—-མཚམས་སྦྱོར་བ། བློ་བཟང་།
ཆེས་བཀུར་བར་འོས་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་སྙན་ལམ་དུ།
བོད་ས་ཁྱོན་ཡོངས་རྒྱ་ནག་གིས་བཙན་བཟུང་བྱས་ཏེ་དུས་རབས་ཕྱེད་ལྷག་འདས་ཀྱང་། ༧གོང་ས་༧སྐྱབས་མགོན་ཆེན་པོའི་རླབས་ཆེན་དབུ་ཁྲིད་ཀྱི་ནུས་སྟོབས་འོག བོད་དང་བོད་ཀྱི་ཁྱད་ནོར་འཇིག་རྟེན་ཧྲིལ་པོར་རྡོ་ལ་རི་མོའི་ཚུལ་དུ་གྱུར་ཡོད་པ་མ་ཟད། ཆོས་སྲིད་རིག་གནས་གང་ཅིར་ལོ་ངོ་བརྒྱ་ཕྲག་དུ་མར་འབྲེལ་འདྲིས་ཤིན་ཏུ་ཟབ་པའི་ཁྱིམ་མཚེས་རྒྱ་གར་འཕགས་པའི་ཡུལ་དུ་དབུས་བོད་མིའི་སྒྲིག་འཛུགས་བརྟན་པོར་བཙུགས་ཏེ་ཁྲིམས་སྒྲིག་གིས་དབང་བསྒྱུར་བའི་མང་གཙོའི་ཀ་བ་གསུམ་གྱི་བྱེད་སྒོ་རྣམས་མི་སྨོན་རང་སྐྱིད་དུ་གྱུར་ཡོད་པ་རང་གཞན་སུས་ཀྱང་བསྙོན་དུ་མེད། ད་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ནི་ ༢༠༡༡ ལོར་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ཀ་བ་གསུམ་ལ་ཆ་བགོས་བྱས་རྗེས་ཀྱི་འོས་བསྡུ་ཐེངས་དང་པོ་དེ་ཡིན་པས། བོད་ཀྱི་མ་འོངས་པ་དང་ད་ལྟའི་གནས་བབ་གང་ཐད་ནས་ཧ་ཅང་གལ་འགངས་ཆེ་བ་ཞུ་མ་དགོས། བོད་གཞིས་བྱེས་གཉིས་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་དུ་ཐེངས་འདིའི་འོས་བསྡུ་ལ་དམིགས་བསལ་ཐུགས་སྣང་གནང་བཞིན་པའི་སྐབས་འདིར། འདི་ག་མངའ་རིས་སྤྱི་མཐུན་ཚོགས་པའི་ངོས་ནས་ཀྱང་བསམ་ཞིབ་གྲོས་བསྡུར་མཐིལ་ཕྱིན་གནང་མཐར་གལ་གནད་ཆེན་པོ་གསུམ་ལ་བརྟེན་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་འོས་མིར་འདོན་རྒྱུར་རྒྱབ་སྐྱོར་ཞུས་པ་ཡིན།
དང་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོའི་འཕྲལ་ཡུན་ལམ་སྟོན་ནི་བོད་མི་རིགས་ཀྱི་མདུན་ལམ་གསལ་བའི་སྒྲོན་མེ་གཅིག་པུ་དེ་ཡིན་རུང་། ད་ཆ་༧གོང་ས་མཆོག་དགུང་ན་སྨིན་པ་མ་ཟད། བོད་མིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་སོགས་གང་ཐད་ནས་ལོ་ཤས་ནང་བོད་དོན་ཐག་གཅོད་ཅིག་མ་བྱུང་ཚེ། བོད་ཀྱི་བསྟན་སྲིད་མི་རིགས་རྩ་བརླག་ཏུ་འགྲོ་ཉེན་ལ་བརྟེན། ༧མགོན་པོ་གང་གི་རླབས་ཆེན་དགོངས་གཞི་རྣམས་ཚུལ་བཞིན་རྟོགས་ནས་ལག་བསྟར་ཐུབ་མཁན་དང་། གཉན་འཕྲང་གི་དུས་ཚོད་ཇི་ཙམ་ཡིན་པ་ཤེས་མཁན་ནི་སྲིད་སྐྱོང་འོས་མིའི་ཁྲོད་ཁོང་ལས་ལྷག་པ་མེད་པ་དང་།
གཉིས་པ། བོད་རྒྱའི་དཀའ་རྙོག་གང་མྱུར་བསལ་ཏེ་༧གོང་ས་མཆོག་རང་ཡུལ་གངས་ཅན་ལྗོངས་སུ་ཆིབས་བསྒྱུར་གནང་རྒྱུ་ནི་དབུ་མའི་ལམ་གྱི་འབྲེལ་མོལ་ལ་རག་ལུས་པས། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གནད་དོན་ཚང་ལ་མ་ནོར་བ་རྟོགས་མཁན་དང་། དེ་ལག་བསྟར་གྱི་སྤོབས་པ་བཅས་སྲིད་སྐྱོང་འོས་མིའི་ཁྲོད་ཁོང་ལས་ལྷག་པ་མེད་པ།
གསུམ་པ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ལས་དོན་བཅས་ལ་མཁྱེན་རྟོགས་དང་རྒྱུས་མངའ་ཚད་ལྡན་ཡོད་པ་མ་ཟད། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ལྷུང་སྤངས་པའི་ཐོག བཤད་ན་བཤད་ཕོད་པ་དང་། བྱེད་ན་བྱེད་ཕོད་པའི་བློ་སྟོབས་མངའ་བ་བཅས་ལ་བརྟེན། འདི་ག་ཚོགས་པའི་ངོས་ནས་བོད་མི་རིགས་ཀྱི་མདུན་ལམ་ལ་ལྷག་བསམ་རྣམ་དག་གིས་འགན་འཁུར་བའི་ཐོག་ནས་རྒྱབ་སྐྱོར་གསལ་བསྒྲགས་འདི་སྤེལ་བ་ཡིན།
མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༢༠༡༦ ཕྱི་ཟླ་ ༡ ཚེས་ ༢༨ ཉིན།
མངའ་རིས་སྤྱི་མཐུན་ཚོགས་པས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་འོས་མིར་བཏོན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གནད་འགག་གི་སྐབས་སུ་བོད་སྤྱི་བའི་དོན་ལ་བསམ་བློ་བཏང་བར་རྗེས་སུ་ཡི་རེངས་ཡོད། ཆོལ་ཁའི་འཐེན་འཁྱེར་གྱིས་འགོ་འཛུགས་མཁན་དང་སྤེན་པ་ཚེ་རིང་ལ་ཆབ་སྲིད་ཀྱི་ཟློས་གར་བརྩམས་ཏེ་མིང་འཆལ་བཟོ་མཁན་ནི་ཁམས་པའི་འགོ་ཁྲིད་མི་ངན་ཁ་ཤས་ཤིག་ཡིན་པ་མ་གཏོགས་ཆོལ་ཁ་གཞན་ལ་ཁག་དཀྲི་བྱེད་རྒྱུ་མེད། ཚོགས་གཙོ་སྤེན་པ་ཚེ་རིང་ལ་བརྙས་བཅོས་གཏོང་རྒྱུ་མང་དྲགས་སོང་། མི་མང་གིས་ཀྱང་ཁོང་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ལ། བྱེད་དགོས་ངེས་ཤིག་ཀྱང་རེད། སྲིད་སྐྱོང་གི་འོས་བསྡུ་འགོ་འཛུགས་སྐབས་མི་ངན་དཔུང་སྒྲིག་བྱས་ཏེ་ཆེད་མངགས་སྤེན་པ་ཚེ་རིང་ལ་གཞི་མེད་སྒྲོ་འདོགས་ཀྱིས་སྐྱོན་འཛུགས་བྱེད་ཀྱི་ཡོད། དཔུང་སྒྲིག་ཚོགས་པ་དེའི་ནང་གི་མི་མང་ཆེ་ཤོས་དང་མངོན་གསལ་དོད་ཤོས་ནི་མདོ་སྟོད་ཀྱི་མི་ཡིན་པ་མ་ཟད། ཁོང་ཚོ་མངོན་སུམ་དོད་པོས་མདུན་ལ་ཐོན་ནས་འོས་སྡུད་ལས་ཁངས་ལ་སྐྱོན་འཛུགས་ཀྱི་ཡི་གེ་དོན་ཚན་མང་པོ་བཏང་ཡོད་ཀྱང་ཁོང་ཚོས་བློ་བཟང་སེང་གེས་འོས་སྡུད་སྒྲིག་གཞི་ལ་འགལ་འཛོལ་བྱས་པའི་སྐོར་ཚིག་གཅིག་ཀྱང་མེད་པར་སྤེན་པ་ཚེ་རིང་ཁོ་ན་དམིགས་འཐེན་ལ་བཟུང་ནས་གང་ཐུབ་ཅི་ཐུབ་ཀྱིས་སྐྱོན་འཛུགས་བྱས་ཡོད། xxxxx དེ་ལས་ཀྱང་ཧང་སངས་བ་ཞིག་ལ་ཁོང་ཚོས་ཀླུ་མཁར་བྱམས་དང་སྤེན་པ་ཚེ་རིང་གི་འགལ་བ་བེད་སྤྱོད་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་ཀླུ་མཁར་བྱམས་ཡར་ལ་བཅག་ནས་སྤེན་པ་ཚེ་རིང་ལ་དམའ་འབེབས་ཁྱད་གསོད་བྱས། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཀླུ་མཁར་བྱམས་ཀྱི་རང་བཙན་གཙང་མའི་ལངས་ཕྱོགས་ཀྱི་དྲིལ་བསྒྲགས་དང་འོས་སྡུད་ལའང་དོ་ཕོག་ཤུགས་ཆེར་ཕྱིན་པ་མ་ཟད། དབུས་གཙང་བ་དང་ཨ་མདོ་བ་ཚོས་སྲིད་སྐྱོང་གི་འོས་བསྡུའི་འཁྲབ་སྟོན་ལ་ལྟད་མོ་བལྟས་ནས་སྤེན་པ་ཚེ་རིང་ལ་བརྙས་བཅོས་དང་གནོད་འཚེ་བཏང་བའི་བརྒྱུད་རིམ་ལ་མི་བཟོད་པའི་སེམས་ཁུར་བྱུང་བ་མ་ཟད། ཉམ་ཆུང་མཐའ་ནས་སྐྱབས་ནས་བཙན་པོར་ཁ་གཏད་གཅོག་དགོས་པའི་གཞན་ཕན་གྱི་སེམས་བསྐྱེད་བྱུང་ཡོད་ལ། ཟླ་བ་འགའ་ཤས་ནང་དུ་བློ་བཟང་སེང་གེའི་མཐོང་དང་ཆ་འཇོག་མར་ཆགས་ཏེ་སྤེན་པ་ཚེ་རིང་ལ་མི་མང་རང་བཞིན་གྱིས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་མ་སྐུལ་དངས་བླངས་ཀྱིས་བྱུང་དང་འབྱུང་གི་ཡོད་ལ། མངོན་སུམ་དོད་པོས་སྤེན་པ་ཚེ་རིང་གི་ཆེ་མཐོང་ཤུགས་ཆེར་ཕྱིན་ཏེ་མི་ངན་ཚོས་ཉམ་ཆུང་ལ་གནོད་འཚེ་བཏང་ན་མི་བཟང་ཚོས་གདུང་སེམས་མཉམ་སྐྱེད་བྱེད་པའི་སྐུལ་མ་བཏང་ཡོད། མི་ངན་ཚོས་བྱེད་སྟངས་དེས་བློ་བཟང་སེང་གེ་ལའང་གནོད་སྐྱེལ་ཡོད། སྤྱིར་བཏང་བྱས་ན་བློ་བཟང་སེང་གེ་༢༠༡༦ ལོའི་སྲིད་སྐྱོང་ལ་ཐོབ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཡིན་ནའང་མི་ངན་དེ་ཚོས་བྱེད་སྟངས་དེས་མི་མང་ལ་དོ་ཕོག་ཕྱིན་ཏེ་ད་ནི་ཐག་གཅོད་གཙང་མ་ཞིག་དང་རྣམ་འགྱུར་ཞིག་སྟོན་དགོས་པའི་སྐུལ་མ་ཐེབས་ཀྱི་ཡོད། མི་ངན་འདི་ཚོའི་འཁྲབ་སྟོན་བྱེད་སྟངས་དེས་ཀླུ་མཁར་བྱམས་ལ་ཨ་མདོའི་ནང་དུ་རང་བཙན་འཐབ་རྩོད་པ་དཔའ་བོ་ཞིག་ནས་མདོ་སྟོད་ཀྱི་མི་ངན་དཔུང་ཁག་གི་རྒྱུགས་ཁྱི་ཞིག་ཏུ་གྱུར་ཡོད་ལ། མི་མང་ཕལ་ཆེ་བས་རྒྱབ་སྐྱོར་དང་རེ་བ་བཅིངས་པའི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་དེ་མི་ངན་ཚོས་ངན་ཇུས་དང་ཁེ་ཕན་མཚོན་བྱེད་དུ་གྱུར་བ་རེད། མདོ་སྟོད་ནང་གི་མི་ངན་འདི་ཚོའི་ངན་ཇུས་ནང་ལྷུང་བའི་མི་སུ་ཡིན་ཡང་དཀར་པོ་ཞིག་མེད་པ་མ་ཟད། རླུང་རྟ་ཆག་པའི་རྒྱུ་ཁོ་ནར་འགྱུར་གྱི་ཡོད། དེའི་རྒྱུ་མཚན་ནི་མི་ངན་འདི་ཚོའི་ཀུན་སློང་ནི་རྒྱུ་ངན་པའི་ཀུན་ནས་བསླངས་ཏེ་མི་ལ་གནོད་འཚེ་ཁོ་ན་གཏོང་གི་ཡོད་པས་ཡིན་པ་རེད། ད་སྐབས་སྲིད་དོན་གྱི་འཁྲབ་སྟོན་དེའི་ནང་དུ་ཉིན་རེ་བཞིན་མི་མང་གཉིད་སད་དེ་༢༠༡༦ ལོའི་སྲིད་སྐྱོང་གི་འོས་བསྡུའི་རྒྱལ་ཁ་དེ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཕྱོགས་ཀྱི་ཡོད།
ང་བློ་སེང་ལགས་ལ་རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན་ན་ཡང་། མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས། སྤེན་ཚེ་ལགས་ལ་རྒྱབ་སྐྱོར་བྱས་པ་ཡང་མ་འགྲིགས་མེད། གང་ཡིན་ཟེར་ན། མངའ་རིས་པ་རྣམས་བློ་སེང་གི་བྱེད་སྟངས་རིགས་ཅིག་བློ་ཁ་མ་འཚིམས་པ་བསྟན་ཙམ་རེད། འདིས། བློ་སེང་སྲིད་སྐྱོང་ཐོབ་པ་གནོད་ཐུབ་བགྱིད་མ་རེད། གང་ཡིན་ཟེར་ན་་་་་་་་
མངའ་རི་སྤྱི་མཐུན་ཚོགས་པས་སྔོན་འགྲོ་ལ་བཀྲིས་དབང་འདུད་ལ་རྒྱབ་སྐྱོར་གནང་ནས་བཀྲིས་དབང་འདུདབརྡབས་པ་རེད་།
དངོས་གཞི་ལ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་པ་དེ་སྤེན་ཚེ་བརྡབས་ཇུས་མ་རེད་དམ་ཧཧཧཧཧཧ
ཕྱོགས་གཏོགས་ལ་འགན་འཁུར་ནས་བཙན་བྱོལ་སྤྱི་འདི་དཀྲུགས་མ་བཏང་ན་ཡག་ལི་རེད་དོ་།
དགུང་ན་སྨིན་པ་རེད་དགུང་ལོ་མཐོ་བ་རེད་ཧཧཧཧཧ
སྤྱིར་ན་ང་རང་བློ་སེང་ལ་རྒྱབ་སྐྱོར་བ་ཞིག་ཡིན་པའི་ཐད་ནས་ད་རེས་མངའ་རིས་སྤྱི་མཐུན་ཚོགས་པས་འོས་མི་གཞན་ཞིག་བཏོན་དུས་སེམས་ནང་དངངས་སྐྲག་འདྲ་ཞིག་བྱུང་སོང་། བསམ་བློ་ཞིབ་ཚགས་གཏོང་དུས་སྐྲག་དགོས་དོན་མི་འདུག་སྙམ་སོང་། སྔོན་འགྲོའི་འོས་བསྡུ་ལ་མངའ་རིས་ཀྱིས་ད་སྐབས་བཞིན་བཀྲ་ཤིས་དབང་འདུས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད། འོན་ཀྱང་བཀྲ་ཤིས་དབང་འདུས་ལ་འོས་ཤོག1667ལས་ཐོབ་མེད། འོས་ཤོག་འདིའི་ནང་དུ་ཆབ་མདོའི་ཕྱོགས་ནས་མི་500ལྷག་གིས་འོས་བླུག་ཡོད་པའང་གཏན་ཁེལ་ཡིན་སྟབས། ལྷག་འཕྲོས་འོས་ཤོག་1000ཙམ་དེ་མངར་རིས་ཁོངས་ནས་བླུག་ཡོད་དབང་དུ་བཏང་རུང་མངའ་རིས་མི་འབོར་གྱི་བརྒྱ་ཆ་གཉིས་གསུམ་ཙམ་གྱིས་མ་གཏོགས་འོས་འཕེན་མེད། དེ་ལས་མཐོང་ཐུབ་པ་ནི་མངའ་རིས་མི་མང་ལ་མངའ་རིས་སྤྱི་འཐུས་ཚོགས་པས་མཛུབ་གུ་ག་སྟོན་ཤར་མི་པར་གསལ་པོ་ཆགས་པ་རེད།
བསྟན་རྣམ་ལགས་ཀྱིས་གནད་དོན་ངོ་མ་དེ་བྲིས་འདུག དཔེ་ཡག་པོ་རེད། འདི་ལོ་ལ་མི་ངན་འགའ་གི་བྱེས་སྟངས་དེ་གིས། ཁམས་པ་ལ་བག་ཆགས་ངན་པ་བཞག་སོང་། དུས་རབ་ཉེར་གཅིག་པ་གི་ནང་ལ། སྤྱོད་པ་དེ་ཚོ་འགྲོ་ས་མེད་པ་གསལ། གཙོ་བོ་དབུས་གཙང་མངའ་གསུམ་གྱི་ཆིག་སྒྲིལ་ནུས་པ་ལ་ལྟ་རྒྱུ་རེད། ཐོབ་ན་ཤོར་ན་སྤེན་པ་ཚེ་རིང་མི་གཅིག་རེད། མདོ་སྨད་ལ་ལྟ་སོ་མེད། མི་སྤར་ར་གང་རེད། དེ་ཚོ་གི་ནང་ནས་ཡི་གེ་འབྲི་ཤེས་མཁན་ཁག་ཅིག་སྤེན་ཚེ་ལ་མི་དགའ། ཁོ་ཚོ་ལ་སྲིད་དོན་གྱི་བསམ་བླའི་དྲི་ཙམ་ཡང་མི་དྲོ། སྲིད་དོན་ནི་འགྲན་རྩོད་རེད། འགྲན་རྩོད་ཀྱི་དམིགས་ཡུལ་ནི་རང་ཕྱོགས་རྒྱལ་རྒྱུ་དེ་རེད། ཡི་གེ་འབྲི་ཤེས་མཁན་དེ་ཚོ་གི་སེམས་ལ། སྲིད་དོན་ཟེར་ན་གཡོ་སྒྱུ་རེད་བསམ་ཡོད།
དབུས་གཙང་མངའ་གསུམ་དང་ཚོགས་གཙོ་སྤེན་རྒྱལ་ངེས་ཡིན།
སྤེན་ཚེས་གུང་བྲན་ཏང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་རྒྱུས་མངའ་ག་རེ་ཡོད་རེད་དམ། ཧཧཧཧཧ་་་་་་མངའ་རིས་ཚོགས་པ་འདི་ཡང་མངོན་སུམ་ལ་སྙོན་གདིང་མཁན་ཅིག་རེད་ཨེ་འདུག་གམ། དེ་འདྲའི་རྒྱུས་མངའ་ཡོད་ན་མི་ལོ་ཉི་ཤུ་ཙམ་རིང་ནང་བོད་ཀྱི་དཀའ་ངལ་དེ་མ་སེལ་ནས་རྡ་སར་ཉིན་འཁྱོལ་བྱས་ཡིན་ནམ། ཡང་ན་སུས་ལམ་ཁ་བཀག་སོང་ངམ། སུས་མི་ཆོག་ཟེར་སོང་ངམ། མངའ་རིས་ཚོགས་པ་ཡག་མོ་འདུག་ན་དགའ་རེད་གདའ། ཆོལ་གསུམ་ཁ་གཏོར་ན་མངའ་རིས་ཕྱོགས་ལ་གྱོང་ལས་ཡོད་མ་རེད་དོ།།
ཚོགས་གཙོ་སྤེན་ཚེས། དུས་དབང་ཕྱི་རྒྱང་བྱེད་སྟངས་སྐོར་ལ།
https://www.facebook.com/labrang.jinpa/videos/953337048074776/
ང་རང་ཨ་མདོ་བ་ཞིག་ཡིན། ཉིས་སྟོང་བཅུ་གཅིག་ལོའི་སྲིད་སྐྱོང་གི་འོས་སྔོན་འགྲོ་དང་དངོས་གཞི་གཉིས་བློ་བཟང་སེང་གེར་བླུགས་ཡིན། ཕྱོགས་རིས་འདྲ་བོ་བྱས་ན་ངས་སྔོན་འགྲོའི་སྐབས་སྤེན་པ་ཚེ་རིང་ལ་བླུགས་དགོས་རེད་མོད། ཡིན་ན་ཡང་ངས་སྤེན་པ་ཚེ་རིང་ལ་བླུགས་རྒྱུའི་བསམ་བློ་ཞིག་འཁོར་མ་སོང་། རྒྱུ་མཚན་སྐབས་དེར་ངས་བསམ་པར་ང་ཚོ་ལ་ཁ་ཚ་དགོས་གཏུགས་ཀྱིས་མཁོ་བའི་སྲིད་སྐྱོང་ནི་སུས་འཇོན་མིན་ལ་ལྟ་དགོས་པ་ལས། སུ་དང་ཡུལ་ཕྱོགས་གཅིག་མིན་དེ་ང་ཚོའི་རྩ་དོན་མིན་པ་ཤེས་པས་ཡིན། སྔོན་འགྲོའི་འོས་བསྡུ་ཚར་ཏེ་དངོས་གཞིའི་འོས་བསྡུའི་བར་གྱི་ཟླ་གསུམ་བཞི་དེའི་རིང་ལ་ངས་བློ་བཟང་སེང་གེར་བཅངས་བའི་ཡིད་ཆེས་ཏོག་ཙམ་མར་ཆག་སོང་། སྐབས་དེར་དྲ་རྒྱ་ཁག་དང་སྤྱི་ཚོགས་ཁྲོད་ཁོང་གིས་ཧམ་བཤད་དང་ཐ་ན་རྫུན་གཏམ་ཡང་བཤད་བཞིན་་པའི་ལབ་གླེང་སྣ་ཚོགས་མཐོང་ཐོས་བྱུང་བས་ཡིན། གཞུག་ནས་གང་ལྟར་དངོས་གཞིའི་འོས་དེ་ཡང་ཁོ་ལ་བླུགས་ཡིན། བླུགས་དོན་ནི་ཁོ་ཁྲིམས་ལུགས་ཆེད་སྦྱངས་བྱས་པའི་མི་སྣ་ཞིག་ཡིན་པས་རྒྱལ་སྤྱིའི་ཁྲིམས་ནས་བོད་དོན་ལ་འབྲས་བུ་རེ་ཐོབ་པར་རེ བ་དང་། ནུབ་ཕྱོགས་ཀྱི་རང་དབང་དང་འདྲ་མཉམ་གྱི་མཁའ་དབུགས་རྔུབ་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས་ང་ཚོའི་ཕྱོགས་ཞེན་གྱིས་མྱོས་པའི་སྤྱི་ཚོགས་འདིར་བཟང་ཕྱོགས་ནས་་ཤུགས་རྐྱེན་རེ་འུ་སྤྲོད་ལ་རེ་བས་ཀྱང་ཡིན། ཡིན་ན་ཡང་གཉིས་ཀ་མ་བྱུང་ཐ། ད་ལོ་འོས་ཤོག་གཉིས་ཀ་སྤེན་པ་ཚེ་རིང་ལ་བླུགས་ཀི་ཡིན། བློ་བཟང་སེང་གེ་ལས་ཁོ་རང་ཕྱི་གསལ་ནང་གསལ་ཞིག་དང་། བོད་དོན་་ལ་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་རེད་བསམ་བསམ་ཞིག་འདུག
ཧེ་་་་་མྱྀ་ནག་ལགས།
སེམས་ལ་ཞོག་ཨ་་་་་་བློ་སེང་གིས་མ་འཇོན་པར་ཞིག་སྤེན་ཚེས་འཇོན་རྒྱུ་དཀའ་ལས་ཁག་པོ་རེད་སྙམ། ཡིན་ནའང་ལྟད་མོ་རྗེས་ལ་བལྟས་ཆོག་རེད་གདའ། མུན་ནག་ལྐོག་མདའ་མ་འཕེན་ཨ་་་་་སྐད་ཅ་ཁ་གསལ་བཤད་ཤོག་་་་ཞོར་དུ་བདེན་པ་བརྡར་བསམ་ན་རང་མདོག་ཀྱང་དངོས་སུ་ཐོན་ན་ཡག་ཀི་རེད་དོ།།
བློ་སེང་གི་བཀའ་མོལ་བཟོ་གྲྭའི་ལས་བཟོ་པ་ཏྲེ་ཧོར་བྱམས་པ་རིན་ཆེན་དང་ཀརྡོ་གཉེར་ཕྱག་པ་གཉིས་ཀྱིས་ངུ་ཟུག་བྱེད་ཀྱིན་འདུག ངུ་སྐད་འཆོར་གྱིན་འདུག ཁྱེད་ཚོ་ལ་ཁག་མི་འདུག་ད་སྐབས་མི་མངས་རྨོངས་གཉིད་ལས་སད་དེ་བདེན་པ་ལ་རྒྱབ་སྐྱོར་དང་།མི་རིགས་ཀྱི་ཕུགས་འདུན་ན་ཡང་དག་པའི་བསམ་བློའི་གོ་རྟོགས་འཕེལ་གྱིན་འདུག མངའ་རིས་ཚང་ལ་བཀྲ་ཤིས་བདེ་ལེགས་ཡོད།ཁྱེད་ཚོས་ནོར་མི་འདུག་ལ་རང་རིགས་ལ་ཕན་པའི་བྱ་བ་བཟང་པོ་ཞིག་བསྒྲུབ་འདུག ཞལ་དྲོ་བྱ་བ་ལམ་འགྲོ་ཡོང་བར་སྨོན།
རླུང་ཐོག་ལགས། ཅིག་ཉན་དཱ། ཁྱོད་གི་འདོད་པ་དང་ཁམས་ཀི་འདོད་པ་ནང་བཞིན་མ་བྱུང་ན་ནང་ཤི་དམེ་ཡོང་དགོས་པ་གང་ཡིན་ན་ཨ། ག་ག་ལོ་ཁྱོད་ཚོ་གི་འདོད་པ་ནང་བཞིན་འགྲོ་དགོས་རེད་པས། བོད་རིགས་ཀི་ཁོངས་ལ་དབུས་གཙང་མངའ་གསུམ་དང་མདོ་སྨད་པ་ཚོ་མེད་པ་རེད་པས། རང་མདོག་སྟོན་མ་བསྡད་ཨ། བོད་མི་རིགས་དང་རིག་གཞུང་ལ་བསམ་བློ་གཏོང་གི་མ་རེད་པས། རྒྱལ་ཁབ་གཞན་གྱི་གནས་ཚུལ་མི་མཐོང་བ་ཅི་རེད། མང་གཙོ་ཟེར་བ་ཅི་ཡིན་མི་ཤེས་པ་གང་ཡིན་ན།
སེང་གེ་བཀའ་ཤག་འདིས་དུས་དབང་ཕྱིར་འགྱངས་སྐོར་མི་མང་ལ་ཞལ་རྫུན་གསུངས་འདུག དོན་ལ་སེང་གེ་འདི་གཡོ་སྒྱུ་འཁྲབ་སྟོན་པ་ཆེད་མཁས་ཅིག་ཡིན་ཐག་ཆོད་འདུག
དུས་དབང་གི་སྐོར་ལ་གོང་ས༧མཆོག་གིས་བཀའ་གསལ་པོ་གནང་ཟིན་ཡང་ཉན་མ་ཤེས་མཁན། ད་འོ་ན་བློ་སེང་གིས་རྫུན་རྐུབ་ལ་རྒྱལ་བ་མཆོག་གིས་ཡོ་བསྲང་བྱས་རེད་དམ། ཕོ་ཁྱོ་ཀ་ཡིན་ན་ལན་ཅིག་རྒྱོབ་དང་དྲི་བ་འདི་ལ་་་་་་་་ཧཧཧཧཧཧ་་་་་་་་
དུས་དབང་ཕྱི་འགྱངས་དེ་སྨན་པས་ལམ་སྟོན་ཡིན་པ་གསལ་པོ་མ་རེད་དམ་།
ཕྱི་ཟླ་དང་པོའི་ཚེས་16ལ་དུས་དབང་རེད་།
གོང་ས་མཆོག་སྨན་བཅོས་དང་དུས་ཚོད་གཅིག་པ་མ་རེད་དམ་།
ད་དུང་མགོ་འཐོམ་གྱི་འདུག་ན་དགའ་ལྡན་ཕོ་བྲང་གི་ཡིག་ཚང་འདྲིས་ན་
གསལ་པོ་ཆགས་ཀྱི་རེད་།
མཐོ་རིམ་མི་སྣ་ཚོ་འོས་ཤོག་ཆེད་ཞི་བའི་མི་མང་མ་དཀྲུགས་ན་ཡག་གི་
རེད་དོ་།
མ་སྐུལ་དྭངས་ལངས་མིན་པར། ་ཚོགས་གཙོ་སྤེན་ཚེས། མངའ་རིས་པ་ཚོ་ལ། རྒྱབ་སྐྱོར་རེ་སྐུལ་བྱས་པ།
http://www.rfa.org/tibetan/exile/sikyong-and-chithue-elections-2016/ngari-to-support-sikyong-candidate-penpa-tsering-01282016122550.html
མངའ་རིས་ས་གནས་གཉིས་ནས་ད་ལོ་ཆ་ཤས་མ་བླངས་ན། ཞེས་པ་ཞིག་ཀྱང་བྱུང་འདུག
ཤོག་ཐོག་གི་རྒྱབ་སྐྱོར་དང་ལག་ལེན་གྱི་རྒྱབ་སྐྱོར་གཉིས་ལ་གནམ་ས་ལྟབུའི་ཁྱད་པར་ཡོད་པ་ཤེས་དགོས་།
ངས་ལྟས་ན་ད་ལོ་སྤྱི་ཚོགས་ཁྲོད་བག་ཆག་ངན་ཤོས་བཞག་མཁན་དེ་དབུས་གཙང་དབུས་རྒྱུན་དང་མངའ་རིའི་སྤྱི་འཐུན་ཚོགས་པ་གཉིས་ཆགས་སོང་། དབུས་སྤྱི་ཟླ་བ་ཚེ་རིང་གིས་འགོ་ཁྲིད་པའི་དབུས་གཙང་དབུས་རྒྱུན་གྱིས་ཚོགས་གཙོ་སྤེན་པ་ཚེ་རིང་འོས་མིར་སྟོན་པ་དེ་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་ལས་སྤྱི་སེམས་ཁྱེར་ནས་བྱས་པ་ཞིག་མ་རེད། ཁོ་ཚོས་འདི་ལྟར་བྱེད་དོན་ནི་འོས་མི་སྟོན་མཁན་དབུས་གཙང་དབུས་རྒྱུན་ཡིན་པས་དབུས་གཙང་མི་མང་གིས་རྒྱབ་སྐྱོར་རག་པ་དང་། སྟོན་རྒྱུ་དེ་མདོ་སྨད་སྤྱི་འཐུས་ཡིན་པས་མདོ་སྨད་མི་མང་གིས་རྒྱབ་སྐྱོར་རག་པ་བྱེད་བསམ་པ་རེད། འོན་ཀྱང་མིའི་བསམ་ཐོག་རྟ་ཡིས་མི་རྫི་བའི་དཔེ་བཞིན་སྔོན་འགྲོའི་འོས་སྡུ་ནང་དབུས་གཙང་དང་མདོ་སྨད་མི་མང་གིས་ཁོ་ཚོའི་ཆབ་སྲིད་འཁྲབ་སྟོན་ལམ་སློང་ཡོང་བཅུག་མེད་པས་ཁོ་ཚོ་ངོ་ཚ་ཁ་སྐྱེང་གི་གནས་སུ་ལྷུང་ནས། སྐད་འཕྲིན་ཚོགས་པ་འདྲ་མིན་བཙུགས་ནས་ཆོལ་ཁའི་ཞེན་ཁོག་སྤེལ་ཐབས་བྱེད་ཀྱི་འདུག་ལ། ད་དུང་གཞིས་ཆགས་ནང་གི་རྒན་རྒོན་ཚོ་ལ་ཁ་པར་སོགས་རྒྱུད་ལམ་སྣ་ཚོགས་ནས་སྲིད་སྐྱོང་གིས་ཨ་རིའི་དོན་གཅོད་ནང་གི་གོང་ས་མཆོག་གི་སྐུ་པར་མར་ཕབ་སྟེ་རང་ཉིད་ཀྱི་པར་ཡར་བཞག་ཡོད་རབས་སོགས་བཤད་ནས། རྒན་རྒོན་ཚོ་གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་པ་དེ་བེད་སྤྱོད་ལོག་པར་གཏོང་བཞིན་ཡོད། འོན་ཀྱང་དེང་སང་བོད་མི་མང་ཆེ་བ་སྤྱི་སེམས་ཁུར་དུ་ལེན་པ་ལས་ཆོལ་ཁའི་ཞེན་ཁོག་གི་འོག་ལ་མི་འགྲོ་བ་སྔོན་འགྲོའི་འོས་སྡུ་ནས་གསལ་པོ་སྟན་ཟིན་པས་འཁྲབ་སྟོན་ཇི་ཙམ་བྱས་ཀྱང་འགྱུར་བ་འགྲོ་རྒྱུ་ཁག་པོ་རེད།
དེ་རིང་ལུང་རྟོགས་ཀྱི་མི་ཡི་སྐད་ཆ་ཞིག་བཤད་འདུག།