ཨོཾ་བདེ་ལེགས་སུ་གྱུར་ཅིག
༡༽ རྒྱལ་ཀུན་གསུང་གི་རྣམ་པར་སྤྲུལ་པ་འོད་མཐའ་ཡས་པའི་ཐུགས་ཀ་ནས། །
ཧྲཱི་ཡིག་དམར་པོ་དྭངས་མའི་མཚོ་ལ་འཕོས་པའི་མཚན་དཔེའི་ལང་ཚོ་ཅན། །
མཐུ་སྟོབས་ནུས་པས་འཇིགས་རྟེན་འདི་རུ་ཐུབ་པའི་བསྟན་པ་གསལ་བར་བྱས། །
ཁྱད་པར་གངས་ལྗོངས་འགྲོ་བའི་མགོན་གཅིག་མཚོ་སྐྱེས་རྡོ་རྗེས་རྟག་སྐྱོངས་ཤིག །
༢༽ དེ་རིང་ངས་ནི་ཕ་མེས་བཟང་པོའི་ཆོས་ལུགས་ཤིག་གི་འཕེལ་འགྲིབ་བསམ། །
དེ་རིང་འདི་ན་གངས་ཅན་བོད་པའི་མི་རིགས་ཤིག་གི་ལས་དབང་བསམ། །
དེ་རིང་འདི་ཕྱི་གཉིས་གར་ཕན་པའི་དམ་པའི་ལྷ་ཆོས་སྐྱོབ་ཐབས་བསམ། །
དེ་རིང་ཉེན་ཁ་ཤིན་ཏུ་ཆེ་བའི་བོད་ཀྱི་མི་རིགས་སྤེལ་ཐབས་བསམ། །
༣༽ དེ་ཕྱིར་སྔོན་བྱོན་དམ་པའི་གསུང་དང་འགལ་བ་མེད་པའི་ལམ་ལུགས་གཅིག །
གངས་ཅན་བོད་པའི་མི་རིགས་ཆེན་མོ་གྲངས་མེད་འཕེལ་བའི་ཐབས་ལམ་གཉིས། །
འཛམ་གླིང་ཤར་ནུབ་མི་ཡི་སེམས་ལ་ཤིན་ཏུ་འགྲིག་པའི་ཆོས་ལུགས་གསུམ། །
དུས་དང་མཐུན་པའི་ཆོས་ལུགས་འདི་ནི་གོས་དཀར་ལྕང་ལོ་ཅན་ལ་ཡོད། །
༤༽ སྟོན་པ་ཤཱཀྱའི་འཁོར་གྱི་ནང་ན་རབ་བྱུང་ལས་ཀྱང་ཁྱིམ་པ་མང་། །
སོ་སོར་ཐར་པའི་སྡོམ་པའི་རྟེན་ལ་གླིང་གསུམ་སྐྱེས་པ་བུད་མེད་དགོས། །
སྟོན་པའི་འཁོར་ན་ལྷ་དང་ལྷ་མིན་མི་མ་ཡིན་པ་ཤིན་ཏུ་མང་། །
སྤྱན་གཟིགས་ཕྱག་རྡོར་འཇམ་པའི་དབྱངས་སོགས་ལྕང་ལོ་རལ་བས་སྐུ་རྒྱབ་ཁེབ། །
༥༽ སྔོན་དུས་རྒྱ་གར་འཕགས་པའི་ཡུལ་ན་གྲུབ་ཆེན་བརྒྱད་ཅུ་ལ་སོགས་དང་། །
བོད་འདིར་རྙིང་མའི་རྗེང་འབངས་ཕལ་ཆེར་གཏེར་ཆེན་བརྒྱད་རྩའི་མང་ཆེ་བ། །
གཞང་ཡང་སོ་ཟུར་གནུགས་གསུམ་བརྒྱུད་འཛིན་སྔགས་རིག་འཛིན་པའི་གྲུབ་ཆེན་མང་། །
ད་ལྟའི་བར་དུ་སྲོལ་བཟང་འདི་ཉིད་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ། །
༦༽ འཁོན་རིགས་ས་སྐྱའི་དཀར་པོ་རྣམ་གསུམ་མར་པ་མི་ལ་འབྲོམ་སྟོན་གཙོས། །
སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་དག་གི་མེས་པོའི་ཆོས་ལུགས་འདི་ཉིད་ཡིན། །
ཁྱིམ་ན་གནས་ཀྱང་ཐར་པ་ཡོད་པ་བདེ་བར་གཤེགས་པས་ཡང་ཡང་གསུངས། །
ཁྱིམ་པའི་རྟེན་ལ་སངས་རྒྱས་ཐོབ་པ་འཛམ་གླིང་མི་ཡི་རྟེན་ལ་མང་། །
༧༽ ཐེག་ཆེན་ལུགས་ཀྱིས་ཚུལ་ཁྲིགས་སྲུང་ལ་བུད་མེད་སྤོང་དགོས་ངེས་པ་མེད། །
མདོ་སྡེ་ས་བཅུ་པ་ལས་བཤད་པའི་ས་གསུམ་ལ་གནས་བྱང་སེམས་ལ། །
རང་གི་ཆུང་མས་ཆོག་ཤེས་ཡོད་ཚུལ་གསུང་པའི་ལུང་འདིས་ཚུལ་ཁྲིམས་ཀྱི། །
ཕར་ཕྱིན་ལྷག་པའི་བྱང་སེམས་ལ་ཡང་བུད་མེད་ཡོད་ན་གཞན་ལྟ་ཅི། །
༨༽ དེ་ཕྱིར་སྟོན་པས་བུད་མེད་བསྔགས་པ་ཡང་ཡང་གསུངས་ཏེ་མདོ་སྡེ་ལས། །
བྱང་ཆེན་རྣམས་ནི་རང་གི་ལུས་པོ་བུད་མེད་ཉིད་དུ་སྤྲུལ་བྱས་ནས། །
ཕྱོགས་བཅུའི་རྒྱལ་ལ་མཆོད་པ་འབུལ་ཞེས་ལུང་ལས་གསལ་བས་སངས་རྒྱས་ཀྱང་། །
མཆོད་པ་བྱེད་ལ་བུད་མེད་དགོས་ན་བུད་མེད་སྐྱོན་དུ་ཅིའི་ཕྱིར་བལྟ། །
༩༽ རབ་བྱུང་གཙང་མ་ཚུལ་མཐུན་བྱུང་ན་བསྟན་པ་མཛེས་པའི་རྒྱན་ཡིན་མོད། །
འདུལ་བ་ལུང་ལས་བཤད་པའི་རབ་བྱུང་དེང་སང་ཡོད་མེད་ཐེ་ཚོམ་ཡིན། །
རང་གི་རྩ་བཞིའི་སྲུང་མཚམས་ཙམ་ཡང་མི་ཤེས་བཞིན་དུ་གཞན་དག་ལ། །
བུད་མེད་ཡོད་ཅེས་སྐྱོན་བརྗོད་བྱེད་པའི་གྲྭ་བཙུན་དེ་ལས་སྔགས་པ་བཟང་། །
༡༠༽ བོད་ཀྱི་བུད་མེད་མཁས་གྲུབ་གཉིས་ལྡན་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས། །
པད་མའི་ཟབ་ཆོས་མཐའ་དག་བསྡུས་ཤིང་མི་བརྗེད་བཟུངས་ཀྱིས་ཡིག་གེར་བཀོད། །
རི་བྲག་མཚོ་ལ་གཏེར་དུ་སྦས་པའི་ལོ་རྒྱུས་རི་མོ་འབུར་དོད་ཡིན། །
རང་རེའི་བསྟན་པར་བཀའ་དྲིན་ཆེ་ཞིང་བསྟན་པའི་བདག་པོ་བུད་མེད་ཡིན། །
༡༡༽ བུད་མེད་ཅན་ལ་སྐྱོན་དུ་བལྟ་བ་ཐོས་པ་ཆུང་བའི་རང་རྟགས་ཡིན། །
ཤེས་རབ་རང་བཞིན་བུད་མེད་ལ་སྨོད་རྡོ་རྗེ་ཐེག་པའི་རྩ་ལྟུང་ཡིན། །
གསང་བ་སྔགས་ཀྱི་ལམ་ལ་ཞུགས་ན་བུད་མེད་ཐབས་ཀྱི་གྲོགས་མཆོག་ཡིན། །
བོད་ཀྱི་འདུལ་འཛིན་ཙོང་ཁ་པས་ཀྱང་བར་དོའི་སྐབས་སུ་ཕྱག་རྒྱ་བསྟེན། །
༡༢༽ དེ་ཕྱིར་སྔགས་པ་བུད་མེེད་ཅན་ལ་སྨོད་པར་མ་བྱེད་ལམ་ལུགས་འདིས། །
བོད་ཀྱི་ཆོས་དང་རིག་གཞུང་འཛིན་ཅིང་མི་ཡི་རིགས་བརྒྱུད་སྤེལ་བར་བྱེད། །
དམ་ཆོས་ཚུལ་བཞིན་ཉམས་སུ་བླང་ནས་སྔགས་པ་ཕལ་ཆེར་གྲུབ་པ་ཐོབ། །
ཆོས་དང་མི་མཐུན་རབ་བྱུང་གཟུགས་ཅན་ངན་སོང་དག་དུ་སྐྱེས་པ་མང་། །
༡༣༽ ལུགས་གཉིས་ཀུན་ལ་མཁྱེན་རྒྱ་ཡངས་པ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཡིས། །
རབ་བྱུང་ཕོ་མོ་ཤིན་ཏུ་མང་ན་མི་རིགས་འཕེལ་ལ་གནོད་ཚུལ་དང་། །
བོད་ནི་གྲངས་ཉུང་མི་རིགས་ཡིན་པས་ཉེན་ཁ་ཆེ་བའི་བཀའ་སློབ་ཕེབས། །
དེས་ན་མི་རིགས་ཆོས་ལུགས་གཉིས་ཀ་འཛིན་པའི་ཐབས་ལ་སྔགས་པ་བཟང་། །
༡༤༽ སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པས་བུད་མེད་ཡོད་བཞིན་སངས་རྒྱས་པའི། །
ཐབས་ལམ་འདི་ནི་ཅིའི་ཕྱིར་མི་མཁྱེན་ཆོས་ལུགས་གཞན་པ་དག་གིས་ཀྱང་། །
ཆོས་བརྒྱུད་རིགས་བརྒྱུད་གཉིས་ཀ་སྤེལ་ནས་འཛམ་གླིང་ཁ་ལོ་བསྒྱུར་ལ་ལྟོས། །
རང་རེའི་རིགས་ཆོས་འཛིན་འདོད་ཡོད་ན་ཁོས་བོའི་གཏམ་འདིར་རིན་ཐང་ཡོད། །
༡༥༽ ངས་ནི་རབ་བྱུང་མི་དགོས་པ་དང་མི་དགར་བལྟ་བ་མ་ཡིན་མོད། །
དེང་སང་དུས་ཀྱི་བོད་བཙུན་རྣམས་ལ་མོ་སྡོམ་སྲུང་བའི་དཀའ་ངལ་འཕྲད། །
ད་ལྟའི་མི་རབས་གཉིས་ཀྱི་རྗེས་ལ་གྲྭ་བཙུན་ཕལ་ཆེར་རྫོགས་པའི་ཚུལ། །
རྒྱལ་བས་གཟིགས་རྒྱང་རིང་བའི་བཀའ་སློབ་ཀརྨ་པ་ལ་གསུངས་པར་ཐོས། །
༡༦༽ སྔ་རབས་མེས་པོའི་སྲོལ་རྒྱུན་བཟང་པོ་སྔགས་པ་གོས་དཀར་ལྕང་ལོ་ཅན། །
ཕོ་མོ་གཉིས་ཀ་དབྱེ་འབྱེད་མེད་པར་ལུགས་གཉིས་སྐྱོང་བའི་ཐབས་ཤེས་ཅན། །
དེང་སང་དུས་ཀྱི་འཛམ་གླིང་ཤར་ནུབ་ཀུན་ལ་མཐུན་པའི་གུ་ཡངས་ཅན། །
འོས་པའི་ལས་ལ་བཀག་རྒྱ་མེད་པ་འགྲོ་བ་མི་ཡི་ལུགས་སྲོལ་ཅན། །
༡༧༽ བཙན་པོ་དར་མས་བསྟན་བ་སྣུབ་དུས་གནུབས་ཆེན་སྔགས་པའི་ནུས་མཐུ་ལ། །
རྒྱལ་པོས་བསྔགས་ཏེ་དཀོན་མཆོག་སྔགས་པར་མནོད་མི་བྱེད་པའི་དམ་བཅའ་ཕུལ། །
རྒྱུ་མཚན་དེ་ལས་བོད་འདིར་བཀའ་བསྟན་ཁྲིད་ལུང་བརྒྱུད་པ་མ་ཉམས་ཚུལ། །
མཁས་པ་ཕུལ་བྱུང་འགོས་ལོ་གཞོན་ནུའི་དེབ་ཐེར་སྔོན་པོར་གསལ་བ་ཡིན། །
༡༨༽ ཁ་ཆེ་དམག་གིས་རྒྱ་གར་ནང་པའི་བསྟན་པ་ཉམས་ཉེས་བཏང་མོད་ཀྱང་། །
ཧིན་དྷུའི་སྔགས་པས་རང་གི་ཆོས་ལུགས་བརྒྱུད་པ་ད་དུང་འཛིན་ལ་ལྟོས། །
རྒྱ་དམར་དམག་གིས་བོད་ཁམས་འཇོམས་ཚེ་སྔགས་པ་ཆོས་ཀྱི་བློས་གྲོས་ཀྱི། །
ལུང་བསྟན་ཇི་བཞིན་སྒྲུབ་མ་ཐུབ་ཅེས་རྒྱལ་བས་ཐུགས་ཕམ་ཡང་ཡང་གནང། །
༡༩༽ གཏེར་སྟོན་འགའ་ཞིག་ཚང་སྤྱོད་བྱས་པས་རྟེན་འབྲེལ་གཞན་དབང་གྱུར་བ་དང་། །
ཟབ་གཏེར་མ་ཐོན་བོད་ཁམས་སྤྱི་ལ་ཕན་ཐབས་ཕྱི་གཤོལ་ཤོར་བ་སོགས། །
ལོ་རྒྱུས་ཁུངས་ལྡན་དུ་མར་གསལ་ཞིང་གོང་ས་ལྔ་པ་ཆེན་པོ་ཡིས། །
སྔགས་པས་བོད་ཁམས་བསྐྱབས་པའི་དྲིན་ལ་བསྔགས་པའི་མེ་ཏོག་ཡང་ཡང་གཏོར། །
༢༠༽ ལུགས་བཟང་འདི་ཀོ་རྒྱུན་སྐྱོང་བྱེད་པར་བོད་པའི་མི་ལ་འོས་འགན་ཡོད། །
གཞོན་སྐྱེས་དག་གིས་སྔགས་རྒན་ཡིན་ཞེས་བརྙས་བཅོས་ཚིག་མདའ་མ་འཕེན་རོགས། །
བོད་མོ་རྣམས་ཀྱིས་སྔགས་པ་མཐོང་ཚེ་དགའ་བའི་འཛུམ་གྱིས་ཞལ་བཟང་སྟོན།།
གྲྭ་བཙུན་རྣམ་པས་སྔགས་པ་མཐོང་ཚེ་སྟོན་པ་གཅིག་གི་རྗེས་འཇུག་སོམས། །
༢༡༽ དེ་ལྟར་དཔྱོད་ལྡན་མགུ་བའི་གཏམ་འདི་དྲྭ་གྲོགས་རྣམ་པར་ལེགས་སྐྱེས་ཡིན། །
ལུགས་ཟུང་མདུན་ལམ་འདི་ལ་ཡོད་མེད་བློ་གསལ་ཚོགས་ལ་དཔྱད་གཞི་ཡིན། །
མཁས་གྲུབ་དུ་མས་གསུང་གིས་བསྐྱངས་བའི་སྤྲང་པོ་བདག་གི་ཚོར་སྣང་ཡིན། །
སྒང་དྲུག་རི་བོའི་གཞུང་ནས་འཁྱམས་ཤིང་རྒྱལ་ཁམས་བསྐོར་བའི་བལྟ་ཚུལ་ཡིན། །
ཞེས་པ་འདི་བཞིན་སྤྱི་ནོར་༸ གོང་ས་༸ སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ལ་དྭགས་སུ་བསྩལ་བའི་
བཀའ་སློབ་འདི་མཐོང་རྐྱེན་བྱས་ཏེ་བྲིས་པ་དགེའོ། ། གོང་ས་མཆོག་གིས་ལ་དྭགས་སུ་བསྩལ་བའི་བཀའ་སློབ་ལས།
༼སྔར་མཁན་སློབ་ཆོས་གསུམ་གདན་འཛོམ་པའི་སྐབས་ནས་གོས་དཀར་ལྕང་ལོའི་སྡེ་དང་། རབ་བྱུང་ངུར་སྨྲིག་གི་སྡེ། ཞེས་སྡེ་གཉིས་གསུངས་ཡོད། ནང་མི་བུ་ཕྲུག་ཡོད་ན་གོས་དཀར་ལྕང་ལོའི་སྡེ་བྱས་ནས་ཡག་ཤོས་རེད། གལ་སྲིད་རབ་བྱུང་ངུར་སྨྲིག་གི་སྡེ་བྱས་ནས་འདུག་འདོད་ན། སྒྲིག་ཁྲིམས་ཡག་པོ་སྲུང་དགོས་པ་རེད། ༽ ཅེས་གསུངས། བཀའ་སློབ་འདི་དུས་བབ་དྲྭ་རྒྱ་ལས་བཤུས།
ངོ་སོ་བསྟོད། དོན་དང་ལྡན་ལ་སེམས་ནང་ཟུག་པ་ཞིག་བྲིས་འདུག
གསང་བ་སྔགས་ཀྱི་བསྟན་པ་འདི།།
གོས་དཀར་ལྕང་ལོའི་སྡེ་ཡིས་འཛིན།།
རིག་འབྱུང་གྲོང་ན་སྔགས་པའི་སྡེ།།
ཕུར་ཐོགས་སྟོང་དང་དགུ་བརྒྱ་ཡོད།།
མཚན་སྙན་བོད་ཁམས་ཡོངས་ལ་ཁྱབ།།
བཅའ་རྒྱུ་ལས་རྒྱུ་མང་དྲག་པས།།
དེ་ཡི་མཚན་སྙན་ཐོས་ཙམ་གྱིས།།
མཛེ་བོ་བཞིན་དུ་ཤིན་ཏུ་འཛེམ།།
སྔགས་ཀྱི་དམ་ཚིག་མ་གསུང་ན།།
རྡོ་རྗེ་དམྱལ་བར་ཕུང་ཞེས་གསུངས།།
འོན་ཀྱང་སྔོན་གྱི་སྔགས་རྒན་ཚོས།།
དྲག་པོ་མངོན་སྤྱོད་ཁོ་ན་ལས།།
ཟབ་གཏེར་ཀ་དག་ཁྲེགས་ཆོད་ཀྱི།།
སྙན་བརྒྱུད་གདམ་པ་ཉམས་ལེན་གྱི།།
སྙིང་བོ་ཡིན་པ་མ་ཤེས་ཟིག།
ཤེས་བྱ་ཀུན་ཁྱབ་རིན་ཆེན་གཏེར་མཛོད་གཉིས།།
བོད་བརྒྱུད་ནང་བསྟན་གྲུབ་མཐའ་རིས་མེད་ཀྱིས།།
གཙིགས་སུ་འཛིན་པའི་བསྟན་བཅོས་རྣམ་གཉིས་རེད།།
འོན་ཏེ་རེབ་གོང་སྔགས་པའི་ཉམས་ལེན་གྱི།།
གཙོ་བོ་གྱུར་བ་དེ་གཉིས་ལས་སྔ་བ།།
ཆོས་དབྱིངས་སྟོབས་ལྡན་མཆོག་གི་གསུང་འབུམ་ཡིན།།
གལ་ཏེ་དེ་ཡི་ཁྱད་ཆོས་རྟོགས་འདོད་ན།།
ཉི་མ་ཟླ་བའི་བྲིས་ཆར་ལྟོས་དང་ཤེས།།
ང་ལ་འདིར་ཆོས་དབྱིངས་སྟོབས་ལྡན་མཆོག་གི་གསུང་འབུམ་ཆོས་དབྱིངས་མཛོད་ཆ་ཚང་ཞིག་ཡོད་ལ་སྐབས་སྐབས་སུ་མཇལ་གིན་ཡོད། ཀློང་ཆེན་པའི་རྩོམ་ཉམས་ལྡན་གི་ཡ།
མདོ་ཁམས་སྨད་ན་རིག་པའི་གྲོང་ཁྱེར་ཞིག།
དེ་ན་དགེ་འདུན་འདུས་སྡེ་གཉིས་ཚང་བས།།
གནའ་ནས་ད་བར་ཆོས་རིག་པདྨའི་ཚལ།།
བཤད་སྒྲུབ་ཟུང་གིས་སྐྱོང་མཁས་དཔའ་བོ་མང༌།།
གྲོང་ཁྱེར་དེ་རུ་འགྲུལ་བཞུད་མ་མྱོང་སྟེ།།
སྔགས་མང་བོན་མང་དགེ་འདུན་འདུས་པའི་སྡེས།།
ཆོས་རིག་སྲོག་སྙིང་བཟུང་བའི་ཚུལ་བསམས་ན།།
མིང་ལ་དོན་གྱིས་འཁྱུད་པའི་དགེ་ཚོགས་འཕྱོ།།
རྔོན་པ་མཐུ་ཆེན་སྤྱང་ལུང་མགོན་པོ་རྒྱལ།།
སྔགས་པ་མཐུ་ཆེན་དཔའ་ཆེན་ནམ་མཁའི་ཞབས།།
དེ་ཡི་སློབ་རྒྱུན་སྔགས་མང་ཕུར་ཐོགས་སྟོང༌།།
མདོ་སྨད་ས་ལ་འཁྱིལ་བའི་མཚོ་དེ་ནས།།
ཤེས་རིག་པདྨོའི་དྲི་བཟུང་ཕྱོགས་སུ་བརྡལ།།
གོས་དཀར་ལྕང་ལོ་ཅན་གྱི་སྔགས་པའི་སྡེ།།
ངུར་སྨྲིག་གོས་ཀྱིས་མཛེས་པ་རབ་བྱུང་སྡེ།།
གཉིས་ཚང་གྲོང་འདི་ཤེས་རིག་འོད་སྣང་གིས།།
ཡོངས་སུ་བཟུང་འདི་ཡ་མཚན་རྒྱན་དུ་ལྷམ།།
སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་ཀྱི་ཚད་དེ། དམ་ཆོས་འདུལ་བའི་བསྟན་པ་འདི་གནས་མི་གནས་ལ་རག་ལས་པ་མ་གཏོགས། གསང་སྔགས་ཀྱི་བསྟན་པ་གནས་མི་གནས་ལ་རག་ལས་མེད་པ་དེ་ཤེས་དགོས་རེད།
ཆོས་གང་དང་གང་ཡིན་ན། ཆོས་དེ་ལ་བདག་གཅེས་བྱེད་པར་འདོད་ན། ཆོས་དེའི་རྩ་བ་ལ་བདག་གཅེས་བྱེད་དགོས་ཀྱི་ཡོད་པ་ཡིན་དུས། དམ་ཆོས་འདུལ་བའི་བསྟན་པ་འདི་ནི་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ཡིན་པར་བཀའ་དང་བསྟན་བཅོས་ཐམས་ཅད་ལས་གསུངས་པས། སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་ཙམ་གནས་པར་འདོད་ན་དམ་ཆོས་འདུལ་བའི་བསྟན་པ་ལ་གཅེས་འཛིན་ཆེན་པོར་མཛད་དགོས་པར་སྣང་།
དམ་ཆོས་འདུལ་བའི་བསྟན་པ་འཇིག་རྟེན་ཀྱི་ཁམས་འདིར་གནས་མི་གནས་དེ་རབ་བྱུང་གི་སྡེ་ལ་རག་ལས་ཡོད་རེད་མ་གཏོགས། རབ་བྱུང་མ་ཡིན་པའི་སྔགས་འཆང་ལ་རག་ལས་མེད་པ་དེ་ཤེས་དགོས། ཁ་ཤས་ཀྱིས་སྔགས་འཆང་ཟེར་བ་དེ། ཁྱིམ་པའི་རྟེན་ཅན་ཞིག་ལ་ངོས་འཛིན་གྱི་འདུག་ཀྱང་། རིག་པ་འཆང་བ། གསང་སྔགས་འཆང་བ་། སྔགས་འཆང་བ་ཟེར་བ་རྣམས་ནི་དེ་དག་ལ་བཤད་སྒྲུབ་བྱེད་ཅིང་འཛིན་པ་ཞིག་ལ་གོ་དགོས་བསམ།
གསང་སྔགས་སྒྲུབ་པའི་རྟེན་ཡང་དགེ་སློང་གི་རྟེན་རབ། དགེ་ཚུལ་འབྲིང་། ཁྱིམ་པ་མཐའ་མར་རུ་རྡོ་རྗེ་འཆང་གིས་རྒྱུད་སྡེ་ལས་གསུངས་སོ། རྡོ་རྗེ་འཆང་གིས་རྒྱུད་དུ་གསུངས་པ་རྣམས་ལ་སྣང་མེད་དུ་བྱེད་ནས། གང་དྲན་ཐོལ་བྱུང་སྨྲ་བ་རྣམས་ལ་གརྩིགས་ཆེ་རུ་བྱེད་པ་འདི་དག་སྙིང་མའི་རང་གཤིས་སུ་མངོན་པས་བཅོས་སུ་མི་ནུས།
གོང་ས་མཆོག་གིས་སྐྱ་མིན་སེར་མིན་འདི་རྣམས་ཀྱིས་རབ་བྱུང་གི་སྡེ་བསྣུབས་ཀྱི་ཡོད་པར་མཁྱེན་ནས་ག་དུས་ཡིན་ནའང་ཕྱིའི་ཆས་གོས་ཡན་སྡེ་གཉིས་གང་གིས་ལུགས་བྱེད་པར་འདོད་ན་རང་མོས་ལྟར་བྱེད་པ་ལས། གང་བྱུང་བྱས་པ་ལ་བཀའ་སློབ་ནན་པོར་གནང་གིན་ཡོད་པ་ནི། དངོས་གནས་སངས་རྒྱས་བསྟན་པའི་རྩ་བ་གང་ཡིན་མིན་གཟིགས་པའི་ཐོག་ནས་བསྟན་པ་ལ་གཅེས་སྤྲས་སུ་མཛད་པ་རེད།
སྔོན་རྒྱ་གར་གྱི་མཁས་པ་ཞིག་གིས་རྒྱ་གར་དུ་ནང་ཆོས་ནུབ་པའི་རྒྱུ་རྐྱེན་དེ་གསང་སྔགས་ཀྱི་བསྟན་པ་དར་ཆེའི་རྐྱེན་གྱིས་རེད་ཟེར་གྱིན་འདུག་གསུང་། ཡང་ནས་ཡང་དུ་གསུང་པ་ཐོས།
གསང་སྔགས་ནི། མིང་དང་མཚུངས་པར་གསང་ནས་སྒྲུབ་དགོས་པ་མ་གཏོགས། ཁྲོམ་སྔགས་བྱས་ན། གསང་སྔགས་ཀྱི་བྱིན་རླབས་དང་དངོས་གྲུབ་དེ་ཚུལ་བཞིན་འགྲུབ་ཐུབ་ཀྱི་ཡོད་དམ།
སྤྱིར་སྙིགས་མ་ལྔ་བདོ་བའི་སྐབས་འདིར། མི་རྣམས་ལ་ཉོན་མོངས་སྙིགས་མ་ཤུགས་ཆེ་བའི་རྐྱེན་གྱིས་ལྟ་བའི་སྙིགས་མ་ལ་དགའ་ཞེན་དང་དད་མོས་ཆེ།
བླ་མ་ལ་སོ་སོའི་དཔོན་པོར་བརྩིས་པའི་དགའ་ཞེན་ལས། དང་འདོད་ཡིད་ཆེས་ཀྱི་དད་པ་ཡོད་མཁན་དཀོན།
སྐྱ་མིན་སེར་མིན་རྣམས་ཀྱིས་དད་པ་བཅོམ་ནས། རབ་ཏུ་བྱུང་པ་ལས་ཀྱང་ཁྱིམ་པ་བཟང་བའི་འདུ་ཤེས་ལྡན། ཆོས་བཞིན་སྨྲ་བ་དང་། སྒྲུབ་མཁན་ནི་ཤེས་འཇོན་མི་ལྡན་པའི་གྲལ་དུ་འཇོག མགོ་བདེ་དྲན་འཕྲུལ་གྱིས་དད་ལྡན་རྣམས་ཀྱིས་མི་རབས་ནས་མི་རབས་ལ་བསགས་སྲུངས་བྱས་པ་རྣམས། གཙུག་ལག་ཁང་ངམ། མཆོད་པའི་རྟེན་སོགས་ཀྱི་ཞབས་འདེགས་སུ་འམ། འདུས་སྡེ་ཆེན་པོའི་ཞལ་གསོའི་ཆེད་དུ་ལེན་ནས། རང་ཕྱོགས་བཟའ་མི་ཡན་གྱི་ཁ་ལ་འདེབས་ནས་ངན་སོང་རྒྱུ་བླ་ན་མེད་པ་སྒྲུབ་མཁན་རྣམས། སྙན་གྲགས་ཇེ་ཆེར། མི་ཁ་ཇེ་བཟང་འདི་དག་ནི། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་ཐུབ་ཀྱི་མེད་པའི་རྟགས་མཚན་ཡིན་པ་དེ། ཀུན་འདུན་གྱིས་གཟིགས་ནས། རབ་བྱུང་བསྟན་པ་དེ་ཡུན་རིང་དུ་གནས་ཐུབ་ཀྱི་མེད་པ་གསུང་ཡིན་པར་ཐེ་ཚོམ་མེད།
སྐུ་མདུན་གྱིས་གཟིགས་ནས
གྲྭ་བ་ཁྱིམ་པ་ལས་ཀྱང་ཐུ་མང་། །སྔགས་པ་དགེ་སློང་ལས་ཀྱང་བཟང་པའང་ཡོད། །ལེགས་ཉེས་སྣ་ཚོགས་འཛོམས་པའི་འཇིག་རྟེན་འདི། །སྣང་གནས་མི་མཐུན་ཟེར་བ་བདེན་པར་འདུག །
རིན་ཆེན་སངས་རྒྱས་ལས་ཀྱང་མཁས་པ་ཡོད།།
སངས་རྒྱས་རིན་ཆེན་ལས་ཀྱང་བླུན་པ་ཡོད།།
འདི་ལ་བསམ་ན་རིན་ཆེན་རིལ་མ་འདི།།
འདུལ་བ་གསར་དུ་རྩོམ་པའི་གྲལ་འགོར་དབང་།།
གོང་དུ་མཆན་༦ པར་རིག་པའི་རལ་གྲིས། སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་ཀྱི་ཚད་དེ། དམ་ཆོས་འདུལ་བའི་བསྟན་པ་འདི་གནས་མི་གནས་ལ་རག་ལས་པ་མ་གཏོགས། གསང་སྔགས་ཀྱི་བསྟན་པ་གནས་མི་གནས་ལ་རག་ལས་མེད་པ་དེ་ཤེས་དགོས་རེད། ཅེས་བྲིས་
འདུག་པར་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཞེས་པ་སྐབས་ཐོབ་ཀྱི་གོ་བ་ལེན་དགོས་པས་འདུལ་
བའི་བསྟན་པ་གནས་པ་ལ་ལས་བརྒྱ་རྩ་གཅིག་གི་ལག་ལེན་ཚད་ལྡན་ཡོད་དགོས་པ་དང་། དེ་ཚད་ལྡན་ཡོང་བ་ལ་དགེ་སློང་རྣམས་ཉེས་བྱས་ཕྲོ་མོས་ཀྱང་མ་གོས་པ་དང་ཉེས་པ་བྱུང་བ་
རྣམས་ཕྱིར་བཅོས་དང་ལྟོང་ཐུན་ཕྱིན་རླབས་ཡན་ཆད་ཀྱིས་ལས་སྒྲུབ་ཀྱི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་འདུལ་བའི་བསྟན་པ་གནས་མི་གནས་འདུལ་བའི་ལས་ཚད་ལྡན་ཡོད་མིན་དང་
བསྟན་པ་གནས་མི་གནས་འདུལ་བ་གནས་མི་གནས་ལ་བཤད་པ་ཡིན། དེ་ནི་འདུལ་བ་རང་གི་
ཐུན་མོང་མ་ཡིན་པའི་ལུགས་སམ་གཞུང་རང་གི་སྐབས་སུ་བསྟན་པའི་གནས་ཚད་ཞིག་རེད།
གལ་ཏེ་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་ཀྱི་གནས་ཚད་འདུལ་བ་ལ་རག་ལས་ན་། འོ་ན་
བྱང་སྡོམ་དང་སྔགས་སྡོམ་གྱི་རྟེན་ལ་སོ་ཐར་དགོས་པས་ཁྱབ་པར་ཐལ། ཁྱོད་དེ་ལ་རག་ལས་ཕྱིར། འདོད་ན་མི་འཐད་པར་ཐལ། བྱང་སྔགས་ཀྱི་རྟེན་ཡིན་ན་སོ་ཐར་ངེས་པར་དུ་དགོས་པ་གང་ནས་
ཀྱང་མ་གསུང་པའི་ཕྱིར། འཁོར་གསུམ། ལམ་སྒྲོན་ལས་བྱང་སྡོམ་གྱི་རྟེན་ལ་སོ་ཐར་རིགས་
བདུན་གང་རུང་དགོས་པར་གསུངས་པའི་དགོངས་པ་ནི་གཞན་གནོད་གཞི་བཅས་སྤོང་སེམས་
ཡོད་དགོས་པ་ལ་དགོངས་པར་མཁས་པ་སྔ་མ་དག་གིས་བཤད། དེ་ལྟར་མིན་ན་ཐེག་ཆེན་གྱི་མདོ་སྡེ་
དུ་མ་ནས་ལྷ་དང་ཀླུ་ལ་སོགས་པ་ལ་བྱང་སྡོམ་སྐྱེས་བར་བཤད་པ་དང་འགལ། གཞན་ཡང་
དགའ་ལྡན་ཡིད་དགའ་ཆོས་འཛིན་ན་ཆོས་ཅན་སངས་རྒྱས་ཀྱི་བསྟན་པ་མི་གནས་པར་ཐལ།
སོ་ཐར་མི་གནས་པའི་ཕྱིར་ཏེ། སོ་སྡོམ་གྱི་རྟེན་ཡིན་ན་གླིང་གསུམ་གྱི་སྐྱེས་པ་བུད་མེད་
ཡིན་པས་ཁྱབ་པའི་ཕྱིར། སྔགས་སྡོམ་གྱི་རྟེན་དགེ་སློང་མཆོག་ཏུ་གསུང་པ་ཡང་དུས་འཁོར་གྱི་
ལུགས་རེད། རྒྱུད་ལུང་གཅིག་གིས་ཡོངས་རྫོགས་འགེབ་མི་ཐུབ་རྒྱུན་རང་རང་གི་སྐབས་སུ་སྡོམ་
པའི་རྟེན་རེ་གསུངས་ཡོད། གཞན་དུ་ན་གསང་ཆེན་བཀའ་ཡི་སྡུད་པོ་ཕྱག་ན་རྡོ་རྗེ་ཆོས་ཅན་
ཁྱོད་སྔགས་སྡོམ་གྱི་རྟེན་མཆོག་ཏུ་གྱུར་པ་མ་ཡིན་པར་ཐལ། ཁྱོད་བསྙེན་པར་རྫོགས་པའི་དགེ་
སློང་མ་ཡིན་ཕྱིར་ཏེ་ཁྱོད་གླིང་གསུམ་གྱི་སྐྱེས་པ་བུད་མེད་མ་ཡིན་ཕྱིར།
ཀ་བ་ལྟ་བུའི་མི་རིགས་ཉམས་ན་བསྟན་པ་ཞེས་པས་ཅི་ཞིག་བྱ།།
ཁ་ཞེ་མཐུན་པའི་སྡོམ་པ་མེད་ན་བཙུན་གོས་ཙམ་གྱིས་སུ་ཞིག་བསླུ།།
ག་བུར་ལྟ་བུའི་བསྟན་སྲིད་མི་རིགས་ཀུན་སྤེལ་བར།།
ང་ཡིས་བལྟས་ཀྱང་སྔགས་པའི་སྡེ་འདི་བསྔགས་བརྗོད་ཡུལ་དུ་ཆེ་བར་སྣང།།
ཡང་གོང་གི་མཆན་དྲུག་པར་སྔོན་རྒྱ་གར་གྱི་མཁས་པ་ཞིག་གིས་རྒྱ་གར་དུ་ནང་ཆོས་ནུབ་པའི་རྒྱུ་རྐྱེན་དེ་གསང་སྔགས་ཀྱི་
བསྟན་པ་དར་ཆེའི་རྐྱེན་གྱིས་རེད་ཟེར་གྱིན་འདུག་གསུང་། ཡང་ནས་ཡང་དུ་གསུང་པ་ཐོས། ཞེས་བྲིས་འདུག་པའི་ཚིག་
འདིས་ནི་རྒྱ་གར་དུ་སངས་རྒྱས་བསྟན་པ་ཉམས་པའི་རྒྱུ་རྐྱེན་གསང་སྔགས་ཀྱི་བསྟན་པ་དར་བས་ལན་པར་འདོད་པ་ཁྱེད་ནི་གསང་སྔགས་ལ་སྐུར་བ་འདེབས་བྱེད་ཕོད་མཁན་ཞིག་ཡིན་པ་ཤེས་ཐུབ། རྒྱ་གར་པཎ་གྲུབ་རྣམས་ནི་གསང་སྔགས་ཚུལ་བཞིན་དུ་
སྤེལ་མི་ཤེས་མཁན་དང་གསང་སྔགས་ཁྲོམ་བསྒྲགས་བྱེད་མཁན་དུ་ཁས་ལོངས་དང་ཤིན་ཏུ་ངོ་མཚར་ཆེའོ། ཡང་གོང་མཆན་ ༦ པར།
གསང་སྔགས་ནི། མིང་དང་མཚུངས་པར་གསང་ནས་སྒྲུབ་དགོས་པ་མ་གཏོགས། ཁྲོམ་སྔགས་བྱས་ན། གསང་སྔགས་ཀྱི་བྱིན་རླབས་དང་དངོས་གྲུབ་དེ་ཚུལ་བཞིན་འགྲུབ་ཐུབ་ཀྱི་ཡོད་དམ།
སྤྱིར་སྙིགས་མ་ལྔ་བདོ་བའི་སྐབས་འདིར། མི་རྣམས་ལ་ཉོན་མོངས་སྙིགས་མ་ཤུགས་ཆེ་བའི་རྐྱེན་གྱིས་ལྟ་བའི་སྙིགས་མ་ལ་དགའ་ཞེན་དང་དད་མོས་ཆེ།
བླ་མ་ལ་སོ་སོའི་དཔོན་པོར་བརྩིས་པའི་དགའ་ཞེན་ལས། དང་འདོད་ཡིད་ཆེས་ཀྱི་དད་པ་ཡོད་མཁན་དཀོན།
ཞེས་བྲིས་པ་དེ་གསང་སྔགས་ཁྲོམ་བསྒྲགས་བྱས་ཟེར་བ་རྒྱལ་བ་རིན་པོ་ཆེས་དུས་འཁོར་དབང་ཆེན་མང་པོ་གནང་བ་ལ་ཟུར་བ་ཡིན་
ནམ་སྙམ་སྟེ། བླ་མ་ལ་སོ་སོའི་དཔོན་པོར་བརྩིས་པའི་དགའ་ཞེན་ལས། ཞེས་བྲིས་པས་སོ། གསང་སྔགས་ལ་དད་པ་བྱེད་མཁན་
རྣམས་ལ་ཁྱེད་ཀྱིས། ལྟ་བའི་སྙིགས་མ་ལ་དགའ་ཞེན་དང་དད་མོས་ཆེ། ཟེར་བ་ལ་བལྟས་ན་གསང་སྔགས་ཀྱི་ལྟ་བ་ནི་ལྟ་བའི་
སྙིགས་མ་ཡིན་པར་ཡང་ཁས་ལེན་རྒྱུ་ཡིན་ནམ་ལེགས་པར་དཔྱོད་ཅིག །
རབ་བྱུང་ཁྱིམས་སྔགས་ཁྱད་མེད་སྐྱབས་སུ་མཆི། །བསྟན་དང་འགྲོ་ལ་ཕན་ན་དེ་ཀས་ཆོག །
ལགས། དུས་འཁོར་སོགས་རྒྱུད་སྡེ་ནས། གསང་སྔགས་སྒྲུབ་པའི་རྟེན་དགེ་སློང་རབ། དགེ་ཚུལ་འབྲིང་། ཁྱིམ་པ་ཐ་མ་རུ་གསུངས་པའི་དགེ་སློང་དེ་གསང་སྔགས་ནང་གི་དགེ་སློང་ལ་གོའམ་ཐེག་དམན་སོ་ཐར་རང་ལམ་གྱི་དགེ་སློང་ཡིན། །
འདི་ཡི་ཐད་ལ་རྩོད་རྙོག་མང་མི་དགོས།།
རང་བློ་གང་ལ་མོས་ན་དེ་ལུགས་བགྱིས།།
བསྟན་པའི་རྣམ་གཞག་སྟོན་པས་ཞིབ་གསུངས་ཡོད།།
བསྟན་པའི་བདག་པོ་སུ་ཡིན་ཤེས་དེས་འཐུས།།
སྟོན་པས་རང་གི་རྗེས་འཇུག་སློབ་ཚོགས་ལ།།
རང་འཁོར་རྣམ་པ་བཞི་ལས་མ་གསུངས་པས།།
གོས་དཀར་ལྕང་ཅན་སྡེ་ཡི་ཐ་སྙད་འདི།།
ཕྱིས་བྱུང་བོད་ཀྱི་མཁས་པའི་ངག་ནས་བརྡོལ།།
རང་རང་ལུགས་ལ་མཐུན་པའི་ལུང་རིགས་རེ།།
རང་རིགས་མཆོག་དམན་ཀུན་ལ་ཡོད་ངེས་པས།།
རང་ལུགས་གང་ཡིན་གཞན་དང་འདྲེས་མེད་ངང་།།
རང་སྲོག་བཞིན་དུ་གཅེས་སྲུང་བྱས་དེས་ཆོག །
ཡིན་མིན་བར་མཚམས་སུས་ཀྱང་མི་འབྱེད་དེ།།
ཡོད་མེད་མཐའ་མཚམས་དེ་ཡང་དེ་ལྟར་ཡིན།།
བདེན་རྗུན་དབྱེ་མཚམས་ཀྱང་ནི་དེ་འདྲ་བས།།
རང་གིས་བཙན་ས་ཟིན་ན་དེ་གས་འགྲིག །
སྡོམ་པ་ཡོད་མེད་ཁྲིམས་ལྡན་ཡིན་མིན་དང་།།
རབ་བྱུང་སྡེ་དང་ལྕང་ལོའི་སྡེ་སོགས་ཀྱི།།
རྩོད་རྙོག་ཕལ་ཆེར་འདོམས་ལ་ཐུག་འདུག་པས།།
འདོམས་ལས་ལྷག་པའི་བཙན་པོ་ངས་མ་མཐོང་།།
མཆན་ ༡༤ པའི་འོས་ལངས་ལ་བརྗོད་པ།
འདི་ན་བསྟོད་པའི་ཚིག་ཕྲེང་བྲིས་པ་ལས། །
རྩོད་རྙོག་ཡོང་བའི་རྒྱུ་རྐྱེན་ཅི་ཡང་མེད། །
དད་པ་ཅན་གྱིས་རང་གི་བླ་མ་ལ། །
བསྟོད་ཚིག་བྲིས་པ་རྩོད་རྙོག་མིན་དང་འདྲ། །
བསྟན་པའི་རྣམ་གཞག་སྟོན་པས་གསུངས་མོད་ཀྱང་། །
སྟོན་པའི་བཀའ་འགྱུར་པོད་ཆེན་བརྒྱ་རྩ་བརྒྱད། །
དེ་ཡི་ནང་ནས་ཁྱོད་ཀྱིས་ཅི་ཙམ་མཐོང་། །
འཁོར་ལ་རྣམ་བཞིའི་ཁྱབ་པ་ཁས་ལེན་ནམ། །
ཆོས་ལུང་སྤྲུལ་སྐུའི་བསྟན་པ་སོ་སོ་ལ། །
སྟོན་འཁོར་ཐ་དད་གསུང་མ་མཐོང་ངམ།
གནོད་སྦྱིན་ལག་ན་རྡོ་རྗེ་ལ་སོགས་པའི། །
གསང་སྔགས་རིག་པ་འཛིན་པའི་འཁོར་ཀྱང་ཡོད། །
མདོ་སྔགས་བསྟན་པ་འཛིན་པའི་སྡེ་གཉིས་ཀྱི། །
གྲུབ་མཐའ་རྩོད་རྙོག་ཉིད་དུ་ཁས་ལེན་ཅིང་། །
དེ་ཡི་རྩ་བ་འདོམས་ལ་ཐུག་འདོད་པ། །
སྐུར་འདེབས་འདི་འདྲ་ཁྱོད་ལས་སུ་ཡིས་སྨྲ། །
དཔེར་ན་རྒྱལ་པོ་ཨིནྡྲ་བྷུ་ཏིས། འཛམྦུའི་ཚལ་ནི་ཉམས་དགའ་བར། །
ཝ་སྐྱེས་ཉིད་དུ་གྱུར་ཀྱང་སླའི། །འདོད་ཡོན་སྤངས་པའི་ཐར་པ་ནི། །
ནམ་ཡང་མི་འདོད་གཽ་ཏ་མ། །ཞེས་ཞུས་པའི་ཚེ། སྐད་ཅིག་དེ་ཉིད་ལ་ཉན་ཐོས་ཀྱི་
ཚོགས་རྣམས་མི་སྣང་བར་གྱུར་ཏེ། སྟོན་པས་རྒྱལ་པོ་ལ་དབང་བསྐུར་བས། དེ་ཉིད་དུ་ཟུང་
འཇུག་གི་སྐུ་འགྲུབ་པར་གསུངས་པའི་རྒྱལ་པོ་དེ་འཁོར་རྣམ་བཞིའི་གང་རེད།
འདུལ་བ་ནས་བཤད་པའི་འཁོར་རྣམ་བཞི་ནི་མིན་དེ་ལས་གཞན་པ་ནི་ཁྱེད་མི་འདོད་
པས་ཕྱིར་རོ།
འདི་ཡང་འོས་ལངས་ལ་ཡིན།
ཆོས་ལོངས། མི་འདོད་པའི། ནོར་བཅོས།
གུས་པས་སངས་རྒྱས་ཀྱི་བསྟན་པ་འདི་འཇིག་རྟེན་དུ་གནས་མི་གནས་འདི་དམ་ཆོས་འདུལ་བ་ལ་རག་ལས་ཡོད་རེད་ཟེར་བ་དེ། བདག་ཅག་གི་སྟོན་པས་རྡོ་རྗེ་གདན་དུ་སངས་རྒྱས་པའི་ཚུལ་མ་བསྟན་པའི་སྔོན་ནས། མི་འཇེད་འཇིག་རྟེན་གྱི་ཁམས་འདིར་གསང་སྔགས་ཀྱི་བསྟན་པ་དར་ཟིན་ཀྱང་། བདག་ཅག་གི་སྟོན་པའི་བསྟན་པ་ནི། སངས་རྒྱས་ནས་དར་བ་ཡིན་པ་ཡོངས་གྲགས་ཡིན་པ་དང་གཅིག རྒྱལ་པོ་དར་མས་རབ་བྱུང་འདུལ་བའི་སྡེ་དང་། འདུལ་བའི་འཆད་ཉན་བསྣུབས་པས་དབུས་གཙང་དུ་སངས་རྒྱས་ཀྱི་བསྟན་པ་ལོ་བཅུ་ཕྲག་དྲུག་ལས་ལྷག་མེད་པར་གྱུར་ཞེས་མཁན་བླུན་ཡོངས་ལ་ཡོངས་གྲགས་ཡིན་པ་དེ་ཡང་སངས་རྒྱས་ཀྱི་བསྟན་པ་ཡོད་མེད་འདུལ་བའི་བཤད་སྒྲུབ་ཡོད་མེད་ལ་གསུང་འདུག་པ་དང་གཉིས། དམ་ཆོས་འདུལ་བའི་བསྟན་པ་འདི་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ཡིན་པར་ཡོངས་གྲགས་ཡིན་པ་སོགས་ཀྱིས་སྨྲས་པ་ཡིན། སངས་རྒྱས་ཀྱི་ལུང་རྣམས་ནི་འདུལ་ལུང་རེད་ཟེར་བའི་ཉེས་ཁ་འདུག་པས་མི་དྲང་ངོ།
བྱང་སྡོམ་དང་སྔགས་སྡོམ་ནི། སྐྱབས་འགྲོའི་སྡོམ་པའི་རྟེན་ཅན་གྱི་སྡོམ་པ་ཡིན་པས་ཁྱབ་པས། སོར་སྡོམ་གྱི་རྟེན་ཅན་ཡིན་པས་ཁྱབ་པར་སྨྲས་པ་ལ་སྐྱོན་གང་ཡང་མེད།
དུས་འཁོར་གྱི་ལུགས་རེད་གསུང་པའི་དོན་དེ། དུས་འཁོར་ནས་གསུངས་པས་ཁས་ལེན་མི་དགོས་ཟེར་ནི་ཨི་ཡིན་ནམ། གུས་པས་གོང་དུ་རྡོ་རྗེ་འཆང་གིས་རྒྱུད་ནང་དུ་གསུངས་པ་རྣམས་སྣང་མེད་དུ་བཞག་ཞིང་ཟེར་བ་དེ་འདི་འདྲའི་རིགས་ཅན་ལ་སྨྲས་པ་ཡིན།
གསང་སྔགས་ནི་སངས་རྒྱས་ཀྱི་བསྟན་པའི་ཉིང་ཁུ་ཡིན་པས། ཇི་བཞིན་སྒོམ་སྒྲུབ་ཚད་ལྡན་མཛད་མཁན་མང་པོ་ཞིག་ཡོད་པས་གདོན་མི་བྱ། འོན་ཀྱང་ཉོན་མོངས་པའི་སྙིགས་མ་ཤས་ཆེ་བས་རྐྱེན་བྱས་ཤིང་། ལྟ་བའི་སྙིགས་མས་རྒྱུད་ཆེར་རླན་པ་རྣམས་ཀྱིས། སངས་རྒྱས་ཀྱི་བསྟན་པའི་ཉིང་ཁུ་ལ། ཉིང་ཁུ་མ་མཐོང་པ་བྱས། སྔགས་མིན་མདོ་མིན། སྐྱ་མིན་སེར་མིན།་ཆ་ལུགས་ཚུན་རང་སྣང་གང་ཤར་བྱེད་པ་རྣམས་སངས་རྒྱས་ཀྱི་བསྟན་པའི་རྩ་བ་དང་། ཉིང་ཁུ། བསྟན་པ་འཛིན་པའི་གཙོ་བོར་མཐོང་པ་ནི། མདོ་སྡེ་རྒྱན་ལས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲི་མུན་ནག་རྣམ་པ་ཅི་འདྲ་ཞིག་གསུང་པ་ཤིན་དུ་མད་དོ།
གསང་སྔགས་མིང་དོན་དང་མཐུན་པར་གསང་ནས་སྒྲུབ་དགོས་མ་གཏོགས། ཁྲོམ་སྔགས་བྱས་ན་བྱིན་རླབས་དང་དངོས་གྲུབ་སྒྲུབ་ཐབ་རྣམས་ལས་གསུང་པ་བཞིན་མི་འབྱུང་བྱས་པ་དེས་གོང་ས་མཆོག་ལ་ཟུར་ཟ་རེད་འདུག་ན། རྡོ་རྗེ་འཆང་ལ་བཀའ་འདྲི་གནང་བར་མཛོད།
དྲྭ་གྲོགས་ཚོ་རྨོངས་འཆར་ཞིག་ཡོད་པ་ཞུ་གིན་ཡིན་་་་་་་་་་་་་་་་་་་་་་་ འདུལ་བ་སངས་རྒྱས་ཀྱི་བསྟན་པ་གནས་དང་མ་གནས་ལ་ཐུག་ཟེར་བ་དེར་མིག་མཐོང་ལག་ཟིན་ཡོད་པའི་དངོས་པོ་སྟོབས་ཤུགས་ཀྱི་རིག་པས་བསྒྲུབ་ནུས་པ་ཞིག་མིན་པ་བདེན་ཡང་འདི་ལོ་རྒྱུས་དང་སྔ་རབས་ལ་གཞི་བཅོལ་ནས་གུང་བསྒྲིགས་ན་གོ་དཀའ་པ་ཞིག་མ་ཡིན་པར་སེམས་་་་་་་་་་་་་
ངོ་བོའི་ཆ་ནས་བཤད་ན་རབ་བྱུང་གི་སྡེ་འདི་གོས་དཀར་ལྕང་ལོ་ཅན་གྱི་སྡེ་འདི་ལས་བཟང་ཟེར་བ་ཤིན་ཏུ་བདེན་ཡང་གང་ཟག་སྒེར་ངོས་ནས་བཤད་ན་བརྗོད་དཀའ་བ་ཞིག་སྟེ་ རྗེ་ས་ར་ཧས་ལས་ཀྱི་ཕྱག་རྒྱ་བཞེས་པའི་རྗེས་སུ་དོ་ཧ་ཞིག་བཞེངས་པའི་ནང་དུ་་་་་་་་་ ཁ་སང་ཕན་ཆད་དགེ་སློང་མིན། །དེ་རིང་ཕན་ཆད་དགེ་སློང་ཡིན། །ཧེ་རུ་ཀ་ཡི་དགེ་སློང་མཆོག །སོགས་གསུང་པ་ལས་གོ་ཐུབ་ཞིག་ལགས་་་་་་་་་་་་་་་་་་་
འདི་སྡོམ་གསུམ་གནད་གཅིག་བྱ་བའི་དྭགས་པོ་བཀའ་བརྒྱུད་ཀྱི་སྒྲུབ་མཐའི་བཞེད་སྲོལ་ཞིག་ཡིན་ལ་གོ་དོན་ནི་འདུལ་བ་ནས་གསུང་པའི་གནང་བཀག་ཐམས་ཅད་སྔགས་གི་སྐབས་སུའང་གནང་བ་དང་བཀག་པ་ཡིན་ལ་སྔགས་ནས་རུང་བ་ཞིག་འདུལ་བར་མི་རུང་བ་ཅི་ཡང་མེད་བྱ་བའི་གོ་དོན་ཡིན་ནོ་་་་་་་་་་་་་་་་་་་་་་་་ དཔེར་ན་འདུལ་བ་ལས་ཕྱི་དྲོའི་ཟས་ཟ་མི་རུང་བར་གསུངས་པ་གསང་སྔགས་གི་སྐབས་སུའང་དེ་ལྟར་ཡིན་ཡང་སྔགས་གི་སྐབས་སུ་ཟ་བ་ཚོགས་འཁོར་དུ་ཤེས་ནས་དེ་ཉིད་ལུས་ཡི་དམ་གྱི་ལྷ་ལ་མཆོད་པ་འབུལ་རུང་བ་འདུལ་བ་ནས་ཡེ་ནས་མ་བཀག་པ་སོགས་སུ་འདོད་དོ་་་་་་་་་་་་་་་་་་་་་་་་་་་་་ དེ་ལྟར་བསམ་ཚེ་རྗེ་མི་ལས་ ང་རེ་འགའ་ཟ་བཞིན་ཟ་བཞིན་སྒོམ། །ཟ་བཞིན་ཟ་བཞིན་སྒོམ་ཙ་ན། །ཟ་བ་ཚོགས་འཁོར་དུ་ཤེས་པའི་གདམས་ངག་ཡོད། །གསུངས་པའི་དོན་གོ་ནུས་་་་་་་་་་་་་་་་་་་་་་་ མདོར་ན་རིག་པ་འཛིན་པའི་གསང་ཆེན་རྡོ་རྗེ་ཐེག་པའི་དགེ་སློང་གོས་དཀར་དམར་གང་ཡིན་ཡིན་ཡང་དགེ་སློང་གི་ཆོག་ཡིན་པ་གོང་དུ་དྲངས་པའི་གྲུབ་ཆེན་ས་ར་ཧས་དོ་ཧ་ལས་གོ་ནུས་པས་དེ་འདྲ་ཞིག་ཡིན་ཕྱིན་གང་ཟག་སྒེར་ངོས་ནས་བཤད་ན་སྡེ་དཀར་དམར་གང་དུ་གཏོགས་ཀྱང་ཁྱད་པར་མེད་པར་སེམས་སོ་་་་་་་་་་་་་་་་་་་་་་་་་་
ཀླུ་སྨྱོན་ཧེ་རུ་ཀ་ལགས
ཁྱེད་ཀྱི་གསུང་འབུམ་དེ་ཕལ་ཆེར་ཟི་ཁྲོན་མི་རིགས་དཔར་བསྐྲུན་ཁང་ནས་བཏོན་པ་དེ་ཡིན་རྒྱུ་རེད་བསམ།དེའི་ནང་དུ་ཆ་ཚང་ཞིག་མེད། ཤིན་ཏུ་གསང་བ་ཀ་དག་ཁྲེགས་ཆོད་ཀྱི་་བྲིས་ཆ་དེ་ངེད་ཀྱི་ཕ་ཡུལ་རིག་འབྱུང་གྲོང་གི་སྔགས་རྒན་ཁ་ཤས་ལ་མ་གཏོགས་མེད་ལ་ཐེངས་ཁ་ཤས་ལ་གཟིགས་མྱོང་། དེ་ནི་བླ་མའི་བྱིན་རླབས་སྒོམ་བྱུང་ཤེས་རབ་ལས་བརྡོལ་བའི་དགོངས་གཏེར་ཁྱད་མཚར་ཞིག་རེད། རྗེས་ཕྱོགས་དེ་ལ་གཟིགས་དང་ཉམས་ལེན་ལ་ཕན་ངེས་རེད་སྙམ།།སྔགས་མང་ཞིབ་འཇུག་ཁང་གིས་དེའི་བྲིས་ཆ་ཚང་མ་ཡང་བསྐྱར་རེབ་གོང་གི་ལྷ་བཟོ་ཁ་ཤས་ལ་ལས་བཅོལ་བྱས་ཡོད་ཚུལ་ཐོས་མྱོང་།ཡང་མིན་ན་རྗེས་ཕྱོགས་དཔར་བསྐྲུན་བྱེད་རྒྱུ་རེད།
ཐུགས་རྗེ་ཆེ། ངའི་དེབ་ཟི་ཁྲོན་ནས་དཔར་བ་རེད་ལགས། ཉིད་ཀྱིས་གཟིགས་པའི་ཀ་དག་ཁྲེགས་ཆོད་ཀྱི་ཕྱག་དཔེ་དེའི་འདྲ་བཤུས་རེ་རག་ན་འདོད་ཀི
བྲིས་ཆ་དེ་ལ་བལྟ་ཐུབ་ན་ཉམས་ལེན་ལ་ཕན་ངེས་རེད ང་ལ་མཚོན་ན་ཐེངས་འགར་བལྟས་མྱོང་མོད་དེའི་བསྐོར་ལ་ལྟ་རྒྱ་དང་ཐོས་རྒྱ་མེད་པས་ལེགས་པོ་ཞིག་གོ་བ་ལེན་ཐུབ་མ་བྱུང་།ཐུན་མོང་ཕྱིའི་རིག་གནས་སྐོར་གྱི་བྲིས་ཆ་དེ་ཤིན་ཏུ་གསལ་བས་རིག་གཞུང་གི་རྩ་བའི་སྒྲོམ་གཞི་བློ་ལ་ངེས་རྒྱུར་ཕན་ཐོག་ཡོད་ཀི་སྙམ། གསུང་འབུམ་འདིའི་ཁྱད་ཆོས་ལ་གཞིར་བཅས་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གིས་ཤེས་བྱ་ཀུན་ཁྱབ་དང་དེ་ནས་རིན་ཆེན་གཏེར་མཛོད་ཕྱོགས་བསྒྲིགས་བྱས་པ་འདྲ དེ་འགྲིག་མིན་མི་ཤེས་པས་མཁྱེན་ལྡན་ཁྱེད་ཅག་གིས་དཔྱོད་རོགས་ཞུ
མདོར་ན་རིགས་པ་འཛིན་པའི་དགེ་སློང་གོས་དཀར་དམར་གང་ཡིན་ན་དགེ་སློང་ཆོག་ཡིན་པ་ཟེར་བའི་དོན་འདི་གསལ་བཤད་ཞིག་གནང་ན་ལེགས།
དགེ་སློང་གོས་དཀར་པོ་ཞེས་པའི་དོན། གོས་དཀར་ལྕང་ལོ་ཅན་གྱི་སྡེ་དེ་དགེ་སློང་གོས་དཀར་ཅན་ཟེར་བ་ནི་མིན་ཤས་ཆེ། ཡིན་ན་དེ་ལྟ་བའི་དགེ་སློང་དེ་ལ་དགེ་སློང་གི་སྡོམ་ཞིག་ལྡན་པ་གདོན་མི་ཟ། དེ་འབོག་པའི་ཆོ་ག་དང་། བར་དུ་སྲུངས་ཚུལ ཉམས་ན་སླར་གསོ་ཚུལ། མཐར་གཏོང་ཚུལ་ཞིག གསུང་རྒྱུ་ཡོད་ཤས་ཆེ།
སངས་རྒྱས་ཀྱི་བསྟན་པ་དེ་གནས་མི་གནས་དེ་དམ་ཆོས་འདུལ་བ་འདི་གནས་མི་གནས་ལ་རག་ལས་ཡོད་པའི་རྒྱུ་མཚན་བཀོད་ཡོད་པ་དེ་རྣམས་ལ་གཅིག་གཟིགས་ནས། རྒྱུ་མཚན་དེ་རྣམས་ཡང་དག་རེད་མི་འདུག་ན། གསལ་བཤད་ཟིག་གནང་ན་དགའ་བསུ་ཞུ་རྒྱུ་ཡིན།
རིག་པའི་རལ་གྲི་ལགས་་་་་་་་་་་་་་་་་་་་་་་ གོང་དུ་”རྡོ་རྗེ་ཐེག་པའི་དགེ་སློང”་ཞེས་ཞུས་ཡོད་དེ་ལ་”དོན་དམ་པའི་དགེ་སློང”་ཟེར་ཡང་ཆོག་་་་་་་་་་་་་་་་་
དཔེར་ན་ཏི་ལློ་པ་ཡང་ན་མཁས་གྲུབ་ན་རོ་པ་སོགས་མང་ལ་གྲུབ་པའི་ས་ལམ་མཐོན་པོར་གཞེགས་པའི་རྣལ་འབྱོར་པ་འདི་དག་ཟབ་གསང་རྡོ་རྗེ་ཐེག་པ་ལ་གཞོལ་བཞིན་དུ་འདུལ་བའི་བཅད་མཚམས་ཕྲ་མོས་ཀྱང་གོས་པ་མེད་པའི་ཕྱིར་ཀུན་རྗོབ་ཏུ་དགེ་སློང་གི་དངོས་པོ་ཡོད་མེད་ལ་མ་ལྟོས་པར་དོན་དམ་དུ་དགེ་སློང་རབ་དང་ཕུལ་དུ་བྱུང་པ་ཤ་སྟག་ཡིན་པ་སྨོས་མེད་རེད་སྙམ་་་་་་་་་་་་་་་་་
འདུལ་བ་ནས་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་ཞེས་ལུས་དང་ངག་གི་བྱ་བ་བདུན་པོ་དེ་དག་གཙོ་བོར་འགོག་ལ་བྱང་སེམས་དང་སྔགས་གི་སྐབས་སུ་དེ་དག་གང་ནས་བྱུང་བའི་ཀུན་སློང་དང་དེས་བཞག་པའི་བག་ཆགས་ཐ་དག་རྩད་ནས་འཇོམ་པར་བྱེད་པས་འདུལ་བའི་སྐབས་སུ་མི་རུང་བ་ཞིག་གསང་སྔགས་གི་སྐབས་སུ་རུང་མདོག་མདོག་བྱེད་མཁན་མང་པོ་འདུག་པ་ཚོར་སྡོམ་གསུམ་རོ་གཅིག་ཡིན་པའི་གནས་ཚུལ་གསལ་བཤད་བྱེད་པའི་སྐད་ཆ་ཡིན་་་་་་་་་་་་་་
ཁྱེད་རང་གིས་གནང་བའི་དྲི་བ་དེའི་སྒྲོམ་གཞིའི་ནང་དུ་ལན་ཕུལ་མ་ཐུབ་པ་འདི་དཔེར་ན་ཁྱེད་རང་གི་རྡ་རམ་ས་ལ་གཞིར་བཞག་ནས་དེའི་ནང་དུ་རྡི་ལི་གང་ན་ཡོད་སྟོནད་ཅིག་གསུང་པ་ལྟ་བུ་ཞིག་མཐོང་ཙང་ང་རང་གིས་རྒྱ་གར་གཞི་ལ་བཞག་ནས་རྡི་ལི་འདིར་ཡོད་ཟེར་བ་ལྟ་བུའི་ལན་ཞིག་མ་ཕུལ་རང་ཕུལ་ཆགས་སོང་དགོངས་འགལ་མེད་པ་ཞུ་་་་་་་་་་་་་་་་་་་་་་་་་
སངས་རྒྱས་ཀྱི་བསྟན་པ་གནས་མ་གནས་དེ་དགེ་འདུན་གྱི་སྡེ་གནས་མི་གནས་ལ་རགས་ལས་མ་ལས་ལ་དྭོགས་གཅོད་རྩ་བ་ནས་བྱེད་མེད་འོན་ཀྱང་དེས་སྒྲུབ་བྱེད་ལུང་ཐུར་བུ་རེས་འཐུས་སྙམ་ན་ནོར་བ་མིན་ནམ་སེམས་ཏེ་རང་གི་བསམ་དོན་ནི་འདིའི་རྒྱབ་ལ་སངས་རྒྱས་ཀྱི་དགོངས་པ་རྒྱ་ཆེན་པོ་ཞིག་ཡོད་རྒྱུ་རེད་སྙམ་་་་ གཅིག་བྱས་ན་རྒྱལ་རབས་རིག་གཅིག་རྐང་འཛིན་པ་དང་སྤྱི་ཚོགས་ཚན་རིག་པ་ཆོས་ལུགས་ཉམས་ཞིབ་སོགས་ཀྱི་ཡག་པོ་མཁྱེན་མདོག་ཁ་པོ་རེད་སྙམ་ལགས་་་་་་་་་་་་་་་་་་་་་་་་
གོང་དུ་མཆན་ ༡༧ པར་རིག་པའི་རལ་གྲིས་སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་འདུལ་
བ་ལ་རག་ལས་པར་བཤད་པ་དེ་བདག་ཅག་གི་སྟོན་པའི་བསྟན་པ་སྟོན་པ་སངས་རྒྱས་ནས་དར་བ་གཏན་ཚིག་ཏུ་བཀོད་པ་ལ་ཁྱབ་པ་མེད་དེ་སྟོན་པ་སངས་རྒྱས་ནས་དར་བའི་བསྟན་པ་ལ།
ལངྐར་གཤེགས་ལས། ཇི་སྲིད་སེམས་ནི་འཇུག་གི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། ཅེས་གསུངས་པ་བཞིན་གདུལ་བྱའི་ཁམས་དབང་གིས་ཆོས་ཀྱི་སྒོ་མོ་མཐའ་ཡས་པ་ཞིག་བཀའ་
བསྩལ་ཡོད་པས་ཉན་ཐོས་ཀྱི་འདུལ་བ་ཁོ་ན་ལ་རག་ལས་གང་ནས་གསུངས།
དར་མས་བསྟན་བསྣུབས་པ་ནི་དགེ་འདུན་གྱི་སྡེ་དང་གཙུག་ལག་ཁང་སོགས་མེད་པ་བཟོས་
པས་མཚོན་ལས་འགུལ་ཚབ་ཆེན་སྤེལ་བས་བསྟན་པ་ཉམས་པར་བཤད་པ་ལས་འདུལ་བ་
གཅིག་པུ་བཤད་པ་གང་ཡང་མིན། སྔགས་པ་འགའ་ཞིག་ཁྱིམ་པའི་ཆ་སྤྱད་ཀྱིས་བཞུགས་པས་
མངོན་པར་མི་གསལ་བས་ཆོས་དཔེ་དང་ཁྲིད་ལུང་གི་བརྒྱུད་པ་མ་ཆད་པར་བཟུང་བའི་ཚུལ་
འགོས་ལོའི་ཞལ་ནས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་ནི་དེང་སང་གི་བར་དུ་ནུབ་
མ་མྱོང་ལ། ཞེས་དང་། ᩔᨕ᪄་ᩂ་ᪧᨕ᪄་ᨹᨑ་᩹་་ᨺ་᪠ᨑ་᪠ᨙ་᪠ᩰ᪄་᪠ᩖᨕ་᪇᪱་ᩏ་ᨕᩏ་
᪕ᨕ᩶་་ᩚᨕᨵ་་᪤ᩏ་ᨎ ཞེས་སོགས་གཟུར་བོར་གནས་པའི་བསྔགས་བརྗོད་གནང་བ་བཞིན་ནོ།
ཡང་ཁོང་གིས། བྱང་སྡོམ་དང་སྔགས་སྡོམ་ནི། སྐྱབས་འགྲོའི་སྡོམ་པའི་རྟེན་ཅན་གྱི་སྡོམ་པ་ཡིན་པས་ཁྱབ་པས། སོར་སྡོམ་གྱི་རྟེན་ཅན་ཡིན་པས་ཁྱབ་པར་སྨྲས་པ་ལ་སྐྱོན་གང་ཡང་མེད། ཅེས་བྲིས་འདུག བཞད་གད་སློང་བའི་གཏམ་
འདི་འདྲ་བ་མཁས་པའི་མདུན་སར་མ་སྨྲ་ཞིག སྐྱབས་སྡོམ་སོར་སྡོམ་དུ་འདོད་མཁན་བོད་འདིར་མ་བྱུང་བས་སུའི་ལུགས་
ཡིན་ནམ། ལྷ་དང་ཀླུ་ལ་སོགས་པ་བྱང་སྔགས་ཀྱི་སྡོམ་པ་ལ་གནས་པ་རྣམས་ལ་ཡང་སྐྱབས་སྡོམ་ཡོད་དགོས་པས་དེ་དག་ལ་
སོར་སྡོམ་ཡོད་པར་ཐལ་ལོ། སྤྱིར་སྔགས་པ་གོས་དཀར་ཅན་ལ་ཡང་སྡོམ་པ་གསུམ་སྡན་དུ་ཁས་བླངས་བ་ལ་འགལ་བ་མེད་དེ།
གཅིག་ནས་ཐེག་ཆེན་སྔགས་ཀྱི་སྡོམ་པའི་ནང་དུ་གཞན་གནོད་གཞི་བཅས་སྤངས་པའི་ཆ་ནས་སོ་ཐར། གཞན་ཕན་གཞི་བཅས་
སྒྲུབ་པའི་ཆ་ནས་བྱང་སྡོམ་ཚང་བར་བཤད་པ་ཡོད་ལ། ཁྱད་པར་སྤྱི་མདོ་དགོངས་འདུས་སུ་ཐེག་པ་རིམ་དགུའི་དབང་གི་
སྐབས་སུ་སོ་བྱང་གི་སྡོམ་པ་གནང་གིན་འདུག་པས་མཚོན་སྔགས་ཀྱི་སྐབས་སུ་སོར་ཐར་གི་སྡོམ་པ་གནང་བ་མང་པོ་ཡོད་ཀྱང་།
འདུལ་བའི་ལས་ཆོག་ལ་བརྟེན་པའི་ཉན་ཐོས་ལུགས་ཀྱི་དགེ་ཚུལ་སློང་ནི་མ་ཡིན་ནོ།
ཡང་ཁོང་གིས། སྐྱ་མིན་སེར་མིན། ཆ་ལུགས་ཚུན་རང་སྣང་གང་ཤར་བྱེད་པ། ཞེས་སོགས་བཀའ་བཀྱོན་གནང་བ་ནི་སྔགས་པ་
དང་རབ་བྱུང་གཉིས་ཀ་ལ་ཚད་ལྡན་ཡིན་མིན་ཅི་རིགས་ཡོད་པས་ཚང་མ་སྔགས་པའི་མགོར་བརྩི་མི་རུང་ངོ་།
ཡང་ཁོང་གིས། ཁྲོམ་སྔགས་བྱས་ན་བྱིན་རླབས་དང་དངོས་གྲུབ་སྒྲུབ་ཐབ་རྣམས་ལས་གསུང་པ་བཞིན་མི་འབྱུང་བྱས་པ་དེས་གོང་
ས་མཆོག་ལ་ཟུར་ཟ་རེད་འདུག་ན། རྡོ་རྗེ་འཆང་ལ་བཀའ་འདྲི་གནང་བར་མཛོད། ཅེས་ཟེར་བ་དེས་གོང་ས་མཆོག་ལ་ཟུར་བ་
མིན་ནི་མི་ཟེར་བར་རྡོ་རྗེ་འཆང་དྲིས་ཟེར་དུས་གོང་ས་མཆོག་གི་དུས་དབང་གནང་བ་ཡང་རྡོ་རྗེ་འཆང་ལ་དྲི་དགོས་པར་
འདོད་པ་ཁྱེད་ནི་སྙིང་ཁམས་ཆེ་ཞིག་རེད་འདུག
གོང་དུ་བདུད་འདུལ་རོལ་པ་རྩལ་གྱིས་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་གསུང་བྲིས་ཆ་ཞིག་
གི་སྐོར་བཤད་པ་དེ་མདོ་རྒྱུད་མཛོད་ཅེས་པ་ཞིག་ཡོད་ཡིན་ནམ་དེ་ཡིན་དེང་སང་དེབ་གཟུགས་
མ་ཞིག་འདུག་པས་འབྲས་ལྗོངས་བཤད་གྲྭའི་མཁན་པོ་ཆོས་དབང་ལ་ཕྱག་དཔེ་ཞིག་འདུག
ཡོད་པ་དེ་ཡིན་ནམ་དེ་ཡིན་ན། ནོར་བཅོས།
མི་འཇེད་འཇིག་རྟེན་གྱི་ཁམས་འདིར། སྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་རིམ་གྱིས་བྱོན་པའི་སྒྲོན་མེའི་བསྐལ་བ་འདིར་། རྣམ་འདྲེན་བཞི་བ་ཡན་ཕེབས་ཟིན་ཅིང་། ད་ལྟའི་དུས་འདི་རྣམ་འདྲེན་བཞི་བའི་བསྟན་པ་གནས་བཞིན་པའི་དུས་ཡིན་པ་ཐུན་མོང་དུ་གྲུབ། དུས་སྐབས་འདིར་སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་ཀྱི་སྐད་ཆ་དེ། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན། མཉམ་མེད་ཤཀྱའི་རྒྱལ་པོའི་བསྟན་པ་འདི་གནས་མི་གནས་ལ་ཐུག
འོན་ཀྱང་ཁྱེད་རྣམ་གཉིས་ལྟར་ན། བདག་ཅག་གིས་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་མ་བསྟན་པའི་སྔོན་ནས། རྣམ་འདྲེན་བཞི་པའི་བསྟན་པ་འདི་མི་འཇེད་འཇིག་རྟེན་གྱི་ཁམས་འདིར་དར་ཟིན་པར་འགྱུར་ཏེ། གསང་སྔགས་ཀྱི་བསྟན་པ་དར་ཟིན་པའི་ཕྱིར།
།ཚེ་ལོ་བཅུ་བའི་སྐབས་སུ་འཛམ་པའི་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་དེ་ནུབ་ཟིན་པ་མིན་པར་འགྱུར། དོན་དམ་པའི་དགེ་སློང་ཡོད་པའི་ཕྱིར་ཏེ། ས་བཅུའི་དབང་ཕྱུག་རྗེ་བཙུན་བྱམས་པ་མགོན་པོ་འབྱོན་པའི་ཕྱིར།
རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་འཁྲུངས་པའི་ཚེ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་འགོ་བཙུགས་པ་ཡིན་པར་འགྱུར་ཏེ། དོན་དམ་པའི་དགེ་སློང་ཞིག་བོད་དུ་བལྟམས་པའི་ཕྱིར།
སྐྱབས་འགྲོའི་སྡོམ་པ་དེ། སྡོམ་པ་མ་ཡིན་པ་འགྱུར་ཏེ། ཐེག་པ་ཐུན་མོང་ལ་གྲགས་པའི་སོར་སྡོམ་དང་། གསམ་གཏན་གྱི་སྡོམ་པ། ཟག་མེད་ཀྱི་སྡོམ་པ་གང་ཡང་མ་ཡིན་པའི་ཕྱིར་དང་། ཐེག་པ་ཐུན་མོང་མ་ཡིན་པ་རུ་གྲགས་པའི་སོར་བྱང་སྔགས་གསུམ་གང་གི་སྡོམ་པ་མ་ཡིན་པའི་ཕྱིར།
ཡང་སྐྱབས་འགྲོའི་སྡོམ་པ་དེ་ཆོས་ཅན། སོར་སྡོམ་ཡིན་ཏེ། གཞན་གནོད་གཞི་བཅས་སྤོང་བའི་སྡོམ་པ་ཡིན་པའི་ཕྱིར་ཏེ། སྐྱབས་གསུམ་འཛིན་པའི་དགེ་སྙེན་གྱི་སྡོམ་པ་ཡིན་པའི་ཕྱིར།
སྐྱབས་འགྲོའི་སྡོམ་པ་དེ་སོར་སྡོམ་ཡིན་པ་བོད་ཀྱི་མཁས་པ་སུ་ལ་ཡང་མ་གྲགས་ཟེར་པ་ནི་ཆོས་རྒྱུས་ཆུང་བའི་རྟགས་སོ།
བླ་མ་རྣམས་ཀྱི་ལུང་འདྲེན་ཞུ་བགྱི་མིན། ཚོགས་ངན་གསགས་པའི་རྒྱུ་རུ་འགྲོ་བའི་ཉེས་ཁ་ཆེ།
འཁོར་རྣམ་བཞི་གང་ཡང་མེད་ཅིང་ཁྱིམ་པའི་རྟེན་ཅན་གྱི་སྔགས་འཆང་རྡོ་རྗེ་འཛིན་བཞུགས་པའི་ས་ཆ་རུ། སངས་རྒྱས་ཀྱི་བསྟན་པ་གནས་པའི་ཐ་སྙད་དོན་འཇུག་པར་་འགྱུར་ཏེ། གསང་སྔགས་ཀྱི་བསྟན་པ་ཡོད་པའི་ཕྱིར།
གུས་པས་གསང་སྔགས་ཀྱི་བསྟན་པ་འདི་སངས་རྒྱས་ཀྱི་བསྟན་པའི་ཉིང་ཁུ་ཡིན་པར་འདོད་ཀྱང་། འདུལ་བའི་བསྟན་པ་གནས་མེད་ན་སངས་རྒྱས་ཀྱི་བསྟན་པ་གནས་པའི་ཐ་སྙད་མེད་ཟེར་བ་ཡིན།
གཟུར་གནས་དྲངས་པོར་རྣམ་པར་དཔྱད་ནས་ལན་རྣམས་གསུང་རོགས་གྱིས་དང་དགའ་བསུ་ཡོད་ལ། བློ་བསྐྱེད་ཀྱང་རག་ངེས།
མ་བསམས་ས་ནས་དྲ་གྲོགས་གསེར་ཆོས་ལགས།།
སྐུ་རླུང་བཞེངས་པར་གྱུར་པར་བཟོད་གསོལ་ཞུ།།
འོན་ཏང་ཁྱེད་ཀྱིས་མཆན་བུ་བཅུ་བཞི་པའི།།
གོ་དོན་ཡང་དག་ད་གཟོད་ལོན་མི་འདུག །
པོད་ཆེན་བརྒྱ་དང་བརྒྱད་ཀྱི་བདག་ཉིད་ཅན།།
བཀའ་འགྱུར་གྲས་ནས་ཕལ་ཆེར་མ་མཇལ་ཡང་།།
སྟོན་པ་ཞལ་བཞུགས་སྐབས་ཀྱི་སློབ་ཚོགས་ལ།།
དགེ་སློང་དགེ་ཚུལ་(ལར་དགེ་བསྙེན་ཕ་མ་འདྲེན་པའང་སྣང་)ཕ་མ་རིགས་བཞིར་དབྱེ།།
ཁྱེད་ཀྱིས་འདོད་པའི་འཁོར་ལྟར་བརྗོད་གྱུར་ན།།
ལྔ་སྡེས་མཚོན་པའི་དགྲ་བཅོམ་འཁོར་ཚོགས་དང་།།
ཆོས་ལོངས་སྤྲུལ་སྐུའི་འཁོར་དང་རིག་འཇིན་འཁོར།།
ལྷ་ཀླུ་སོགས་ཀྱི་འཁོར་ཚོགས་གྲངས་ལས་འདས།།
སྟོན་པས་བཞེད་པའི་འཁོར་རྣམ་བཞི་པོ་དང་།།
ཁྱེད་ཀྱིས་ཁས་འཆེས་སྟོན་པའི་འཁོར་ཚོགས་ལ།།
ངེས་བཟུང་ཡོད་མེད་ཁྱད་པར་ལྡན་མཐོང་ལས།།
འཁོར་ལ་རྣམ་བཞིས་ཁྱབ་ཁས་ངས་མ་བླངས།།
མདོ་སྔགས་བསྟན་འཛིན་རབ་བྱུང་རྟེན་ཁྲོད་མང་།།
གསང་སྔགས་རིག་འཛིནའང་རབ་བྱུང་སྡེ་ནང་མང་།།
དེ་ཕྱིར་སྔགས་འཆང་ཡིན་ན་ལྕང་ཅན་སྡེས།།
ཁྱབ་མཐའ་འཛིན་དགོས་ཁྱེད་ལ་གཏན་མེད་བཞིན།།
ངས་ནི་སྐུར་འདེབས་བྱས་རིགས་ཅང་མེད་ལ།།
དེ་བས་ཀྱང་ནི་གྲུབ་མཐའི་རྩོད་རྙོག་དག །
འབྱུང་རྩ་འདོམས་ལ་ཐུག་རབས་མ་བཤད་པས།།
ཤེས་པ་རྣལ་དུ་ཕབ་ནས་དྲང་ལམ་བཞུད།།
བསྟོད་ཚིག་བྲིས་པར་འགལ་ཆ་གཏན་མེད་ཀྱང་།།
བསྟོད་ཚིག་ཐལ་ན་རང་མཚང་ཤུགས་ཀྱིས་འབྱུང་།།
དེ་བས་དངོས་པོའི་རང་གཤིས་སོར་བཞག་ན།།
རང་གི་སྙིང་འབྲས་འབྱིན་པ་ཆོས་ཉིད་ཡིན།།
རིག་རལ་གྱིས་ཐལ་བ་དེ་དག་ཕལ་ཆེར་འབྲེལ་མེད་འདྲ་རེད་པས་ལན་དགོས་པ་ཆེར་མི་འདུག
ཁྱེད་ནི་ཆོས་རྒྱུས་ཆེ་བས་སྐྱབས་འགྲོའི་སྡོམ་པ་སོར་སྡོམ་དུ་ཁས་ལེན་པའི་བོད་ཀྱི་མཁས་པ་
གཅིག་གི་མཚན་གཞི་ཞོག་དང་། ཡང་ཁོང་གིས།
འཁོར་རྣམ་བཞི་གང་ཡང་མེད་ཅིང་ཁྱིམ་པའི་རྟེན་ཅན་གྱི་སྔགས་འཆང་རྡོ་རྗེ་འཛིན་བཞུགས་པའི་ས་ཆ་རུ། སངས་རྒྱས་ཀྱི་བསྟན་པ་གནས་པའི་ཐ་སྙད་དོན་འཇུག་པར་་འགྱུར་ཏེ། གསང་སྔགས་ཀྱི་བསྟན་པ་ཡོད་པའི་ཕྱིར།
ཟེར་བ་ནི་འདོད་དེ་སངས་རྒྱས་ཀྱི་བསྟན་པ་ཟེར་དུས་ཉན་ཐོས་ཀྱི་ལས་ཆོག་ལ་བརྟེན་པའི་
རབ་བྱུང་གི་སྡེ་ཡོད་དགོས་པ་ནམ་ཡང་མི་འདོད། དཔེར་ན་ཟངས་མདོག་དཔལ་རི་ལྟ་བུ་ན་
སངས་རྒྱས་ཀྱི་བསྟན་པ་ཡོད་ཀྱང་། ཉན་ཐོས་རབ་བྱུང་ནི་མེད་པ་བཞིན་ནོ།
སྤྱིར་བསྟན་པ་ཟེར་དུས། མཛོད་ལས། སྟོན་པའི་དག་ཆོས་རྣམས་གཉིས་ཏེ། །ལུང་དང་རྟོགས་
པའི་བདག་ཉིད་དོ། །ཞེས་པ་བཞིན་འདོད་ན་ལུང་ནི་མདོ་སྡེ་སྣོད་གསུམ་དང་། སྔགས་རྒྱུད་སྡེ་
དྲུག རྟོགས་པ་ནི་བསླབ་པ་གསུམ་ལ་འདོད་དགོས་པ་རེད། དཔེར་ན་ཚུལ་ཁྲིམས་ཀྱི་བསླབ་པ་
ལྟ་བུ་ལ་མཚོན་ན། འཇུག་པ་ལས། རྨི་ལམ་དུ་ཡང་འཆལ་ཚུལ་དྲི་མ་སྤངས། །ཞེས་པའི་ཐད་ཀྱི་
རང་འགྲེལ་དུ་མདོ་སྡེ་ས་བཅུ་པའི་ལུང་དྲངས་ཏེ་མི་དགེ་བ་བཅུ་སྤོང་ལ་གསུངས་ཡོད། མི་ཚང་
སྤྱོད་རྩ་བ་ནས་སྤངས་པ་ལ་མ་གསུངས་པར་ལོག་གཡེམ་སྤོང་བ་ལ་བཞེད་འདུག
དེའི་ཕྱིར་བསླབ་པ་གསུམ་ནི་ཁྱིམ་པའི་རྟེན་ལ་ཡོད་ཆོག་ཅིང་། ལུང་གི་ཆོས་ཡང་ཁྱིམ་པས་
འཛིན་ཐུབ་པ་རེད། མདོར་ན་སོ་ཐར་རང་རྐང་ངམ་ལས་བརྒྱ་རྩ་གཅིག་གི་ལག་ལེན་ལྟ་བུ་རབ་
བྱུང་ཁོ་ན་མ་གཏོགས་འཛིན་མི་ཐུབ། དེ་མིན་ཐེག་ཆེན་བྱང་སྔགས་གཉིས་ནི་ཁྱིམ་པས་འཛིན་
ཐུབ་ལ་ཐེག་པ་ཆེན་པོའི་བསྟན་པ་འཛིན་པ་ལ་ཉན་ཐོས་ཀྱི་ལས་ཆོག་ལ་བརྟེན་པའི་རབ་བྱུང་
དགོས་པས་མ་ཁྱབ་ཟེར་བ་འདི་ངའི་འདོད་པ་ཡིན། འཇམ་མགོན་མི་ཕམ་པས། ཚོགས་ཀྱི་རྒྱལ་
པོ་གསང་སྔགས་འདུས་པའི་སྡེ། །རྒྱལ་དབང་པདྨའི་རང་ལུགས་འཛིན་པ་རྣམས། །ཞེས་གསུངས་
པ་བཞིན་སྔགས་པ་གོས་དཀར་ཅན་གྱི་སྡེ་ཡོད་ན་དེ་ལ་དགེ་འདུན་པའི་སྡེ་དང་བསྟན་པ་འཛིན་པའི་སྐྱེས་བུ་ཉིད་དུ་ཁས་ལེན་པ་ཡིན་ནོ།
གསེར་ཆོས་ལགས་སུ་རྒྱབ་སྐྱོར་ཡོད། རྗེ་བླ་མ་ཙོང་ཁ་པས། སོ་ཐར་རིས་བརྒྱད་གསུང་དུས། ཁྱིམ་པའི་སྡོམ་པ་དང་པོ་གསུམ། །རབ་བྱུང་སྡོམ་པ་ཐ་མ་ལྔ། །ཞེས་ཞལ་གསལ་བོ་གནང་འདུག
རིག་རལ་ལགས་གང་གིས་་་་་་་་་་་་་་་་་་ “འོན་ཀྱང་ཁྱེད་རྣམ་གཉིས་ལྟར་ན། བདག་ཅག་གིས་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་མ་བསྟན་པའི་སྔོན་ནས། རྣམ་འདྲེན་བཞི་པའི་བསྟན་པ་འདི་མི་འཇེད་འཇིག་རྟེན་གྱི་ཁམས་འདིར་དར་ཟིན་པར་འགྱུར་ཏེ། གསང་སྔགས་ཀྱི་བསྟན་པ་དར་ཟིན་པའི་ཕྱིར།” ཟེར་བ་འདི་ཕྱོགས་སྔའི་སྤྲིན་མ་འཁྲིགས་གོང་དགག་པའི་སེར་བ་རྒྱབ་པ་ལྟ་བུ་ཞིག་ཆགས་འདུག་་་་་་་་་་་་་་་་་
ཁྱེད་རྣམ་གཉིས་ཟེར་བའི་ནང་ང་ཡང་ཚུད་ཡོད་ས་རེད་་་་་་་་་་་་་ ངས་དང་པོ་ནས་སངས་རྒྱས་ཀྱི་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་ཡིན་མིན་ལ་དྭོགས་པ་གཅོད་རྒྱུ་མ་བྱུང་ལ་དགེ་འདུན་གྱི་སྡེ་འདུལ་བ་ཐུག་མ་ཐུག་ལའང་དྭོགས་གཅོད་བྱས་མེད་་་་་་་་་་་་ འོན་ཀྱང་རེད་ཟེར་བའི་རྒྱབ་རྟེན་ལུང་རྐྱང་པས་མི་འཐུས་ཟེར་བ་ཡིན་་་་་་་་་་་་་་ ལུང་རྐྱང་པས་མི་འཐུས་པ་ནི་འདི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་མིའི་བསམ་བློའི་འགྱུར་བ་མང་པོ་ཞིག་ལ་དགོངས་པ་བཞེས་ནས་གསུང་ཡོད་པ་འདྲ་འདུག་པས་རྒྱལ་རབས་དང་ཆབ་སྲིད་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རིམ་སོགས་མང་པོ་ཞིག་ལ་བསམ་བློ་བཏང་སྡོམ་ཚིག་རྒྱབ་ནུས་པ་ཞིག་ལས་དངོས་སྟོབས་ཀྱི་རིག་པས་ཀྱང་སྒྲུབ་མི་ནུས་པ་ཞིག་རེད་སྙམ་་་་་་་་་་་་་
“བདག་ཅག་གིས་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་མ་བསྟན་པའི་སྔོན་ནས། རྣམ་འདྲེན་བཞི་པའི་བསྟན་པ་འདི་མི་འཇེད་འཇིག་རྟེན་གྱི་ཁམས་འདིར་དར་ཟིན་པར་འགྱུར་ཏེ། གསང་སྔགས་ཀྱི་བསྟན་པ་དར་ཟིན་པའི་ཕྱིར།” ཟེར་བར་སངས་རྒྱས་པའི་མཛད་པ་མ་མཛད་སྔོན་མུ་སྟེགས་པའི་གསང་སྔགས་ཡོད་དུ་ཆུག་ཀྱང་དེ་གསང་སྔགས་ཀྱི་བསྟན་པ་ཡིན་པ་ནང་པ་ལ་རྟགས་མ་གྲུབ་པ་ཁོ་ནའོ་་་་་་་་་་་་་ ལར་ནས་ཁྱོད་རང་ལའང་འདི་འདྲི་བར་འདོད་དེ་བདག་ཅག་གི་སྟོན་པ་སངས་རྒྱས་པའི་མཛད་པ་མ་མཛད་པའི་སྔོན་དུ་སངས་རྒྱས་ཀྱི་བསྟན་པ་ཡོད་པར་ཐལ་འདུལ་བ་ཡོད་པའི་ཕྱིར་ཏེ་དགེ་སློང་ཡོད་པའི་ཕྱིར་ཏེ་མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད་རབ་ཏུ་བྱུང་པར་མཛད་ཟིན་ཅིང་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་མཛད་ཟིན་ནས་ཕྱིས་སུ་སླར་རབ་ཏུ་བྱུང་པ་སུས་ཀྱང་མི་འདོད་པས་ཕྱིར་རོ་་་་་་་་་་་་་་་
“རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་འཁྲུངས་པའི་ཚེ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་འགོ་བཙུགས་པ་ཡིན་པར་འགྱུར་ཏེ། དོན་དམ་པའི་དགེ་སློང་ཞིག་བོད་དུ་བལྟམས་པའི་ཕྱིར།” ཚིག་དོན་གྱི་འགྲོས་གང་ལ་བསམ་ཀྱང་དར་པའི་འགོ་ཚུགས་ཟིན་པར་ཐལ་ཟེར་བར་འདོད་ལན་དང་དར་ཟིན་པར་ཐལ་ཟེར་བར་ཅིའི་ཕྱིར་ཟེར་བའི་ལན་ཞིག་སྟ་རྒྱབ་ཡག་འདུག་སྟེ་ཁྱེད་རང་ཞེ་འདོད་དེ་མ་རེད་་་་་་་་་་་་་་་ རིག་རལ་ལགས་ངས་དོན་དམ་པའི་དགེ་སློང་ཡིན་ན་འདུལ་བ་ནས་གསུང་པའི་དགེ་སློང་ཡིན་པས་ཁྱབ་མ་ཁྱབ་དང་དོན་དམ་པའི་དགེ་སློང་ཡོད་ན་དེ་ལ་འདུལ་བ་དང་དགེ་སློང་གི་སྡོམ་པ་ཡོད་པས་ཁྱབ་མ་ཁྱབ་དང་ད་དུང་རྡོ་རྗེ་འཛིན་པའི་དགེ་སློང་གང་དུ་ཡོད་སའི་ས་ཆ་དེར་སངས་རྒྱས་ཀྱི་བསྟན་པ་ཡོད་དང་མེད་ལ་དྭོགས་གཅོད་གཏན་ནས་བྱས་མེད་པས་ལན་རྒྱག་དགོས་མི་འདུག་་་་་་་་་་་་་་་་་་་་་་་་
ད་ལན་འདི་ཙམ་ཡིན་་་་་་་་་་་་་་་་་་་་་་་་་་་
ཡེ་ཤེས་ལགས་སྐྱབས་འགྲོ་སོར་སྡོམ་ཡིན་པར་གསུང་པའི་བོད་ཀྱི་མཁས་པ་ཡོད་པའི་ལུང་འདྲེན་པ་ལ་ཐུགས་རྗེ་ཆེ་ཞུ། ཁྱིམ་པའི་སྡོམ་པ་གསུམ་པོ་དེ་ད་དུང་གསལ་པོ་ངོས་འཛིན་ཞིག་གནང་དང་། གསེར་ཆོས་ལགས་མི་སྨྲ་བའི་རྟུལ་ཞུགས་སུ་འཁོད་པར་འགྱུར།
ངས་བོད་ཀྱི་བླ་མ་རྣམས་ཀྱི་ལུངས་འདྲེན་མི་བྱེད་པའི་རྒྱུ་མཚན་ནི། ཕྱོགས་ཞེན་གྱིས་སླད་དེ། བཀུར་འདེབས་བྱེད་པའི་ཉེས་ཁ་འདུག་པས། ཚོགས་ངན་བསགས་པའི་རྒྱུར་སོང་ན། དམ་ཆོས་བགྲོ་གླེང་བྱེད་པའི་དམིགས་ཡུལ་ལས་ལྡོག་པར་འགྱུར་སྙམས་ནས་ཡིན། གལ་སྲིད་བོད་དུ་བྱོན་པའི་ཡོངས་གྲགས་ཀྱི་མཁས་པ་རྣམས་ཀྱི་ལུང་ལ་བཀུར་འདེབས་མི་བྱ་བའི་དམ་བཅའ་བྱུང་ན་གུས་པས་ལུང་རྣམས་གསལ་ལ་དག་པ་རིམ་གྱིས་འདྲེན་ཆོག
གང་གི་ཐལ་གྱུར་དེ་རྣམས་ལ་ལན་མེད་ན། རྩོད་པའི་གྲར་མ་ཞུགས་ཅིག དེ་དང་ཡང་སྐྱར་ཞུ་རྒྱུ་ཞིག་ལ་འཛམ་གླིང་འདིར་སངས་རྒྱས་ཤཀྱ་ཐུབ་པའི་བསྟན་པ་གནས་མི་གནས་དང་། བསྟན་པ་དར་མི་དར་གྱི་ཐ་སྙད་འཇུག་ཚུལ་དང་། སངས་རྒྱས་ཀྱི་བསྟན་པ་ཡོད་མེད་ལ་ཁྱད་པར་ཡོད་པ་ཡང་ཤེས་དགོས།
རབ་བྱུང་ཞིག་ཡིན་ནས་ཉན་ཐོས་ཀྱི་ལས་ཆོག་ལ་རྟེན་ནས་ཐོབ་པའི་སྡོམ་པ་ཡིན་དགོས་སེམས་པ་ཡང་ཆོས་རྒྱུས་ཆུང་པའི་སྐྱོན་ནོ།
འོས་ལངས་བརྗོད་པ།
དྲྭ་གྲོགས་འོས་ལངས་ང་ནི་རླུང་མ་ལངས། །
དེ་བས་བཟོད་གསོལ་དགོས་པ་ཅང་མ་མཆིས། །
གོང་མཆན་བཅུ་བཞི་པ་རུ་ཅི་ཞིག་བཤད། །
ཤེས་པ་རྣལ་དུ་གནས་ན་ཤེས་ན་ཤེས་པར་སླ། །
གང་ལྗོངས་མཁས་གྲུབ་སོ་སོའི་ལྟ་གྲུབ་གྱི། །
བཞེད་པའི་ཁྱད་པར་དཔག་ཡས་ཡོད་པ་ལ། །
གྲུབ་མཐའི་རྩོད་རྙོག་ཅེས་པའི་ཐ་སྙད་དེ། །
ཁྱོད་ཀྱིས་བཏགས་པས་དེ་ལ་སྐུར་འདེབས་ཟེར། །
གོང་གི་མཆན་བུ་ཉི་ཤུ་རྩ་བརྒྱད་པར། །
འཁོར་ལ་རྣམ་བཞིས་ཁྱབ་ཁས་ངས་མ་བླངས། །
ཟེར་བ་བདེན་ན་ངེད་གཉིས་རྩོད་དགོས་མེད། །
ཨིནྡྲ་བྷུ་ཏི་འཁོར་བཞིའི་གང་ཡིན་སྨོས། །
མི་ཡི་སྔགས་པ་འཁོར་བཞིའི་དགེ་བསྙེན་གྱི། །
ཁོངས་སུ་འདུས་དང་མ་འདུས་གཉིས་ཀ་ཡོད། །
རིགས་གསུམ་མགོན་པོ་སྟོན་པའི་འཁོར་ཡིན་ནམ། །
འཁོར་བཞིའི་ནང་གི་གང་གི་ཁོངས་སུ་བསྡུ། །
ཆོས་ལོངས་སྤྲུལ་སྐུའི་སྟོན་པ་གདུལ་བྱའི་ངོར། །
མཐོང་ཚུལ་ཐ་དད་ཡོད་ཀྱང་ངོ་བོ་གཅིག །
དེ་ཡི་འཁོར་རྣམས་སོ་སོར་ཡོད་པ་ནི། །
ལུང་གིས་གྲུབ་པས་དོགས་པ་གང་ཡང་མེད། །
གསང་སྔགས་རིག་འཛིན་ལྕང་ལོའི་འདུས་སྡེ་ལ། །
སྔགས་པའི་དགེ་འདུན་སྡེ་ཞེས་བཞེད་པ་ཡིན། །
རིག་དང་གྲོལ་བའི་ཡོན་ཏན་ཡོད་གྱུར་ན། །
དགེ་འདུན་འཇོག་ལ་འཐད་པ་ལུང་ལས་གྲུབ། །
རིག་རལ་གྱིས་”གང་གི་ཐལ་གྱུར་དེ་རྣམས་ལ་ལན་མེད་ན། རྩོད་པའི་གྲར་མ་ཞུགས་ཅིག”ཟེར་སྟངས་ལ་བལྟ་ན་རྡ་རམ་ས་ལའིནང་དུ་རྡི་ལི་གང་དུ་ཡོད་ཤོད་ཅིག་དེ་མིན་རྩོད་པའི་གྲར་མ་ཞུགས་ཅིག་ཟེར་བ་ལྟ་བུ་ཞིག་ཏུ་མཐོང་ནས་བགད་མོ་རྫོགས་རྒྱུ་མེད་པ་ཞིག་ཤོར་བྱུང་་་་་་་་་་་་་་་་་་་་་་་
རིག་པའི་རལ་གྲི་ལྕགས་ལས་བྱས་པ་འདིས། །
རྣམ་དཔྱོད་རིན་ཆེན་ཕ་ལམ་གཅོད་བསམ་ཡང་། །
རྣུན་པ་ཙམ་གྱིས་དབལ་ཡང་ཟད་བྱེད་ཅིང་། །
ཅི་བྱ་གཏོལ་མེད་ངང་དུ་དར་ཅིག་ལུས། །
མ་ཞུགས་ཤིག ་་་་་་་་་་་་་་་་་་་་ མཆན་་་་་་་་་་་་་་་་་་་་་་་
རིག་རལ་ལགས། མུ་མཐུད་བགྲོ་གླེང་གནང་རོགས། འབྲི་བཞིན་པ་འདི་དག་གིས་ཁྱོད་ཀྱིས་དེ་དག་གང་དུ་སོང་མ་ཤེས་ན་ཡང་ཀློག་བཞིན་པའི་ནང་ལ་ཕན་ཐོག་ས་ཏན་ཏན་ཡོད་པ་རེད། དེ་ལྟར་རེད། མ་འདྲེས་མ་བསྲེས་བར་གསུངས་ཤེས་ན་ད་བཟོད་གཞུང་ལུགས་ལ་བྱང་བའི་རྟགས་དང་ནང་བྱན་ཆུད་པའི་རྟགས་རེད། འདི་ཚོས་མ་འདྲེས་པར་བཤད་ཤེས་ཀྱི་མ་རེད། འདུལ་བ་བཤད་ན་དེ་ལ་ཚན་རིག་གིས་ལྷན་པ་རྒྱག་རྒྱུ་རེད། ཚན་རིག་བཤད་ན་དེ་ལ་སྙན་ངག་གིས་ལྷན་པ་རྒྱག་རྒྱུ་རེད། དེ་དག་ལ་ཇི་སྐད་དུ། རྩོད་ཡུལ་དགག་ཡུལ་མིན་ཕྱིར་འདིར་མི་འཆད་གསུངས་པ་ལྟར་རེད།
རིག་པའི་རལ་གྲི་སོགས་དྲ་གྲོགས་ཁག་ཅིག་ལ་འདིར་རྗེ་བླ་མ་བློ་བཟང་གྲགས་པས་མཛད་པའི་འདུལ་བ་རྒྱ་མཚོའི་སྙིང་བོ་བསྡུས་པ་ལས་ཐུན་མོང་གིས་ཤེས་དགོས་པའི་ཚིག་འགའ་འབུལ་བ་ལ། ཨོཾ་བདེ་ལེགས་སུ་གྱུར་ཅིག ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ལ་བརྟེན་ནས་བདེ་བླག་ཏུ། །ཐར་པའི་གྲོང་དུ་བགྲོད་པའི་ཐབས། །བདེ་གཤེགས་བསྟན་པའི་སྙིང་པོ་མཆོག །སོ་སོར་ཐར་ཅེས་གྲགས་པ་གང་། །ངོ་བོ་དང་ནི་རབ་དབྱེ་དང་། །སོ་སོའི་ངོས་འཛིན་སྐྱེ་བའི་རྟེན། །གཏོང་བའི་རྒྱུ་ནས་ཕན་ཡོན་ཏེ། །རྣམ་པ་དྲུག་གིས་ཇི་བཞིན་བཤད། །ངེས་འབྱུང་བསམ་པས་རྒྱུ་བྱས་ནས། །གཞན་གནོད་གཞི་དང་བཅས་པ་ལས། །ལྡོག་པ་དེ་ཡང་ལུས་ངག་ལས། །གཟུགས་ཅན་ཡིན་ཞེས་འདོད་པ་དང་། །སྤོང་བའི་སེམས་པ་རྒྱུན་ཆགས་པ། །ས་བོན་དང་བཅས་ཡིན་ནོ་ཞེས། །འདོད་པའི་ཚུལ་ནི་རྣམ་པ་གཉིས། །རང་གི་སྡེ་བ་གོང་འོག་སྨྲ། །བསྙེན་གནས་དགེ་བསྙེན་ཕ་མ་དང་། །དགེ་ཚུལ་ཕ་མ་དགེ་སློབ་མ། །དགེ་སློང་མ་དང་དགེ་སློང་སྟེ། །སོ་སོར་ཐར་པ་རིགས་བརྒྱད་དོ། །ཁྱིམ་པའི་སྡོམ་པ་དང་པོ་གསུམ། །རབ་བྱུང་སྡོམ་པ་ཐ་མ་ལྔ །རྩ་བ་བཞི་དང་ཡན་ལག་བཞི། །བརྒྱད་སྤོང་བསྙེན་གནས་སྡོམ་པ་འོ། །མི་ཚངས་སྤྱོད་དང་མ་བྱིན་ལེན། །སྲོག་གཅོད་རྫུན་དུ་སྨྲ་བ་རྣམས། །རྩ་བ་བཞི་ཡིན་མལ་ཆེ་མཐོ། །ཆང་འཐུང་གར་སོགས་ཕྲེང་བ་སོགས། །ཕྱི་དྲོའི་ཁ་ཟས་ཡན་ལག་བཞི། །གསོད་རྐུ་སྨྲ་དང་ལོག་པར་གཡེམ། །མྱོས་འགྱུར་འཐུང་བ་ལྔ་སྤོང་བ། །དགེ་བསྙེན་གྱི་ནི་སྡོམ་པ་འོ། །སྣ་གཅིག་སྣ་འགལ་ཕལ་ཆེར་སྤྱོད། །ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང་། །སྐྱབས་འགྲོའི་དགེ་བསྙེན་རྣམ་པ་དྲུག །རྩ་བ་བཞི་ལས་གཅིག་གཉིས་གསུམ། །འདོད་ལོག་མི་ཚངས་སྤྱོད་སྤང་དང་། །སྐྱབས་འགྲོ་ཙམ་དུ་དགེ་བསྙེན་དུ། །ཁས་ལེན་རྣམས་དང་གོ་རིམ་བཞིན། །རྩ་བ་བཞི་དང་ཡན་ལག་དྲུག །བཅུ་སྤོང་དགེ་ཚུལ་སྡོམ་པའོ། །ཞེས་པ་ནས། །དེ་ལྟར་སོ་ཐར་རིགས་བརྒྱད་པོ། །སྒྲ་མི་སྙན་པ་མ་གཏོགས་པའི། །གླིང་གསུམ་སྐྱེས་པ་བུད་མེད་ཀྱི། །རྟེན་ལ་སྐྱེ་ཡི་ཟ་མ་དང་། །མ་ནིང་མཚན་གཉིས་སོགས་ལ་མིན། །སྡོམ་པ་གཏོང་བའི་རྒྱུ་ལ་གཉིས། །བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་གྱུར་དང་ལན་གསུམ་གྱུར། །དགེ་རྩ་ཆད་རྣམས་ཐུན་མོང་ངོ་། །ཞེས་པ་ནས། །རྩ་བའི་ལྟུང་བ་བྱུང་བ་དང་། །དམ་པའི་ཆོས་ནི་ནུབ་པ་ལས། །སྡོམ་པ་གཏོང་ཞེས་འདོད་པའང་ཡོད། །ཅེས་སོགས་གསུངས་སོ། །
།རྒྱལ་ཀུན་རིག་པའི་ཡེ་ཤེས་གཅིག་བསྡུས་པའི།
།འཇམ་མགོན་རྣམ་གསུམ་གསུང་གི་རལ་གྲིའི་རྩལ།
།སྦྱོང་བའི་གོམས་པ་ཤིན་ཏུ་མི་ཆེ་ཡང་།
།རྨོང་པའི་འཁྲི་ཤིང་དྲེག་ལ་ངལ་བ་མེད།
།ལུང་རིག་ཕ་ལམ་གོ་ལ་མི་འཇིགས་ཀྱང་།
།དུས་ཀྱི་རྒུད་པས་སླད་པའི་བཀུར་འདེབས་ཀྱི།
།རང་གཞན་སྦར་པའི་མགར་ཐབ་སོལ་མེ་ལ།
།རིག་པའི་རལ་གྲི་རིང་ནས་གཟུར་གྱིན་བྲོས།
དག་བཅོས། རྨོངས་པའི་འཁྲི་ཤིང་བྲེག་ལ་ངལ་བ་མེད།
གོང་དུ་ཀླུ་ཡེ་ཤེས་རིན་པོ་ཆེས། འདུལ་བ་རྒྱ་མཚོ་སྙིང་པོ་དྲངས་པར་ཐུགས་རྗེ་ཆེ་ཞུ། དེ་ལ་སྐྱབས་འགྲོའི་སྡོམ་པ་ནི་སོ་ཐར་རིགས་བརྒྱད་ཀྱི་ནང་གི་ཁྱིམ་པའི་ཕྱོགས་ལ་གོང་དུ་རྗེ་བླ་མས། བསྙེན་གནས་
དགེ་བསྙེན་ཕ་མ་དང་། ཞེས་གསུངས་པའི་དགེ་བསྙེན་གྱི་ནང་ཚན་སོ་ཐར་མཚན་ཉིད་པ་ལ་བཞེད་པ་མིན་ཏེ། དེའི་ངོ་བོ་ངོས་
འཛིན་པའི་སྐབས། སྐྱབས་འགྲོའི་དགེ་བསྙེན་རྣམ་པ་དྲུག ཞེས་དང་། སྐྱབས་འགྲོ་ཙམ་དུ་དགེ་བསྙེན་དུ། །ཁས་ལེན། ཞེས་གསུངས་པས་སྐྱབས་འགྲོ་ཙམ་དུ་ཁས་ལེན་པ་ལ་སོ་ཐར་བཏགས་པ་བ་ལས་མཚན་ཉིད་པ་འདོད་མི་ནུས་པའི་ཕྱིར།
སྐྱབས་འགྲོ་མི་མ་ཡིན་པ་ལ་སྐྱེས་དགོས་པ་གང་ཞིག སོ་ཐར་རིགས་བརྒྱད་ཀྱི་རྟེན་ཡིན་ན་གླིང་གསུམ་གྱི་སྐྱེས་པ་
བུད་མེད་ཁོ་ན་ཡིན་པའི་ཕྱི་ཏེ། །དེ་ལྟར་སོ་ཐར་རིགས་བརྒྱད་པོ། །སྒྲ་མི་སྙན་པ་མ་གཏོགས་པའི། །གླིང་གསུམ་སྐྱེས་པ་བུད་མེད་
ཀྱི། །རྟེན་ལ་སྐྱེ་ཡི་ཟ་མ་དང་། །མ་ནིང་མཚན་གཉིས་སོགས་ལ་མིན། །ཞེས་རྗེ་བླ་ཉིད་ཀྱི་ཞལ་གྱིས་བཞེས་པའི་ཕྱིར་རོ། དེས་ན་
གོང་གི་དགེ་བསྙེན་ནི་མཚན་བཏགས་ཅི་རིགས་པའི་དབང་དུ་བྱས་པ་ཡིན་ཏེ་དཔེར་ན། བྲམ་ཟེ་ཁྱེའུ་ལ་སེང་གེ་
བཏགས་པ་བཞིན་ནོ། དེ་ལྟར་དགོངས་པ་འགྲེལ་མ་ཤེས་ན། སྐྱབས་སྡོམ་ཡིན་ན་གླིང་གསུམ་གྱི་སྐྱེས་པ་བུད་མེད་ཁོ་ན་གཏོགས་
མི་སྐྱེས་པར་ཐལ་ཏེ། སོ་ཐར་རིགས་བརྒྱད་ཀྱི་ནང་ཚན་དགེ་བསྙེན་པའི་ཕྱིར།
འདོད་ན། ཐེག་ཆེན་བྱང་སྔགས་ཀྱི་སྡོམ་པ་ཡིན་ན་གླིང་གསུམ་གྱི་སྐྱེས་པ་བུད་མེད་མ་གཏོགས་མི་
སྐྱེས་པས་ཁྱབ་པར་ཐལ། ཁྱོད་ཀྱི་རྟེན་ལ་སྐྱབས་འགྲོའི་པ་སྡོམ་དགོས་པས་ཁྱབ་པའི་ཕྱིར་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་
ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པའི་ཕྱིར། གཞན་ཡང་མདོ་ལས་བཤད་པའི་སྟོན་པའི་
འཁོར་གྱི་ལྷ་ཀླུ་ལ་སོགས་པ་ཆོས་ཅན་ཁྱོད་ནང་པ་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ལ་སྐྱབས་འགྲོའི་སྡོམ་པ་མི་སྐྱེས་པའི་ཕྱིར།
དེར་ཐལ། སྐྱབས་འགྲོའི་སྡོམ་པ་དེ་སོར་སྡོམ་ཡིན་པ་གང་ཞིག སོར་སྡོམ་གྱི་རྟེན་ཡིན་ན་གླིང་གསུམ་གྱི་སྐྱེས་པ་བུད་མེད་ཁོ་ན་
ཡིན་པས་ཁྱབ་པའི་ཕྱིར། རྩ་བར་ཁྱབ་སྟེ། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཅེས་གསུངས་པས་ནང་པ་ཡིན་ན་སྐྱབས་འགྲོ་
ཡོད་དགོས་པས་ཁྱབ་པའི་ཕྱིར། དེས་ན་སྐྱབས་འགྲོའི་སྡོམ་པ་ལ་དགེ་བསྙེན་དུ་བཏགས་པ་ཙམ་ལས་སོ་ཐར་རིགས་བརྒྱད་ཀྱི་
ནང་ཚན་གྱི་དགེ་བསྙེན་དངོས་ནི་མ་ཡིན་ནོ། དགེ་བསྙེན་དངོས་ནི་མངོན་པ་མཛོད་ལས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་ཉིད།
།ཅེས་གསུངས་པ་བཞིན་སྤང་བྱ་ལྔ་སྤངས་པའི་ཡོངས་རྫོགས་དགེ་བསྙེན་ཡིན་ནོ།
སྐྱབས་འགྲོའི་སྡོམ་པ་དེ་སོར་སྡོམ་བཏགས་པ་ཡིན་པ་དང་། སོར་སྡོམ་སྐྱེ་བའི་རྟེན་ཡིན་ན་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་གང་རུང་གིས་ཁྱབ་པར་སྨྲ་པ་ནི། བྱེད་སྨྲའི་གཞུང་མ་གཏོགས་མ་མཐོང་བས་ཆོས་རྒྱུས་ཆུང་བས་ལེན་ཏེ། ཆོས་རྗེ་འཇམ་བའི་དབྱངས་ས་སྐྱ་པཎྜི་ཏའི་ཞལ་སྔ་ནས། བྱེ་བྲག་སྨྲ་བའི་བསྙེན་གནས་ཀྱང་། །དགེ་སློང་ལས་ལེན་གང་ཟག་ནི། །གླིང་གསུམ་སྐྱེས་པ་བུད་མེད་ལས། །འགྲོ་བ་གཞན་ལ་སྡོམ་པ་བཀག །མདོ་སྡེ་བ་རྣམས་དུད་འགྲོ་སོགས། །འགྲོ་བ་གཞན་ལ་སྐྱེ་བར་བཤད། །བླང་བའི་ཡུལ་ཡང་དགེ་བསྙེན་སོགས། །གང་ཡང་རུང་ལས་བླང་བར་གསུངས། ཞེས་དང་། ཐེག་པ་ཆེན་པོ་ལས་བྱུང་བའི། །སོ་སོར་ཐར་བ་བཤད་ཀྱིས་ཉོན། བྱང་ཆུབ་སེམས་དཔའ་ཉིད་ལ་ཡང་། །སོ་སོར་ཐར་བ་འབོགས་པ་ཡི། །ཆོ་ག་འགའ་ཞིག་ཡོད་མོད་ཀྱི། །དེ་ཡི་ཆོ་ག་ཕལ་ཆེར་ནུབ། །གསོ་སྦྱོང་རང་གིས་བླང་བ་སོགས། །ཆོ་གའི་ལག་ལེན་འགའ་ཞིག་ཡོད། །རྒྱལ་སྲས་བྱམས་པ་འཇམ་དབྱངས་སོགས། །བདག་ཉིད་ཆེན་པོ་འགའ་ཞིག་གིས། །མཁན་པོ་མཛད་ནས་འགྲོ་མང་ལ། །བསྙེན་པར་རྫོགས་པར་མཛད་དོ་ཞེས། །ཚིག་འབྲུ་ཙམ་ཞིག་གསུངས་མོད་ཀྱི། །འོན་ཀྱང་དེ་ཡི་ཆོ་ག་ནི། །མདོ་ལས་གསུངས་པ་ངས་མ་མཐོང་། འདི་འདྲ་སྔོན་གྱི་ཆོ་ག་སྟེ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། སོ་སོ་སྐྱེ་བོས་བྱ་མི་རུང་། །དེས་ན་ད་ལྟའི་ཆོ་ག་ནི། བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །སོ་སོར་ཐར་བ་རིགས་བརྒྱད་པོ། །བྱང་སེམས་སོ་སོར་ཐར་པར་འགྱུར་ཞེས་གསུངས་པས་སོ།
སྐྱབས་འགྲོ་དང་སྐྱབས་འགྲོའི་སྡོམ་པ་གཉིས་རྦད་དེ་ལོག་ཀ་རེད། སྐྱབས་འགྲོ་ལ་རྒྱུ་སྐྱབས་ཀྱི་དབང་དུ་བྱས་པ་གཅིག་དང་འབྲས་སྐྱབས་ཀྱི་དབང་དུ་བྱས་པ་གཉིས། དང་པོའི་ངོ་བོ་ནི་རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་སྐྲག་ཅིང་། དེ་ལས་སྐྱོབས་པའི་ཐབས་དཀོན་མཆོག་ལ་ཡོད་པར་ཡིད་ཆེ་བའི་དད་པ་གཙོ་འཁོར་ཅི་རིགས། གཉིས་པ་ནི་དཀོན་མཆོག་གསུམ་གྱི་ཁྱད་པར་དང་ཡོན་ཏན་ཤེས་པ། ཁས་བླངས་པ་སོགས་ཀྱིས་བསྡུས་པའི་ཤེས་རབ་གཙོ་འཁོར་ཅི་རིགས་ཅིག་ལ་འཇོག་དགོས།
སྐྱབས་འགྲོའི་སྡོམ་པ་ནི། འཇིགས་ལས་སྐྱོབ་ཕྱིར་གསུམ་གྱི་སྐྱབས་འོག་ཏུ།། ཚུད་པར་ཁས་ལེན་ཚིག་དེ་སྐྱབས་འགྲོ་དངོས།། གསུངས་པ་ལྟར་རོ། དེས་ན་སྐྱབས་འགྲོ་ནི་ངེས་པར་དུ་ཤེས་པ་ཡིན་དགོས་ལ། སྐྱབས་འགྲོའི་སྡོམ་པ་ནི་ཁས་ལེན་པའི་ངག་གི་རིག་བྱེད་ཅིག་ཡིན་དགོས།
དྲྭ་གྲོགས་གཞོན་ནུ་ལགས་་་་་་་་་་་་་་་་་་་་
འདུལ་བ་བཤད་དུས་ཚན་ཚན་རིག་གིས་ལྷན་པ་རྒྱག་མ་ཆོག་ན་མངོན་པ་བཤད་དུས་ཀྱང་ཚན་རིག་གི་ལྷན་པ་རྒྱག་མ་ཆོག་པར་ཐལ་བ་མཚུངས་པས་ཕྱིར། འདོད་མི་ནུས་ཏེ་གོང་ས་མཆོག་གིས་ཀྱང་ཚན་རིག་གི་ལྷན་པ་སྐབས་དུ་མར་བསྐྱོན་པའི་ཕྱིར་ཏེ། རིའི་རྒྱལ་པོ་རི་རབ་མེད་ཅེས་ཡང་ཡང་གསུང་པ་གང་ཞིག་དེ་མེད་པའི་རྒྱུ་མཚན་ཕྱག་དཔེ་ཆ་གཞན་དག་གཅིག་གི་ནང་འདི་འདྲ་གསུང་འདུག་ཅེས་ལུང་འགལ་བསྒྲིགས་གནང་བ་མ་ཡིན་པས་ཕྱིར་རོ་་་་་་་་་་་་་་་་་་་་་་་་་་
ལར་ནས་བདག་ཅག་གི་སྟོན་པས་རྟེན་འབྲེལ་ལ་གཞི་བཅོལ་ཏེ་མི་རྟག་པ་ནས་བཟུང་སྟེ་སྟོང་ཉིད་བར་དུ་ཤེས་བྱའི་རྫུན་རྐུབ་མང་པོ་བཏོལ་པའི་གྲུབ་མཐའ་བསྒྲགས་ཡོད་ཀྱང་མི་རྟག་པ་ཕྲ་མོ་ཕྲ་མཐོང་ཆེ་ཤེལ་གྱི་ལམ་ནས་མངོན་སུམ་དུ་ངོ་སྤྲོད་མཁན་དེ་ཚན་རིག་པ་མིན་ན་སུ་རེད་་་་་་་་་་་་་་་་་་་་
དངོས་ཁམས་རིག་པའི་རྣམ་བཞག་ཕྲ་མོའི་ལམ་ནས་སྣང་གནས་མི་ཐུན་པའི་སྟོང་པའི་རྣམ་བཞག་སྔར་དང་མི་འདྲ་བ་ཟབ་ཏུ་ཟབ་ཏུ་བཏང་ཡོད་པ་ཨེ་ཤེས་ད་དུང་ཚན་རིག་པ་ཚོས་བཤད་པ་དེ་ཧ་ལམ་ང་ཚོའི་གོ་བའི་སྟོང་ཉིད་དེ་ལས་ཀྱང་ཕྲ་བ་ཞིག་བཤད་བཞིན་འདུག་པས་སོ་སོས་དོ་སྣང་མ་བྱེད་ན་ཡིད་ཀྱང་མི་ཆེས་པ་ཞིག་འདུག་་་་་་་་
ད་དུང་གཉིད་ཁུག་འདོད་ཡོད་ན་ང་ལ་དགག་བྱ་ཅི་ཡང་མེད་མོད་རྒྱལ་བ་ཐམས་ཅད་མཁྱེན་པས་ཚན་རིག་གི་ཚོགས་འདུ་ཞིག་ལོ་ལྟར་གོ་སྒྲིག་གནང་གི་ཡོད་པ་ཨེ་ཤེས་ཁྱོད་ལྟར་ན་ད་ཡང་ཆོ་མེད་ཞིག་ཡིན་གྱི་རེད་་་་་་་་་་་་་་་་་་་་་་
རིག་རལ་ལགས་་་་་་་་་་་་་་་་་་་
འདུལ་བས་འདུལ་བ་ལ་བལྟ་དུས་འདུལ་བ་ཙམ་ལས་མ་མཐོང་མོད་ཐེག་ཆེན་གྱི་ལམ་དང་འབྲས་བུ་སོགས་ངེས་པའི་སྒོ་ནས་འདུལ་བ་བལྟ་དུས་དང་སྔགས་གི་ལམ་འབྲས་སོགས་ངེས་པའི་སྒོ་ནས་འདུལ་བ་ལ་བལྟ་དུས་བསམ་བློའི་གོ་རྟོགས་ཆེ་རུ་འགྲོ་རྒྱུ་རེད་པ་་་་་་་་་་་་་་་་་་་
དེ་མིན་འདུལ་བས་འདུལ་བ་ལ་བལྟ་དྲག་ནས་སྡེ་པ་བཅོ་བརྒྱལ་ལ་གྱས་རྒྱུ་ལས་ལྷག་ཅི་ཡང་བྱུང་རྒྱུ་མེད་་་་་་་་་་་་་ རི་བོ་དགེ་ལྡན་གྱི་གདན་ས་ཆེན་པོ་རྣམས་སུ་འདུལ་བ་མ་མཐར་ཡང་དབུ་ཕར་ཚད་གསུམ་ཐོན་ནས་མ་གཏོགས་གཟིགས་སྲོལ་མེད་པ་འདི་རྒྱུ་མཚན་གང་ཡིན་མཁྱེན་རྒྱུ་གལ་ཆེ་་་་་
འདུལ་བ་ཡོད་དུས་སྡོམ་པ་མེད་་་་་་་་་་ སྡོམ་པ་ཡོད་དུས་མེད་བ་མེད་ཅེས་ཡོངས་སུ་གྲགས་ཀྱང་ཨུ་ཚུགས་རྒྱབ་ནས་འདུལ་བ་སྔོན་ནས་མ་གཟིགས་པའི་རྒྱུ་མཚན་ཅི་ཡང་མེད་པ་ཡིན་མདོག་ཁ་པོ་མ་རེད་་་་་་་་་ གོ་རྒྱ་ཆུང་དྲག་ན་འདུལ་བ་གཟིགས་ནའང་ཆོ་མེད་པའི་རྒྱུ་མཚན་དེ་ཙམ་ཡིན་མདོག་ཁ་པོ་རེད་ མ་གཞི་འོ་རེད་དེ་གཞོན་ནུ་ལ་གསུང་རྒྱུ་ཡོད་ད་ཡོད་་་་་་་་་་ གསུང་དང་གཞོན་རྒྱུ་མཚན་ཅི་རེད་་་་་་་་་་་་་་་་་་་་་་་་་་
གོང་གི་མཆན་དེར་ཡིག་ནོར་དང་འཆད་ལྷག་མང་པོ་ཞིག་འདུག་པས་དགོངས་འགལ་མེད་པ་ཞུ་་་་་་་་་་་་་་་
རིན་ཆེན་ལགས་ལ། ༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཚར་མང་པོ་གསུངས་གི་ཡོད། དུས་འཁོར་གྱི་བསྟན་བྱ་མདོར་བསྡུས་ན། ཕྱི་དུས་ཀྱི་འཁོར་ལོ་རི་རབ་གླིང་བཞི་ཉི་ཟླ་སྐར་གསུམ་གྱི་བགྲོད་པ། ནང་དུས་ཀྱི་འཁོར་ལོ་རྩ་རླུང་ཐིག་ལེའི་བགྲོད་པ། གསང་བ་དུས་ཀྱི་འཁོར་ལོ་བསྐྱེད་རིམ་རྫོགས་རིམ་གྱི་བགྲོད་པ། ཡིན་པས། བསྟན་དོན་འདི་དག་མེད་ན་དེ་ནི་བརྗོད་བྱེད་བསྟན་བཅོས་ཚད་མ་མིན་པས་ཁོང་གིས་ཚད་མིན་གྱི་བསྟན་བཅོས་ཅིག་གིས་ཡང་ཡང་དབང་བསྐུར་འེ་ཡོང་།
ང་ནི་བདེན་བཞི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོག་པ་ལ་འཕགས་ལམ་སྟེ། མཐོང་ལམ་ཐོབ་དགོས་པར་ཁས་ལེན་མཁན་ཞིག་ཡིན་པས། ལམ་ལ་མ་རྟེན་པར་མི་རྟག་པ་མངོན་སུམ་དུ་རྟོག་གི་འདུག་ཟེར་ན་ཁས་ནམ་ཡང་མི་ལེན་མཁན་ཡིན། ལར་ཕྲ་བའི་མི་རྟག་པ་མིག་ཤེས་ཀྱི་གཟུང་བྱ་མིན་པས། ཁྲ་མཐོང་ཆེ་ཤེལ་མི་དགོས་ཚན་རིག་གི་འཕྲུལ་ཆ་ག་རེ་བཀོལ་ན་ཡང་མི་ཤེས་ཀྱིས་མངོན་སུམ་དུ་རྟོག་མི་ཐུབ། སངས་རྒྱས་ན་གནས་ཚུལ་ལོག་ཀ་རེད།
སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱིས། ཟབ་ཞི་སྤྲོས་བྲལ་འོད་གསལ་གདུས་མ་བྱས། ཅེས་སྟོང་ཉིད་དང་། ཡང་མཚོ་བས་ཟབ་པའི་འཁོར་བ་ལས། ཅེས་འཁོར་བ་ལ་ཟབ་པ་ཅེས་བའི་སྒྲ་སྦྱར་ཡོད། དེ་རིང་རིན་ཆེན་ཁྱོད་ཀྱིས་བློ་བུར་དུ་སྟོང་ཉིད་ལས་ཀྱང་ཟབ་པ་ཅིག་རྙེད་པ་ནི། ངས་ཁ་སྔོན་ནས་ཞུས་ཡོད། ཁྱོད་ནི་སངས་རྒྱས་ལས་ང་མཁས་སྙམ་མཁན་ཅིག་རེད་ཟེར་བ་འདི་འདྲ་ལ་ཟེར་བ་ཡིན།
གྲོགས་པོ་གཞོན་ནུ་་་་་་་་་་་་
ང་སངས་རྒྱས་ལས་མཁས་པ་ཡོད་ནམ་ཡང་ལབ་རྒྱུ་མ་བྱུང་་་་་་་་་་་་་་ ཁྱོད་སྐུ་ཚེ་རིང་གུང་ཁྲན་ཏང་གི་ལོག་བཤད་ལྟ་བུ་དེ་མ་བྱེད་རོགས་སྐུ་མཁྱེན་་་་་་་་་་་་་ ང་བཤད་མཁན་གི་བཤད་མ་ཤེས་པ་ཡིན་སྲིད་ཀྱང་ཁྱོད་ཉན་མཁན་གྱི་ཉན་མ་ཤེས་པ་རྩ་ནས་ཡིན་གྱི་མ་རེད་་་་་་་་་་་་་་་་ ཁྱོད་གཞན་ག་རེ་ལབ་ཀྱང་ཆོག་སྟེ་སངས་རྒྱས་ལས་ལྷག་པ་ཡིན་མདོག་བྱེད་ཀྱི་འདུག་ཟེར་བ་དེ་ཐ་ན་རྩེད་མོ་ཡིན་ནའང་གོ་འདོད་རྩ་ནས་མེད་སྐུ་མཁྱེན་ད་ལན་སྐད་ཆ་དྲང་པོ་ཡིན་་་་་་་་་་་་་་་་་་
ཡ་ཡ་རིན་ཆེན་ལགས། དེ་ག་རང་གིས་དད་པ་དང་དམ་ཚིག་ཅན་ཞིག་ཡིན་པ་གོ་ཡོད། ཨ་ལོབ་ཡོ།
ངོ་ནས་ང་ཆུང་ཆུང་སྐབས་སུ་ང་ཚོ་འབྲོག་ཕྱོགས་ན་ལུག་བརྒྱུད་བརྗེས་པ་ཅེས། ཨ་རུ་སུའི་ལུག་གི་ས་བོན་ཁས་ཡོང་ནས་ང་ཚོ་བོད་ལུག་ལ་བརྗེས་བསྒྱུར་བྱེད་པ་མཐོང་མྱོང་། ས་བོན་དེ་ཚོ་ཤེལ་དམ་ན་འགྲོ་གི་འདུག་ལ། དེ་ནས་རྗེས་སུ་མངོན་པ་མཛོད་ལ་སློབ་གཉེར་བྱེད་སྐབས་གནས་གསུམ་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྐབས་སུ་མ་ཡི་མངལ་དུ་འཇུག་ཚུལ་དེ་དང་མཚན་རིག་གི་དེ་ལ་ཡང་ཡང་བསམ་བློ་འཁོར་ཡོང་གི
གོད་དུ་མཆན་ ༤༡ པར་རིག་རལ་ནས། སྐྱབས་འགྲོའི་སྡོམ་པ་དེ་སོར་སྡོམ་བཏགས་པ་ཡིན་པ་དང་། སོར་སྡོམ་སྐྱེ་བའི་རྟེན་ཡིན་ན་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་གང་རུང་གིས་ཁྱབ་པར་སྨྲ་པ་ནི། བྱེད་སྨྲའི་གཞུང་མ་གཏོགས་མ་མཐོང་བས་ཆོས་རྒྱུས་ཆུང་བས་ལེན་ཏེ། ཞེས་བྲིས་པ་འདི་རྗེ་བདག་ཉིད་ཆེན་པོ་ལྟ་བུ་ལ་ཐལ་
མ་དྲགས་ན་ང་ལྟ་བུར་འོས་འཚམས་རེད། ས་པཎ་གྱི་ལུང་དོན་འདིའི་ཐད་ཀྱི་གོ་རམས་སོགས་ཀྱིས་མཐའ་དཔྱད་རྒྱས་པ་
ཡོད་ངེས་ཀྱང་བློ་ལ་ངེས་ཀྱི་མི་འདུག མངའ་རིས་པཎ་ཆེན་གྱིས་མཛད་པའི་སྡོམ་གསུམ་རྣམ་ངེས་ལས། རྩ་བཞི་སྤོང་བ་ཚུལ་
ཁྲིམས་ཡན་ལག་ཡིན། །ཆང་སྤང་བག་ཡོད་ལག་མལ་ཆེ་མཐོ། །གར་ཕྲེང་ལ་སོགས་ཕྱི་དྲོའི་ཁ་ཟས་གསུམ། །བརྟུལ་ཞུགས་ཡན་ལག་བསྙེན་གནས་སྡོམ་པ་ཡིན། །ཡན་ལག་འདི་བརྒྱད་གཏན་དུ་མ་ཡིན་པས། །ཡོན་ཏན་རྟེན་མིན་དེ་ཕྱིར་
སོ་ཐར་ནི། །མཚན་ཉིད་ལྡན་པ་རིགས་བརྒྱད་ཁོ་ན་ཡིན། །ཞེས་གསུངས་ཏེ་སོ་ཐར་མཚན་ཉིད་པ་རིགས་བདུན་དུ་བཞེད་དེ་
བསྙེན་གནས་ནི་སོར་སྡོམ་མཚན་ཉིད་པར་མི་འདོད། འདིའི་ཐད་ཀྱི་འགྲེལ་བ་སྨིན་གླིང་ལོ་ཆེན་གྱིས་མཛད་པའི་སྡོམ་འགྲེལ་
དཔག་བསམ་སྙེ་མ་ལས། ཡན་ལག་འདི་བརྒྱད་པོ་ཉིན་ཞག་གི་མཐའ་ཚུན་ཆད་དུ་ཁས་བླངས་པའི་དུས་ཁྲིམས་ཡིན་གྱི་གཏན་
ཁྲིམས་མ་ཡིན་པས་སྡོམ་པ་གོང་མ་རྣམས་ཀྱི་ཡོན་ཏན་གྱི་རྟེན་དུ་མི་རིགས་པའི་ཕྱིར་མ་ཡིན་ལ། དེས་ན་གོང་མའི་ཡོན་ཏན་གྱི་
རྟེན་དུ་གྱུར་པའི་མཚན་ཉིད་ཅན་ནི་རིགས་བདུན་དུ་ངེས་ཏེ། ལམ་སྒྲོན་ལས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་་གསུངས་པ་ལྟར་རོ།
ཞེས་གསུངས་པ་བཞིན་རང་ལུགས་ལ་སོ་ཐར་རིགས་བདུན་དུ་བཞེད་པ་ཡིན་ལ་བསྙེན་གནས་ནི་དུས་ཁྲིམས་ཡན་ལག་བརྒྱད་པ་
ཞེས་ཉིན་ཞག་ཕྲུགས་གཅིག་གི་མཐའ་ཅན་སོ་ཐར་བཏགས་པ་བར་འདོད་དོ། སོ་ཐར་རིགས་བརྒྱད་དུ་བཞེད་པའི་ལུགས་དང་
འགལ་བ་ནི་མེད་དེ་མཚན་བཏགས་ཅི་རིགས་པའི་དབང་དུ་བྱས་པའོ།
སྤྱིར་རྒྱལ་བའི་ཆོས་ཚུལ་ལ་མཐའ་མེད་པས་ས་པཎ་གྱི་གསུངས་པ་བཞིན་བྱང་ཆུབས་སེམས་དཔའི་སོ་ཐར་འབོགས་ཆོག་ཡོད་
སྲིད་ཀྱང་བོད་གངས་རིའི་ལྗོངས་སུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཡོད་ཏན་ཡོད་ཀྱིས་ཕྱོགས་བསྒྲིག་བྱས་པའི་ལས་
ཆོག་ཀརྨ་ཤ་དུམ་གྱི་རྗེས་སུ་འབྲང་བ་ལ་གྲུབ་མཐའ་ཚང་མ་གཅིག་མཐུན་ཡིན།
ས་པཎ་གྱིས། བྱེ་བྲག་སྨྲ་བའི་བསྙེན་གནས་ཀྱང་། །དགེ་སློང་ལས་ལེན་གང་ཟག་ནི། །གླིང་གསུམ་སྐྱེས་པ་བུད་མེད་ལས། །འགྲོ་བ་གཞན་ལ་སྡོམ་པ་བཀག །མདོ་སྡེ་བ་རྣམས་དུད་འགྲོ་སོགས། །འགྲོ་བ་གཞན་ལ་སྐྱེ་བར་བཤད། །བླང་བའི་ཡུལ་ཡང་
དགེ་བསྙེན་སོགས། །གང་ཡང་རུང་ལས་བླང་བར་གསུངས། ཞེས་པ་ནི་བསྙེན་གནས་གཅིག་པུ་མ་གཏོགས་སོ་ཐར་
མཚན་ཉིད་པའང་འགྲོ་བ་གཞན་ལ་སྐྱེ་བར་བཞེད་པ་མིན་ཏེ། བསྙེན་གནས་ཀྱང་། ཞེས་དམིགས་སུ་བཀར་བས་ཤེས་སོ།
སྤྱིར་འདི་དག་གི་མཐའ་དཔྱད་རྒྱས་པ་མཚོ་ཆེན་མཆིམས་ཆེན་གཉིས་ན་ཡོད་ཀྱང་འདིར་གེ་
མི་འདུག་ལ་ལུང་འདྲེན་བློ་ལའང་མི་འདུག ས་པཎ་གྱིས་སྡོམ་གསུམ་རབ་དབྱེ་ན་བཤད་ཚད་
ཁས་ལེན་ནུས་ན་བོད་ཀྱི་ཆོས་ལུགས་མང་པོ་ཞིག་སངས་རྒྱས་ཀྱི་བསྟན་པ་མ་ཡིན་པར་འགྱུར་
རོ། །
གོང་དུ་མཆན་ ༤༢ པར་གཞོན་ནུ་ཟླ་མེད་ཀྱིས་བཤད་པའི་རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་དབྱེ་བ་དང་ངོ་བོ་བཤད་
པ་དང་། སྐྱབས་འགྲོ་དང་སྐྱབས་སྡོམ་ལ་ཁྱད་པར་ཅུང་ཟད་རེ་བཤད་མོད་དེས་སྐྱབས་སྡོམ་སོར་སྡོམ་ཡིན་པ་དང་
འགྲོ་བ་གཞན་ལ་སོར་སྡོམ་སྐྱེ་བའི་སྒྲུབ་བྱེད་དུ་མི་འགྱུར་རོ། དབྱེ་བ་དང་ངོ་བོ། སྐྱབས་སྡོམ་དང་སྐྱབས་འགྲོའི་ཁྱད་པར་
ནི་་སུའི་ལུགས་ལའང་ཡོད་མོད་དེས་རྩ་བའི་དམ་བཅའ་ཕན་གནོད་ཅི་ཡང་མེད་དོ། སྐྱབས་འགྲོའི་མཚན་ཉིད་ལ་
སྨིན་གླིང་ལོ་ཆེན་གྱིས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པའི་འགྲེལ་བ་ལས། ཡུལ་མཆོག་ལ་བརྟེན་པར་ཁས་ལེན་
པའི་སེམས་པ་ས་བོན་དང་བཅས་པའོ། ཞེས་གསུངས་སོ།
འདུལ་བ་བཤད་ན་ཚན་རིགས་བཤད་མི་ཆོག་ཟེར་ན་ནོར་འཁྲུལ་རེད་ནང་ཆོས་དང་ཚན་རིག་མཉམ་དུ་བགྲོ་གླེང་བྱེད་དགོས་
པར་གོང་ས་ཐམས་ཅད་མཁྱེན་པ་གཙོས་པའི་བོད་ཀྱི་མཁས་པ་རྣམས་མགྲིན་པ་གཅིག་དབྱངས་གཅིག་ཡིན་མོད་གཞོན་ནུ་ཟླ་
མེད་ནི་མ་གཏོགས་སོ། ཟླ་བོ་མེད་ན་བསེ་རུལྟ་བུའི་རང་རྒྱལ་འདྲ་ཡིན་ནམ།
དགོངས་དག་ཞུ་དགོས་པ་ཞིག་ལ་སྨིན་གླིང་ལོ་ཆེན་གྱིས། སྐྱབས་འགྲོའི་ངོ་བོ་ནི། ཡུལ་མཆོག་ལ་བརྟེན་པར་ཁས་ལེན་
པའི་སེམས་པ་ས་བོན་དང་བཅས་པའོ། ཞེས་གསུངས་འདུག་པ་ལ་ངས་མཚན་ཉིད་ཞེས་བྲིས་པས་ཅུང་ཟད་ཁྱད་པར་ཡོད་དོ།
མཚན་ཉིད་ལ་དེ་མིན་རྣམ་གཅོད་ཀྱི་མཚན་ཉིད་ཡིན་ན་མ་ཁྱབ་ཁྱབ་ཆེ་མི་སྲིད་གསུམ་གྱི་སྐྱོན་དང་བྲལ་དགོས་ཤིང་ངོ་བོ་ལ་དེ་ལྟར་མི་དགོས་སོ། འོན་ཀྱང་ངོ་བོ་གཏན་འབེབས་ཀྱི་མཚན་ཉིད་ལ་ནི་སྐྱོན་གསུམ་བྲལ་མི་དགོས་སོ།
གཞོན་ནུ་ཟླ་མེད་ལགས་ཀྱིས། རྩོད་ཡུལ་དགག་ཡུལ་མིན་ཕྱིར་འདིར་མི་འཆད་ཅེས་ལུང་འདྲེན་ཞིག་མཛད་འདུག་པ་ཤིན་ཏུ་ཐུགས་མད་དོ།
འོན་ཀྱང་། ཆོས་རྗེ་འཇམ་པའི་དབྱངས་ས་སྐྱ་པན་ཆེན་གྱིས་སྡོམ་གསུམ་རབ་དབྱེ་ནས་བཤད་ཚད་ཁས་ལེན་ནུས་ན་བོད་ཀྱི་ཆོས་ལུགས་མང་པོ་ཞིག་སངས་རྒྱས་ཀྱི་བསྟན་པ་མ་ཡིན་པར་འགྱུར་རོ་ཟེར་མུན་ནག་མདའ་འཕེན་ཞིག་བྱས་འདུག་པ་འདི་ནི། རང་གིས་རྒན་པོ་རྣམས་ཀྱི་ཟེར་སྒྲོས་ཞིག་རྣ་ལམ་དུ་ཅུང་ཟད་ཐོས་པ་མ་གཏོགས་ཆོས་རྗེའི་གཞུང་དངོས་ལ་མཇལ་བ་ཙམ་གྱི་གོ་སྐབས་ཀྱང་མ་རེག་ཅིང་གསར་བུ་བ་རྣམས་ནང་ཕན་ཚུན་དཀྲུགས་གཞིའི་བདུད་ཚིག་སྟེ། ཆོས་རྗེས་བོད་དུ་དར་བའི་ཆོས་རྒྱུད་ཁ་ཤས་ལ་ཞུ་དག་ཅུང་ཟད་མཛད་པ་མ་གཏོགས། ཆོས་ལུགས་མང་པོ་ཞིག་སངས་རྒྱས་ཀྱི་བསྟན་པ་མ་ཡིན་པ་ཞིག་དབུ་ཞབས་གང་དུ་ཡང་གསུངས་མེད་པའི་ཚུལ་ངས་ཁྱེད་ལ་དཔེ་མཚོན་ཙམ་ཞིག་ཞུས་ཆོག
དེ་ཡང་སྔར་འགྱུར་རྙིང་མ་པའི་མཁས་གྲུབ་ཆེན་པོ་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱི་ཞལ་སྔ་ནས། ཆོས་རྗེས་སྡོམ་གསུམ་རབ་དབྱེ་ལས། །ལ་ལ་ཐེག་པ་རིམ་དགུ་ལ། །ལྟ་བའི་དབྱེ་བ་ཡོད་ཅེས་ཟེར། །ཞེས་ཐེག་པ་རིམ་དགུ་ཡོད་པར་ཞར་ལ་གྲུབ་ཅིང་། ལྟ་བ་གཉིས་ལས་མེད་པར་བཞེད་དེ། །ཉན་ཐོས་དང་ནི་ཐེག་ཆེན་ལ། །ལྟ་བའི་དབྱེ་བ་ཡོད་མོད་ཀྱི། །ཕར་རོལ་ཕྱིན་དང་གསང་སྔགས་ལ། །ལྟ་བའི་དབྱེ་བ་བཤད་པ་མེད། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་གྱུར། །སྤྲོལ་བྲལ་ཡིན་ན་ཁྱད་པར་མེད་ཅེས་དང་། འོན་ཀྱང་སྤྲོལ་བྲལ་རྟོགས་པ་ཡི། །ཐབས་ལ་གསང་སྔགས་ཁྱད་པར་འཕགས་ཞེས་དང་། ལྟ་སྒོམ་རྣམ་དབྱེ་མ་ཕྱེད་ཅིང་། ཐབས་དང་ཤེས་རབ་མ་ཤེས་པས། །འདི་འདྲའི་རྣམ་དབྱེ་འཁྲུལ་བ་ཡིན། ཞེས་དཀའ་བའི་གནས་མ་གོ་དོགས་ནས་ཡང་དང་ཡང་དུ་རྒྱས་པར་བཀྲལ་བ་སྟེ། འདི་དག་ནི་རྙིང་མའི་བསྟན་པ་གསལ་བར་བྱེད་པའི་རྣམ་བཞག་བཀའ་དྲིན་བླ་ན་མེད་པའི་གནས་སུ་གྱུར་ཏོ་ཞེས་ཞལ་རླང་ཐུལ་ལེ་གསུངས་སོ།
ཨོ་ལེགས་སོ། དྲྭ་གྲོགས་རིག་པའི་རལ་གྲི་ནི་སྐུ་རླུང་བཞེངས་འདུག་པས་ད་ས་སྐྱ་པ་ཞིག་ཡིན་པ་ཤེས་སོང་། དགོངས་དག་ཞུ།
སྡོམ་གསུམ་རབ་དབྱེ་འདི་ལ་རྒྱལ་བ་རིན་པོ་ཆེས་གཟེ་མ་ར་མགོ་ཞེས་མཚན་ཞིག་གསོལ་བ་ཡོད་པ་ཡང་དྲན་པར་མཛོད་ཅིག
ད་རབ་དབྱེའི་སྐོར་མི་གླེང་ཆོས་སྤོང་གི་ལས་བསགས་ཡོང་། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཨོཾ་བཛྲ་ས་ཏྭ་ཧཱུྃ།
།དྲངས་པོར་སྨྲས་ན་ཀུན་ཀྱང་དགའ།
།ལྡོག་ན་ལྷས་ཀྱང་འཁྲེལ་ནས་གཟུར།
།ཤེས་ནས་འཇུག་ལྡོག་ཚུལ་བཞིན་དུ།
།བྱེད་པ་མཛངས་པའི་གཤིས་ཀ་ཡིན།
།ཇི་སྙེད་གསུང་བའི་ཆུ་ཀླུང་ཀུན།
།ཆོས་ཉིད་སྟོན་པའི་རྒྱ་མཚོ་རུ།
།གཅིག་ཏུ་འབབ་པ་མཐོང་གྱུར་ན།
།གསུང་གཅིག་ཉིད་དུ་ངེས་པར་བརྙེད།
།བཟོ་གྲྭ་གཅིག་པའི་གཞོན་པ་ལ།
།ཁ་ལོ་བ་ཡི་ཁྱད་པར་གྱིས།
།འགྱོག་བུལ་སྣ་ཚོགས་ཡོད་པ་དེ།
།ཐེག་པའི་ཁྱད་པས་བྱུང་བ་མིན།
།རང་ཕྱོགས་མཆོག་འཛིན་ར་རིབ་ཀྱིས།
།སླད་པའི་མིག་དབྱིབ་མཛེས་ཀྱང་རུང་།
།རྣམ་པར་བཀྲ་བའི་ལེགས་བཤད་གཟུགས།
།བལྟ་བའི་སྐལ་བ་ཤིན་ཏུ་ཕྲ།
སླད་བའི་བློ་མིག་མཛེས་ཀྱང་རུང་། ནོར་བཅོས།
གོང་དུ་མཆན་ ༤༩ པར་སྡོམ་གསུམ་རྣམ་ངེས་ཀྱི་ལུང་དྲངས་སྐབས་མཚན་ཉིད་ལྡན་པ་རིགས་བརྒྱད་ཁོ་ན་ཡིན།
ཞེས་པ་ལ། གཞུང་རྩ་བ་ལས། མཚན་ཉིད་ལྡན་པ་རིགས་བདུན་ཁོ་ན་ཡིན། ཞེས་འདུག་པས་ནོར་བཅོས་ཡིན།
སྟོན་པ་དྲང་སྲོང་ཆེན་པོ་ཡི། །
རྗེས་སུ་འཇུག་ན་དྲང་བདེན་དགོས། །
དངོས་པོའི་གནས་ཚུལ་དཔྱོད་པ་ལ། །
ངོ་སྲུང་མཟང་རྫུས་གནད་མི་རྟོགས། །
བདེ་གཤེགས་ཆོས་ཚུལ་འོད་སྟོང་ཅན། །
རིས་བྲལ་སྐྱེས་དགུའི་དཔལ་དུ་ཤར། །
ཀུན་ཀྱང་་དེ་ཡི་སྣང་བ་ལ། །
བརྟེན་ནས་ཡང་དག་ལམ་བཟང་རྙེད། །
ཐར་ལམ་རིག་པས་དཔྱོད་པའི་ཚེ། །
ཆེན་པོའི་ངོ་སྲུང་རང་ཁེ་འཚོལ། །
དག་སྣང་སྦྱང་བའི་རྒད་པོ་དག །
ཤེས་རབ་ཅན་དང་མཛའ་བ་མིན། །
བཟོ་བོ་མཁས་པས་སྣ་ཚོགས་རྫས། །
བཟོས་པ་མི་རྣམས་ཀུན་ལ་ཕན། །
རྒྱལ་བས་ཆོས་ཚུལ་མཐས་པ། །
གསུངས་པས་འགྲོ་ལ་མི་ཕན་མེད།
ཐེག་པའི་ཡང་རྩེའི་ཆོས་ཚུལ་ལ། །
འཕྲད་མིན་སྔོན་གྱི་བསོད་ནམས་ཡིན། །
ཆེ་ཟབ་བསྟན་པའི་ཉིང་ཁུ་དང་། །
མཇལ་རྣམས་ཚེགས་མེད་གྲོལ་བར་འགྱུར། །
མགོན་པོ་ཤི་སོང་བ་ཡིན་རྒྱུ་མ་རེད། ཤི་སོང་ན་ལན་བརྒྱབ་རོགས། ང་རོ་ལས་བྱེད་ཀྱི་འགྲོ་དགོས་ལ། བར་རྡོ་ཐོས་གྲོལ་ཡང་འདོན་དགོས། ཁོང་གིས་བར་རྡོ་ལ་གདེངས་ཡོད་མདོགས་སྟོན་གྱི་རེད་མོད། འོན་ཀྱང་འཆི་ནས་ངན་འགྲོར་མི་སྐྱེ་གདངས་མེད་ཅིང་། ཟེར་བ་དེ་ཁོང་ཡིན་ཡ། ཧཧཧཧ
ཁ་སང་དེ་རིང་ཅིག་ལ་ཁ་བརྡ་དྲ་རྒྱ་འདི་ལ་ཡང་གཟའ་ཕོག་འདུག འཚམ་རེད་ཤར་ཡོང་གི་འདུག འཚམ་རེར་རྩ་ནས་མི་ཤར་གི རབ་གསལ་རིན་པོ་ཆེ་འགོག་སྙོམས་ལ་ཞུགས་ཡོད་པ་འདྲ་འདུག
།སྒོམ་སྡེ་སྒོམ་ཆེན་ཕྱི་བའི་བརྟུལ་ཞུགས་བཟུང་།
།མིའུ་ཕྲུག་མི་མངོན་མུན་པའི་ཀློང་དུ་ཐིམ།
།སེང་རལ་སེང་མོའི་བདེ་བས་ར་རོ་བས་།
།ཁ་བརྡ་ཁོག་སྟོང་ཆགས་པའི་ཉེས་ཁ་འདུག
གསེར་ཆོས་མཆོག་གི་གསེར་ཡིག་ཐང་མལ་གདལ། །
གསང་ཆེན་བསྟན་པའི་ངོ་སོ་བསྟོད་པར་བཟང་། །
དངུལ་ཆོས་བྱང་སེམས་ལྡན་པར་ཤིན་ཏུ་གལ། །
ས་ཆོས་སོ་ཐར་བརྟན་པ་མཆོག་ཏུ་བསྔགས། །
མི་ཆོས་ཡ་རབས་གཤིས་བཟང་བདེན་པ་ན། །
ཀུན་གྱི་རྩ་བ་ཟིན་པས་དེ་ལ་འབོད། །
གསང་ཆེན་ཁ་ལ་ཁྱེར་ན་མཁས་པ་མིན། །
བྱང་སེམས་རྒྱུད་ལ་མེད་ན་བཙུན་པ་མིན། །
གནས་བརྟེན་འདུལ་ཆོས་མ་འབད་བཟང་པོ་མིན། །
གྲངས་ཀ་མང་ཉུང་མཆོག་དམན་ག་ལ་འགྲོ། །
མཁས་དབང་གསེར་ཆོས་སོགས་ལ་ཁ་དྲོ་ཞུ། །
དཔལ་ཆེན་དགྱེས་པ་རྡོ་རྗེ་རིན་པོ་ཆེ། །
དེ་རིང་འདི་ན་མཇལ་བས་སེམས་པ་དགའ། །
ཡབ་མེས་བཟང་པོའི་སྲོལ་རྒྱུན་མ་ཉམས་པར། །
འཛིན་པ་ཡ་རབ་སྐྱེ་བོའི་སྤྱོད་པར་གྲགས། །
རྣམ་དག་ལུང་གི་ཉིང་ཁུ་མ་ལོན་པར་། །ཚིག་ཤུན་འདྲེན་པས་གསང་ཆེན་བསྟན་པའི་གནད། །སྨན་པར་རློམ་པར་ཞི་མིས་རང་རྟུག་ལ། །གསེར་དུ་སྒོམ་པའི་དཔེ་རུ་མ་སོང་ངམ།
གནས་ལུགས་གསལ་སྟོང་མཐའ་བྲལ་ཆེན་མོའི་ངང་། །མ་འགགས་ཅི་ཡང་འཆར་བའི་དབྱེར་མེད་དོན། །ཇི་ཙམ་བཤད་ཀྱང་བརྗོད་པའི་ཡུལ་རློམ་ན། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མིན།
ཡོད་ཅེས་བསྒྲུབ་པའི་ངལ་རྩོལ་མི་དགོས་པར་། །མེད་ཅེས་ཆད་པའི་མཐའ་རུ་ལྷུང་དོགས་བྲལ། །རང་བཞིན་གཤིས་ཀྱི་གནས་ལུགས་མངོན་གྱུར་ན། །དགག་སྒྲུབ་སྤྲོས་ཚོགས་ནམ་མཁའི་མཇའ་ལྟར་ཡལ།
བདེན་སྟོང་ཡིན་ཞེས་ཞེན་པ་མེད་པ་དང་། །ཅི་ཡང་མི་སེམས་གང་ཡང་མི་དྲན་སོགས། །མདོ་རྒྱུད་དགོངས་པ་རྟོགས་ན་གནད་གཅིག་ཡིན། །ཚིག་ཚོགས་མང་དུ་སྤྲོས་ན་ཐ་དད་གྱུར་།
བརྟགས་དོན་བཙལ་ནས་མ་རྙེད་གནས་ལུགས་དང་། །ཡོད་མེད་གང་ཡང་མ་རྙེད་གནས་ལུགས་སུ། །འདོད་པ་གཉིས་ཆར་ཐུབ་པའི་དགོངས་པ་གཅིག། །འོན་ཀྱང་རྟོག་གེའི་ཡུལ་དུ་གནམ་ས་བཞིན།
བཤིས་སུ་གྲུབ་པའི་སྟོང་ཉིད་དངོས་པོ་དང་ །བདེན་གྲུབ་རྡུལ་ཙམ་མེད་ཅེས་སྨྲ་བ་གཉིས། །ཚིག་གིས་བཀྲི་ཚུལ་ཙམ་ལས་མཉམ་བཞག་ཚེ། །དམིགས་རྣམ་ཁྱད་པར་མེད་པར་ཁོ་བོས་རྟོགས།
བརྟགས་དོན་ དག་བཅོས བཏགས་དོན
འོ་ཡ་ད་ནི་མདོ་སྔགས་གཉིས་ཀྱི་ཕྱོགས་ལ་བཤད་པ་མང་ཙམ་འདུག་ཀྱང་གནད་དུ་འགྲོ་ད་གཅིག་ཀྱང་མི་འདུག་ཧ་ཧ་ཧ་
མི་འགྱུར་རྡོ་རྗེའི་མདོ་སྔགས་དེ།།
མི་འདྲ་བ་ཞིག་ཡོད་མདོག་རེད།།
ཧ་ཧ་ཧ་ཧ་ཧ་ཧ་
སྤྱིར་གཏང་སྔགས་པ་དག་གི་གོས་དཀར་བོ་འདི་ཡི་ག་རེ་མཚོན་གི་ཡོད་པ་རེད། ཆེ་ཆུང་སོགས་ཚད་གཞི་ངེས་པ་ཡོད་ནི་རེད་དམ། ལྕང་ལོ་འམ་རལ་བ་ཅན་འདི་ཚོའི་རལ་བ་འཇོག་དགོས་དོན་ག་རེ་ཡོད་རེད། གལ་སྲིད་རལ་བ་མེད་ན་སྔགས་པ་ཞེས་འབོད་དུ་རུང་ངམ། རལ་བ་མེད་ན་གསང་སྔགས་གི་ཆོས་སྒྲུབ་རུང་གི་རེད་དམ། དགེ་སློང་ཁྲིམས་ལྡན་ཞིག་ཡིན་ན་གསང་སྔགས་གི་གིས་དབང་བསྐུར་ཆོས་མཆད་སོགས་རང་གིས་ཞུ་བ་འམ་གཞན་ལ་མཆད་སྤེལ་རུང་གི་རེད་དམ།
དེ་མིན་བདེ་བཤེགས་སྙིང་པོ་ལ་མདོ་སྔགས་གི་ལྟ་ཚུལ་མི་འདྲ་བ་ག་རེ་ཡོད་རེད།
སྤྱིར་གཏང་སྔགས་པ་དག་གི་གོས་དཀར་བོ་འདི་ཡི་ག་རེ་མཚོན་གི་ཡོད་པ་རེད། ཆེ་ཆུང་སོགས་ཚད་གཞི་ངེས་པ་ཡོད་ནི་རེད་དམ། ལྕང་ལོ་འམ་རལ་བ་ཅན་འདི་ཚོའི་རལ་བ་འཇོག་དགོས་དོན་ག་རེ་ཡོད་རེད། གལ་སྲིད་རལ་བ་མེད་ན་སྔགས་པ་ཞེས་འབོད་དུ་རུང་ངམ། རལ་བ་མེད་ན་གསང་སྔགས་གི་ཆོས་སྒྲུབ་རུང་གི་རེད་དམ། དགེ་སློང་ཁྲིམས་ལྡན་ཞིག་ཡིན་ན་གསང་སྔགས་གི་གིས་དབང་བསྐུར་ཆོས་མཆད་སོགས་རང་གིས་ཞུ་བ་འམ་གཞན་ལ་མཆད་སྤེལ་རུང་གི་རེད་དམ།
དེ་མིན་བདེ་བཤེགས་སྙིང་པོ་ལ་མདོ་སྔགས་གི་ལྟ་ཚུལ་མི་འདྲ་བ་ག་རེ་ཡོད་རེད།
སངས་རྒྱས་མཆོད་རྟེན་རྣམ་དག་དྲུང་རབ་ཏུ་བྱུང་བའི་གནང་དུས་གཙུག་ཕུད་བྲེག་བ་ཡོང་གྲགས་མོད།
རྗེས་སུ་སྐུ་ཚེའི་རིང་དབུ་སྐྲ་སེལ་བའི་ལོ་རྒྱུས་བཀའ་འགྱུར་ནང་མཐོང་མ་སོང་།
མཇལ་ཡུལ་གྱི་སྐུ་འདྲ་བོད་རྒྱུད་དང་ཐེ་ལན་རྒྱ་ནག་སོགས་ནང་པ་ཚང་མའི་སྟོན་པའི་སྐུ་བརྙན་ཚང་མ་དབུ་སྐྲ་འཁྱིལ་ནས་ཡོད་འདུག་བས་དེ་ཡང་མཛོད་སྤུ་ལྟར་འདོམ་པ་གང་གཡས་སུ་མཁྱིལ་བ་ཡིན་པ་འདྲ།
སངས་རྒྱས་མཆོད་རྟེན་རྣམ་དག་དྲུང་རབ་ཏུ་བྱུང་བའི་གནང་དུས་གཙུག་ཕུད་བྲེག་བ་ཡོང་གྲགས་མོད།
རྗེས་སུ་སྐུ་ཚེའི་རིང་དབུ་སྐྲ་སེལ་བའི་ལོ་རྒྱུས་བཀའ་འགྱུར་ནང་མཐོང་མ་སོང་།
མཇལ་ཡུལ་གྱི་སྐུ་འདྲ་བོད་རྒྱུད་དང་ཐེ་ལན་རྒྱ་ནག་སོགས་ནང་པ་ཚང་མའི་སྟོན་པའི་སྐུ་བརྙན་ཚང་མ་དབུ་སྐྲ་འཁྱིལ་ནས་ཡོད་འདུག་བས་དེ་ཡང་མཛོད་སྤུ་ལྟར་འདོམ་པ་གང་གཡས་སུ་མཁྱིལ་བ་ཡིན་པ་འདྲ།
སངས་རྒྱས་མཆོད་རྟེན་རྣམ་དག་དྲུང་རབ་ཏུ་བྱུང་བའི་གནང་དུས་གཙུག་ཕུད་བྲེག་བ་ཡོང་གྲགས་མོད།
རྗེས་སུ་སྐུ་ཚེའི་རིང་དབུ་སྐྲ་སེལ་བའི་ལོ་རྒྱུས་བཀའ་འགྱུར་ནང་མཐོང་མ་སོང་།
མཇལ་ཡུལ་གྱི་སྐུ་འདྲ་བོད་རྒྱུད་དང་ཐེ་ལན་རྒྱ་ནག་སོགས་ནང་པ་ཚང་མའི་སྟོན་པའི་སྐུ་བརྙན་ཚང་མ་དབུ་སྐྲ་འཁྱིལ་ནས་ཡོད་འདུག་བས་དེ་ཡང་མཛོད་སྤུ་ལྟར་འདོམ་པ་གང་གཡས་སུ་མཁྱིལ་བ་ཡིན་པ་འདྲ།
འདུལ་བའི་ནང་རབ་དུ་བྱུང་ནས་སྐྲ་འབྲེག་དགོས་པའི་བཅས་ཁྲིམས་ཡོད་རེད། འོན་ཀྱང་སངས་རྒྱས་ཉིད་ཀྱིས་དབུ་སྐྲ་བསིལ་ཡོད་ས་མ་རེད། དེ་གསལ་བོ་རེད།
བྱ་རྒྱུད་དཔུང་བཟང་གི་རྗེས་སུ་འབྲིང་སྟེ། །
རབ་བྱུང་རྟགས་དང་ཆོ་ག་མ་གཏོགས་པ། །
ལྷག་རྣམས་ཉམས་སུ་ལེན་པར་དཔུང་བཟང་བཤད། །
ཅེས་འབྱུང་བ་བཞིན་སྔགས་པ་ཁྱིན་པའི་སྤྱོད་པ་བསྟན་འདུག
མ་གཞི་ནས་ཤཀྱ་ཐུབ་པས་ཞལ་སྤུ་ཡང་བྲེགས་མེད་ས་རེད།
ཀོར་ཡའི་ལུགས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་དེ་དག་ལ་ཞལ་སྤུ་རིང་ཐག་ཆོད་ཅིག་བཞག་འདུག སྐབས་རེར་གྷུ་རུ་རིན་པོ་ཆེའི་སྐུ་བརྙན་མིན་ནམ་བསམ་པའི་དྭོགས་པའང་སྐྱེ་བཞིན་འདུག
༈ རེ་ཡིས་རང་གིས་འཛིན་ཅིང་སྒྲུབ་པ་དེ།།
ལེགས་སོ་བཟང་ངོ་དེ་ལས་གཞན་གྱུར་པའི།།
གྲུབ་པའི་མཐའ་དང་ཆོ་ག་ལག་ལེན་སོགས།།
མི་ལེགས་ཞན་ནོ་དམན་ཞེས་ཆོས་སྤོང་གསོག།
དེ་བས་འདི་ན་བདག་ནི་བོད་བརྒྱུད་ཀྱི།།
ནང་བསྟན་ཆོས་བརྒྱུད་ས་དགེ་བཀའ་རྙིང་བཞིའི།།
ཡིན་པ་ཡོད་པའི་ཆོས་མིང་འབོད་པ་ཡིས།།
རང་གི་མྱོང་ཚོར་ལམ་ནས་དྲང་པོར་སྨྲ།།
རབ་བྱུང་རུ་སྨྲིག་གྲྭ་བཙུན་རྣམས་ཀྱིས་ནི།།
རང་ཅག་བསྟན་པའི་གཞི་མ་དགེ་འདུན་ཟེར།།
ཉག་གཅིག་ལྟ་ནས་གོས་དཀར་ལྕང་ལོང་ལ།།
མི་འཚམས་སྤྱི་བརྟོལ་སྤྱོད་པ་སྤྱོད་པོ་ཟེར།།
དེ་བཞིན་གོས་དཀར་སྡེ་པས་ལྟ་བ་ནི།།
མཐོ་ཚུལ་གུང་བསྙེགས་བཤད་ཀྱིས་སྤྱོད་པ་ལྷུང་།།
རབ་བྱུང་སྡེ་རྣམས་ཉན་ཐོས་བྱིས་པ་ཡི།།
ལམ་གྱིས་མྱུར་དུ་མངོན་འཚང་མི་རྒྱ་ཟེར།།
དེ་འདྲའི་མཚང་ཕར་བཤད་དང་ཚུར་བརྗོད་ནི།།
སྔོན་དུས་མ་བྱུང་་གང་ཕྱིར་དེའི་དུས་སུ།།
གང་ཟག་སྐྱེ་འཕགས་ཀུན་གྱིས་བསྟན་པ་ནི།།
ཤིང་སྡོང་གཅིག་གི་འབྲས་བུ་གཅིག་རྟོགས་ནས།།
ཡལ་ག་གྲུབ་མཐའ་ཁག་ནས་བཞེས་ཤིང་རོལ།།
ད་གདོད་སྙིགས་མའི་གུད་པ་ཆེར་བདོའི་ཚེ།།
མི་མཐུན་མི་འདྲའི་ཕྱོགས་རིས་མཚོ་ཆེན་རྡོལ།།
རབ་བྱུང་ང་བཟང་ང་མཁས་ཟེར།།
སྔགས་པས་ང་མཐོ་ངས་ནུས་ཟེར།།
སྤྱིར་ན་དྲང་པོར་བརྗོད་ན་འདི་ལྟ་སྟེ།།
རང་གིས་ཐེག་དང་རང་དང་འཚམས།།
དེ་ལས་ལྷག་པའི་ལྟ་དང་ཐེག་པ་སོགས།།
མེད་ཅེས་བརྗོད་པའང་རིགས་མིན་ཏེ།།
གང་ཕྱིར་རང་ཉིད་སྐལ་བས་དེ་ཙམ་ཟད།།
དེ་བཞིན་ཆོས་སྐད་ཐོན་པས་ཆོས་དེ་མཇལ་སྐལ་ཡང་།།
དེའི་སྣོད་དུ་འགྲོ་འམ་དང་པོར་བརྟག།
གང་ཕྱིར་དེ་ཡི་མཐོན་ལུགས་ཁ་ཁྱེར་ནས།།
བསྟན་པ་སྤྱི་ལ་རྨའང་བྱིན་པར་སྲིད།།
དངོས་གནས་ལེགས་པར་སོམས་དང་རང་གཞན་ཀུན།།
སྤྱིར་གྱིས་སྡོམ་པ་གསུམ་གྱི་རྣམ་གཞག་སྟེ།།
དེ་ཡང་སྲུང་བར་དཀའ་སླའི་གོ་རིམ་གྱིས།།
སོ་ཐར་བྱང་སེམས་རིག་འཛིན་སྔགས་སྡོམ་ཡིན།།
འོན་ཏང་བདག་ཉིད་གཅིག་པུར་ཚོད་དཔག་ན།།
ངུར་སྨྲིག་ཙམ་གྱོན་དུས་སྙིགས་འདི་ལྟ་བུར།།
འདུལ་ཁྲིམས་སླ་བའི་གྲལ་དུ་བརྩིས་པ་དེའང་།།
བསྲུང་བར་ལྷག་པར་དཀའ་ན་གཞན་ཅི་སྨོས།།
དེ་བཞིན་དཔེར་ན་བྱང་སེམས་སྡོམ་པའི་སྐབས།།
མ་ལུས་ཡིད་ཅན་རྣམས་ཀྱི་དོན་དུ་བདག།
སངས་སྒྱས་སྒྲུབ་པར་དཀའ་ན་སྣང་སྲིད་ཀུན།།
ཡེ་ནས་སངས་རྒྱས་དག་པར་ཇི་ལྟར་བཟོད།།
འོན་ཀྱང་མི་ནུས་ཞེས་སུ་འདོད་པའང་མིན།།
གང་ཕྱིར་སྐལ་བཟང་དུས་སུ་མང་དུ་བྱུང་།།
ད་ནི་དེ་ནས་གཞན་ཡང་ཉན་ཐོས་ཀྱི།།
རིགས་སུ་སྐྱེས་པས་ཀྱང་ནི་རང་ཉིད་ཀྱི།།
འཐད་པའི་ལམ་པོ་ཁོ་ནས་རྒྱལ་བ་ཡི།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དཔག་ཡས་ཀྱི།།
སྣ་ཚོགས་གོང་མའི་ཐེག་པའང་ཡོད་པར་ཁས།།
དེ་ལྟར་བྱས་ན་སྟོན་པའི་བསྟན་པ་གཅིག།
མ་ཏིས་གསུངས་བཞིན་ཆུ་ཕྲན་སྟོང་ཕྲག་དག།
གངྒའི་ཀློང་དུ་ཀུན་གིས་གཅིག་ཏུ་རྟོགས།།
སརྦ་མངྒ་ལཾ།