རྣམ་རྒྱལ་བོད་ཀྱི་ཤེས་རིགས་ཉམས་ཞིབ་ཁང་།
རྒྱ་གར་དབུས་གཞུང་ཨ་ཡུཤ་ལྷན་ཁང་ (Ministry of Ayush, GOI) གིས་ངོས་འཛིན་ཐོབ་པ་དང་། འབྲས་ལྗོངས་གཙུག་ལག་སློབ་གཉེར་ཁང་ (Sikkim University) གི་འབྲེལ་ཁོངས་ཡིན་པའི་རྣམ་རྒྱལ་གསོ་རིག་མཐོ་སློབ་ཏུ་སློབ་ལོ་ ༢༠༢༠-༢༠༢༡ ལོའི་སྨན་པ་དཀའ་བཅུ་པའི་སློབ་མ་གསར་བསྡུ་བྱ་རྒྱུ་ཡིན། མཐོ་སློབ་ཀྱི་དམིགས་ཡུལ་གཙོ་བོ་ནི་གསོ་བ་རིག་པའི་ཤེས་ཡོན་ཚད་མཐོ་མངའ་བའི་སྨན་པ་ཚད་ལྡན་གང་མང་སྐྱེད་སྲིང་བྱེད་པའི་ཐོག འགྲོ་བ་མི་སྤྱི་ལ་ཞབས་འདེབས་སྒྲུབ་པའི་ཐུན་མོང་མ་ཡིན་པའི་རིག་གནས་འདི་ཉིད་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ཡིན།
གསོ་བ་རིག་པར་སློབ་གཉེར་གནང་འདོད་པའི་སློབ་མ་རྣམས་འཛིན་རིམ་བཅུ་གཉིས་རྒྱུགས་འཕྲོད་པའམ། བོད་ཀྱི་སྐད་ཡིག་དང་ནང་པའི་ལྟ་གྲུབ་ལ་སྦྱངས་པ་ཡོད་དགོས། གཙོ་བོ་གཤམ་གྱི་ཆ་རྐྱེན་འོག་འཛུལ་ཞུགས་སྙན་ཞུ་འབུལ་འཐུས་ཆོག འདི་ལོའི་སློབ་དུས་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༩ ཚེས་ ༢༩ ཉིན་འགོ་འཛུགས་ཞུ་འཆར་ཡིན།
༼ཀ༽ སློབ་མའི་གྲངས་ཚད། ༡༥
༡། ས་མིག་བརྒྱ་ཆ་དྲུག་ཅུ་ཚུད་རྒྱུགས་གཞིར་བཟུང་སྟེ་ COI/SCC ཡོད་པའི་འབྲས་ལྗོངས་མི་རིགས་ཆེད་དུ་ ཟུར་འཇོག་བྱ་རྒྱུ་ཡིན། གལ་ཏེ་ས་མིག་ལྷག་ལུས་བྱུང་ཚེ་གོ་སྐབས་སྤྱི་ལ་འབུལ་རྒྱུ།
༢། ས་མིག་བརྒྱ་ཆ་བཞི་བཅུ་རྒྱ་གར་གྱི་ས་ཁུལ་གཞན་དང་ཕྱི་རྒྱལ་གྱི་སློབ་མ་སྤྱི་བྱིངས་ཆེད་དུ་ཡིན།
༼ཁ༽ སློབ་ཞུགས་ཀྱི་དགོས་ངེས་ཆ་རྐྱེན།
༡། མ་མཐར་འཛིན་རིམ་བཅུ་གཉིས་ཐོན་པ་ཡིན་དགོས་ལ། ཚན་རིག་ (དངོས་ཁམས། རྫས་འགྱུར། སྐྱེས་དངོས།) ཐོན་མཁན་རྣམས་ལ་དམིགས་བསལ་དགོངས་པ་བཞེས་རྒྱུ། ཡང་ན། རྒྱ་གར་དབུས་ས་གཞུང་གིས་ངོས་འཛིན་ཡོད་པའི་འཛིན་རིམ་བཅུ་གཉིས་ཀྱི་ཤེས་ཚད་མཉམ་པའི་ལག་འཁྱེར་གང་རུང་ཡོད་དགོས།
༢། ནང་པའི་བཤད་གྲྭ་དང་། དགོན་སྡེ། བཙུན་དགོན་ནས་ཕེབས་པའི་གྲྭ་བཙུན་རྣམས་ནས་རང་རང་གི་དགོན་པ་དང་བཤད་གྲྭས་ངོས་སྦྱོར་གནང་བའི་སློབ་གཉེར་ལག་འཁྱེར་འབུལ་དགོས།
༣། སློབ་ཞུགས་ལོ་ཚད། རང་ལོ་ཉེར་བརྒྱད་ལས་མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་འབུལ་དགོས། (ཤཱསྟྲི་དང་ཨཱཅཱརྱ་ཐོན་པ་རྣམས་ལ་ལོ་ཚད་གུ་ཡངས་བྱ་རྒྱུ།) སློབ་མ་རྣམས་བོད་ཀྱི་བརྡ་སྤྲོད་དང་། རྩོམ་རིག འབྲི་རྩོམ། ནང་པའི་ལྟ་གྲུབ་བཅས་ལ་བྱང་པ་དགོས། བོད་ཡིག་གི་གནས་ཚད་མ་ལོང་པ་རྣམས་ལ་ལོ་གཅིག་རིང་སྔོན་འགྲོའི་ཟབ་སྦྱོང་ཐོག་བོད་ཀྱི་བརྡ་སྤྲོད་དང་། འབྲི་རྩོམ། རྩོམ་རིག་སོགས་སློབ་ཁྲིད་གནང་རྒྱུ་ཡིན།
༤། སློབ་མ་རྣམས་ནས་སོ་སོའི་ངོ་སྤྲོད་ལག་འཁྱེར་ཏེ། འབྲས་ལྗོངས་མི་སེར་ལག་འཁྱེར་རམ། རྒྱ་གར་འོས་བསྡུའི་ལག་འཁྱེར། ཨཱ་དྷཱར་ཁཌ་འམ། རྒྱ་གར་ཕྱི་བསྐྱོད་ལག་འཁྱེར་གྱི་འདྲ་བཤུས་འབུལ་དགོས།
༥། འཛུལ་ཞུགས་འགེངས་ཤོག་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༧ ཚེས་ ༨ ཉིན་ཕུལ་ཟིན་པ་དགོས། (འགྱངས་སྲིད)
༼ག༽ ཡིག་རྒྱུགས་ཀྱི་ས་གནས་དང་ཚེས་གྲངས།
༡། ས་གནས། – རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་།
༢། ཚེས་གྲངས། – ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༨ ཚེས་ ༢༦ (འཆར་གཞི)
༣། དུས་ཚོད། – སྔ་དྲོ་ཆུ་ཚོད་ ༡༠།༠༠ ནས་ ཕྱི་དྲོ་ཆུ་ཚོད་ ༡།༠༠ བར།
༤། རྒྱུགས་གཞི། བོད་ཡིག་ཀློག་རྩལ། ཤོད་རྩལ། འབྲི་རྩལ། (འབྲི་རྩལ་ཁོངས་སུ་སུམ་རྟགས་དང་། འབྲི་རྩོམ། གཏོང་ཡིག་བཅས་ཚུད།) དབྱིན་ཡིག་གི་འབྲི་རྩོམ་བཅས་ཡིན། ཡིག་རྒྱུགས་འཕྲོད་མཁན་རྣམས་ངག་རྒྱུགས་ཆེད་དུ་འབོད་འགུག་བྱ་རྒྱུ།
༼ང་༽ ཡིག་རྒྱུགས་འབུལ་མཁན་རྣམས་ལ་གྲུབ་འབྲས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༠ འབུལ་རྒྱུ་ཡིན། (འགྱངས་སྲིད)
༼ཅ༽ སྙན་ཞུའི་འགེངས་ཤོག་ལས་ཁུངས་ཀྱི་དྲ་ཚིགས་ www.tibetology.net ནས་ཕབ་བཤུས་གནང་ཐུབ།
འབྲེལ་བ་ཞུ་ཡུལ།
Namgyal Institute of Tibetology
Deorali – Gangtok, 737102
Sikkim (India)
Email- directornitsikkim@gmail.com
Web site – www.tibetolgy.net
Ph. +91 3592 280 822
(M) +91 81018 64139