོམ་བརྩོན་ཤེས་རབ་རྒྱལ་མཚན་ལ་སོགས་པས་བསྐུལ་པའི་ངོར་སྦྱར་བ་དང་། ། ཟློག་པ་གྲུབ་ཆེན་ལས་ཀྱི་རྡོ་རྗེས་མཛད་པའོ།།
བདེ་གཤེགས་གཙུག་ཏོར་ལྟར་མི་མངོན་པ་ལས། །ཉེར་འཁྲུངས་རྒྱལ་བ་ཀུན་ཡུམ་གདུགས་དཀར་མོ། །
མཚན་ཙམ་བོས་པའི་རིག་སྔགས་མེ་ཡིས་ཀྱང་། །བདུད་སྡེ་སྲེག་བྱེད་བདེ་འབྱུང་ལྷག་པའི་ལྷ། །དཀར་གསལ་ལང་ཚོ་རབ་རྫོགས་ཟླ་གཞོན་གྱི། །སྙིང་བོ་ལས་གྲུབ་གཞན་གྱིས་མི་ཐུབ་མས། །མི་དང་མི་མིན་འབྱུང་ལས་བྱུང་བ་ཡི། །འགལ་རྐྱེན་ཀུན་ཞི་ལེགས་ཚོགས་མ་ལུས་སྩོལ། །ཁྱད་པར་ཕ་རོལ་མི་བསྲུན་བསམ་སྦྱོར་གྱིས། །སྒོ་གསུམ་མནན་དང་བྱད་སྟེམས་བཅིངས་ལ་སོགས། །ཉེར་འཚེས་མི་ཚུགས་ཕྱིར་ཟློག་འཕྲིན་ལས་ཀྱིས། །བདག་ཅག་རྣམ་པ་ཀུན་ཏུ་བསྲུང་དུ་གསོལ།། །།
ཞེས་པ་འདི་ནི་ཕ་རོལ་སྐྱེ་བོ་མི་བསྲུན་པའི་རིག་སྔགས་ངན་པའི་སྦྱོར་བའི་བྱད་མནན་སོགས་གཙོར་
གྱུར་གྱི་ཉེར་འཚེའི་མཚན་མ་ཞི་བའི་འདོད་གསོལ་གདུགས་བསྟོད་སོགས་ཀྱིས་གཤམ་དུ་ཁ་ཏོན་བྱ་རྒྱུར་། །ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།
འདི་ནི་སྤྱི་ལོ་༢༠༠༩ལོ་ཟླ་བ་༡༡པའི་ཚེས་༡༡ཉེན་ནས།། །།
རྒྱ་གར་སྐད་དུ། །ཨྰརྱ་མཉྫུ་ཤྲྰི་ནྰ་མ་སཾ་གྰི་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔལ་བོ་འཇིག་རྟེན་གསུམ་ལས་རྒྱལ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་འདྲའི་ཞལ་མངའ་བ། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཁྲོ་གཉེར་རིམ་པ་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །འཇིགས་སུ་རུང་དང་དཔལ་བྱེད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོལ་བྱེད་པ། །སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །དགའ་མགུ་རངས་པའི་བསམ་པ་ཅན། །ཁྲོ་བོ་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་འཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བ་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རྫོགས་པའི་སངས་རྒྱས་བཅོན་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོང་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟ་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་བཀའ་བཞིན་དུ། །གླུ་བླངས་གང་དག་བཤད་དུ་གསོལ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་འདི། །བདག་གིས་བསམ་པ་བརྟན་པོས་བཟུང་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། ། བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །དེ་ནས་བཅོམ་ལྡན་ཤྰཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱངས་མཛད་དེ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་སྟེ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པས་ནི་དོན་ཆེ་བ། །དག་པ་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟེན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །དེ་ནས་བཅོམ་ལྡན་ཤྰཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །གསང་སྔགས་རིགས་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །རིགས་ཆེནགཙུགས་གཏོར་ཆེར་གཟིགས་ནས། །ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཨ་ཨྰ། ཨི་ཨྰི། ཨུ་ཨྰུ། ཨེ་ཨེེ། ཨོ་ཨོོ། ཨཾ་ཨཿ སྠི་ཏོ་ཧྲྀ་དེ། ཛྙྰ་ན་མྰུརྟྟི་ར་ཧཾ་བུད་དྷོ་བུད་དྷྰ་ནཾ། ཊྱེ་དྷྭ་བརྟྟྰི་ནྰཾ། ཨོཾ་བཛྲ་ཏྰིཀྵཎ་དུཿཁ་ཙྪེ་ད་པྲ་ཛྙྰ་ཛྙྰ་ན་མྰུརྟྟ་ཡེ། །ཛྙྰ་ན་ཀྰ་ཡ་ཝྰ་གྰི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའོ་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཆེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོངས་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །སྦྱིན་བདག་ཆེན་པོཕ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པ་བྱེད་པ་པོ། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོ་ཚུལ་གྱི་མཆོག །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུ་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་བོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་བདག་ཉིད་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེངྒེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱིས་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་པ་དང་བདེན་པར་སྨྲ། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པུ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་བརྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པ་རྙོག་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པའི་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མི་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་འབྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའ་ལས་འབྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་མངའ་བདག་རིགས་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་བསྐྱེད་པ་པོ། །མཆོད་ཅིང་བརྗོད་པ་དྲང་སྲོང་ཆེ། །རིག་གསུམ་འཆང་བ་གསང་སྔགས་འཆང་། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། ། རྡོ་རྗེ་ཤུགས་ཆེན་འཇིགས་བྱེད་པ། །རྡོ་རྗེ་དྲག་པོ་རྡོ་རྗེ་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གི་བསྒྱིངས། །གླིང་ཆེན་ཀོ་རློན་གོས་སུ་གྱོན། །གྲགས་ཆེན་ཧ་ཧ་ཞེས་སྒྲོག་པ། །ཧི་ཧི་ཞེས་སྒྲོག་འཇིགས་པར་བྱེད། །གད་མོ་ཆེན་མོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོག་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧྰུྃ་སྟེ་ཧྰུུྃ་ཞེས་སྒྲོག །མཚོན་དུ་རྡོ་རྗེ་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུའི་གཡུལ་སེལ་བ། །རྡོ་རྗེ་འབར་བ་མིག་མི་བཟང་། །སྒྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེ་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེ་འཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧ་ཧ་ངེས་པར་སྒྲོག །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོག་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོག་པ། །ཆོས་ཀྱི་དུང་སྟེ་་སྒྲ་ཆེན་ལྡན། །ཆོས་ཀྱི་གཎ་ཌི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་་ཐམས་ཅད་སྣང་བའི་དཔལ། །གཟུགས་བསྙན་མ་ལུས་འཆང་བ་པོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གི་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱབས་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའི་མཐའ་ཀླས་ལོངས་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོམ་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་བླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱིས་ཐོད། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་བདག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་པ་བཟང་པོ་ཆེ་བའི་མཆོག །བྱེད་པོ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་བྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བའི་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་བ་མུན་ཛ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པ་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གོའུ་ཏམ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་བ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བ་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་ཀྱང་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །རྡུལ་བྲལ་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཀུན་ཏུ་ལྟ་བ་མཆོག་ཏུ་དགའ། །གཟི་བརྗིད་འཕྲེང་བ་ལྟ་ན་སྡུག །འོད་བཟང་འབར་བ་དཔལ་བེའུ། །ལག་ན་འོད་འབར་སྣང་བ་པོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། །སྡུག་གི་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ། །།འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་འཛི་ན་འཛིག །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པ་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་བའི་འཁོར་ལོ་སྣ་ཚོགས་འཆང་། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོ་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པར་འཆང་། །ཆོས་ཀུན་མངོན་དུ་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་བའི་མཐའ། །མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བའི། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱི་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པ་ར་གར་བྱེད་པ། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐིལ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་མེད། །རྣ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་བ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །སྲིད་གསུམ་དགའ་བ་ཆེན་པོ་སྟེ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ག་ཆེན་པོ་ཅན། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་བའི་རྒྱན་དང་ལྡན། །སངས་རྒྱས་སྤྲུལ་བའི་རྒྱན་དང་ལྡན། །འཇིག་རྟེན་ཁམས་བརྒྱ་ཀུན་སྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པ་ཆེན་པོ་འཆང་། །དྲན་པ་བཞི་བོ་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུ་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པ་འབྱུང་བ་ཀུན་སྟོན་པ། །ཡན་ལག་བཅུ་གཉིས་སྲིད་རྩ་གཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་བའི་སྐུ། །བྱེ་བ་དཔག་མེད་འབྱེད་པ་པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུ་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་གསུམ་གྱི་དོན་སྤངས་ཤིང་། །རྣམ་ཤེས་དོན་ནི་འགག་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་ཡུལ་ལྡན། །སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་པ་མཐར་ཕྱིན་འཁྲུལ་བ་མེད། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཕུང་པོ་ལྔ་དོན་དུས་གསུམ་དུ་། །སྐད་ཅིག་ཐམས་ཅད་བྱེ་བྲག་བྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམ་སྣ་ཚོགས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་ཏོག །སངས་རྒྱས་ཀུན་གྱི་རྟོག་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡིག་གེ་བརྒྱ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་བྱེད་བྱེད་ཐིག་ལེ་འཆང་། །ཡན་ལག་མེད་པ་རྩིས་ལས་འདས། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་བའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་བའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་བ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་དང་ལྷ་དབང་ལྷ་ཡི་བླ། །ལྷ་ཡི་བདག་པོ་ལྷ་མིན་བདག །འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་་ཆེས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱི་ནི་དེ་ཉིད་ཐོབ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བསྐུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་བ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །མཆོག་སྦྱིན་རྡོ་རྗེ་མཆོག་མཆོད་འདུད། །ཡང་དག་མཐའ་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་པ་ཁྱོད་ལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱེད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཅམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཨོཾ་སརྦྦ་དྷརྨྨ་ཨ་བྷྰ་བ་བི་ཤུད་དྷ་བཛྲ་ཙཀྵུཿཨ་ཨྰ་ཨྰཾ་ཨཿ པྲ་ཀྲི་ཏི་པ་རི་ཤུདྡྷ། སརྦ་དྷརྨྨ། ཡ་དུ་ཏ་སརྦྦ་ཏ་ཐྰ་ག་ཏ་ཛྙྰ་ན་ཀྰ་ཡ་མཉྫུ་ཤྲྰི་་པ་རི་ཤུདྡྷི་ཏྰ་མུ་པྰ་དྰ་ཡ་ཏི། །ཨ་ཨྰཿ སརྦྦ་ཏ་ཐྰ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧྰུཾ་ཧྲྰཾཿ བྷ་ག་ཝྰན་ཛྙྰ་ན་མྰུརྟྟི། བྰ་གྰི་ཤྭ་ར། །མ་ཧྰ་པྰ་ཙ། སརྦྦ་དྷརྨྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུད་དྷ་དྷརྨ་དྷྰ་ཏུ་ཛྙྰ་ན་གརྦྷ་ཨྰཿ དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །དེ་ནས་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྡན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །བྱང་ཆུབ་འཐོབ་པའི་དོན་ཆེན་མཛད། །སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་པ་རྒྱ་ཆེ་སྟེ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པས་གསུངས་པ་རྫོགས་སོ།
། །རྒྱ་གར་གྱི་མཁན་པོ་ཤད་དྷ་ཀ་ར་ཝརྨ་དང་།།ག་མ་ལ་གུབྟ་དང་། །ཞུ་ཆེན་གྱི་ལོ་ཙྰ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སརྦ་མངྒ་ལཾ། །ལོ་བརྒྱ་ཕྲག་སོང་བའི་ཡིག་རྙིང་ལས་དཔལ་དགྱེས་པ་རྡོ་རྗེས་བཤུས་པ་དགེའོ།
གྲྭ་རྒན་མགོ་རུལ་དེའི་ཅི་ཞིག་བཞག་ཡོད་མེད་རྟོགས་དཀའ། མགོ་རུལ་བེ་རུ་ཅི་ཞིག་བཤད་བཞིན་ཡོད།
འདི་ག་རེ་རེད། གདུགས་དཀར་མཆོག་གྲུབ་མ་ཞིག་བེ་རིའི་སེམས་ལ་ཅི་ལྟར་དྲན་སོང་བ་ཡིན་ནམ།
http://blog.163.com/qhhlzx_007/blog/static/44380320103161425458/
http://blog.163.com/qhhlzx_007/blog/static/443803201031512310100/
དགེ་འདུན་རབ་གསལ་ལགས་།འདི་ལྟར་བཀོད་རོགས་མཛོད།
ཨོཾ་མ་ཎི་པདྨེ་ཧཱུྃ།
གདུགས་དཀར་དང་མཚན་བརྗོད་བྲིས་པར་རྗེས་སུ་ཡི་རང་ཞུ། གདུགས་དཀར་ནང་ལ། ཟས་སུ་༼མངའ་༽མངལ་ཟ་བ་དང་། ཡང་། གདོན་ལ་དོན་དོན་ཞེས་བྲིས་ནོར་ཐེབས་པ་གསལ་པོ་འདུག ཚར་རེར་ཀློག་སྐབས་རག་པར་འབྲི་མཁན་གཉིས་ཀ་ལ་ཐུགས་རྗེ་ཆེ་ཞུ།
གདུགས་དཀར་མཆོག་གྲུབ་མ་འདི་ཁ་ཏོན་དང་རིགས་སྔགས་བཟླས་ན་ཤིན་ཏུ་ཡག་པོ་རེད་མོད། རྨོངས་པ་བདག་གི་འཆར་ཆ་ཤིག་ལ་༢༠༠༡ ནས་ད་ལྟའི་བར་ལ་ཡུལ་ཤུལ་ཁུལ་བླ་མིང་འཛིན་པ་འགའ་རེའི་ཁྱབ་བསྒྲགས་ཆེན་པོས་འོག གདུགས་དཀར་ཇོ་དར་མང་པོ་ཞིག་རི་མཐོ་དང་གྲོང་ཁྱེར་མང་པོར་རྒྱལ་ཕྱི་ནང་ཀུན་ཏུ་བཀྲམ་ནས་དར་ཅོག་དེ་གང་ས་གང་ལ་ཚོང་ལས་དང་འབྱོར་སྒྲུབ་པའི་ཐེབས་ཞིག་དང་ཁུང་ལྡན་ཞིག་ཡིན་ཁུལ་བྱེད་ཀི་འདུག ༧གོང་ས་མཆོག་གི་དབུ་བྱས་དེ་ལ་བཀའ་སློབ་དང་དམིགས་བསལ་རེ་དགོས་པ་འདུག་སྙམ་སོང་། ང་རང་ལ་མཚོན་ན་གདུགས་དཀར་ཇོ་དར་འདི་གནོད་པ་ཞིག་ཏུ་ངོས་འཛིན་བྱས་ཡོད། སྔོན་མ་མང་པོ་ཞིག་བཤད་ཀྱང་ང་རང་གྲྭ་འཁྱམས་ཀྱི་ཚིག་ལ་སྣང་མེད་དུ་ཆགས་སོང་། གང་ལྟར་དེ་རིགས་གངས་རིའི་ལྗོངས་བསྟན་དོན་སྤྱི་ལ་ཕན་གནོད་ཡོད་མེད་རིགས་བླང་དོར་གནང་བར་ཤིན་ཏུ་གལ་ཆན་པོ་རེད་འདུག རྒྱུ་མཚན་རྨི་ལམ་རྨིས་པ་ཞིག་ལ་བརྟེན་པ་ཡིན། ངས་དྲ་སྟེང་འདིར་བཤད་ན་ཁྱེད་རྣམས་ཡིད་ཆེས་དཀོན་པ་དང་ཉེས་པ་བསགས་རོགས་རེད། དེ་བས་དགེ་བཤེས་མཁན་པོ་སོགས་བསྟན་པ་སྤྱི་ལ་སེམས་མཁན་ཚོས་དོན་གཉེར་གནང་བར་མཁྱེནནན། དེ་ལ་སོགས་པའི་གཟུགས་སྔགས་རིགས་དར་ལྕོག་འདྲ་མི་འདྲ་རི་ལུང་བསྐང་ན་ཡག་ཉེས་ཆེན་པོ་ཞིག་འདུག་བསམ་ཡོད། ཆོས་ཆོས་བཞིན་ཡོང་བར་ཞིག་འབད་པ་གལ་ཆེན་པོ་རེས་སྙམ་ཡོད་་་་་་་་་་་་་་་སྙིང་ནད་པས
འོ་ཅིག་བརྗེད་བཞག དེ་ལ་སོགས་པའི་འཁོར་ལོ་བསྐོར་མཁན་ཚོས་ཀྱང་འཁོར་ལོའི་ནང་དུ་ཅི་ཡོད་མ་ཤེས་པར་ཆོས་པ་ཡིན་འདོག་གི་སྐོར་ཀྱང་དོན་དག་ལ་ཡག་ཉེས་ཧ་གོ་མི་འདུག དཔེར་ན་ཉིན་གཅིག་ང་ཟས་ཁང་ཞིག་ནས་དབྱིན་ཇི་ཆོས་ཚོགས་ཀྱི་ཚོགས་གཙོ། བླ་མ་ཆེན་པོ་ཞིག་གིས་སློབ་མ་ཡིན་ཁུལ་ཞིག་ལག་ལ་འཁོར་ལོ་གང་ཆེན་སྤོས་ལེགས་རིན་ཐང་ཆེ་ཞིག་བཟུང་ནས་ཟ་མ་ཟ་ཚེ་ཡང་སྐོར་ཀྱིན་འདུག ངས་ཁོ་ལ་བཀྲ་ཤིས་བདེ་ལེགས། བདེ་མོ་ཞུས་ནས། ཡ་ཁོ་རེ་འཁོར་ལོའི་ནང་ལ་ག་རེ་ཞུས་པས་ཁོས་དཔེ་གཟུགས་སྔགས་རྩ་མང་པོ་ཡོད་རེད་ཟེར། སྐད་ཆ་མང་དག་བཤད་ནས་ཟ་མ་ཚར་སོང་། ང་དང་གྲོགས་པོ་ཆགས་སོང་། ཕྱིས་སུ་དུས་སྐབས་ཞིག་ཁོ་འཕྲད་པས་ཁོའི་འཁོར་ལོ་ཁུར་ནས་ཁྲུས་ཁང་ནང་མིན་པ་འགྲོ་གི་འདུག ཡག་པོ་རེད་མོད་ངས་བསམ་པ་འཁོར་ལོ་ཁ་ཕྱེ་ན་འགྲིག་གམ་ཞུས་པས་འགྲིགས་ཟེར། ངས་ཁ་ཕྱེ་ལྟ་དུས་ཡིག་གེ་གདུགས་དཀར་སོགས་གཟུགས་སྔགས་མང་པོ་འདུག ཚང་མ་ཕྱིར་ལོག་མགོ་ཐུར་དུ་བསྟན་ནས་བཞག་འདུག རྣམ་རྟོག་ངན་པ་ཞིག་སྐྱེ་བྱུང་བས། ངས་ཡ་ཡ་ཡི་གེ་མགོ་འཇུག་ནོར་འདུག་པས་བཅོས་ན་དགའ་མི་འགྲོ་ཞུས་པས་ཁོས་ཆོག་ཟེར། ངས་བཅོས་པ་ཡིན་ཡང་ཡག་ཉེས་ཧ་གོ་མ་སོང་། ཁུངས་ལྡན་གྱི་མ་ཎི་སིདྡྷི་སོགས་ལག་འཁོར་དང་གཏན་ནས་མི་འདྲ་བས་དྭོགས་པ་ཞིག་ཡིན་་་་
ཁ་བརྡ་ཚང་ལ་ཞུ་རྒྱུར། ཧ་ལམ་ཁྱེད་ཅག་གིས་གསལ་བོ་ཤེས་ཀྱི་ཡོད་རེད། ད་སྐབས་གུས་པར་དུས་ཚོད་ཀྱིས་དབང་གིས་དྲ་ཁང་དུ་མང་པོ་འབྲི་ལོང་མེད་ནའང་། བོད་སྐྱེས་དགུ་མདོ་རུ་བྱུང་བའི་གོད་ཆགས་ཆེན་པོ་འདི་དག་གོ་ནས་སེམས་ཀྱིས་མ་བཟོད་པར་དྲ་ཁང་དུ་རོགས་སྐྱོར་སོགས་གང་འདྲ་རག་གི་ཡོད་འགྲོ་བསམ་ནས་གསར་འགྱུར་དང་མཆན་བུ་སོགས་ཀློག་གིན་ཡོད། གོང་དུ་བདེ་ཆེན་རྡོ་རྗེ་ཟེར་དང་ལྷ་ནོར་དང་གནམ་ལྕགས་ཟེར་བ་སོགས་ཀྱིས་དུས་དང་མ་རན་པའི་བཤད་སྟངས་དེར་དགོངས་བཞེས་འོས་མི་འདུག་གམ། དུས་ཚོད་འདི་ནི་ཕྱོགས་རེས་ཅན་གྱི་མཆན་རྩོམ་འབྲི་བ་དང་མུ་ནག་ནང་གི་ཞེ་འཁོན་རྩོད་དུས་མ་ཡིན་པར། ཚང་མས་མིའི་ནུས་པ་དང་དཔལ་འབྱོར་སོགས་རང་རང་གིས་གང་ནུས་ཀྱིས་རོགས་པ་བྱེད་དགོས་པའི་དུས་ཡིན་པ་སེམས་ལ་ཉར་རོགས། བོད་རིགས་བདེ་ཆེན་རྡོ་རྗེ་ཁྱེད་ཀྱང་རུས་པ་ཡོད་པའི་ཨ་མའི་བུ་ཞིག་ཡིན་ན་མྱ་ངན་གྱི་དུས་ཚོད་འདི་གཞན་ལ་མུ་ནག་རྡོ་འཕེན་ལྟ་བུའི་མ་ཉེས་གཡོག་བྱས་ནས་འདུག་འོས་མ་མཆིས་པ་གསལ་འདེབས་བྱེད་ཀྱི་ཡོད། དེ་མིན་བོད་མི་ཡོངས་རྫོགས་སྐྱོ་གདུང་གྱིས་མནོན་པའི་དུས་ངན་འདི་འདྲར་བསམ་ནས་ཉིད་ལའང་ཚིག་རྩུབ་སོགས་སྤྱད་ནས་ལན་མ་བཏབ་པར་བོད་མི་ཞིག་ཏུ་རྩིས་ནས་གསལ་འདེབས་ཙམ་བྱས་པ་ཡིན། ཕྱི་ལོགས་ཀྱི་བོད་མིའི་ཚོགས་སྡེ་ཁག་ལ་བོད་ནང་རོགས་སྐྱོར་བྱེད་རྒྱུའི་ལམ་ཁ་ག་ཚོད་ཅིག་རག་གི་ཡོད་མེད་མི་ཤེས་མོད། བོད་ནང་དུ་བོད་རིགས་ཚང་མས༼བོད་སེམས་བོད༽ཟེར་ནས་སེམས་རྩ་ཆིག་སྒྲིལ་གྱིས་ཞལ་འདེབས་དང་རོགས་སྐྱོར་གང་ཡོང་གིས་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་འདུག་པས་སེམས་པ་དྲོ་བོ་བྱུང་། དེ་ཙམ་ཡིན།
ཕ་ཡུལ་བོད་ན་མི་ཚང་མས་༼བོད་སེམས་བོད༽དང་༼བོད་མི་སྐྱིད་སྡུག་མཉམ་མྱོང་༽སོགས་ཆེས་སྙན་འཇེབས་ལྡན་ཞིང་དོན་སྙིང་ཟབ་པའི་བརྗོད་ཚིག་འདི་དག་སྤྱད་ནས་ཆིག་སྒྲིལ་དང་སྤྱི་ཕན་གྱི་ལས་དོན་མང་པོ་སྤེལ་གྱིན་འདུག་པས། ཕྱི་ལོགས་ནས་ཀྱང་སྐད་ཆ་བཤད་སྟངས་དང་ལས་དོན་སྤེལ་སྟངས་བོད་ནང་ལ་ཁ་མིག་ཡ་ལྟ་གནང་རྒྱུ་གལ་ཆེན་པོ་མཐོང་།
ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན། ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱོད་པ་པོ་ཆོ༹འི་གསུང་དོན་ལྟར་ན།
ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས། བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱོད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས།
ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་ སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད།
དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།