བཀྲ་ཤིས་བདེ་ལེགས། དེ་ཡང་གངས་དཀར་རི་བོའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་ཞིང་དྭངས་གཙང་ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་བདུད་རྩི་ལ་ལོངས་སུ་སྤྱོད་མྱོང་བའི་བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་སེམས་མའི་བོད་རིགས་ཕུ་ནུ་མིང་སྲིང་དང་། སྨྱུག་འཛིན་དྲ་གྲོགས་རྣམ་ལ་དཔྱད་གླེང་གི་འདྲི་བ་བརྒྱད་ཡོད། ཁྱེད་རྣམ་པས་སོ་སོའི་དགོངས་ཆ་རེ་འདིར་ཕྲིས་རོགས་གནང་བར་མཁྱེན་ནོ། །
༡༽ བོད་ཀྱི་རིག་གནས་དང་ནང་ཆོས་བར་གྱི་འབྲེལ་བ།
༢༽ འབྲི་གུང་གླིང་ལོག་གི་འབྱུང་བ། བརྒྱུད་རིམ། མཇུག་འབྲས་ཀྱི་སྐོར་ལ་སྦྲེལ་ནས་དཔྱད་པ་ཞིག་ཐོངས་རོགས།
༣༽ བོད་ལ་རི་ལྷ་གསོལ་ཚུལ་དར་བའི་སྐོར་ལ་དཔྱད་ཅིག
༤༽ ཐོས་བསམ་སྒོམ་གསུམ་བར་གྱི་འབྲེལ་བ།
༥༽ བན་བོན་གཉིས་ཀྱི་བསྟན་པ་ཕྱི་དར་སྐོར།
༦༽ ལེགས་སྦྱར་སྒྲ་རིག་སློབ་པའི་མཐའ་ཐུག་གི་དགོས་པ།
༧༽ ལེགས་སྦྱར་སྒྲ་རིག་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བ།
༨༽ གྲུབ་མཐའ་སོ་སོའི་ལྟ་གྲུབ་སྐོར་ལ་དཔྱད་པ།
གོང་གི་བརྗོད་གཞི་བརྒྱད་ལ་སོ་སོའི་དགོངས་པ་དང་། ད་སྐབས་ཀྱི་གནས་བབ་དང་བསྟུན་ནས་ལན་ཞིག་གནང་རོགས།
ཐུགས་རྗེ་ཆེ།
༢༠༡༢ ༡༢ ༢༡ ལ་ཆོས་དབྱིངས་བློ་གྲོས་ནས་གུས་ཕུལ། །
ཕྱི་ཡི་གྲྭ་རྒན་དང་མི་ནག་ཀླད་མེད་དེ་དག་ལ་ཆོས་ལུཊ་དང་གྲུབ་མཐའ་ཙམ་པོ་ལས་མི་རིཊ་དང་རྒྱབ་ཁབ་སོཊ་དགོས་ཀྱི་མི་འདུག་པ་འདི་དགེ་མཚན་ལས་ལྡོག་སྟེ་ཞབས་འདྲེན་དང་གླེན་ལྐུཊ་ཀྱི་བྱ་སྤྱོད་ཁོ་ན་ཞིག་ཡིན་པས་ང་ཚོས་བོད་ནང་གི་མི་མང་པོས་རེ་ལྟར་མི་རིཊ་རང་ལུཊ་པའམ་མི་རིཊ་ཁོ་ན་ལས་ཆོས་ལུཊ་དང་རྨོངས་དད་དེ་དག་ཕལ་བའི་ཕལ་བར་རྩི་བའི་མི་རབས་ཤིག་སྐྱེ་བསྲིང་བྱེད་དགོས་འདུག
བོད་ལ་སྐད་ཡིག་དང་ཆོས་ལུགས་མེད་ན་བོད་མི་རིགས་གསོན་གནས་མི་ཐུབ་པའི་དན་རྟགས་ནི་ཁྱབ་འཇུག་གིས་བཤད་པ་ལྟར་དམར་པོ་ཚང་ལ་དགོས་རྒྱུ་ཡང་དེ་རེད། མི་ཕལ་བ་སྐྱེད་བསྲིངས་བྱས་ནས་རང་སྐྱིད་མ་གཏོགས་མི་རིགས་ལ་ཕན་ཐོགས་ཡོང་རྒྱུ་ནམ་མཁའི་མེ་ཏོག་རེད། ཆོས་སྲིད་གཉིས་ཀ་ལ་ཕན་མི་ཐོགས་པའི་བར་དོ་བ་མང་དྲགས་ནས་རྒྱལ་ཁབ་མི་དགོས་པ་སླར་གསོ་བྱེད་རྒྱུ་རྨི་ལམ་རེད།
དབང་འཛིན་པ་ཆོས་ལུགས་གང་ཞིག་གི་ཆོས་ལུགས་གཞན་ལ་བཙན་དབང་བཤད་པ་འདི་བོད་ཀྱི་ལོ་རྒྱུས་ནང་ལ་གསལ་པོ་རེད།
ཆོས་ལུགས་སྐྱོན་དུ་མཐོང་བ་ནི་བོད་འཇིག་པའི་སྔ་ལྟས་ཡིན། ཆོས་ལུགས་པས་བོད་སྐྱོབ་པའི་ལོ་རྒྱུས་མ་གཏོགས་བཤད་རྒྱུ་སུ་ལའང་མི་འདུག །བོད་སྐྱོབ་མཁན་གང་ཡིན་དཔྱོད་ཅིག
རྒྱ་བོད་གཉིས་ཀས་མིང་བརྟགས་དགོས་པ་ཅི་ཡིན་ནམ།
༡༽ བོད་ཀྱི་རིག་གནས་དང་དུས་རབས་བདུན་པ་ནས་བོད་ཀྱི་ནང་ཆོས་བར་གྱི་འབྲེལ་བ་ནི་གཅིག་ལ་གཅིག་བརྟེན་རེད།
༢༽ འབྲི་གུང་གླིང་ལོག་གི་འབྱུང་བ། བརྒྱུད་རིམ། མཇུག་འབྲས་ཀྱི་སྐོར་ལ་ངས་མི་ཤེས་ལགས།
༣༽ བོད་ལ་རི་ལྷ་གསོལ་ཚུལ་ནི། སྲོང་བཙན་སྔོན་ལ་ཡོད་དགོས་རེད།
༤༽ ཐོས་བསམ་སྒོམ་གསུམ་བར་གྱི་འབྲེལ་བ་ནི། དེ་འབྱུང་འབྲེལ་ཡིནད་ཏེ། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་འབྱུང་བའི་ཕྱིར་རོ།
༥༽ བན་བོན་གཉིས་ཀྱི་བསྟན་པ་ཕྱི་དར་སྐབས་སུ་ཆུ་དང་འོ་མ་འདྲེས་པ་འདྲ།
༦༽ ལེགས་སྦྱར་སྒྲ་རིག་སློབ་པའི་མཐར་ཐུག་གི་དགོས་པ་ནི། ཤེར་ཕྱིན་སོགས་རྒྱ་སྐད་དུ་ཡོད་པ་རྣམས་མཐར་ཕྱིན་པའི་ཤེས་པའི་ཕྱིར་དུ་ཡིན་ངེས།
༧༽ ལེགས་སྦྱར་སྒྲ་རིག་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བ་ནི། ཨ་ཞང་དང་ཚ་བོ་ལྟར་རེད།
༨༽ གྲུབ་མཐའ་སོ་སོའི་ལྟ་གྲུབ་སོ་སོར་ཐུན་མོང་མ་ཡིན་པ་ཡདོཔ་རྣམ་ས་ཤེས་ན། དེ་གས་འགྲིགས་པ་རེད་དོ།
ཁྱབ་འཇུག་ལགས་ཀྱིས་ ག་ཡི་རྗེས་སུ་ས་ཡང་འཇུག་ཡོད་པ་ཐམས་ཅད་ལ་ཏ་ལོག་པ་རེ་བྲིས་འདུག་པ་དེ་ཇི་ལྟར་ཡིན་ནམ་ དེ་ན་ག་ཡི་རྗེས་སུ་ས་ཡང་འཇུག་ཡོད་པ་ཀུན་ལ་དེ་ལྟར་བྲིས་པས་འགྲིག་ན་ ང་བ་མ་གསུམ་གྱི་རྗེས་སུ་ས་ཡང་འཇུག་ཅན་ལ་ཇི་ལྟར་འབྲི་དགོས་ དེ་ནི་ཧ་ཅང་ཐལ་ཆེ་བ་མ་ཡིན་ནམ་་་་་་་་་་་་་་་་་་་་་་་་་