རྩོམ་པ་པོ། ལྡོང་ཆུ་ཤེལ།
སྐོར་གསུམ་རུ་བཞི་སྒང་དྲུག་ལ་གནས་པའི།།
ཤ་རུས་གདུང་རྒྱུད་གཅིག་པའི་བོད་པ་ཚོ།།
རིགས་ཀྱི་འདུ་ཤེས་དཀར་པོ་མ་འབོར་དང་།།
བོད་རྒྱའི་ལོ་སར་གང་ཡང་རོལ་ཀྱང་ཆོག།
སྤྱི་ཇུས་གངས་རི་ཉིལ་ནས་ལོ་མང་འགོར།།
སྒེར་ཇུས་ས་ཐོ་བརྩིགས་ནས་འོང་རྒྱུ་མེད།།
ལོ་སར་ཉིན་གཅིག་ཁེལ་ཀྱང་ཅི་ཞིག་ཐོབ།།
ལོ་སར་ཉིན་གཅིག་མ་ཁེལ་ཅི་ཞིག་ཤོར།།
སྤྱིར་ན་བོད་འདི་དོན་མེད་རྩོད་ལ་དགའ།།
བོད་དོན་ཆེ་ལ་ཚིག་གཅིག་སྨྲ་མི་ཕོད།།
དོན་ཆུང་ལས་ལ་ཁ་མཁས་བློ་མཁས་མང་།།
དེ་བས་ལོ་སར་མ་རྩོད་བཞུགས་ན་ལེགས།།
རང་དབང་གསེར་གྱི་ཉི་མ་མ་ཤར་ན།།
རང་ཁྱིམ་གྲུ་བཞིར་ལྕགས་རི་མ་བསྐོར་ན།།
ང་ཚོ་བོད་འདི་ནམ་ཡང་མགྲོན་པོ་སྟེ།།
མགྲོན་ཁང་ལོགས་རིས་བརྩད་ན་ངོ་ཚའི་རྒྱུ།།
ལོ་སར་དགའ་དགའ་སྤྲོ་སྤྲོས་ཉེར་བསུས་ཏེ།།
རང་རང་ལུང་པའི་སྲོལ་བཞིན་རོལ་ན་ལེགས།།
འདི་ན་བོད་ཚུགས་ཤོར་དོན་ཅི་ཡང་མེད།།
འདི་ན་བོད་རྒྱའི་ཚབ་བྱེད་ཅི་ཡང་མེད།།
གངས་རིའི་དབུ་འཕང་བླ་རུ་འཕགས་པ་དང་།།
གངས་སེང་ངར་སྐད་སྒྲོག་པའི་སྐབས་བྱུང་ཚེ།།
དོན་དག་ཅི་ཞིག་བསྒྲུབས་ཀྱང་ཆེས་བླ་སྟེ།།
ཐུན་མོང་ལོ་སར་གཏོང་རྒྱུ་དེ་བས་སླ།།
གནམ་ལོའི་རྒྱལ་པོ་མེ་མོ་བྱ་ཡི་ལོར།།
འཛམ་གླིང་ཡོངས་ལ་ཞི་བདེ་འབྱུང་བ་དང་།།
གོང་ས་མཆོག་གི་ཞབས་པད་བརྟན་པ་དང་།།
བོད་མིའི་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག།
༢༠༡༧/༡/༢༧
༅༅།་དེང་སང་་་་་མང་པོ་ཞིག་གི་་་་ལོ་གསར་ལ་་་་་ལོ་སར་བྲི་གི་འདུག་གང་རེད།
ལོ་གསར་འདི་དག་པ་རེད། ཡང་ནས་ལོ་སར་འདི་དག་པ་རེད་དམ།
ཕྲན་ཙམ་གསལ་བཤད་གནང་དང།
ལོ་སར་མ་རེད། ལོ་གསར་རེད།
ལོ་གསར་རྩོད་པ་ནང་རྩོད་རེད།།
མདོ་སྨད་ནང་ཁུལ་རྩོད་པ་རེད།།
ལྡོང་དང་སྒོ་ཤེར་རྣམ་གཉིས་རེད།།
ད་དུང་གཞན་དག་འགའ་ཡང་འདུག།།
ལོ་གསར་མ་རེད་ལས་གསར་རེད་།
ལས་དཀར་པོ་སྤེལ་བའི་ལས་གསར་རེད་།
ལོ་གསར་དང་ལོ་སར་གཉིས་ལས་ལོ་སར་དག་པར་འདོད། བོད་འདི་རྩོད་ལ་དགའ་བས་འདོད་མཁན་སོ་སོར་བཙན་གྱི་འཁྲིད་པའི་རྒྱུ་མཚན་རེ་ཡོད་སྲིད་ཀྱང་། བརྡ་ཡི་འགྲོ་སྟངས་ལྟར་ན་བྱ་ཚིག་དང་མིང་ཚིག་གི་ཁྱད་པར་རེད། བརྡ་ལ་གོམས་ཞིང་རྟགས་འཇུག་གི་འཇུག་པ་རྩ་ཆེར་འཛིན་པ་རྣམས་ནས་ལོ་སར་ལ་མོས་མཐུན་ཆེ་བར་སྙམ་མོ།།
སོ་ནམ་ལོ་སར་འདི་བོད་རང་ཉིད་ཀྱི་ལོ་སར་ངོ་མ་དེ་རེད། འདི་ནི་ཞང་བོད་གཉིས་ཀྱི་གནའ་བོའི་ལོ་སར་ཞིག་རེད། ཧོར་ཟླ་དང་པོའི་ལོ་སར་
འདི་ང་ཚོ་བོད་པ་ཚང་ལ་བཀྲ་མ་ཤིས་པ་དང་དོན་མ་འགྲུབ་པ། ལྟས་ངན་པའི་དུས་ཚིག་ངན་པ་ཞིག་ཡིན་པ་ཤེས་ཐུབ་ན་བཟང་། དགྲ་བོས་བཙན་གནོད་ཀྱི་ལོ་སར་འདི་ད་མ་གཏོང་ན་རེད་ཡ།
ལོ་གསར་ཟེར་ན། ལོ་གསར་པ་དང་། ལོ་རྙིང་པའི་གོ་དོན་ཚང་ཡོད། ལོ་སར་ཟེར་ན་གོ་དོན་གང་ཡོད་དམ།
བོད་ཀྱི་ཐ་སྙད་དམ་མིང་ཚིག་གི་གྲུབ་ཚུལ་འདི་གཙོ་བོ་བརྗོད་བདེ་ཡི་དབང་གིས་གྲུབ་ཡོད་པ་དང་། དེ་ཡང་བརྗོད་བདེ་ཟེར་བ་དེ་ཚིག་སྔ་ཕྱིའི་སྒྲའི་དྲག་ཞན་དང་སྐྱེ་གནས་མཉམ་པ་ལ་གོ་བར་འདོད། དཔེར་ན། སེར་པོ་ཞེས་པའི་མིང་འདི་གསེར་ལས་བྱུང་བ་དང་། ཡིན་ནའང་གསེར་པོ་ཞེས་བརྗོད་ན་རྗོད་མི་བདེ་བས་སེར་པོ་ཞེས་བྱུང་། དེ་བཞིན་རྒྱ་གར་དང་། ལོ་སར། དམངས་གཙོ་སོགས་གཅིག་མཚུངས་སུ་གྲུབ་པར་འདོད།
ཉེ་སྔོན་༧གོང་ས་མཆོག་གི་དུས་དབང་སྐབས་སུ་པབཀའ་སློབ་ཞིག་ཡིག་ཐོག་ནས་དྲ་ངོས་ཁག་ལ་འགྲོ་བཞིན་པ་དེ་ལས་འཕོས་ཡོང་བ་འདྲ་དེ་བདེན་པ་ཡིན་མིན་གསལ་བོ་ཤེས་མཁན་ཡོད་ན་གསལ་བཤད་གནང་རོགས་ཞུ།