ཨེ་མ་ཧོ།
ཕྱོགས་དུས་རྒྱལ་ཀུན་རྩ་གསུམ་ཆོས་སྐྱོང་གི། །
ཐུགས་རྗེ་བྱིན་རླབས་གཅིག་ཏུ་བསྡུས་པའི་སྐུ། །
སྐྱབས་གཅིག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ། །
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
སྙིགས་དུས་ལས་ངན་ཚེ་ལོ་བརྒྱ་བའི་ཚེ། །
ཚེ་མཐར་མི་ཕྱིན་བར་ཆད་མང་བའི་དུས། །
ཁྱེད་ནི་རིག་འཛིན་ཚེ་ལྷའི་འཁོར་གྱིས་བསྐོར། །
ཚེ་ཡི་བར་ཆད་སོལ་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་ས་བཅུད་ཉམས་པའི་ཚེ། །
འབྲུ་བཅུད་མི་འཕེལ་བཙའ་སད་མང་བའི་དུས། །
གུ་རུ་འབྲུ་ཡི་གཏེར་བདག་ཚོགས་ཀྱིས་བསྐོར། །
འབྲུ་བཅུད་དངོས་གྲུབ་སྩོལ་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་བསོད་ནམས་མར་འགྲིབ་ཚེ། །
དབུལ་འཕོང་ཕྱྭ་གཡང་ཟས་བཅུད་ཉམས་པའི་དུས། །
གུ་རུ་ཛམ་བྷ་ལྷ་ཚོགས་འཁོར་གྱིས་བསྐོར། །
རྒྱུ་ནོར་གཏེར་མཛོད་སྩོལ་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་དཀར་ཕྱོགས་བླ་འཁྱམས་ཚེ། །
ནག་ཕྱོགས་གཞི་བདག་ས་གནས་བཟུང་པའི་དུས། །
གུ་རུ་གཞི་བདག་ཟོ་དོར་འཁོར་གྱིས་བསྐོར། །
དཀར་ཕྱོགས་རང་གནས་འཁོར་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་ཆར་ཆུ་མི་འབེབ་ཚེ། །
ལྷ་ཀླུ་གཞི་བདག་ཚོགས་རྣམས་ཉམས་པའི་དུས། །
གུ་རུ་ཀླུ་རྒྱལ་ཆར་སྤྲིན་འཁོར་གྱིས་བསྐོར། །
ཆར་ཆུ་དུས་སུ་ཕོབ་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་འཁྲུགས་རྩོད་བྱེད་པའི་ཚེ། །
སེམས་ཅན་མང་པོ་གྲི་ཤི་གསར་བྱུང་དུས། །
གུ་རུ་ཡི་དམ་ཁྲོ་བོ་ཁྲོ་མོས་བསྐོར། །
དུས་འཁྲུགས་དགྲ་དཔུང་ཟློག་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་སྒོ་ནོར་འཆི་བའི་ཚེ། །
ས་གཉན་གློ་ཧོན་ནད་རིགས་དར་བའི་དུས། །
གུ་རུ་མཁའ་འགྲོ་ནོར་ལྷའི་ཚོགས་ཀྱིས་བསྐོར། །
ནོར་ནད་ཐམས་ཅད་སོལ་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་ནད་རིམས་འོང་བའི་ཚེ། །
ཚ་གྲང་གོ་ལྡོག་སྨན་སྦྱོར་མི་ཕན་དུས། །
གུ་རུ་སངས་རྒྱས་སྨན་ལྷའི་འཁོར་གྱིས་བསྐོར། །
ནད་རིམས་མཐའ་ལ་བཟློག་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་བསམ་དོན་མི་འགྲུབ་ཚེ། །
དམ་ཆོས་ཁ་ལོ་འདྲེ་ཡིས་བསྒྱུར་བའི་དུས། །
གུ་རུ་གེ་སར་ལྷ་སྲུང་ཚོགས་ཀྱིས་བསྐོར། །
བསམ་དོན་ཆོས་བཞིན་མཛོད་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་དགེ་སྦྱོར་མི་འགྲུབ་ཚེ། །
བཤད་སྒྲུབ་ཚུལ་ཁྲིམས་བར་ཆད་མང་བའི་དུས། །
གུ་རུ་རྩ་བརྒྱུད་བླ་མ་འཁོར་གྱིས་བསྐོར། །
དགེ་ཚོགས་མཐའ་ཕྱིན་མཛོད་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་གཟའ་སྐར་འཁྲུགས་པའི་ཚེ། །
ནམ་མཁར་མེ་འོད་སྤྲིན་ཚོགས་ཤར་བའི་དུས། །
གུ་རུ་དུས་འཁོར་ལྷ་ཚོགས་འཁོར་གྱིས་བསྐོར། །
རྒྱུ་སྐར་ཐན་ལྟས་བཟློག་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་བར་སྣང་སྒྲ་གྲགས་ཚེ། །
ས་གཞི་འགུལ་ནས་སྐྲག་བསྔངས་འོང་བའི་དུས། །
གུ་རུ་ས་གནོན་ཁྲོ་རྒྱལ་འཁོར་གྱིས་བསྐོར། །
ས་གཡོ་མཚོ་འགུལ་བཟློག་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་འདྲེ་བགེགས་དར་བའི་ཚེ། །
ཤི་འདྲེ་གསོན་འདྲེས་གནོད་པར་བྱེད་པའི་དུས། །
གུ་རུ་ཡི་དམ་དྲག་པོ་འཁོར་གྱིས་བསྐོར། །
འདྲེ་གདོན་དམ་ལ་ཐོག་ཅིག་པདྨ་འབྱུང་། །
སྙིགས་དུས་ལས་ངན་མ་རུང་ལྟས་ཚོགས་ཚེ། །
ས་ཆུ་མེ་རླུང་འབྱུང་དགྲ་འཁྲུགས་པའི་དུས། །
གུ་རུ་འབྱུང་ལྷའི་རྒྱལ་པོ་འཁོར་གྱིས་བསྐོར། །
འབྱུང་དགྲའི་བགེགས་ཚོགས་བསྐྲོད་ཅིག་པདྨ་འབྱུང། །
བདག་སོགས་ནམ་ཞིག་འཆི་བའི་དུས་བྱུང་ཚེ། །
ཆོས་ཉིད་སྲིད་པ་བར་དོ་འཆར་བའི་དུས། །
གུ་རུ་སྣང་མཐའི་ལྷ་ཚོགས་འཁོར་གྱིས་བསྐོར། །
བདེ་ཆེན་ཞིང་དུ་དྲོངས་ཤིག་པདྨ་འབྱུང་། །
ཕྱི་ཡི་བར་ཆད་འབྱུང་བཞིའི་གཡོ་འཁྲུགས་བཟློག །
ནང་གི་བར་ཆད་སེམས་ཀྱི་སྡུག་བསྔལ་སོལ། །
གསང་བའི་བར་ཆད་སེམས་ཀྱི་འཁྲུལ་རྟོག་སོལ། །
ཐུགས་ཡིད་དབྱེར་མེད་མཛོད་ཅིག་པདྨ་འབྱུང་། །
ཨོཾ་ཨྰཿཧཱུྃ་ཧྲྰིཿ བཛྲ་གུ་རུ་པདྨ་སིདྡྷི་ཧྰུྃ། ། ཞེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་ཆུ་འབྲུག་རྒྱལ་ཟླའི་རྫོགས་པ་གསུམ་པར་ཤྲྰི་མ་ལ་ཡའི་རི་རྩེ་ནས་ཨེ་མ་ཧོས་ཐོལ་བྱུང་དུ་སྨོན་པ་དོན་དང་ལྡན་པར་གྱུར་ཅིག་གུ། །ཤྲྰི་སརྦ་བི་ཛ་ཡནྟུ། །
ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།།
འགལ་རྐྱེན་བར་ཆད་མི་འབྱུང་ཞིང་།།
མཐུན་རྐྱེན་བསམ་པ་འགྲུབ་པ་དང་།།
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།།
དྲན་པ་ཡབ་སྲས་གསུམ་གྱི་གསོལ་འདེབས་བསམ་པ་མྱུར་འགྲུབ་བཞུགས། །
ཨེ་མ་ཧོ། །
ཕྱོགས་བཅུའི་རྒྱལ་བ་ཡི་དམ་མཁའ་འགྲོ་ཡི། །
ཐུགས་རྗེ་བྱིན་རླབས་གཅིག་ཏུ་བསྡུས་པ་ཡི། །
འཛམ་བུ་གླིང་དུ་འགྲོ་བའི་དོན་བྱོན་པ། །
འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་ཚེ་ལོ་བརྒྱ་བའི་དུས། །
ཚེ་མཐར་མི་ཕྱིན་བར་ཆད་མང་བའི་དུས། །
ཁྱེད་ནི་རིག་འཛིན་ཚེ་ལྷའི་འཁོར་གྱིས་བསྐོར། །
ཚེ་ཡི་བར་ཆད་ཟློག་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་ས་བཅུད་ཉམས་པའི་དུས། །
འབྲུ་བཅུད་མི་འཕེལ་བཙའ་སད་མང་བའི་དུས། །
ཁྱེད་ནི་འབྲུ་ཡི་གཏེར་བདག་ཚོགས་ཀྱིས་བསྐོར། །
འབྲུ་བཅུད་དངོས་གྲུབ་སྩོལ་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་བསོད་ནམས་མར་འགྲིབ་སྐབས། །
དབུལ་འཕོངས་ཕྱྭ་གཡང་ཟས་བཅུད་ཉམས་པའི་དུས། །
ཁྱེད་ནི་འཛམ་བྷ་ལྷ་ཡི་འཁོར་གྱིས་བསྐོར། །
རྒྱུ་ནོར་གཏེར་མཛོད་སྩོལ་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་དཀར་ཕྱོགས་འཁྱམས་པའི་དུས། །
ནག་ཕྱོགས་གཞི་བདག་ས་བཟུང་བྱེད་པའི་དུས། །
ཁྱེད་ནི་གཞི་བདག་ཟོ་དོར་འཁོར་གྱིས་བསྐོར། །
དཀར་ཕྱོགས་རང་གནས་འཁོར་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་ཆར་ཆུ་མི་འབེབ་དུས། །
ལྷ་ཀླུ་གཞི་བདག་ཚོགས་རྣམས་ཉམས་པའི་དུས། །
ཁྱེད་ནི་ལྷ་ཀླུ་ཆར་བདག་འཁོར་གྱིས་བསྐོར། །
ཆར་ཆུ་དུས་སུ་ཕོབ་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་འཁྲུགས་རྩོད་བྱེད་པའི་དུས། །
སེམས་ཅན་མང་བོ་གྲི་ལ་ཤི་བའི་དུས། །
ཁྱེད་ནི་ཡི་དམ་ཁྲོ་བོ་ཁྲོ་མོས་བསྐོར། །
དུས་འཁྲུགས་དམག་དཔུང་ཟློག་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་སྒོ་ནོར་འཆི་བའི་དུས། །
ཉ་གོར་གློ་ཧོན་ནད་རིགས་དར་བའི་དུས། །
ཁྱེད་ནི་མཁའ་འགྲོ་ནོར་ལྷའི་ཚོགས་ཀྱིས་བསྐོར། །
ནོར་ནད་མྱུར་དུ་བཟློག་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་ནད་རིམས་འོང་བའི་དུས། །
ཚ་གྲང་གོ་ལྡོག་སྨན་སྦྱོར་མི་ཕན་དུས། །
ཁྱེད་ནི་སངས་རྒྱས་སྨན་ལྷའི་འཁོར་གྱིས་བསྐོར། །
ནད་རིམས་མཐའ་ལ་བཟློག་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་བསམ་པ་མི་འགྲུབ་དུས། །
ལམ་ལོག་ཁ་ལོ་འདྲེ་ཡིས་བསྒྱུར་བའི་དུས། །
ཁྱེད་ནི་ལྷ་སྲུང་བོན་སྐྱོང་ཚོགས་ཀྱིས་བསྐོར། །
བསམ་དོན་ལམ་འགྲོ་མཛད་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་དགེ་སྦྱོར་མི་འགྲུབ་དུས། །
དགེ་བྱེད་ཚུལ་ཁྲིམས་བར་ཆད་མང་བའི་དུས། །
ཁྱེད་ནི་རྩ་བའི་བླ་མ་འཁོར་གྱིས་བསྐོར། །
དགེ་བ་མཐའ་རུ་ཕྱིན་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་གཟའ་སྐར་འཁྲུགས་པའི་དུས། །
ནམ་མཁའ་མེ་འོད་སྤྲིན་ཚོགས་ཤར་བའི་དུས། །
ཁྱེད་ནི་དུས་བཞི་ལྷ་ཡི་འཁོར་གྱིས་བསྐོར། །
གནམ་ཐན་ལྟས་ངན་བཟློག་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་བར་སྣང་སྟོང་སྒྲ་གྲགས། །
ས་གཞི་འགུལ་ནས་སྐྲག་བསྔངས་འོང་བའི་དུས། །
ཁྱེད་ནི་ས་གནོན་ཁྲོ་བོའི་འཁོར་གྱིས་བསྐོར། །
ས་གཞི་གཡོ་འགུལ་བཟློག་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་འདྲེ་བགེགས་དར་བའི་དུས། །
ཤི་འདྲེ་གསོན་འདྲེས་གནོད་པར་བྱེད་པའི་དུས། །
ཁྱེད་ནི་ཡི་དམ་དྲག་པོ་འཁོར་གྱིས་བསྐོར། །
འདྲེ་གདོན་དམ་ལ་ཐོག་ཅིག་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ད་ལྟ་དུས་ངན་མ་རུང་ལྟས་ཚོགས་དང་། །
མེ་དགྲ་ཆུ་དགྲ་རླུང་དགྲའི་དགྲ་ཚོགས་དང་། །
ས་དགྲ་འབྱུང་བ་དུས་ཀྱི་དགྲ་རྣམས་ཀྱང་། །
ཁྱེད་ཀྱི་ཐུགས་རྗེས་རང་སར་ཞི་བར་ཤོག །
བདག་ནི་ནམ་ཞིག་འཆི་བའི་དུས་བབས་ལ། །
ཁྱེད་ནི་སངས་རྒྱས་བདེར་གཤེགས་འཁོར་གྱིས་བསྐོར། །
བར་དོའི་འཇིགས་སྐྲག་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། །
བདེ་ཆེན་ལམ་སྣ་ཁྲིད་མཛད་ཡབ་སྲས་གསུམ། །
དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །
ཁྱེད་ཀྱི་ཐུགས་རྗེ་ཉེ་རིང་མེད་པ་ལ། །
ནང་ནུབ་དུས་དྲུག་ཁྱེད་ཀྱི་ཐུགས་རྗེ་གཟིགས། །
གཟུགས་ཅན་གཟུགས་མེད་དགྲ་ཚོགས་ཁྱེད་ཀྱིས་བཟློག །
འདི་དང་ཕྱི་མའི་སྐྱབས་མགོན་མ་ཆུང་ཞིག །
བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །
ཨཱོྃ་ཨཿཧཱུྃ། དྲན་པ་མུ་ལ་ཧ་རི་ནི་ས་སི་ཏི་འདུས་འདུས། །
བོན་དཔེ་འདི་ནས་ཁ་བསྒྱུར་ཞིག་བྱས་པ་འདྲ། ཡིན་ནའང་སྐྱོན་ཡོད་མ་རེད་འགྲོ་བ་ལ་ཕན་ན་འགྲིག་གོ། །
སྐུ་མཁྱེན། ཚེས་གཅིག་འདི་ཚེ་ཐར་གཏོང་རོགས། སང་ཉིན་ནས་དམག་རྒྱག་ན་ཕྱི་སྐྱོན་ཨ་ཡོད།
བོན་པོ་ནས་དཔེབཤུས་ན། ཨོཾ་ཨཱཿཧ྄ཱུཾ། ཞེས་པའི་ལེགས་སྦྱར་གྱི་སྐད་འདི་བོན་པོས་ག་ནས་དཔེ་བཤུས་ཡིན། བོད་པའི་གཏམ་དཔེར། རྐུ་མ་ཧམ་ཆེན་གྱི་མ་བཟའ་ཟེར་བ་དེ་རེད་འདུག
དུས་གསུམ་སངས་རྒྱས་ཀུན་འདུས་མ།
བླ་མ་ཨུ་རྒྱན་པད་མའི་ཞབས།
དེ་ཡི་རྣམ་སྤྲུལ་ལུང་གིས་ཟིན།
རྒྱལ་བ་བསྟན་འཛིན་རྒྱ་མཚོའི་རྗེ།
གསོལ་བ་འདེབས་སོ་བྱིན་གྱིས་རློབས།
རྗེས་སུ་བྲངས་སོ་དངོས་གྲུབ་སྩོལ།
བར་ཆད་སེལ་ལ་མཐུན་རྐྱེན་གྲུབ།
བསམ་དོན་གྲུབ་ཅིང་རྣམ་པར་རྒྱལ།
ཡུལ་ཁམས་བདེ་ཞིང་ཞི་བདེ་འཕེལ།
ས་ཆུ་འཛོམས་ཤིང་ལོངས་སྤྱོད་རྒྱས།
རང་གཞན་བདེ་ནས་བདེ་རུ་འགྲོ།
བཀྲ་ཤིས་གཏམ་བཟང་ཕྱོགས་བཅུར་ཁྱབ།
ཐམས་བཅད་དགའ་བའི་དཔལ་ལ་རོལ།
བཀྲིས། ཁ་བྲོ། དགེ་ལེགས་འཕེལ།
དྲན་པ་ནམས་མཁའ་སྐྲ་བྲེགས་བན་དེ་མཛད། །བོན་གྱི་བསྟན་འབྱུང་ལས་གསུངས།
མཆོག་གླིང་གཏེར་མ་ལས།
ཨེ་མ་ཧོ།
ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །
སངས་རྒྱས་གཞན་ལས་ཐུགས་རྗེ་ཕྲིན་ལས་མྱུར། །
བོད་ཁམས་སྐྱོང་བར་ཞལ་གྱིས་བཞེས་པ་བཞིན། །
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །
བཟོད་མེད་གདུང་ཤུགས་དྲག་པོས་སྙིང་ནས་འབོད། །
མི་མངོན་དབྱིངས་ནས་ཐུགས་རྗེ་སྤྱན་གྱིས་གཟིགས། །
སྙིགས་མ་ལྔ་བདོའི་མཐའ་ལ་ཐུག་པའི་ཚེ། །
ཡུལ་ལྷ་ཡུལ་ཕུད་འབྱུང་པོས་ཤུལ་བཟུང་ན། །
གཞི་བདག་གནས་སུ་བཀོད་ཅིག་པདྨ་འབྱུང་། །
ནག་ཕྱོགས་མི་དང་འདྲེ་བདུད་ཁ་དར་ན། །
དཀར་ཕྱོགས་དབུགས་དབྱུང་མཛོད་ཅིག་པདྨ་འབྱུང་། །
ཆོས་སྐྱོང་རྣམས་ཀྱིས་དམ་བཅའ་བཏང་གྱུར་ན། །
དམ་ཚིག་ཕྱག་རྒྱས་འཆིང་ཞིག་པདྨ་འབྱུང་། །
དམ་མེད་གཤིན་འདྲེའི་བར་ཆད་བརྩོན་གྱུར་ན། །
འདྲེ་རྒོད་དམ་ལ་ཐོགས་ཤིག་པདྨ་འབྱུང་། །
སྐྱེ་འགྲོ་ཤུགས་རྐྱེན་བགེགས་ཀྱིས་བརླགས་གྱུར་ན། །
ཚེ་སྲོག་དགེ་ཚོགས་སྤེལ་ཅིག་པདྨ་འབྱུང་། །
རྒྱ་འདྲེ་འགོང་བོས་བོད་ཁམས་ཕུང་བ་ན། །
མཐུ་སྟོབས་ནུས་པས་ཐུལ་ཅིག་པདྨ་འབྱུང་། །
མཐའ་བཞི་དམག་གི་མཚོན་ཁ་གདེང་བ་ན། །
མཐའ་དམག་དུས་འཁྲུག་བཟློག་ཅིག་པདྨ་འབྱུང་། །
ལྷ་ཀླུ་མ་མོས་དལ་ཡམས་འཐིབ་པ་ན། །
ཐུགས་རྗེ་སྨན་གྱིས་གསོས་ཞིག་པདྨ་འབྱུང་། །
འབྲོག་པ་ཕྱུག་ཉེས་ཡུལ་བ་ལོ་ཉེས་ན། །
འབྲུ་ནོར་ལོངས་སྤྱོད་སྤེལ་ཅིག་པདྨ་འབྱུང་། །
ས་ཡི་བཅུད་ཉམས་སྐྱེ་འགྲོའི་གཡང་ཉམས་ན། །
བཅུད་གཡང་བྱིན་དུ་ཕོབས་ཤིག་པདྨ་འབྱུང་། །
སྨོན་ལོག་དམ་སྲི་བསྟན་ལ་བར་གཅོད་ན། །
དྲག་རྩལ་ཤུགས་ཀྱིས་སྒྲོལ་ཅིག་པདྨ་འབྱུང་། །
བསྟན་དང་བསྟན་འཛིན་སྡེ་དང་བཅས་པ་རྣམས། །
དར་ཞིང་རྒྱས་པར་མཛོད་ཅིག་པདྨ་འབྱུང་། །
ཆོས་མེད་བདག་སོགས་འཁོར་བ་འཁྱམས་པ་ན། །
བདེ་ཆེན་ཞིང་དུ་དྲོངས་ཤིག་པདྨ་འབྱུང་། །
ལྟ་སྒོམ་སྤྱོད་པའི་གོ་ས་འཁྱུག་གྱུར་ན། །
དོན་དམ་རང་ངོ་སྤྲོད་ཅིག་པདྨ་འབྱུང་། །
མདོར་ན་སྡུག་བསྔལ་ཉེས་ཚོགས་ཅི་བྱུང་ཡང་། །
རྟག་ཏུ་ཐུགས་རྗེས་སྐྱོབས་ཤིག་པདྨ་འབྱུང་། །
ཐུགས་དམ་རྒྱུད་སྐུལ་འདི་ཨ་ཕྱིས་བློ་བྲིས་བགྱིས་པས་གྲོགས་པོ་ཚོས་དག་བཅོས་གནང་བར་མཁྱེན་ནོ། །
བསྡུས་པ་ནི།
རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་ཐོད་ཕྲེང་རྩལ། །
ཐུབ་བསྟན་སྡེ་སྣོད་སྲོག་འཛིན་ཞི་བ་འཚོ། །
གངས་ཅན་བསྟན་པའི་སྲོལ་འབྱེད་ཁྲི་སྲོང་རྗེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་རིགས་རྗེ་འབངས་ཀུན་ལ་ལོ་སར་བཀྲ་བདེ་ལེགས་ཞུ། ལྷན་འཛོམས་འབྱུང་བར་སྨོན་ལམ་བཅས་་་་་
ཨོཾ་ཨཱ་ཧཱུྃ་ཧྲཱིཿ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།།
་་་
སྙིགས་དུས་ལས་ངན་ཚེ་ལོ་བརྒྱ་བའི་ཚེ། །
བརྒྱ་པའི་ ཟེར་བ་མངདུ་ཡོད།
དབུལ་འཕོང་ཕྱྭ་གཡང་ཟས་བཅུད་ཉམས་པའི་དུས། །
དབུལ་ཕོངས་ ཟེར་བ་མངདུ་ཡོད།
སྙིགས་དུས་ལས་ངན་དཀར་ཕྱོགས་བླ་འཁྱམས་ཚེ།
བླ་འཁྱམས་ བླ་མ་འཁྱམས་པ་ཡིན་ནམ། ཡང་ན། ལྷ་འཁྱམས་ཡིན།
།
སྙིགས་དུས་ལས་ངན་ཆར་ཆུ་མི་འབེབ་ཚེ། །
འབབ་པ། ཡུལ་མེད་བྱ་ཚིག་དང་། འབེབས་པ་ ཡུལ་ཡོད་བྱ་ཚིག་གཉིས་ལས་གང་དེ་ཡིན་ནམ།
ས་གཉན་གློ་ཧོན་ནད་རིགས་དར་བའི་དུས། །
གློ་ཧོན་ ཟེར་བའི་དོན་དག་གང་ཡིན་ནམ།
གུ་རུ་སངས་རྒྱས་སྨན་ལྷའི་འཁོར་གྱིས་བསྐོར། །
སྨན་ལྷའི་ ཞེས་པ་དག་པ་ཡིན་ནམ། སྨན་བླའི་ཞེས་མི་དགོས་སམ།
དགེ་ཚོགས་མཐའ་ཕྱིན་མཛོད་ཅིག་པདྨ་འབྱུང་། །
མཐའ་ཕྱིན་ མཐར་ཕྱིན་ཞེས་པ་མང་ངོ་།
སྙིགས་དུས་ལས་ངན་བར་སྣང་སྒྲ་གྲགས་ཚེ། །
སྒྲ་གྲགས་ཚེ། ཞེས་པར་སྒྲ་སྒྲོགས་ཚེ། ཞེས་མི་དགོས་སམ།
།
སྙིགས་དུས་ལས་ངན་མ་རུང་ལྟས་ཚོགས་ཚེ། །
མ་རུང་། ཞེས་པར་མ་རུངས་ཞེས་མི་དགོས་སམ།
ཨོཾ་ཨཱཿ་ཧཱུཾ་བོན་གྱིས་རྐུས། གཤམ་གྱི་གསོལ་འདེབས་དེ་དེང་སང་གི་བནྡེ་དྲྭ་འབུའི་རྐུས། ད་ནི་ཕར་རྐུ་ཚུར་རྐུ་རེད། ཧཧཧཧ
བླ་ཞེས་པ་ནི་ལུས་སེམས་གཉིས་བརྟན་པར་བྱེད་པའི་དངོས་པོ་ཞིག་ལ་བཏགས་ཡིན་པ་འདྲ། རྩིས་པ་དག་ལ་འདྲི་ས་རག་ན་ཤེས་ངེས། དེ་མིན་སྲོག་གཅིག་པུ་ལ་འགྲེལ་ན་ཁྱབ་ཆུང་བས། བེམ་ཤེས་ལྡན་མིན་འདུ་བྱེད་གང་ཡིན་བརྟག་དགོས་པར་འདོད།
གནམ་གྱི་འོག་ན་སྐད་གྲགས་ཆོད་པ་ཡི། །
ལྷ་འདྲེ་མི་རྒོད་གསུམ་པོ་འདུལ་བ་ལ། །
ཐབས་དང་སྙིང་སྟོབས་འབར་བའི་ཟ་ཧོར་བ། །
ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །
དར་གོས་འཇམ་པོ་ཡུག་གཅིག་དབུ་ལ་དཀྲིས། །
ལྕགས་ཀྱི་དབྱུག་པ་ལྗིད་པོ་ཕྱག་ལ་ཐོགས། །
བཞིན་ལ་ཁྲོ་ཉམས་འབར་བའི་ཟ་ཧོར་བ། །
ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །
རྒྱ་གར་བུ་མོ་གཅིག་ལ་མ་ཐོགས་ཤིང་། །
བལ་ཡུལ་རྒྱལ་བོའི་ནོར་ལ་མ་ཆགས་པར། །
བསམ་ཡས་རི་ལ་ཕེབས་པའི་ཟ་ཧོར་བ། །
ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །
རྒྱ་འདྲེ་འགོང་བོས་བོད་ཁམས་ཕུང་བ་ན། །
མཐུ་སྟོབས་ནུས་པས་ཐུལ་ཅིག་པདྨ་འབྱུང་། །
མཐའ་བཞི་དམག་གི་མཚོན་ཁ་གདེང་བ་ན། །
མཐའ་དམག་དུས་འཁྲུག་བཟློག་ཅིག་པདྨ་འབྱུང་། །
ཐོག་མ་ཉིད་ནས་རྫུ་འཕྲུལ་སྟོབས་ཀྱིས་རྫུས་སྐྱེས་མཛད། །
བར་དུ་ཤྰཀྱ་སམ་བྷ་འོད་ཟེར་སྒྲ་སྒྲོག་དང་། །
གྲོ་ལོད་མཚོ་སྐྱེས་རྒྱལ་པོས་མཚན་བཏགས་མཚན་བརྒྱད་མཛད། །
མཐའ་མ་བོད་ནང་རྗེ་འབངས་ཉེར་ལྔའི་བླ་མ་མཛད། །
མཛད་ཆེན་མཛད་མཁན་བླ་མ་ཁྱོད་ལ་གསོལ་བ་འདེབས། །
ན་མོ།
སྣང་སྲིད་རྣམ་དག་གི་བླ་མ་ལ། །
སྣང་སྲིད་གཞིར་བཞེངས་སུ་མཆོད་པར་འབུལ།།
ཁམས་གསུམ་ཡོངས་གྲོལ་དུ་གསོལ་བ་འདེབས། །
འཁོར་བ་དོང་སྤྲུགས་སུ་བྱིན་གྱིས་རློབས། །
རྗེ་ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །
སྨྲ་བསམ་བརྗོད་མེད་རྒྱལ་བའི་ཐུགས། །
མཁྱེན་པའི་ཡེ་ཤེས་ལྔ་དང་ལྡན། །
བརྩེ་བའི་བདག་ཉིད་བཀའ་དྲིན་ཅན། །
འགྲོ་བར་སྐྱོབ་མཛད་རིན་པོ་ཆེ། །
བདག་སེམས་ཉིད་ཀྱི་ངང་ནས་གསོལ་བ་འདེབས། །
ཆོས་ཉིད་ཀྱི་ངང་དུ་བྱིན་གྱིས་རློབས། །
སེམས་གདོད་ནས་སྐྱེ་མེད་རྣམ་དག་འདི། །
བློ་འདས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །
ཨ་ཕྱི་ཆོས་སྒྲོན་ནས
ཨོཾ་ཨྰཿཧྰུྃ་ཧྲྰིཿ
ཨུ་རྒྱན་པད་མ་འབྱུང་གནས་བོད་ལ་ཐུགས་རྗེ་གཟིགས།
ཇོ་བོ་རྗེ་ཨ་ཏི་ཤ་བོད་ལ་གཟིགས།
ཨ་མ་ལ་ཤི་ལ་བོད་ལ་གཟིགས།
ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས།།
དུས་འཁྲུག་མཚོན་ཁ་ཞི་བར་བྱིན་གྱིས་རློབས།།
ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།།
བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས།།
ཁ་ཞེ་གཉིས་མེད་ཀྱིས་བོད་ཡོངས་ཀྱི་བླ་མའི་བཞེད་པ་སྒྲུབ་པ་ལ། ཡི་གེ་དག་པོ་དགོས། དེ་ལྟར་བྱེད་པ་ལ་འབད་པ་ཙམ་ཡང་མི་བྱེད་པ་དེ་བོད་ཡོངས་ཀྱི་བླ་མའི་དགོངས་པ་དང་འགལ་ཏེ། གང་གིས་ཡི་གེ་འབྲི་ན། དག་པོ་འབྲི་དགོས། དེ་ལྟར་མ་ཐུབ་ན། མ་འབྲི་བ་དེ་ལེགས་པ་ཡིན། ཞེས་གསུངས་པ་དེ་ཚད་ལྡན་གྱི་སྐྱེས་བུ་ལས་ཐོས་སོ།།
ལེགས་སོ་་་རྒན་ལགས་་་་ད་ནས་བཟུང་འདྲེ་ངས་ཡི་གེ་མི་འབྲི་་་བྲིས་བྲིས་ཚང་མ་བརྡ་སྤྲོད་པའི་གཞུང་དང་མཐུན་གྱིན་མེད་པར་ཡུལ་སྐད་ཤོར་འགྲོ་གི་་་་་ཡིན་ནའང་ཕྱོགས་གཅིག་ནས་བལྟས་ན་ཡུལ་སྐད་འདིའང་བེད་སྤྱོད་མེད་པ་གཅིན་པ་ནང་བཞིན་གཡུག་རྐྱང་བྱས་ན་ངའི་ཕ་མ་གོང་མ་རྣམ་པར་མཐོང་ཆུང་བྱས་པར་མི་འགྲོ་བསམ་གི་་་་དེས་ན་ཡུལ་སྐད་ཡིན་ཡང་ཡིག་ཐོག་ལ་བྲིས་དུས་དག་ཆ་དང་སྡེབ་སྦྱོར་སོགས་གང་ཅིའི་ཕྱོགས་ལ་གཟབ་སྟེ་བྲིས་ན་་་་་ཡབ་ཆེན་གོང་མ་ཚོར་ཐུགས་དགྱེས་པའི་མཆོད་པ་ལས་ཅི་ཡོད་སྙམ་ན་་་་་སྤོབས་པའང་ཅུང་ཡོང་གི་འདུག འདི་བསམ་ཚུལ་ཙམ་ཡིན་ད་་་་་ད་དུང་ཡུལ་སྐད་འདི་ཉིད་གཡུག་དགོས་པའི་བསམ་ཆ་འདྲ་སུ་ལ་ཡོད་ན་ཕེབས་རྐྱང་གནང་དང་་་་འདྲེ་ང་ཕྱི་ནུར་མེད་པར་མདུན་དུ་ལངས་རྐྱང་ཡིན་ད་་་་་ཧཧཧཧཧ
འདྲེ་རྐང་ཐོ་ལེ།
རྒྱ་ལ་སོང་། ང་ཞས་ཉེ་རང་ངིས་ཐུགས་འབབིན་བསམ། ད་དཔེ་ར་མང་པོ་མི་ཞུ། དུས་དང་། ཤོ་གུ་གོད་ལ་ཆ་བྱས་ཡི་་ཡོག་ལེ།
དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།
དེ་ཡི་རྣམ་སྤྲུལ་ཇོ་བོ་ཨ་ཏི་ཤ།
དེ་ཡི་ཐུགས་སྤྲུལ་རྗེ་བཙུན་ཙོང་ཁ་པ།
སངས་རྒྱས་རྣམ་གསུམ་ཞབས་ལ་ཕྱག་འཚལ་ལོ།
ཨེ་མ་ཧོ། །
གསང་སྔགས་བསྟན་པའི་སྲོལ་འགྱེད་པདྨ་འབྱུང་། །
བྱང་སེམས་གདམས་པའི་མཛོད་འཛིན་ཨ་ཏི་ཤ །
ཉན་རང་སྤྱོད་པ་གཙོར་འདོན་ཙོང་ཁ་པ། །
ཐེག་གསུམ་བླ་མ་དམ་པར་གསོལ་བ་འདེབས། །
བོན་གྱི་དྲན་པ་ཡབ་སྲས་གསུམ་པོ་སུ་སུ་ཡིན་ཁྱེད་ཚོས་ཤེས་སམ། ཡབ་དྲན་པ་ནམ་མཁའ། སྲས་ཚེ་དབང་རིག་འཛིན་དང་པད་མ་མཐོང་གྲོལ་གཉིས་རེད། འདིའི་་་པད་མ་མཐོང་གྲོལ་་་ནི་ཁྱེད་ཚོའི་འདོད་པའི་་་གུ་རུ་རིན་པོར་ཆེ་་་ཞུ་བ་དེ་ཡིན་པར་གླེང་། བོན་དགོན་མང་པོར་་་པད་མ་མཐོང་གྲོལ་་་གྱི་སྐུ་འདྲ་མང་པོ་མཇལ་རྒྱུ་ཡོད་རེད་དོ། དམ་ཆོས་འདི་ལ་བོད་དྲི་ཏོག་ཙམ་བྲོ་རྒྱུ་ཡོད་པ་འདི། བླ་ཆེན་དྲན་པ་ནམ་མཁའ་དང་་་་ལོ་ཆེན་སྦེ་རོ་ཙྭ་ན་་་་གཉིས་ཀྱི་གཙོས་པའི་སྐྱེ་ཆེན་མང་པོའི་བཀའ་དྲིན་ཡིན་འགྲོ་དྲན་གྱི་ཡོད། ཁྱེད་ཚོས་བཤད་པ་ལྟར་བྱས་ན་ཞི་འཚོ་དང་པད་འབྱུང་མ་གཏོགས་མེད་ཟེར་ཤོད་ཀྱི་འདུག་བ།
ཨོཾ་ཨཱཿ་ཧཱུཾ་་་་འདི་དུས་རབས་བདུན་པའི་སྔོན་ནས་ཡོད་པར་བོན་པོ་ཚོས་འདོད་ཀྱི་ཡོད་པ་རེད། དེ་ནས་རྐུ་མ་སུས་བརྒྱབ་ཤེས་ས་རེད་བ། མ་གཞི་ཞང་ཞུང་དང་ཨརྱ་གཉིས་ལ་འབྲེལ་ལམ་ཡོད་པ་རེད། ཞང་སྐད་ནང་དུ་ཨརྱའི་སྐད་ཐོན་གྱི་འདུག། བན་དེ་ཚོས་ཨརྱ་འཕགས་པའི་ཡུལ་ཟེར་འདོད་པ་འདི་ལ་རྒྱུ་མཚན་ཞིག་ཡོད་ས་རེད་དེ། འོན་ཀྱང་ཁྱེད་ཚོས་འདོད་ཚུལ་ཚང་མ་དུས་རབས་བདུན་པའི་མན་ཆོད་ཡིན་དུས། དེའི་ཡན་ཆོད་ཚང་མ་ཤོད་རྒྱུ་དེ་བོན་པོས་ལས་འགན་ཡིན་པ་འདྲ་པོ་འདུག་བ། །
སྤྲོས་བྲལ་ཆོས་ཀྱི་དབྱིངས་གསལ་ཀློང་ཆེན་པ།
སྟོང་པའི་བདེ་ཆེན་འདྲེན་མཛད་ས་པཎ་ཞབས།
སྣང་སྟོང་ཟུང་འཇུག་གདམས་པ་ཙོང་ཁ་པ།
མཉམ་མེད་འཇམ་དབྱངས་གསུམ་ལ་ཕྱག་འཚལ་ལོ།
ཁྱེད་ཚོས་འདོད་པ་ལྟར་གྱི་དམ་པའི་ཆོས་སམ་བོད་བརྒྱུད་ནང་བསྟན་འདི་བསྟན་ལ་འབེབ་དུས་བོད་ཕྱོགས་ནས་མཁས་པ་ཕུལ་དུ་ཕྱིན་དེ་འདྲ་གཏན་གཏན་དགོས་ཀྱི་ཡོད་པ་རེད། དེའི་གཙོ་བོ་དེ་་་བླ་ཆེན་དྲན་པ་ནམ་མཁའ་་་མ་གཏོགས་འཇོག་རྒྱུ་མི་འདུག། ཁྲི་སྲོང་ནི་རྒྱལ་པོ་རེད་མ་གཏོགས་ཆོས་ལུགས་མཁས་པ་ཡིན་རབས་མེད། ཁྱེད་ཚོས་འདོད་པ་ལྟར་བྱས་ན་ཞི་འཚོ་དང་པད་འབྱུང་གཉིས་ནི་རྒྱ་གར་ནས་ཕེབས་པའི་མཁས་པ་རེད། བོད་ནས་ཕེབས་པའི་མཁས་མ་རེད། དེ་འདྲ་ཡིན་དུས་དྲན་པ་ནམ་མཁའ་ནན་བན་དུ་བཅུག་ནས་བོད་ཕྱོགས་ཀྱི་མཁས་པའི་ཁ་འཛིན་གཏན་གཏན་བྱས་ཡོད་ས་རེད། ། འདི་ནི་དཔྱད་གཞི་ཙམ་དུ་གླེང་བ་ཡིན། །
BONPOལགས། ཁྲི་སྲོང་སྡེ་བཙན་གྱི་ཤེར་ཕྱིན་འགྲེལ་བ་གཟིགས་མྱོང་ངམ། ཡབ་སྲས་གསུམ་གྱི་གསོལ་འདེབས་དེ་སུས་རྩོམ་པ་ཡིན་ནམ།
སྟོན་པ་ལོངས་སྐུས་བྱིན་བརླབས་པདྨ་འབྱུང་། །
ཆོས་སྐུ་ཐབས་ཀྱིས་བྱིན་བརླབས་ཞི་འཚོ་དང་། །
ཨ་ཏི་ཤ་དང་མར་མི་དྭགས་གསུམ་དང་། །
ཤེས་རབ་ཀྱིས་བྱིན་བརླབས་པ་ཀློང་ཆེན་དང་། །
ས་པཎ་ཙོང་ཁ་ཡབ་སྲས་གསུམ་པོ་དང་། །
ཐབས་ཤེས་ཟུང་འཇུག་བདག་ཉིད་༸གོང་ས་མཆོག །
རིས་མེད་བླ་བརྒྱུད་རྣམས་ལ་གསོལ་བ་འདེབས། །
༢༢༽ BONPO ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༢ གི་ཆུ་ཚོད་ ༡༢ སྐར་མ་ ༤༢
བོན་གྱི་དྲན་པ་ཡབ་སྲས་གསུམ་པོ་སུ་སུ་ཡིན་ཁྱེད་ཚོས་ཤེས་སམ། ཡབ་དྲན་པ་ནམ་མཁའ། སྲས་ཚེ་དབང་རིག་འཛིན་དང་པད་མ་མཐོང་གྲོལ་གཉིས་རེད། ་་་་་ཅེས་པ་དང་།
ཡང་།
༢༤༽ BONPO ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༢ གི་ཆུ་ཚོད་ ༡༣ སྐར་མ་ ༢༩
་་་་་་དེ་འདྲ་ཡིན་དུས་དྲན་པ་ནམ་མཁའ་ནན་བན་དུ་བཅུག་ནས་བོད་ཕྱོགས་ཀྱི་མཁས་པའི་ཁ་འཛིན་གཏན་གཏན་བྱས་ཡོད་ས་རེད། ། འདི་ནི་དཔྱད་གཞི་ཙམ་དུ་གླེང་བ་ཡིན། །ཞེས་གསུངས་འདུག
ང་ནི་བོན་རང་གི་སྲོལ་རྒྱུན་ཆོས་འབྱུང་ཤེས་འདོད་ཆེ་ན་ཡང་། དཔེ་ཆ་དང་དུས་ཚོད་མི་ལྡང་བས་འདིར་གསུངས་པ་འདི་ཡི་ནང་གི་དང་པོར་སྲས་གཉིས་པ་པདྨ་མཐོང་གྲོལ་ལམ་ནང་པའི་འདོད་པའི་སློབ་པདྨ་འབྱུང་གནས་གཅིག་ལྟར་གསུངས་པ་ལ། ཕྱིས་སུ་ཡབ་དྲན་པ་ནམ་མཁའ་ཁོང་རང་ནང་པ་ཞི་འཚོ་ཡབ་སྲས་སོགས་ཀྱིས་ནང་པར་གཞི་ནས་བཅུགས་ནས་འགྲོ་དོན་མཛད་པ་ཅིག་གསུངས་འདུག
འདི་ང་རང་འཁྲུགས་པ་ཡིན་ནམ་ཁྱེད་འཁྲུགས་པ་ཡིན་ཡང་བསྐྱར་གསལ་བཤད་ཅིག་གནོངས་རོགས་ཞུ།
དྲན་པ་ཡབ་སྲས་གསུམ་གྱི་གསོལ་འདེབས་འདི་་་དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་མཆོག་གིས་མཛད་པ་ཡིན་པར་གསལ།
དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་མཆོག་ནི་་་ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་༡༨༥༩-༡༩༣༤མཆོག་གིས་སྐྱབས་འགྲོའི་སྡོམ་པ་ཐོག་མར་ལེན་སའི་བླ་མ་དེ་ཡིན་པ་རེད། དེ་དུས་བཀྲ་ཤིས་རྒྱལ་མཚན་ཞེས་པའི་མཚན་གྱི་ཅོད་པན་གནང་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག་ཅེས་པའི་སྨོན་ལམ་ཡང་མཛད་པར་གསུངས། །
ཁྲི་སྲོང་སྡེ་བཙན་གྱི་ཤེར་ཕྱིན་འགྲེལ་བ་ཟེར་བ་དེ་ནི་དངོས་གནས་བན་དེའི་དཔེ་ཆ་ཡིན་པ་ཐག་ཆོད། །
ཀརྡོ་གཉེར་ཕྱག་པ་ལགས། ཁྱེད་ཀྱི་དྲི་བ་དེ་ཧ་གསལ་པོ་གོ་མ་སོང་། དགོངས་དག། །
བོན་པོས་ཨརྱ་དང་ཞང་ཞུང་གཉིས་འབྲེལ་ལམ་ཡོད་ཚུལ་ཞིག་གསུངས་སོང་། ད་བྱས་དུས་བོན་བསྟན་གཤེན་རབ་དེ་ཡང་ཨརྱའི་ཤཀྱཱ་མུ་ནེ་ཟེར་བ་དེ་རང་ཡིན་ས་རེད།
རྒྱ་གར་ཆེན་པོ་དང་འབྲུག་ཡུལ་ཆུང་ཆུང་གཉིས་ལ་འབྲེལ་བ་ཡོད་ན་་་་རྒྱ་གར་བ་འབྲུག་པ་ཡིན་དགོས་པ་དང་འབྲུག་པ་རྒྱ་གར་བ་ཡིན་དགོས་པ་རེད་དམ། །
ངོ་མ་སློབ་དཔོན་པདྨ་འདི་བོན་ལ་དགའ་མཁན་ཞིག་ཞིག་ཡིན་ན་ཡང་ཤེས་ས་མ་རེད། ཧི་མ་ཅལ་ཁོངས་སུ་ཡོད་པའི་མཚོ་པདྨ་འདི་སྔར་དུས་ནས་གར་ཞ་པ་སོགས་ཀྱིས་སློབ་དཔོན་པདྨ་སམ་བྷ་ཝའི་གནས་ཆེན་རེད་ཟེར་ནས་མཇལ་སྐོར་འགྲོ་སྲོལ་ཡོད་འདུག ཁུངས་ཡོད་མེད་གང་ལྟར་ཡང་ཡུལ་དེ་རྒྱུད་ནི་ཞང་ཞུང་གི་ཁྱབ་ཁོངས་ཡིན་ཞེས་ཞང་སྒྲུང་པ་ཚོས་ཤོད་ཀྱིན་འདུག སློབ་དཔོན་པདྨ་སམ་བྷ་ཝ་བོད་དུ་ཕེབས་དུས་བོད་ཀྱི་སྲོལ་རྒྱུན་ཆོས་ལུགས་པ་ཚོས་རྒྱབ་སྐྱོར་ཆེན་པོ་བྱས་འདུག མཁན་པོ་བྷོ་དྷི་ས་ཏྭས་བསམ་ཡས་བཞེངས་མགོ་བཙུགས་དུས་ཉིན་མོ་ཡར་བརྩིགས་པ་མཚན་མོ་ངོ་རྒོལ་བྱེད་མཁན་ཚོས་མར་བཤིགས་ནས་བརྩིགས་པའི་རེ་བ་མེད་པར་གྱུར་འདུག རྗེས་སུ་མཁན་པོ་ཞི་འཚོ་ལ་ངོ་རྒོལ་བྱེད་མཁན་ཚོས་སློབ་དཔོན་པདྨ་སམ་བྷ་ཝ་ལ་རོགས་པ་བྱས་ནས་ཉིན་མོ་མངོན་གསལ་དོད་པོས་བཞེངས་པ་ལས་ཀྱང་མཚན་མོ་མི་མངོན་ས་ནས་བརྩིགས་པ་མཐོ་བ་སོགས་བྱུང་བ་ལས་ངོ་རྒོལ་བྱེད་མཁན་བྱུང་མི་འདུག སློབ་དཔོན་པདྨས་སྔར་ཡོད་བོད་ཀྱི་སྲོལ་རྒྱུན་ཆོས་ལུགས་ཀྱི་རྣམ་པ་ལ་འགྱུར་བ་གཏོང་མི་དགོས་པ་གཙོར་འདོན་བྱས་པ་དེ་ནི་བོད་དུ་ཁོང་གི་ཕྱག་ལས་ལམ་ལྷོངས་ཡོང་བའི་རྒྱུ་རྐྱེན་ངོ་མ་གཅིག་རེད། དུས་ཕྱིས་སུ་བོན་གྱི་སྐོར་མང་པོ་འབྲི་མཁན་དེ་ཡང་སློབ་དཔོན་ཆེན་པོ་ལ་བསྟེན་མཁན་གྱི་རྙིང་མའི་གཏེར་སྟོན་ཚོ་རེད་འདུག གཏེར་སྟོན་ཚོས་བོན་ལ་བསྟོད་མཁན་སྨད་མཁན་གཉིས་ཀ་འདུག་ཡིན་ན་ཡང་རྩ་བའི་ཆ་ནས་བོན་གྱི་སྐོར་མང་པོ་ཞིག་བཤད་སྲོལ་འདུག རྙིང་མ་པའི་སློབ་དཔོན་ཟུར་ཆུང་པའི་ལོ་རྒྱུས་སུ་བོན་པོ་དང་རྙིང་མ་གཉིས་ཀས་ལྷ་ཁང་ཞིག་མཉམ་དུ་བཞེངས་པའི་ལོ་རྒྱུས་ཀྱང་འདུག ཐ་མ་དེ་ལ་ལྷ་གཙོ་འཁོར་སྒྲིག་སྟངས་ཤིག་གིས་ཁུངས་འཁྱོལ་མི་འདུག་མོད་གང་ལྟར་ཡང་སྐབས་དེར་རྙིང་མ་བས་བན་དེ་རབ་བྱུང་བའི་སྡེ་ཁག་ལས་བོན་པོ་འདེམས་ཀྱིན་ཡོད་པ་གསལ་སྟོན་བྱེད་ཀྱིན་འདུག
དེང་སང་ཡང་རྒྱ་གར་དང་བལ་ཡུལ་སོགས་ན་མགོའི་སྐྲ་རང་བོ་ས་ལ་ཐུག་ཅིང་་་བྲང་སྤུའི་སྣེ་མོ་མཇེ་ལ་ཐུག་མེད་དམ་སྙམ་པའི་སྒོམ་ཆེན་པ་མང་བོར་མཇལ་རྒྱུ་འདུག སྒོམ་ཆེན་པ་འདི་དག་རེ་རེར་མཐོང་དུས་་་་སྔོན་སློབ་དཔོན་རིན་པོ་ཆེ་ཁོང་ཡང་འདི་འདྲ་ཞིག་མིན་ནམ་སྙམ་པའི་ཚོར་བ་ཡོང་གི་འདུག་ག
པད་འབྱུང་ཡོད་མེད་ཀྱི་དོགས་གཞིའི་རྩ་བ་མ་སེལ་གོང་ལ་ཁྲ་ཁྲ་ཟིང་ཟིང་གི་འུར་བསྟོད་འདི་འདྲ་ནི་སྔ་དྲགས་པ་འདྲ་ཨང་།། ཧ་ཧ་ཧ།
མུ་སྟེགས་བོན་གྱི་བདེན་པ་མཐོང་སྐབས་མེད་གསུངས་པ་དེ་དག་ཅི་མ་བདེན།
བསྟན་རྒྱས་སྨོན་ལམ།
མཁན་སློབ་ཆོས་རྒྱལ་སྤྲུལ་བའི་ལོ་པཎ་དང་།།
བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ།།
མ་མགོན་གཟའ་རྡོར་རྒྱུད་གསུམ་དྲེགས་པའི་སྡེ།།
སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ།།
ཞེས་པ་འདི་ལ་དྲ་གྲོགས་ཚོས་ཚིག་འགྲེལ་གནང་རོགས་ཞུ།
བཙན་བླ་ལོ་གསུམ་དཀའ་དྲིན་རྗེས་སུ་དྲན། །
བོན་ལས་ཤར་བའི་ཆོས་ཀྱི་འོད་ཟེར་སྤྲོས། །
སེམས་ཅན་ཁམས་དང་མོས་པ་མི་འདྲ་བར། །
གང་འདུལ་ཕན་བདེའི་སྣང་བ་རྒྱས་པར་ཤོག། །
མུ་སྟིགས་འབྲི་གུང་པ་ཡི་གྲ་དམག་ནི། གདུག་རྩུབ་རླུངས་ལྟར་འཚུབས་པའི་དྲག་ཤུགས་དེ།
ནང་པ་ས་སྐྱ་པ་ཡི་སྟིང་དུ་གཡོས། དགེ་འདུན་སྟོང་ཕྲག་འགའ་ཡི་ཚེ་སྲོག་འཕྲོག།
ཨ་ཕྱི་ཆོས་སྒྲོན་དེ་ཡི་རྗེས་འཛིན་འདྲ།
༣༦༽ ལེགས་བཤད་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༣ གི་ཆུ་ཚོད་ ༨ སྐར་མ་ ༥༩
བསྟན་རྒྱས་སྨོན་ལམ།
མཁན་སློབ་ཆོས་རྒྱལ་སྤྲུལ་བའི་ལོ་པཎ་དང་།།
བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ།།
མ་མགོན་གཟའ་རྡོར་རྒྱུད་གསུམ་དྲེགས་པའི་སྡེ།།
སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ།།
ཞེས་པ་འདི་ལ་དྲ་གྲོགས་ཚོས་ཚིག་འགྲེལ་གནང་རོགས་ཞུ།
འབྲེལ་ཡོད་ཨོ་ཉི་སོགས་ཀྱིས་འགྲེལ་མ་བྱུང་། ངས་འོལ་ཚོད་ཀྱིས་འགྲེལ་པ་འདི་ལ་ནོར་ཡོད་ན་བཅོས་རོགས་ཞུ།
མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་སོགས་སྤྲུལ་བའི་ལོ་པཎ་དང་། །རིང་བརྒྱུད་བཀའ་མ། ཤིན་ཏུ་ཉེ་བརྒྱུད་གཏེར་མ། རིག་འཛིན་བརྡ་ཡི་བརྒྱུད་པའི་བརྒྱུད་པ་གསུམ་གྱི་ཡི་དམ་ལྷ།། མ་མོ་རལ་གཅིག་མ་ཨེ་ཀ་ཛྰ་ཊིའི་སོགས་དང་། མགོན་པོ། གཟའ་ར་ཧྰུལ་སོགས་གཟའ་བརྒྱད། རྡོ་རྗེ་རྩེ་བརྒྱ་པ་བརྒྱ་བྱིན་ནམ། ཁྱབ་འཇུག་ལ་སྦྱར་བའང་འདུག རྒྱུད་གསུམ་དྲེགས་པའི་སྡེ། ། ཞེས་སྦྱར་ན་འོས་སམ། ལགས།
སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ།།
ལེགས་བཤད་ལགས་སུ།
མ་མགོན་གཟའ་རྡོར་རྒྱུད་གསུམ་དྲེགས་པའི་སྡེ། །འདི་དང་འབྲེལ་བའི་ཁུངས་བཙན་པ་གཅིག་ནི།
མཆོག་གསུམ་རྩ་གསུམ་བཀའ་སྲུང་ཆོས་སྲུང་སྤྱི། །
ཁྱད་པར་སྔགས་སྲུང་ཨེ་ཀ་ཛྰ་ཏི་དང་། །
དཔལ་མགོན་མ་ནིང་མགོན་པོ་ཕོ་རྒྱུད་ཚོགས། །
སྒྲོལ་གིང་རྡོ་རྗེ་ལེགས་པ་མཆེད་འཁོར་བཅས། །
གཟའ་བདུད་ཆེན་པོ་གདོང་མོ་སྡེ་བརྒྱད་འཁོར། །
རྡོ་བླས།
༼མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་སོགས་སྤྲུལ་བའི་ལོ་པཎ་དང་། །རིང་བརྒྱུད་བཀའ་མ། ཤིན་ཏུ་ཉེ་བརྒྱུད་གཏེར་མ། རིག་འཛིན་བརྡ་ཡི་བརྒྱུད་པའི་བརྒྱུད་པ་གསུམ་གྱི་ཡི་དམ་ལྷ།།༽འདིར་བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ་ཞེས་པའི་ཐད་དུ། རིང་བརྒྱུད་བཀའ་དང་ཉེ་བརྒྱུད་གཏེར་མ། རིག་འཛིན་བརྡའི་བརྒྱུད་པ་སྟེ་བརྒྱུད་པ་གསུམ་ཞེས་འགྲེལ་བ་ནི་སྐབས་དོན་དང་མ་འབྲེལ་བ་མ་མཐོང་། བརྒྱུད་པ་གསུམ་གྱི་སྐབས་སུ་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་ཅེས་འོང་བ་ཡིན། དེས་ན་འདིར་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མའི་བརྒྱུད་པ་འཛིན་པའི་རིག་པ་འཛིན་པ་སྟེ་བླ་མ་བརྒྱུད་པ་རྣམས་དང་། དེ་དག་དང་འབྲེལ་བའི་ཡི་དམ་གྱི་ལྷ་ཞེས་འགྲེལ་ན་འབྲེལ་ཆགས་པར་མཐོང་ངོ་། །
༼མ་མོ་རལ་གཅིག་མ་ཨེ་ཀ་ཛྰ་ཊིའི་སོགས་དང་། མགོན་པོ། གཟའ་ར་ཧྰུལ་སོགས་གཟའ་བརྒྱད། རྡོ་རྗེ་རྩེ་བརྒྱ་པ་བརྒྱ་བྱིན་ནམ། ཁྱབ་འཇུག་ལ་སྦྱར་བའང་འདུག རྒྱུད་གསུམ་དྲེགས་པའི་སྡེ། ། ཞེས་སྦྱར་ན་འོས་སམ། ལགས།
སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ།།༽ཞེས་པའི་སྐབས་སུ་རྡོར་ཞེས་པ་རྡོ་རྗེ་རྩེ་བརྒྱ་པ་ཞེས་འགྲེལ་འདུག་པ་ཡང་ནོར་འདུག་སྙམ། འདི་སྐབས་ཀྱི་རྡོར་ནི་རྡོ་རྗེ་ལེགས་པ་ལ་གོ་དགོས་ཤིང་། དེ་ནི་བརྒྱ་སྦྱིན་དང་ཁྱབ་འཇུག་མིན་པར་སྔ་འགྱུར་རྙིང་མའི་ཆོས་སྲུང་གཙོ་བོ་མ་གཟའ་དམ་གསུམ་ཞེས་པའི་ནང་གི་དམ་ཅན་རྡོ་རྗེ་ལེགས་པ་ཞེས་པ་དེ་ཡིན།
གུ་རུ་རིན་པོ་ཆེ་ཟེར་བ་ཞིག་ཡོད་མེད་ཀྱི་དོགས་པ་མ་སེལ་གོང་ནས་ཁྲ་ཁྲ་ཟིང་ཟིང་གི་བསྟོད་པ་བྱེད་མཁན་བན་བོན་གཉིས་ཀའི་ནང་ནས་བྱུང་འདུག། བོན་པོ་ཚོས་གུ་རུ་རིན་པོ་ཆེ་དེ་བོན་མོའི་ཕྲུ་གུ་ཡིན་རབས་ཤིག་ཀྱང་བྲིས་འདུག། སྨུ་ཐག་གི་བུ་བརྒྱུད་འདི་ནི་ད་ལྟ་གཉིད་སད་ཀྱི་ཡོད་ས་རེད།
བོན་པོ་ལགས། ངས་བོན་སྟོན་གཤེན་རབ་དང་སྟོན་པ་ཤཱཀ་ཐུབ་ཟེར་བ་གཉིས་གཅིག་པ་རེད་འདུག་ཟེར་བ་དེ་ཞང་ཞུང་ཨརྱ་གཉིས་འབྲེལ་བ་ཡོད་པ་ཙམ་ཞིག་གིས་མིན། གདུགས་དཀར་མཆོག་གྲུབ་དང་རྒྱལ་མཚན་རྩེ་མོ་ལ་ལྟོས་དང་། བན་དེའི་མདོ་དེ་གཉིས་སུ་སྟོན་པ་སུམ་ཅུ་རྩ་གསུམ་ན་བཞུགས་ཏེ་ཟེར་བར། བོན་གྱི་ནང་དུ་སྟོན་པ་འོལ་མོ་ལུང་ན་བཞུགས་ཏེ། ཟེར་བ་སོགས་སྟོན་པའི་མཚན་དང་ཡུལ་དང་འཁོར་གྱི་ཁྱད་པར་ཙམ་མ་གཏོགས་གཞན་ཚིག་དོན་གཉིས་ཀའི་ཐད་ལ་ཁྱད་པར་གང་ཡང་མིན་འདུག། འོན་ཀྱང་ད་ལྟའི་བར་དུ་ཁྱེད་རྣམ་པས་ཨརྱ་དང་ཞང་ཞུང་འབྲེལ་བ་གཏན་ནས་མེད་པ་འདྲ་བུ་ཞིག་བྱས་ནས་བསྡད་པ་ལས་ད་རིང་དེ་གཉིས་འབྲེལ་བ་ཡོད་པ་གསུངས་ཡོང་དུས་ང་ཧ་ལས་པ་རེད། དེ་ནི་བོན་པོ་ཚོ་བསམ་བློ་གཏོང་སྟངས་གུ་ཡངས་སུ་ཕྱིན་པའི་རྟགས་ཏེ་ཡག་རྟགས་ཤིག་ཏུ་མཐོང་། དེས་ན་ནམ་ཞིག་གི་ཚེ་ན་སྟོན་པ་གཤེན་རབ་དང་ཤཱཀ་ཐུབ་གཉིས་གཅིག་ཡིན་པ་དང་། བོན་ཆོས་དང་བོན་བརྒྱུད་ནང་ཆོས་གཉིས་ཀྱང་བརྒྱུད་ཚུལ་མ་འདྲ་བ་ཙམ་ལས་བྱུང་ས་ངོ་མ་གཅིག་ཡིན་ཞེས་འདོད་མི་སྲིད་པ་མིན་འདུག་སྙམ།
སྔ་འགྱུར་བའི་ལུགས་ལ་་་དྲེགས་པའི་སྡེ་་་རྩ་བ་གསུམ་གྱི་གཅིག་ཏུ་བཞག་ན་འོས་སམ། དེ་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་མར་མི་འགྲོ་འམ། །
བླ་མ།
མཁན་སློབ་ཆོས་རྒྱལ་སྤྲུལ་བའི་ལོ་པཎ་དང་།།
ཡི་དམ།
བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ།།
དཔའ་བོ་མཁའ་འགྲོ་ཆོས་སྲུང་།
མ་མགོན་གཟའ་རྡོར་རྒྱུད་གསུམ་དྲེགས་པའི་སྡེ།།
སླར་ཡང་ཆིག་སྡེབས་སུ།
སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ།།
སྟོན་པ་གཤེན་རབ་དང་ཤཀྱ་ཐུབ་པ་གཉིས་གང་ཟག་གཅིག་ཏུ་སྒྲུབ་པ་ནི་ངལ་བ་དོན་མེད་དུས་ཚོད་འཕྲོག་བརླག་རེད་དོ། ཁྱེད་རང་ཕལ་ཆེར་བཅོམ་ལྡན་ཆོས་ལུགས་ལ་ཧ་ཅང་དུང་ཞེན་ཆེ་སོང་བ་ཡིན་འགྲོ། དེ་འདྲ་རྩ་བ་ནས་ཡོང་རྒྱུ་ཡོད་པ་རེད།ཁོང་གཉིས་མཐའ་གཅིག་ཏུ་གང་ཟག་ཐ་དད་པ་ཡིན། འོན་ཀྱང་ཁོང་གཉིས་ལ་མཛད་པ་འཕྲིན་ལས་ཕྱོགས་འདྲ་བ་ནི་ཡོང་སྲིད་པ་རེད། ཞང་ཞུང་དང་ཨརྱའི་བར་གྱི་འབྲེལ་བ་ཟེར་ནའང་འདྲ་ཞང་ཞུང་དང་བྲམ་ཟེའི་བར་འབྲེལ་བ་ཡོད་པ་དེ་ཚོ་སྔོན་མ་ནས་ཤེས། དེ་ཚོ་མང་ཆེ་བ་ས་འབྲེལ་ཡུལ་འབྲེལ་བྱུང་བའི་རྐྱེན་ལ་བརྟེན་ནས་བྱུང་བ་རེད། དུས་མཚམས་ཤིག་ལ་ཨརྱའི་ཡུལ་ལུང་དེ་ཚོ་ཞང་ཞུང་གི་མངའ་འོག་རེད། མཛེས་སྡུག་ལྡན་པའི་རིག་གཞུང་ཕན་ཚུན་བརྗེ་རེས་ལོས་ཡོང་ཆོག། རྒྱ་གར་བའི་སྐད་དང་ཡི་གེ་ཡོད་པ་ཙམ་གྱིས་དུས་རབས་བདུན་པའི་རྗེས་ནས་བྱུང་བར་འདོད་པ་ནི་ནོར་འཁྲུལ་ཡིན་འགྲོ་དྲན་གྱི་ཡོད། དཔེར་ན་གྲི་གུམ་བཙན་པོའི་སྐབས་སུ་རྒྱ་གར་གྱི་སྤྲང་པོ་རཏྣཱ་སི་རྡི་ཟེར་བ་ཞིག་སླེབས་ནས་དེས་རྒྱལ་པོ་ལ་དབྱེན་བཅུག་བྱས་རབས་ཀྱང་ལོ་རྒྱུས་སུ་གསལ་ཡོད། དེ་དུས་སྐད་གྲགས་ཅན་གྱི་མཆིད་ཚིག་འདི་ལྟར་བཞག་འདུག། ཤིག་འཁྱམ་རྐང་ལ་བཞུག་ལ་སྤྱི་བོའི་གཙུག་སྙོག།
བསྐྱར་དུ་ཞུ་རྒྱུ་་་ཞང་ཞུང་་དང་་་ཨརྱའི་་་བར་གྱི་འབྲེལ་བ་དེ་ཆུང་ཆུང་ཅིག་ཡིན་ས་མིན་འདུག་གོ། ཡིན་ནའང་འདི་དག་རང་གི་བསམ་ཚུལ་ཙམ་སྨྲས་པ་ཡིན་ནོ། །
དྲེགས་སྡེ་རྩ་བ་གསུམ་དུ་འདོད་པའི་སྔ་འགྱུར་བ་ཆོས་ཅན། ནང་པ་སངས་རྒྱས་པ་མ་ཡིན་ཏེ། སྐྱབས་འགྲོའི་བསླབ་དང་ཡོངས་སུ་འགལ་བའི་ཕྱིར། །
དྲེགས་སྡེ་རྩ་བ་གསུམ་དུ་འདོད་པའི་སྔ་འགྱུར་བ་ཆོས་ཅན། ནང་པ་སངས་རྒྱས་པ་མ་ཡིན་ཏེ། སྐྱབས་འགྲོའི་བསླབ་བྱ་དང་ཡོངས་སུ་འགལ་བའི་ཕྱིར། །
སྟོན་པ་གཤེན་རབ་ཆོས་ཅན། མེད་དེ། ཚད་མས་མ་དམིགས་པའི་ཕྱིར། དཔེར་ན་རི་བོང་གི་ར་བཞིན། མོ་གཤམ་བུ་ཡང་དེ་བཞིན་ནོ།།
སེམས་ཅན་དམར་མཆོད་ལུགས་འདི་བོན་ནས་དར། །
ལྷ་གསོ་ཀླུ་གསོ་འདི་ཡང་བོན་གྱི་སྲོལ། །
མཁོར་ལོ་གཡོན་སྐོར་བྱེད་པ་བོན་གྱི་ལུགས། །
བློ་ལྡན་སུ་ཞིག་བོན་གྱི་སྡེ་ལ་དད། །
རྒྱ་གར་མི་ཞིག་བྲིས་ནས་བོད་ལ་སླེབས། །
གློའུ་རྒན་བོན་མི་འགའ་ཡིས་གནམ་མཁའ་ལས། །
ཕེབས་སྙམ་རྨོངས་དད་ཆེན་མོས་གཉའ་བ་རུ། །
འཁུར་ཏེ་བོད་རྒྱལ་བསྐོས་པར་ཡ་རེ་མཚར། །
གཤེན་རབ་ཆོས་ཅན། སྟོན་པ་མིན་ཏེ། ཚད་མས་མ་དམིགས་པའི་ཕྱིར། དཔེར་ན་འོལ་མོ་ལུང་བཞིན།
བོན་པོ་ཆོས་ཅན། བསྟན་པ་རྣམ་དག་མིན་ཏེ། དེ་ཡི་སྟོན་པ་མེད་པའི་ཕྱིར། དཔེར་ན་འོལ་མོའི་ཆུ་བོ་བཞིན།
རྙིང་མ་བ་ཆོས་ཅན། དྲེགས་པ་སྐྱབས་སུ་མི་བསྟེན་ཏེ། ནང་པ་ཡིན་པའི་ཕྱིར། དཔེར་ན་ཀླུ་སྒྲུབ་བཞིན།
ཤཱཀྱ་ཐུབ་པ་ཆོས་ཅན། ཡོད་དེ། མེ་ཏོག་དཀར་པོས་ད་ལྟ་རང་མཐོང་བའི་ཕྱིར། དཔེར་ན་ཁོའི་མདུན་དུ་ཡོད་པའི་མཛེས་མ་བཞིན་ནོ། །
མཁན་སློབ་ཆོས་རྒྱལ་སྤྲུལ་བའི་ལོ་པཎ་དང་།།
བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ།།
མ་མགོན་གཟའ་རྡོར་རྒྱུད་གསུམ་དྲེགས་པའི་སྡེ།།
སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ།།
ངས་ཚིག་འདི་ལ་བསམ་ནས་རྟགས་བཀོད་པ་ཡིན་དེ་ཡང་སྔ་འགྱུར་བ་ལ་ཡིད་མ་རངས་ནས་བྲིས་པ་ནི་རྩ་བ་ནས་མིན་ནོ། །
དགོངས་དག
ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེ་ལུགས་འདི་ལ་བལྟས་ན་བོད་མི་རིགས་ལ་སྐྱིད་ཀྱི་ཉི་མ་ཤར་བཅུག་ས་མ་རེད་བསམས་ཀྱི་འདུག ངོ་མ་བློ་ཕམ་ཡོང་གི་འདུག་ལ་སེམས་དཀའ་ཡོང་གི་འདུག དྲ་ཐོག་གི་ཤེས་ཅན་འདི་ཚོ་ཚང་མ་གཅིག་པ་གཅིག་རྐྱང་རེད། ཁྱི་རྒན་ངའི་རྒྱབ་ཏུ་བཀལ་ན་ཡང་ལྕི་མི་འདུག རང་རང་སོ་སོའི་ཆོས་ལུགས་ཨང་དང་པོ་དང་གཞན་དག་ཕལ་པ་ཡིན་པར་ཆ་བཞག་གི་འདུག དེ་དྲང་པོ་མ་རེད་བ། རྒྱུ་འབྲས་དང་དྲང་བདེན་བཤད་མཁན་ཚོ་དྲང་པོ་མི་འདུག་་་ཨ་ཁཁཁཁཁཁཁཁཁཁཁཁཁཁཁཁཁཁ
ཅོ་རི་ཉི་མས་བཤད་པར་རྒྱབ་སྐྱོར་ཡོད། ང་ཡང་དེ་འདྲའི་བསམ་བློ་གཏོང་མཁན་ཞིག་ཡིན་འོན་ཀྱང་རྙིང་མ་བ་འགའ་ཞིག་གིས་བྱེད་བབས་ལ་ནམ་ཡང་ཡི་རངས་ཀྱི་མེད། ཁོང་ཚོས་བོན་པོ་ལ་སྡང་ཟུག་བྱེད་དགོས་དོན་ནི་སངས་རྒྱས་པ་ལ་བཞི་བ་དང་ལྔ་པ་ཐུབ་པའི་དགོངས་པ་མིན་ཞེས་པར་དགེ་ལུགས་པས་རྩོད་ན་རྫོགས་ཆེན་བོན་ལ་ཤོར་དོགས་རེད
ཨོ་ཉི་སྤྲུལ་གོག་དམ་ཉམས་དེ་རིགས་བོན་ལ་སྡང་ཟུག་བྱེད་དོན་ཡང་དེ་འདྲ་རང་རེད། དེང་སངས་ཕྱི་རྒྱལ་བ་ཚོས་རྫོགས་ཆེན་བོན་ལས་བྱུང་བར་ཡིད་ཆེས་བྱེད་ཀྱི་འདུག་རྒྱུ་མཚན་དེ་ལ་བརྟེན་ནས་ནམ་ནོར་གྱིས་ཀྱང་བོན་གྱི་རྫོགས་ཆེན་གྱི་དབང་ཞུས་པ་རེད། ཨོ་ཉིས་རྟགས་བཀོད་པ་དེ་ཚོར་ང་བགད་མོ་འཆོར་ཡོང་གི་འདུག། ད་ཨོ་ཉི་དང་མེ་ཏོག་ཁྱི་སྤྱང་ཁ་མཐུན་འདུག་ད་མེ་ཏོག་ཟེར་མཁན་དེ་ཡང་རྟག་ཏུ་བོན་དང་ཨོ་ཉི་ལ་དགག་པ་བྱེད་དུས་ནམ་ལངས་ཡོང་གི་བཟོ་འདྲ་བྱེད་ཀྱི་རེད། ཁོ་ཡང་བོད་མིན་བོད་དུ་བརྫུས་མཁན་ཞིག་ཡིན་པར་ཤེས་བཞིན་ཡོད། རྙིང་མས་བོན་ལ་སྡང་ཟུག་བྱེད་པ་ལ་བརྟེན་ནས་བོན་གསར་འགའ་ཞིག་གྷུ་རུ་ས་དྷུ་ལ་དད་པ་བྱེད་མཁན་ཉུང་དུ་ཉུང་དུ་འགྲོ་བཞིན་ཡོད། ངས་ཀྱང་རྙིང་མས་བོན་ལ་སྡང་ཟུག་བྱེད་ཀྱི་ཡོད་པའི་སྐོར་ཁོང་ཚོར་བཀྲམས་ཡོད། སེར་རྟའི་མཁན་པོ་ཚུལ་བློ་དང་བསོད་དར་གཉིས་ནས་རྟག་ཏུ་རྒྱ་ནག་ལ་སོང་ནས་བོན་ལ་ངན་སྨྲས་བཤད་ཀྱི་འདུག ནམ་ཡང་བོན་པོ་བསྣུབ་མི་ཐུབ། རྙིང་མའི་དགོན་པ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་རྣམ་གྲོལ་གླིང་དུ་ཡོད་པའི་ཟངས་མདོག་དཔལ་རིའི་ལྡེབ་རིས་ལ་བོན་ལ་ངན་དགུ་བྲིས་འདུག་ཟེར། བདུད་འཇོམས་ཀྱི་རྒྱལ་རབས་ནང་དུ་བོན་ལ་བསམ་མི་ཕོད་པའི་ངན་སྨྲས་བྱས་ཡོད་འདུག རྙིང་རྒན་རྙིང་ནག་རྙིང་རུལ་ཡུག་ས་མོ་ལ་འཛག་མཁན་རྐྱང་ཡིན་པར་བཤད་པ་དེ་ལ་རྒྱུ་མཚན་འདུག
རང་གི་ཆོས་ལུགས་དང་པོ་མ་བཞག་ན་སུའི་ཆོས་ལུགས་དང་པོ་བཞག་དགོས་རེད། དེ་འགྲོ་སྟངས་རེད། སེམས་བུ་སུབ་དོགས་པོ་མ་བྱེད་ཨེ་གོ ཨ་བུ་དགའ་དགའ
པད་མ་འབྱུང་གནས་བོད་ནས་རྐུ་མ་རྐུས།
པད་མ་འབྱུང་གནས་རྐུབ་ལ་མདེའུ་རིལ་རྒྱབ།
ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མེད།
ཆགས་སྡང་གིས་སྨྱོས་པ་ཚོས་སེམས་སྦུག་སུག་དོག་པོ་ཟེར་དགོས་རྒྱུ་ལ་གཞན་ལ་དེ་ལྟར་བཤད་པ་ནི་ངོ་མ་རྐུན་མ་ཧམ་ཆེན་གྱིས་མི་གསོད་ཅེས་པ་དེ་རེད།
སྔ་འགྱུར་བ་ནང་པ་མ་རེད་དང་པོ་༼མཆན་བུ་ ༤༨༽ སུས་ཟེར་འདུག བན་དེ་ལགས། དེའི་ལན་མེད་པར་སྡོད་ན་འགྲིག་ཐབས་མེད་པས་ལན་ལྡོན་པ་ཙམ་ཡིན།
པདྨ་འབྱུང་གནས་མེད་ཀྱང་་ཆོག
ནང་པའི་སྟོན་པ་ཤཀ་ཐུབ་ཡོད།
བོན་པོའི་སྟོན་པ་ག་ན་ཡོད། ཧཧཧཧ་
ཅོ་རི། དེ་བཞིན་དུ་རྒྱལ་ཁབ་མང་པོའི་ནང་ནས་དང་པོ་རང་གི་རྒྱལ་ཁབ་དེ་བཞག་རྒྱུ་མིན་ནམ། མི་རིགས་མང་པོའི་ནང་ནས་རང་གི་མི་རིགས་དང་པོ་བཞག་རྒྱུ་མིན་ནམ།
ལྷ་འདྲེ་བསྟེན་ནས་ནང་འཁྲུགས་རི་ལུག་པ་ནང་བཞིན་བསྡམ་མི་ཐུབ་པའི་ལོ་རྒྱུས་ཆོས་ལུགས་གང་ཞིག་ལ་བྱུང་ངམ། བོན་པོ་ལ་འདུག་གམ་ནང་པར་ཁས་མཆེས་པ་དེ་ཚོར་འདུག གནས་ཆུང་བསྟེན་མཁན་གྱི་ཆོས་ལུགས་སུ་རེད། ཆོས་སྲིད་ཀྱི་བྱ་གཞག་ཐམས་ཅད་དེ་ཚོར་དགོངས་སྐོར་ཞུ་གི་མེད་དམ། དེ་ཞུ་མཁན་བོན་པོ་རེད་དམ གནས་ཆུང་གིས་དགེ་ལུགས་དུམ་བུ་བཏང་མེད་དམ། མང་པོ་མ་བཤད་ན་དགའ། ཁ་བརྡའི་དྲ་བའི་སྒྲིགས་གཞིར་བསམ་ནས་སྔོན་ཐོན་བྱས་ནས་ནམ་ཡང་བཤད་མྱོངས་མེད། ད་བྱེད་དུས་སྒྲིགས་གཞི་ལ་ས་མཚམས་མེད་ན་སྔོན་བྱུང་དང་ད་བྱུང་ཐམས་ཅད་རེ་རེ་ནས་རྒྱུ་མཚན་དང་བཅས་ཏེ་འབྲི་གི་ཡིན། དེ་དུས་ཾ་བརྡའི་དྲ་བདག་ནས་ཀྱང་དགོངས་པ་ཕྱིས་དྲག་པ་མ་གཏོགས་སྔ་དྲག་ལ་མེད་དོ།
ཨ་མ་མ། ད་ཁ་བཙུ་མས་སྡོད་ན་མ་གཏོགས་བོན་པོ་བན་དེ་འདིས་ནང་པའི་ནང་ཆ་བཏོན་ས་རེད། ང་ཞེད་སོང་། འདི་འོག་ལ་མཆན་བུ་མི་བཏགས་པའི་ཁས་བླངས་དམ་བཅའ་བཅས། གུས་མེ་ཏོག་དཀར་པོས།
ཨ་མ་མ། ད་ཁ་བཙུ་མས་སྡོད་ན་མ་གཏོགས་བོན་པོ་བན་དེ་འདིས་ནང་པའི་ནང་ཆ་བཏོན་ས་རེད། ང་ཞེད་སོང་། འདི་འོག་ལ་མཆན་བུ་མི་འདོགས་པའི་ཁས་བླངས་དམ་བཅའ་བཅས། གུས་མེ་ཏོག་དཀར་པོས།
ཤཀྱག་ཐུབ་པ་ཡོད་དེ། རྟགས་བཀོད། དེ་ལ་ཁྱབ་འགྲིག་གིས་ངས་ཀྱང་རྟགས་འགོད་ཆོག། སྟོན་པ་གཤེན་རབ་མེད་དེ། རྟགས་བཀོད། སྟོན་པ་གཤེན་རབ་ཡོད་པ་ཁྱེད་ཚོའི་ཚད་མར་བཟུང་ས་རྒྱལ་རབས་གསལ་མེ་དང་ཏུན་ཧོང་ཡིག་རྙིང་ལས་གསལ་བའི་ཕྱིར། རྟགས་མ་གྲུབ་ཟེར་ན་མངོན་སུམ་ལ་ཕུལ་རྒྱོབ་རྒྱང་འཕེན་པ་ལས་ཀྱང་ཐབས་སྡུག། མ་ཁྱབ་ཟེར་ན་ཁྱོད་རང་གི་ཡིག་ཆ་ཁྱོད་རང་གི་མགོ་ལ་གཡོགས།
མེ་དཀར་ལགས།
དམ་པ་དགེ་ཆོས་མཆོག་གི་ཞལ་ནས་འདི་ལྟར་གསུངས་འདུག
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།
དེ་ཡི་རྗེས་འབྲངས་མཁས་བླུན་སྟོང་ཕྲག་རེས།
འདི་ཉིད་བདེན་ལ་འདི་ཉིད་མི་སླུ་ཞེས།
རང་གི་བདེན་ཁ་རང་ལ་སྤྱིན་པ་འདི།
རིགས་མཐུན་ཚོགས་ལ་སྨྲས་ཉམས་རེ་དགའ།
མི་མཐུན་ཚོགས་སུ་སྨྲས་ན་ཞེ་རུ་ཁྲོ་་་་་་ཞེས་གསུངས་པ་ལྟར་་་གཅིག་གི་གཅིག་ལ་ཁྱོད་སྡུག་ང་བཟང་རྩོད་བསྡད་ན་ཚར་འགྲོ་བའི་དུས་ཤིག་མེད་ངེས་ཡིན།
ལོ་རྒྱུས་ལ་ཕྱི་མིག་གཅིག་ལྟོས་དང་། བོད་གངས་ཅན་པའི་ཡུལ་དུ་མི་ལོ་སྟོང་གི་རིང་དུས་བརྩད་པ་རེད། ད་ལྟའི་བར་དུ་ཐག་ཆད་མི་འདུག་བ།་་་ཧཧཧ
དེ་ལས་བོད་མི་རིགས་ཀྱི་སྐྱ་ཆད་སྔོ་སྡུག་གི་དེང་རབས་འདི་ལ་་་གཅིག་གིས་གཅིག་ལ་གུས་ཞབས་རེ་བྱེད་ན་དགའ་བ་མི་འགྲོ མ་གཏོགས་་གཅིག་གིས་མེད་གཏོང་དགོས་ན་སྲོག་ལ་ཐུག་ཀྱང་ཁག་པོ་རེད་འདོད། ངས་འདོད་ཚུལ་ནི་དགག་མཉམ་དང་སྒྲུབ་ན་མཉམ་བྱེད་ཀྱི་ཡིན། མ་ཟད་་་ཁ་ཆེ་དང་ཤུགས་ལྡན་ཆོས་ལུགས་པ་ལ་ངན་སྨྲས་བྱས་ནའང་ང་དགའ་པོ་མེད་ལགས།
ངས་འདོད་ཚུལ་ནི་དགག་ན་དགག་མཉམ་དང་སྒྲུབ་ན་སྒྲུབ་མཉམ་བྱེད་ཀྱི་ཡིན། མ་ཟད་་་ཁ་ཆེ་དང་ཤུགས་ལྡན་ཆོས་ལུགས་པ་ལ་ངན་སྨྲས་བྱས་ནའང་ང་དགའ་པོ་མེད་ལགས།
མེ་དཀར་ལགས་་་ཡིན་དང་ཡིན། རང་གི་ཆོས་ལུགས་་་ཨང་པོ་བཞག་ནའང་གཞན་པ་དེ་ཕལ་པ་བཞག་དགོས་དོན་གང་ཡོད་དོ།
དགེ་ཆོས་མཆོག་གིས།
ཨ་ཕ་ཨ་མའི་ཕྱོགས་ལ་ཞེན་པ་དང་།
ཕ་རོལ་རིགས་མ་མཐུན་ལ་སྡང་བ་སོགས།
བ་གླང་དང་ནི་རང་རེའི་མི་རྣམས་ཀུན།
མ་བཅོས་སེམས་ཀྱི་རྒྱུད་དག་གཅིག་པ་མཐོང་། ་ཞེས་གསུངས་འདུག་་ག་་་་་་་མི་ལུས་ལེན་ཀྱང་གནད་ལུགས་མི་དགོས་པར་ཕ་རོལ་རིགས་མི་མཐུན་པ་ལ་སྡང་མཁན་རྣམས་ནི་་་བ་གླང་དང་གཅིག་པ་རེད་ཅེས་པའི་དོན་རེད་དོ།
ཤཱཀྱ་ཐུབ་པ་ཕྱག་འཚལ་ལོ། །
སྟོན་པ་གཤེན་རབ་ལ་གསོལ་བ་འདེབས། །
ང་རང་ཆོས་ལུགས་བན་ཡིན་ཀྱང་། །
བོན་ལ་གུས་བཀུར་བཅོས་མེད་ཡོད། །
བན་བོན་གཉིས་ལ་བཟང་ངན་མེད། །
བོན་པོ་ངན་ན་བན་དེ་ངན། །
བན་དེ་བཟང་ན་བོན་པོ་བཟང་། །
ཆོས་ལུགས་ཚོ་ལ་རྙོག་དྲྭ་ཆེ། །
བྱམས་དང་སྙིང་རྗེ་ཁོ་ན་གལ། །
བྱམས་དང་སྙིང་རྗེ་འཁྲུངས་པའི་ཚེ། །
ཤེས་རབ་མེ་ཏོག་ངང་གིས་བཞད། །
དོན་གྱི་ཆོས་དེ་ནང་ལ་ཡོད། །
དེས་ན་བླ་ཆེན་སྤྲུལ་སྐུ་དང་། །
དགོན་ཆེན་ཟེར་བ་དགོས་མཁོ་མེད། །
བླ་མ་བསྟེན་པ་གལ་ཆེ་ཡང་། །
རྟོགས་ལྡན་རྣལ་འབྱོར་འཕྲད་ན་བཟང་། །
བླ་ཆེན་ནང་ན་རྟོགས་ལྡན་ཉུང་། །
སྤྲུལ་སྐུའི་ནང་ལ་རྣལ་འབྱོར་དཀོན། །
འདི་ནི་སྙིང་གི་གཏམ་ཡིན་ནོ། །
གངས་ཅན་པ་ཚོས་སེམས་ལ་ཉོར། །
ཡ་རབས་དང་བཟང་སྤྱོད་ཅེས་ཁ་ན་ན་བཤད་ཀྱི་འདུག་ག གཅིག་གིས་གཅིག་ལ་མཐོང་ཆུང་དང་ཁྱད་བསད་ཁོ་ན་བྱེད་བསྡད་ན་ཁ་ན་རོགས་མིན་འགྲོ སྤྱིའི་ཆ་ནས་ང་ཅོ་རི་སྤྱོད་ངན་ཡིན་ཙང་ཡག་པོ་ཞིག་ཅང་ཤེས་ཀྱི་མེད་ལགས། བྱང་ཆུབ་སེམས་དཔའ་ཤ་མི་ཟ་བཀོར་ཟ་མཁན་ཚོས་གཅིག་གསུང་རོགས་གནང་།
ཡ་རབས་ཟེར་ན་ཅི་རེད་དམ་???????????????????????????????????????????????????
ཅོ་རི་ཉི་མས་ཅི་ཡང་མི་ཤེས། ཁྱོད་ཀྱི་ཁྱི་ཕྲུག་ལ་བདག་སྐྱོང་ཡག་པོ་རྒྱོབས་དེ་མིན་བན་བོན་བསྟན་པ་ལ་བཟང་ངན་ཅི་ཡང་མི་ཤེས། ནང་བསྟན་ལ་སྨད་པར་བྱས་པས་ཁྱོད་ལ་ཅི་ཞིག་ཕན། བན་མིང་ཁྱེར་མཁན་དེ་བན་ཡང་མིན་ལ་བོན་གཟུགས་དངོས་རེད། བོན་པོ་གཞི་མེད་རྫུན་སྒྲུང་རེད། བན་དེ་དངོས་ཡོད་བདེན་ཆོས་རེད། དེས་ན་བདེན་དང་རྫུན་པ་ལ་ངེས་ཤེས་མེད་པར་ཁྱེད་རྣམས་འཁྲུལ། དགེ་ཆོས་ལུང་གི་ནང་དོན་མ་གོ་ནས། །དགེ་མེད་སྡིག་མེད་སྨྲ་བའི་སྙིང་ཁམས་ཅན། །ཅོ་རི་ཉི་མ་གཤིན་གཟུགས་རྗེས་འབྲང་དག །དོན་འདྲེ་དམ་ཉམས་ཚོ་ལས་ཐ་རེ་ཆད།
ཨ་ཕྱི་ཕོ་མིན་མོ་མིན་ཕུང་གསུམ་པ་རེད། ཆོས་ལུགས་ཕན་ཚུན་དཀྲུགས་པའི་དཀྲུགས་རྡོ་རེད།