༄༅། །ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་སྐྱེ་འགྲོ་ཡོངས་ལ་སྩལ་བའི་གལ་ཆེའི་བཀའ་ཡིག
ངོ་སྤྲོད།
༄༅། །རྡོ་རྗེ་འཆང་ཏཱ་ལའི་བླ་མའི་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོར་འབོད་པའི་གཏམ། གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་བཟློ་བ།
དེ་ཡང་གངས་ལྗོངས་ཆོས་ཀྱི་ཞིང་སར་སྔོན་བྱོན་རྒྱལ་བློན་པཎ་གྲུབ་རྣམས་ཀྱི་བཀའ་དྲིན་ལས་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཡོངས་སུ་རྫོགས་པའི་ྋརྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དང༌། དེ་འབྲེལ་གྱི་རིག་པའི་གནས་མཐའ་དག་དར་ཁྱབ་གཏིང་ཟབ་བྱུང་སྟེ་འཇིག་རྟེན་སྤྱི་དང༌། ཁྱད་པར་ཤར་གླིང་འདིར་ནང་བསྟན་གཙོ་བོར་གྱུར་པའི་རིག་པའི་གནས་ཡོངས་ཀྱི་འབྱུང་གནས་ལྟ་བུར་གྱུར་ཏེ་རྒྱ་བོད་ཧོར་གསུམ་གྱིས་མཚོན་པའི་གྲངས་ལས་འདས་པའི་སྐྱེ་འགྲོ་མང་པོའི་འཕྲལ་ཡུན་གྱི་ཕན་བདེ་སྒྲུབ་པའི་ལག་རྗེས་རླབས་ཆེན་དོན་སྙིང་ལྡན་པ་བྱུང༌།
དེ་ལྟའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བྱུང་རབས་ཀྱི་འཕེལ་རིམ་ནང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་པོའི་ཡང་སྲིད་ངོས་འཛིན་བྱེད་པའི་བོད་ཀྱི་ཐུན་མིན་སྲོལ་རྒྱུན་དར་བ་དེས་བསྟན་འགྲོ་སྤྱི་དང༌། དགེ་འདུན་འདུས་སྡེ་སོགས་ལ་ཕན་རླབས་ཚད་མེད་བྱུང་ཡོད།
ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་པའི་ནང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་རྗེ་དགེ་འདུན་གྲུབ་པའི་ཡང་སྤྲུལ་དུ་ངེས་རྙེད་ངོས་འཛིན་བྱུང་སྟེ་དགའ་ལྡན་ཕོ་བྲང་གི་བླ་བྲང་ཚུགས་པ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ཡང་སྤྲུལ་ངོས་འཛིན་ཞུ་རྒྱུའི་སྲོལ་ཚུགས་ཏེ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་ཏཱ་ལའི་བླ་མའི་མཚན་གནས་དང༌། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་གི་གཞུང་བསྐྱངས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་གནང་བ་སོགས་ད་ལྟའི་བར་ལོ་གྲངས་དྲུག་བརྒྱ་བརྒལ་བའི་རིང་རྒྱལ་དབང་སྐུ་ཕྲེང་ན་རིམ་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གྱི་ལམ་ནས་བྱུང་ཞིང༌། ཕྱི་ལོ་ ༡༦༤༢ ལོར་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་ཏེ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་རྒྱུའི་ལམ་སྲོལ་མི་ལོ་ ༣༦༩ ཙམ་སོང་བ་དེ་ངོས་ནས་འཛམ་གླིང་ཀུན་ལ་དར་ཁྱབ་འགྲོ་དང་འགྲོ་བཞིན་པའི་མང་གཙོའི་ལམ་ཆེན་ཐོག་དགའ་སྤོབས་ངང་ནས་བསྐྱོད་འདུན་གྱིས་མཇུག་བསྒྲིལ་བྱས་ཟིན་ཞིང༌། འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ཀྱིས་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ ཙམ་ནས་བྱས་ཟིན། འོན་ཀྱང་གནད་དོན་འདིའི་སྐོར་ད་དུང་ལམ་སྟོན་ཁ་གསལ་ཞིག་མ་བྱུང་ན་དད་ལྡན་མང་ཚོགས་ཀྱིས་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་ངོས་འཛིན་བྱེད་རྒྱུའི་མངོན་འདོད་ཤུགས་ཆེ་ཡོང་སྲིད་པའི་ཁར། སྲིད་དབང་འཛིན་མཁན་རྣམས་ཀྱིས་སྲིད་དོན་གྱི་དགོས་མཁོར་བསྟུན་ཏེ་ཡང་སྲིད་ངོས་འཛིན་བྱེད་ཐབས་ལོག་པ་སྤྱད་རྒྱུའི་ཉེན་ཁའང་དངོས་མཐོང་ལ་བརྟེན། རྒྱལ་དབང་སྐུ་ཕྲེང་རྗེས་མའི་སྐོར་དོགས་གཞི་དང་འཁྱོག་བཤད་བྱ་ཡུལ་མེད་པའི་ཚིག་ཐག་ཆོད་པོའི་ལམ་སྟོན་གསལ་པོ་ཞིག་ངོས་རང་ལུས་སེམས་གཉིས་ཀ་ཧ་ཅང་བདེ་ཐང་ཡོད་པའི་སྐབས་འདིར་ངེས་པར་དུ་བྱེད་དགོས་པར་མཐོང་ཞིང༌། ལམ་སྟོན་འདིའི་གནད་དོན་ཆ་ཚང་ཞིབ་གསལ་ཞིག་གོ་རྟོགས་ཐུབ་པའི་ཆ་རྐྱེན་དུ། ཡང་སྲིད་ངོས་འཛིན་གྱི་གནས་ལུགས་དང༌། དེའི་གཞི་རྩའི་ལྟ་གྲུབ་རྣམས་ཚུལ་བཞིན་ཤེས་དགོས་རྒྱུ་མེད་དུ་མི་རུང་བས་དེ་དག་མདོ་ཙམ་བརྗོད་ན།
སྐྱེ་བ་སྔ་ཕྱི།
ཡང་སྲིད་དམ་སྤྲུལ་སྐུའི་གནས་ལུགས་ཁས་ལེན་པ་ལ་སྐྱེ་བ་སྔ་ཕྱི་ཁས་བླང་བ་ཞིག་ངེས་པར་དུ་དགོས། སེམས་ལྡན་གྱི་སྲོག་ཆགས་རྣམས་སྐྱེ་བ་སྔ་མ་ནས་འདིར་སྐྱེ་བ་དང༌། ཚེ་འདིའི་ལུས་རྟེན་ཞིག་པའི་རྗེས་སྐྱེ་བ་ཕྱི་མར་འགྲོ་བས་སྐྱེ་བ་སྔ་ཕྱི་རྒྱུན་མི་ཆད་པར་ཡོད་པ་ནི་རྒྱ་གར་དུ་གནའ་དུས་སུ་བྱུང་བའི་ཆོས་ལུགས་དང་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་ནས་རྒྱང་འཕེན་པ་མ་གཏོགས་ཚང་མས་འདོད་ཅིང༌། དེང་རབས་ཀྱི་རྟོག་དཔྱོད་ཅན་ཁག་ཅིག་མ་མཐོང་བ་ཙམ་རྒྱུ་མཚན་དུ་བྱས་ནས་སྐྱེ་བ་སྔ་ཕྱི་མེད་པར་སྨྲ་ཡང༌། གཟུ་བོའི་བློ་ཅན་གྱི་ཚན་རིག་པ་འགས་མ་མཐོང་བ་ཙམ་ལས་མེད་པའི་ཁ་ཚོན་མི་གཅོད།
ཆོས་ལུགས་དང་གྲུབ་མཐའ་སྨྲ་བ་མང་པོས་སྐྱེ་བ་སྔ་ཕྱི་འདོད་པ་མཚུངས་ཀྱང༌། སྐྱེ་བ་ལེན་པ་པོའི་སྐྱེས་བུ་དང༌། སྐྱེ་བ་ལེན་ཚུལ། སྐྱེ་བ་སྔ་ཕྱིའི་ཉིང་མཚམས་སྦྱོར་ཚུལ་སོགས་ཀྱི་རྣམ་གཞག་མི་མཐུན་པ་མང་ཞིང༌། སྐྱེ་བ་ཕྱི་མ་ལས་སྔ་མ་མེད་པར་འདོད་མཁན་གྱི་ཆོས་ལུགས་ཀྱང་ཡོད།
ནང་པ་སངས་རྒྱས་པ་རྣམས་ཀྱིས་སྤྱི་མཐུན་དུ་སྐྱེ་བ་ཐོག་མ་མེད་པ་དང༌། ལས་ཉོན་སྤངས་ཏེ་འཁོར་བ་ལས་གྲོལ་བའི་ཐར་པ་ཐོབ་ན་ལས་ཉོན་དབང་གིས་སླར་མི་སྐྱེ་བས་ལས་ཉོན་གྱི་སྐྱེ་བ་མཐའ་མ་ཡོད་ཀྱང་རིག་པ་རྒྱུན་མི་ཆད་པ་ཕལ་ཆེ་བས་འདོད། སྐྱེ་བ་སྔ་ཕྱི་མེད་པར་འདོད་ན་སངས་རྒྱས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཀུན་ཤེས་རྒྱུད་དུལ་མ་དུལ་ནས་བཞག་དགོས་པ་དང་འགལ་བར་འགྱུར་ཞིང༌། རིགས་པས་དཔྱད་ནའང་སྣོད་བཅུད་རྣམས་རྒྱུ་མེད་རྐྱེན་མེད་ལས་འབྱུང་བར་ཁས་བླང་དགོས་པར་འགྱུར་བས། ནང་པ་ཞིག་ཡིན་ཕྱིན་སྐྱེ་བ་སྔ་ཕྱི་ངེས་པར་དུ་ཁས་བླང་དགོས།
སྐྱེ་བ་སྔ་མ་དྲན་ལམ་དུ་ཡོད་པ་རྣམས་ལ་སྐྱེ་བ་སྔ་ཕྱི་ལྐོག་གྱུར་མིན་ཡང༌། སོ་སྐྱེ་ཕལ་པ་མང་ཆེ་བ་འཆི་སྲིད་དང༌། བར་སྲིད། སྐྱེ་སྲིད་བཅས་ཀྱི་བརྒྱུད་རིམ་དུ་སྔོན་གྱི་གནས་ཐམས་ཅད་བརྗེད་པ་དེ་དག་ལ་སྐྱེ་བ་སྔ་ཕྱི་དངོས་སྟོབས་ཀྱི་རིགས་པས་བསྒྲུབ་དགོས་པས་ཅུང་ཟད་ལྐོག་གྱུར་ཡིན། བཀའ་བསྟན་རྣམས་སུ་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་དུ་མ་ཞིག་གསུངས་ཡོད་པ་རྣམས་ཆེ་ལོང་ཙམ་བསྡུ་ན། རིགས་འདྲ་སྔོན་སོང་དང༌། ཉེར་ལེན་སྔོན་སོང༌། གོམས་པ་སྔོན་སོང༌། མྱོང་བ་སྔོན་སོང་གི་རིགས་པ་བཅས་སུ་འདུ་ཞིང༌། དེ་དག་གི་དགོངས་དོན་མཐར་ཐུག་གསལ་རིག་གི་སེམས་རང་གི་ཉེར་ལེན་གསལ་རིག་ཅིག་མེད་ན་བེམ་ཆོས་གསལ་རིག་གི་ཉེར་ལེན་དུ་མི་རུང་བའི་གནད་དེར་ཐུག་ཡོད། འདི་ནི་ཤིན་ཏུ་གསལ་བའི་དངོས་དོན་ཞིག་སྟེ། རིགས་པའི་ལམ་ནས་བློས་དཔྱད་པའམ། རྫས་སྦྱོར་གྱི་ཚོད་བལྟ་གང་གི་སྒོ་ནས་གསལ་རིག་གི་རྒྱུན་གསར་པ་ཞིག་རྒྱུ་མེད་དམ་མི་མཐུན་པའི་རྒྱུ་ལས་གྲུབ་པ་མེད་པ་དང༌། ཕྲ་བའི་གསལ་རིག་རྒྱུན་ཆད་པའི་རྒྱུ་རྐྱེན་ཡང་མེད་པ་དཔོག་ནུས། དེང་རབས་ཀྱི་སེམས་ཁམས་རིག་པ་བ་དང༌། དངོས་ཁམས་རིག་པ་བ། ཀླད་ཁམས་རིག་པ་བ་སུས་ཀྱང་རྒྱུ་མེད་ལས་སམ། ཡང་ན་བེམ་རྫས་ཀྱིས་གསལ་རིག་སྐྲུན་ཐབས་དངོས་མཐོང་དང་ཚོད་དཔག་གང་ཡང་བྱས་ཐུབ་མེད། ལྷག་པར་ཚེ་རབས་མང་པོའམ་འདས་མ་ཐག་པའི་སྐྱེ་བ་སྔོན་མ་དྲན་ཏེ་དེའི་གནས་ལུས་ལོངས་སྤྱོད་ཉེ་དུ་སོགས་འཁྲུལ་མེད་ངོས་འཛིན་ཐུབ་མཁན་གནའ་དུས་ཙམ་མ་ཟད། དེང་དུས་ཀྱང་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་ཧ་ཅང་མང་པོ་བྱུང་དང་ཡོང་བཞིན་པ་འདི་དག་གི་མྱོང་དྲན་ལ་སྙོན་ཐབས་བྱེད་པ་ནི་གཟུ་བོའི་དཔྱོད་ཚུལ་དྲང་པོ་ཞིག་མ་ཡིན་པར་མངོན་སུམ་ལ་བསྙོན་པ་ཡིན། བོད་ལུགས་ཡང་སྲིད་ངོས་འཛིན་བྱེད་སྲོལ་ཡང་སྔོན་གནས་རྗེས་དྲན་གྱི་མྱོང་བ་ལ་བརྟེན་པའི་དཔྱོད་ཚུལ་ཚད་ཐུབ་ཅིག་ཡིན།
སྐྱེ་བ་ལེན་ཚུལ།
རྣམ་ཤེས་རྒྱུན་ཆད་མེད་པར་ཚེ་འདིའི་ལུས་རྟེན་དོར་རྗེས་ཕྱི་མའི་ལུས་རྟེན་ལ་ཉིང་མཚམས་སྦྱར་ཏེ་སྐྱེ་བ་བླངས་པ་དེ་ལའང༌། ལས་ཉོན་གྱི་དབང་གིས་སྐྱེ་བ་དང༌། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་གཉིས་ཡོད་ཅིང༌། དང་པོ་ནི་མ་རིག་པའི་དབང་གིས་དགེ་སྡིག་གི་ལས་བསགས་པ་རྣམས་ཀྱི་བག་ཆགས་རྣམ་ཤེས་ཀྱི་སྟེང་དུ་བཞག་པ། འཆི་དུས་སུ་སྲེད་ལེན་སྲིད་པས་གང་གསོས་བཏབ་པ་དེས་སྐྱེ་བ་ཕྱི་མ་འཕངས་ཏེ་བདེ་འགྲོ་དང་ངན་འགྲོ་ཅི་རིགས་པའི་ལུས་སུ་དབང་མེད་ཀྱིས་སྐྱེ་བ་ལེན་པ་རྣམས་ཏེ། སོ་སྐྱེ་རྣམས་ནི་ཟོ་ཆུན་གྱི་འཁྱུད་མོ་ལྟར་རང་དབང་མེད་པར་སྐྱེ་འཆིའི་འཁོར་ལོ་བར་མེད་དུ་འཁོར་བ་ཡིན། དེ་ལྟའི་གནས་སྐབས་སུའང་རྒྱུན་དུ་དགེ་བར་འགྲུས་པ་དང༌། འདུན་པ་དང་གོམས་པའི་དབང་གིས་འཆི་ཁར་དགེ་བའི་ལས་ལ་གསོས་བཏབ་སྟེ། བདེ་འགྲོར་སྐྱེ་བའི་ཐབས་སོ་སྐྱེས་ཀྱང་བསྒྲུབ་ཏུ་ཡོད། འཕགས་ལམ་ཐོབ་པའི་བྱང་སེམས་རྣམས་ལས་ཉོན་གྱི་དབང་གིས་སླར་མི་སྐྱེ་ཡང༌། འགྲོ་བ་ལ་དམིགས་པའི་སྙིང་རྗེའི་དབང་གིས་གཞན་ཕན་སྒྲུབ་པའི་སྨོན་ལམ་ལ་བརྟེན་ནས་ཡུལ་དུས་ཕ་མ་སོགས་རང་དབང་གིས་བདམས་ཏེ་གཞན་དོན་འབའ་ཞིག་གི་ཕྱིར་སྐྱེ་བ་ལེན་པ་དེ་དག་ནི་སྙིང་རྗེ་དང་སྨོན་ལམ་དབང་གིས་སྐྱེ་བ་ཡིན།
སྤྲུལ་སྐུའི་མཚན་དོན།
བོད་སྲོལ་ངོས་འཛིན་བྱེད་པའི་ཡང་སྲིད་རྣམས་ལ་སྤྲུལ་སྐུ་ཞེས་པའི་ཐ་སྙད་རྒྱུན་འཇགས་སུ་སོང་བ་ནི་དད་ལྡན་རྣམས་ཀྱི་བཀུར་ཚིག་ངག་རྒྱུན་དུ་འཇགས་པར་སྣང༌། སྤྱིར་སྤྲུལ་སྐུ་ཞེས་པ་ཕར་ཕྱིན་ཐེག་པའི་གཞུང་ལས་སངས་རྒྱས་ཀྱི་སྐུའི་རྣམ་གྲངས་གསུམ་མམ་བཞི་བཤད་པའི་སྐབས་ཀྱི་སྐུ་བྱེ་བྲག་པ་ཞིག་གི་དངོས་མིང་ཡིན་པ་དང༌། དེ་ཡང་འཆིང་བ་ཀུན་ལྡན་གྱི་སྐྱེ་བོ་ཞིག་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྟེན་ནས་སེམས་སྟེང་གི་དྲི་མ་གློ་བུར་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་ཏེ་དྲི་མ་དང་བྲལ་བའི་སེམས་དེས་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པ་དེ་ལ་ཡེ་ཤེས་ཆོས་སྐུ་དང༌། དེ་འདྲའི་སེམས་ཀྱི་ཆོས་ཉིད་དེར་ངོ་བོ་ཉིད་སྐུར་འབོད་ཅིང༌། དེ་ནི་རང་དོན་མཐར་ཕྱིན་པའི་མཐར་ཐུག་གི་སྐུའམ་ཆོས་ཀྱི་སྐུ་ཡིན། འོན་ཀྱང་སྐུ་དེ་ནི་སངས་རྒྱས་ནང་ཕན་ཚུན་ཙམ་ལས་གཞན་ལ་སྣང་དུ་མི་རུང་བས་གཞན་དོན་སྒྲུབ་པའི་ཆ་རྐྱེན་དུ་གཞན་ལ་སྣང་རུང་གི་གཟུགས་སྐུ་མེད་དུ་མི་རུང་བས། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་དུ་རུང་ཞིང༌། འོག་མིན་གྱི་གནས་སུ་བཞུགས་པ་སོགས་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེས་སྤྲུལ་པའི་སོ་སྐྱེ་རང་ག་བར་ཡང་སྣང་དུ་རུང་བའི་ལྷ་དང་མི་སོགས་ལུས་རྟེན་ཅི་རིགས་པར་སྤྲུལ་སྒྱུར་མཛད་པ་ལ་སྤྲུལ་སྐུ་སྟེ་སྐུ་འདི་གཉིས་ལ་གཞན་དོན་གཟུགས་སྐུའི་ཐ་སྙད་བྱས།
སྤྲུལ་སྐུ་ལའང་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཞིང༌། ཡུལ་དུས་ཁྱད་པར་བར་སྐྱེ་བ་མངོན་པར་སྐྱེ་བ་སོགས་མཛད་པ་བཅིུས་སྟོན་མཁན་གྱི་མཆོག་གི་སྤྲུལ་སྐུ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ལྟ་བུ་དང༌། བཟོ་ཡི་གནས་ཀྱིས་འགྲོ་དོན་མཛད་པའི་བཟོ་བོའི་སྤྲུལ་སྐུ། ལྷ་མི་དུད་འགྲོ ཆུ་དང་ཟམ་པ། སྨན་དང་ལྗོན་ཤིང་སོགས་ཅི་རིགས་པའི་སྤྲུལ་པས་འགྲོ་དོན་མཛད་པའི་སྐྱེ་བ་སྤྲུལ་སྐུ་གསུམ་དུ་ཡོད་པ་ལས་བོད་དུ་ཡང་སྲིད་དུ་ངོས་འཛིན་བྱས་པའི་དམ་པ་རྣམས་ལ་སྤྲུལ་སྐུའི་མིང་གིས་བསྙད་པ་ནི་སྐྱེ་བ་སྤྲུལ་སྐུའི་ཁོངས་སུ་འདུ་དགོས་ཤིང༌། སངས་རྒྱས་ཀྱི་སྐྱེ་བ་སྤྲུལ་སྐུ་མཚན་ཉིད་པ་ཡིན་པའི་བླ་སྤྲུལ་མང་པོ་ཡོད་ངེས་ཀྱང༌། ཀུན་ལ་མ་ཁྱབ་པས་བོད་ཀྱི་སྤྲུལ་སྐུའི་ཁྱུ་ཚོགས་ནང་སློབ་པ་འཕགས་པ་དང༌། སོ་སྐྱེ་ཚོགས་སྦྱོར་བ་དང་ལམ་མ་ཞུགས་ཅི་རིགས་ཡོད་པ་སྨོས་མ་དགོས་ཤིང༌། དེ་དག་ལ་འདྲ་འབྲེལ་རྒྱུ་མཚན་གྱིས་ སྤྲུལ་སྐུ་ ཞེས་བཏགས་པར་མངོན། འཇམ་དབྱངས་མཁྱེན་བརྩེ་དབང་པོས། སྐུ་ཡི་བཀོད་པ་སྔ་མ་བསྡུས་ནས་ཕྱི་མ་བཟུང་བར་སྐྱེ་བ་དང། སྤྲུལ་གཞི་མ་བསྡུས་པར་སྤྲུལ་པ་གཞན་དག་སྟོན་པ་སྤྲུལ་པ་ཞེས་བཞེད། ཅེས་གསུངས།
ཡང་སྲིད་ངོས་འཛིན།
སྐྱེ་བོ་བྱེ་བྲག་པའི་སྐྱེ་བ་སྔོན་མ་ངོས་བཟུང་སྟེ་སུ་ཞིག་སུའི་སྐྱེ་བ་ཡིན་པ་གསལ་བར་སྟོན་པའི་ཚུལ་སངས་རྒྱས་ཞལ་བཞུགས་པའི་སྐབས་ནས་བྱུང་སྟེ། དེ་བཞིན་གཤེགས་པས་ལས་འབྲས་ཀྱི་རྣམ་གཞག་བསྟན་པའི་སྐབས་སྐྱེ་བ་གང་དུ་ལས་ཅི་ཞིག་བསགས་པས་ད་ལྟ་འབྲས་བུ་འདི་མྱོང་བའི་ཚུལ་རྒྱ་ཆེར་བསྟན་པ་འདུལ་བ་ལུང་སྡེ་བཞི་དང༌། སྐྱེས་རབས། མདོ་མཛངས་བླུན། མདོ་སྡེ་ལས་བརྒྱ་པ་སོགས་ཀྱིས་མཚོན་མདོ་རྒྱུད་ཕལ་མོ་ཆེའི་ནང་གྲངས་ལས་འདས་པ་ཞིག་བཞུགས་ཤིང༌། སྟོན་པ་འདས་པའི་རྗེས་སུ་རིམ་པར་བྱོན་པའི་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་རྣམ་ཐར་དུའང་སྐུ་ཕྲེང་སྔོན་མ་རྣམས་སུ་གང་དུ་གང་གི་སྐུ་སྐྱེ་བཞེས་པའི་ཚུལ་ཧ་ཅང་མང་པོ་མཇལ་དུ་ཡོད་ཀྱང༌། བོད་སྲོལ་ལྟར་ཡང་སྲིད་ངོས་འཛིན་གྱིས་སྐུ་ཕྲེང་གྲངས་ཀ་བརྩི་བའི་ལམ་ནི་མ་བྱུང་ངོ༌།།
བོད་དུ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ།
བོད་དུ་ནང་ཆོས་མ་དར་གོང་གི་བོན་ལུགས་སུའང་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པ་དང༌། ནང་ཆོས་དར་རྗེས་བོད་མི་ཤེས་ལྡན་ཚང་མས་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་བྱེད་ཅིང༌། བསྟན་འཛིན་གྱི་སྐྱེས་ཆེན་མང་པོའི་སྐུ་ཕྲེང་སྔོན་མ་གང་དང་གང་དུ་སྐྱེ་བ་བཞེས་ཏེ་འགྲོ་དོན་མཛད་པའི་ཚུལ་ལ་རྟོག་ཞིབ་དང༌། དད་འདུན་གསོལ་འདེབས་བྱེད་པའི་གོམས་གཤིས་ཡོངས་ཁྱབ་ཏུ་གྱུར། མ་ཎི་བཀའ་འབུམ་དང༌། བཀའ་ཐང་སྡེ་ལྔ་སོགས་ཆེས་སྔ་བའི་བོད་གཞུང་རྣམས་དང༌། ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་དཔལ་མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་བཞུགས་སྐབས་གསུངས་པའི་ཞུ་ལན་ནོར་བུའི་ཕྲེང་བ་དང༌། བཀའ་གདམས་བུ་ཆོས་སོགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐྱེས་རབས་ཀྱི་ཕྲེང་བ་སྟོན་པའི་ཚད་ལྡན་གྱི་གཞུང་མང་པོ་བྱུང༌། འོན་ཀྱང་ད་ལྟའི་ཡོངས་གྲགས་ཀྱི་ཆེད་གཉེར་ཡང་སྲིད་ངོས་འཛིན་བྱེད་སྲོལ་འདིའི་ཐོག་མ་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་འགོ་སྟོད་དུ་ཀརྨ་པཀྵིའི་སློབ་མ་རྣམས་ཀྱིས་ཁོང་ཀརྨ་པ་དུས་གསུམ་མཁྱེན་པའི་ལུང་མཐུན་ཡང་སྤྲུལ་དུ་ངོས་འཛིན་གྱིས་དད་མོས་བྱས་པ་ནས་བྱུང་བར་གྲགས་ཤིང༌། དེ་ནས་བཟུང་ད་ལྟའི་བར་ལོ་བརྒྱད་བརྒྱ་བརྒལ་བའི་རིང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་བྱུང་ཟིན་པ་དང༌། ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་པའི་ནང་མཁའ་འགྲོ་ཆོས་ཀྱི་སྒྲོན་མེའི་ཡང་སྲིད་ཀུན་དགའ་བཟང་མོ་ངོས་འཛིན་གྱིས་ད་བར་བསམ་སྡིང་རྡོ་རྗེ་ཕག་མོའི་སྐུ་ཕྲེང་བཅུ་ཕྲག་བརྒལ་བ་བྱུང་ཟིན། བོད་དུ་ཡང་སྲིད་ངོས་འཛིན་བྱས་པའི་སྤྲུལ་སྐུ་རབ་བྱུང་དང༌། སྔགས་འཆང༌། སྐྱེས་པ་དང་བུད་མེད་ཅི་རིགས་བྱུང༌། ལམ་སྲོལ་འདི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གཞན་དང་ཆོས་ལུགས་གཞན་དུའང་དར་ཁྱབ་ཀྱིས་ད་ཆ་ས་དགེ་བཀའ་རྙིང་ཇོ་ནང་བོ་དོང་བོན་དང་བཅས་པའི་ནང་ཡང་སྤྲུལ་ངོས་འཛིན་བྱས་པའི་བླ་སྤྲུལ་བསྟན་པའི་ཞབས་འདེགས་སྒྲུབ་མཁན་དང་སྐབས་རེ་ཞབས་འདྲེན་ཞུ་མཁན་ཡང་ཡོང་བ་ཀུན་གྱི་མཐོང་ཆོས་སུ་ཡོད་པ་འདི་ཡིན།
རྗེ་ཙོང་ཁ་པའི་དངོས་སློབ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་གཙང་བཀྲིས་ལྷུན་པོའི་གདན་ས་བཏབ་ཅིང༌། སློབ་ཚོགས་བསྐྱངས་ཏེ་ཕྱི་ལོ་ ༡༤༧༤ ལོར་དགུང་གྲངས་གྱ་བཞིའི་ཐོག་དགོངས་པ་གཞན་དོན་དུ་གཤེགས། དང་ཐོག་དེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་རྩོལ་བ་བྱེད་མཁན་མ་བྱུང་ཡང༌། ཕྱི་ལོ་ ༡༤༧༦ ལོར་གཙང་རྟ་ནག་ཏུ་འཁྲུངས་པའི་ཁྱེའུ་སངས་རྒྱས་ཆོས་འཕེལ་གྱིས་སྔོན་གནས་རྗེས་དྲན་གྱི་གསུང་འཁྲུལ་མེད་ངོ་མཚར་ཅན་དུ་མ་བྱོན་པ་ལ་བརྟེན་ནས་ངོས་འཛིན་མ་ཞུས་ཐབས་མེད་དུ་གྱུར། དེ་ནས་བཟུང་ད་ལྟའི་བར་རྒྱལ་དབང་སྐུ་ཕྲེང་ན་རིམ་དགའ་ལྡན་ཕོ་བྲང་བླ་བྲང་དང༌། དགའ་ལྡན་ཕོ་བྲང་གཞུང་གིས་རྩད་གཅོད་ངོས་འཛིན་ཞུ་རྒྱུའི་སྲོལ་རྒྱུན་ཚུགས་སོ།།
ཡང་སྲིད་ངོས་འཛིན་གྱི་ཐབས་ལམ།
ཡང་སྲིད་ངོས་འཛིན་བྱེད་སྲོལ་དར་རྗེས་དེའི་ཐབས་ལམ་ཡང་རིམ་བཞིན་གོང་འཕེལ་གྱིས་སྲོལ་རྒྱུན་དུ་འཇགས་པ་རྣམས་ཀྱི་ནང་ནས་གཙོ་ཆེ་ཤོས་གོང་མའི་འདའ་ཁའི་ཞལ་གདམས་དང༌། ལམ་སྟོན་ནམ་བརྡ་མཚོན་བསྟན་པ། ཡང་སྲིད་སོ་སོས་ཆུང་དུས་ནས་སྔོན་གནས་རྗེས་དྲན་གྱི་གཏམ་ཚད་འཛིན་འཕེར་བ་བཤད་པ་དང༌། གོང་མའི་ཅ་དངོས་དང་ཉེ་འཁོར་ངོས་འཛིན་བྱས་པ་གཉིས་གཙོར་བཟུང་ཐོག ཚད་ལྡན་གྱི་སྐྱེས་བུ་དམ་པར་ཐུགས་དམ་བརྟགས་ཞུས། འཇིག་རྟེན་པའི་ལྷ་སྲུང་སྐུ་ཁོག་ཏུ་བརླམས་པ་རྣམས་ལ་ལུང་ཞུས། ལྷ་མོ་བླ་མཚོ་སོགས་སྲུང་མའི་བླ་མཚོ་ཁག་ཏུ་མཚོ་མཇལ་བཅས་ཐབས་ལམ་འདྲ་མིན་ཧ་ཅང་མང་པོ་ཡོད་པ་དང༌། འོས་སྤྲུལ་གཅིག་ལས་མང་བ་བྱུང་སྟེ་འཁྲུན་ཐག་གཅོད་དཀའ་བར་གྱུར་ཚེ་རྟེན་གྱི་སྤྱན་སྔར་བདེན་པ་བདར་ཏེ་ཟན་རིལ་བསྒྲིལ་ནས་ཐག་གཅོད་བྱེད་སྲོལ་ཡང་བྱུང༌།
མ་འདས་སྤྲུལ་སྐུ།
སྤྱིར་ཡང་སྲིད་ཅེས་པ་གོང་མ་འདས་པའི་རྗེས་སུ་དེ་ཉིད་སླར་མིའི་ལུས་སུ་སྐྱེ་བ་ཞིག་དགོས་པས་སོ་སྐྱེ་ཞིག་ལ་མ་འདས་སྤྲུལ་སྐུ་ཡོང་ཐབས་མེད་ཀྱང༌། སར་གནས་ཀྱི་འཕགས་པ་དུས་གཅིག་ཏུ་ལུས་བརྒྱ་སྟོང་དུ་མར་སྤྲུལ་བསྒྱུར་ནུས་པ་རྣམས་ལ་མ་འདས་སྤྲུལ་སྐུ་ངེས་པར་ཡོང་ཆོག འོན་ཀྱང་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་དུ། རྒྱུད་གཅིག་པའི་སྤྲུལ་སྐུ་དང༌། ལས་སྨོན་གྱིས་འབྲེལ་བའི་སྤྲུལ་སྐུ། བཀའ་བབས་པའམ་བྱིན་གྱིས་བརླབས་པའི་སྤྲུལ་སྐུ་སོགས་ཅི་རིགས་ཡོད་པ་དང༌། སྤྲུལ་སྐུ་ཕེབས་པའི་དགོས་དོན་གཙོ་བོ་གོང་མའི་སྐུ་ཚེའི་རིང་བསྟན་འགྲོའི་བྱ་བ་འཕྲོ་ཅན་དུ་ལུས་པ་རྣམས་མཇུག་སྐྱོང་བྱ་རྒྱུའི་ཆེད་ཡིན་ལ། བླ་མ་སོ་སྐྱེ་ཞིག་ཡིན་ན་རྒྱུད་གཅིག་པའི་ཡང་སྲིད་ཀྱི་ཚབ་ཏུ་རང་དང་ལས་སྨོན་གྱིས་འབྲེལ་བའི་ལས་དག་གི་སྐྱེ་བོ་གཞན་སྤྲུལ་སྐུར་ངོས་འཛིན་བྱེད་པ་དང༌། ཡང་ན་རང་གི་བུ་སློབ་བམ་གཞོན་སྐྱེས་གཞན་ལ་ཆོས་བརྒྱུད་ཀྱི་བཀའ་ཕབ་སྟེ་སྤྲུལ་སྐུར་ངོས་འཛིན་བྱེད་པ་ཅི་རིགས་ཡོང་སྲིད་པས་སོ་སྐྱེ་ལའང་རྒྱུད་གཅིག་མིན་པའི་ཡང་སྲིད་མ་འདས་སྤྲུལ་སྐུ་ཡོང་ཆོག་པ་དང༌། ཡང་གོང་མ་གཅིག་ལ་སྐུ་གསུང་ཐུགས་སྤྲུལ་སོགས་ཡང་སྲིད་མང་པོ་དུས་གཅིག་ཏུ་ཕེབས་པའང་ཡོད། ཉེ་བའི་མི་རབས་ནང་ཡོངས་གྲགས་ཀྱི་མ་འདས་སྤྲུལ་སྐུ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང༌། བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་སོགས་དུ་མ་ཡོད།
གསེར་བུམ་དཀྲུགས་འདོན།
སྙིགས་མའི་རྒུད་ཚོགས་བདོ་བ་དང་མཉམ་དུ་ཡང་སྲིད་ངོས་འཛིན་བྱས་པའི་བླ་ཆེན་ཇེ་མང་དུ་གྱུར་ཐོག འགའ་ཤས་སྲིད་དོན་དང་འབྲེལ་ཞིང༌། ཚུལ་མིན་གཡོ་སྒྱུས་ངོས་འཛིན་རྫུན་མ་ཇེ་མང་དུ་སོང་བ་བཅས་ཀྱིས་བསྟན་སྲིད་ལ་གནོད་ཚབས་ཅི་ཆེ་འབྱུང་བཞིན་པའི་ཐོག ཕྱི་ལོ་ ༡༧༩༡ ནས་ ༡༧༩༣ བར་བོད་དང་གོར་ཁ་དམག་འཁྲུག་སྐབས་བོད་གཞུང་གིས་མན་ཇུའི་དམག་རོགས་གཉེར་དགོས་བྱུང་བ་དང༌། གོར་དམག་མཐར་སྐྲོད་རྗེས་མན་ཇུའི་དཔོན་རིགས་རྣམས་ཀྱིས་བོད་གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་ལ་བསྙད་པའི་གྲོས་འདེབས་དོན་ཚན་ཉེར་དགུ་ཡོད་པ་ཞིག་བཏོན་པའི་ནང་ཏཱ་ལའི་བླ་མ་དང༌། པཎ་ཆེན་བླ་མ། གཞན་ཡང་ཧོ་ཐོ་ཐུ་རྣམས་ཀྱི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་ཐག་གཅོད་དགོས་པའི་འདུན་གྲོས་བཏོན་ཡོད། དེར་བརྟེན་རྒྱལ་དབང་དང་པཎ་ཆེན་སྐུ་ཕྲེང་རེ་ཟུང༌། བླ་ཆེན་གཞན་གང་འཚམས་བཅས་གསེར་བུམ་དཀྲུགས་འདོན་བྱས་པ་མ་ཟད། གསེར་བུམ་དཀྲུགས་འདོན་གྱི་ཆོ་ག་ཡང་ྋརྒྱལ་བ་འཇམ་དཔལ་རྒྱ་མཚོས་ལྗགས་རྩོམ་མཛད། དེ་འདྲའི་ལམ་སྲོལ་གཏོད་པའི་རྗེས་སུའང་རྒྱལ་དབང་སྐུ་ཕྲེང་དགུ་པ་དང༌། བཅུ་གསུམ་པ། ངོས་རང་བཅུ་བཞི་པ་བཅས་གསེར་བུམ་དཀྲུགས་འདོན་བྱས་མེད་ཅིང༌། རྒྱལ་དབང་སྐུ་ཕྲེང་བཅུ་པའང་ཡང་སྲིད་ངེས་རྙེད་ཟིན་སྟབས་དངོས་དོན་དུ་གསེར་བུམ་དཀྲུགས་མེད་ཀྱང༌། མན་ཇུའི་གཡར་ངོ་མ་ལྡོག་པར་གསེར་བུམ་དཀྲུགས་ཚུལ་གསལ་བསྒྲགས་ཙམ་བྱས། དངོས་སུ་གསེར་བུམ་དཀྲུགས་འདོན་བྱས་པ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་ལས་བྱུང་མེད་ཁར། བཅུ་གཉིས་པའང་གསེར་བུམ་མ་དཀྲུག་གོང་གཏན་འཁེལ་ཟིན་པས་གསེར་བུམ་གྱི་ལམ་ནས་ངོས་འཛིན་བྱས་པ་གཅིག་ལས་མ་བྱུང༌། དེ་བཞིན་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནང་བརྒྱད་པ་དང་དགུ་པ་གཉིས་ལས་གསེར་བུམ་དཀྲུགས་འདོན་བྱས་པ་བྱུང་མེད། ལམ་སྲོལ་འདི་མན་ཇུའི་བཙན་ཤུགས་ཙམ་ལས་བོད་མིས་ཡིད་ཆེས་བྱ་ཡུལ་དང་ཆོས་ལུགས་ཀྱི་བྱེད་ཐབས་ཤིག་མིན་ཡང༌། དྲང་བདེན་གྱིས་ལག་བསྟར་བྱས་ན་ཟན་རིལ་བསྒྲིལ་བའི་ཐབས་ལམ་དང་མཚུངས་པ་ལྟ་བུར་བརྩིས་ཆོག་པར་སྣང༌།
ཕྱི་ལོ་ ༡༨༨༠ ལོར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་སྐབས་བོད་དང་མན་ཇུའི་མཆོད་ཡོན་གྱི་འབྲེལ་བ་མ་ཆད་ཅིང༌། མན་ཇུའི་གནོན་ཤུགས་ཕྲན་བུ་ཡོད་སྐབས་ཡིན་ཡང་པཎ་ཆེན་སྐུ་ཕྲེང་བརྒྱད་པ་དང༌། གནས་ཆུང་དང་བསམ་ཡས་ཆོས་སྐྱོང་བཅས་ཀྱི་ལུང་བསྟན། ལྷ་མོའི་བླ་མཚོའི་མཚོ་མཇལ་བཅས་སྒོ་གང་ས་ནས་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་བྱུང་སྟབས་གསེར་བུམ་དཀྲུགས་འདོན་མ་དགོས་པར་ངོས་འཛིན་བྱུང་སྐོར་ྋགོང་ས་མཆོག་རང་གིས་ཆུ་སྤྲེལ་ཞལ་གདམས་སུ། ངོས་ཐོག་མར་སྔར་སྲོལ་གསེར་བུམ་དཀྲུགས་འདོན་མ་དགོས་པར་ལུང་བརྟག་དོན་གསལ་སྲིད་ཞིའི་འདྲེན་མཆོག་རྒྱལ་དབང་གི་སྐྱེ་གྲལ་དུ་བརྟག་དཔྱད་ངོས་འཛིན་གྱིས་གདན་ཁྲིར་འཁོད་ནས་བཟུང་། ཞེས་གསུངས་པ་ལས་གསལ་བར་རྟོགས་ནུས།
ཕྱི་ལོ་ ༡༩༣༩ ལོར་ངོས་རང་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་བྱེད་སྐབས་བོད་རྒྱ་མཆོད་ཡོན་གྱི་འབྲེལ་བ་ཆད་ཟིན་པས། གསེར་བུམ་དཀྲུགས་འདོན་དགོས་མིན་གླེང་གཞི་བྱུང་མེད་ཅིང༌། ལྷ་བླའི་ལུང་དོན་དང༌། ལྷ་མོའི་བླ་མཚོའི་མཚོ་གཟིགས་སོགས་རྩེ་མཐུན་གྱིས་ངོས་འཛིན་བྱ་སྒོ་རྣམས་བོད་ཀྱི་རྒྱལ་ཚབ་དང༌། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་བཅས་ནས་ཐག་གཅོད་བྱས་པ་ལས་རྒྱ་ཕྱོགས་ནས་ཐེ་བྱུས་གང་ཡང་བྱས་མེད་པ་ཡོངས་གྲགས་ཀྱང༌། རྗེས་སུ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགས་བསམ་བཏང་དྲན་སྐྱེས་ཀྱིས་གསེར་བུམ་དཀྲུགས་མི་དགོས་པའི་བཀའ་འཁྲོལ་སྤྲད་ཚུལ་དང༌། ཨུའུ་ཀྲུང་ཞིང་གིས་ངོས་ཀྱི་ཁྲི་འདོན་མཛད་སྒོའི་གཙོ་སྐྱོང་བྱེད་ཚུལ་སོགས་རྫུན་གཏམ་གསར་ཤོག་ཐོག་སྤེལ་བ་དེ་དག་བདེན་པ་མིན་སྐོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རླབས་ཆེན་ཡར་ཐོན་ཅན་དུ་བརྩིས་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཀྱི་ཚོགས་གཞོན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ཕྱི་ལོ་ ༡༩༨༩ ཟླ་ ༧ ཚེས་ ༣༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་ལྔ་པའི་མི་དམངས་འཐུས་མི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཡིག་ཆའི་བདེན་དཔང་གི་ལུང་འདྲེན་དང་བཅས་ཏེ་ཞིབ་ཕྲ་འགྲེལ་བརྗོད་བྱས་མཐར། “གོང་མིན་ཏང་གིས་སྐྱག་རྫུན་བཤད་པ་དེ་ལྟར་ང་ཚོ་གུང་ཁྲན་ཏང་གིས་དེའི་རྗེས་སུ་རྒྱུགས་ནས་མུ་མཐུད་སྐྱག་རྫུན་བཤད་དགོས་དོན་ག་རེ་ཡོད་དམ། ཞེས་ནན་བཤད་བྱས་འདུག་པ་ལས་གསལ་པོ་ར་འཕྲོད་ཐུབ།
ངན་གཡོའི་རེ་སྟོང་།
བར་སྐབས་བླ་བྲང་འབྱོར་ལྡན་ཁག་གི་ཕྱག་གཉེར་ཆོས་ཀྱིས་རྒྱུད་མ་དུལ་ཞིང༌། འདི་སྣང་ཆགས་སྡང་གིས་མྱོས་པ་འགའ་རེས་ཆོས་མིན་གྱི་ལམ་ནས་ཡང་སྲིད་ངོས་འཛིན་བྱེད་མཁན་བྱུང་བས་བསྟན་པ་དང༌། དགེ་འདུན། སྤྱི་ཚོགས་བཅས་ལ་གནོད་ཚབས་བྱུང་བའི་ཁར། མན་ཇུའི་སྐབས་ནས་བཟུང་རྒྱ་ནག་གི་སྲིད་དོན་དབང་འཛིན་པ་ན་རིམ་གྱིས་བོད་སོག་ཐོག་ཐེ་བྱུས་སླད་ཆོས་དང་བླ་སྤྲུལ་སྲིད་དོན་གྱི་ལག་ཆར་བཟུང་སྟེ་གཡོ་ཐབས་རིམ་སྤེལ་བྱས་པ་དང༌། དེང་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཅིག་སྡུད་དབང་འཛིན་པ་རྣམས་ཀྱང་རང་ཉིད་ཆོས་མེད་དམར་པོའི་ལྟ་གྲུབ་འཛིན་མཁན་ཡིན་པར་ཁས་འཆེ་བཞིན་དུ་ཆོས་ལུགས་ལ་ཐེ་བྱུས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་བཙན་བཀའ་དང༌། ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༡ ནས་ལག་བསྟར་བྱས་པའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྩ་ཨང་ལྔ་པ་ཟེར་བ་སོགས་སྤེལ་བ་ནི་ངོ་ཚ་བྲལ་བའི་མ་རབས་ཀྱི་སྤྱོད་ཚུལ་བཞད་གད་ཀྱི་གནས་སུ་གྱུར་པ་ཞིག་ཡིན་ནའང༌། བོད་མིའི་ཐུན་མིན་ལེགས་བྱང་གི་ལམ་སྲོལ་འདི་དག་རྩ་མེད་གཏོང་ཐབས་ཀྱི་ངན་བྱུས་འོག་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལ་མི་འོས་པའི་བྱེད་ཐབས་སྣ་ཚོགས་སྤེལ་ཏེ་བོད་རིགས་ཡོངས་ཀྱི་སྙིང་ལ་གསོས་དཀའི་རྨ་ཁ་ཞིག་བཟོས་དང་བཟོ་བཞིན་པ་མ་ཟད། ངོས་ནམ་ཤི་ལ་བསྒུགས་ཏེ་ྋརྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པ་ཞིག་ཁོང་ཚོས་རང་འདོད་ལྟར་ངོས་འཛིན་གྱིས་བོད་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱིས་མཚོན་རྒྱལ་སྤྱིའི་མང་ཚོགས་མགོ་སྐོར་སླུ་བྲིད་བྱ་རྒྱུའི་བྱུས་ངན་གཏིང་ཟབ་ཅིག་ཡོད་པ་བར་སྐབས་ཀྱི་ཁྲིམས་སྒྲིག་ཁག་དང༌། བསྒྲགས་གཏམ་རིམ་པ་ནས་ཧ་ཅང་གསལ་པོར་གྱུར་ཟིན་པར་བརྟེན། བསྟན་འགྲོ་སྤྱིའི་འཕྲལ་ཡུན་གྱི་ལེགས་ཚོགས་ལ་དམིགས་ཏེ་དེ་འདྲའི་བྱུས་ངན་ལམ་ལྷོང་མི་ཡོང་བའི་སྔོན་འགོག་བྱ་རྒྱུ་ངོས་ཀྱི་གཡོལ་དུ་མེད་པའི་ཁུར་འགན་ཞིག་ཡིན་པར་ངོས་འཛིན་གྱིས་བསྒྲགས་གཏམ་འདི་སྤེལ་རྒྱུ་ཡིན།
རྒྱལ་དབང་སྐུ་ཕྲེང་རྗེས་མ།
ཇི་ལྟར་གོང་དུ་བརྗོད་ཟིན་པ་བཞིན་སླར་ཡང་ཡང་སྤྲུལ་སྲིད་པ་གཟུང་རྒྱུ་ནི་གོང་མ་རང་ཉིད་ཀྱིས་རང་དབང་གིས་སམ་མཐའ་མར་ཡང་ལས་བསོད་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླང་དགོས་པ་ཞིག་ཡིན་སྟབས། དེ་གང་དུ་ཇི་ལྟར་སྐྱེ་བ་དང༌། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས། གཞན་སུས་ཀྱང་བཙན་དབང་དང༌། གནོན་ཤུགས། རང་འདོད་ལྟར་གང་བྱུང་བྱ་ས་མེད་པ་ནི་བདེན་པའི་གནས་ཚུལ་ཡིན། ལྷག་པར་དུ་ཡང་སྤྲུལ་གྱི་རྣམ་གཞག་ལྟ་ཞོག སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང༌། ཁྱད་པར་རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་བྱེད་པ་ནི་ཆེས་མ་འཚམས་ཤིང༌། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང༌། བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ལེན་དང༌། མོས་མཐུན་བྱེད་ཐབས་མེད། ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས། དྷ་རམ་ས་ལ་ནས་བོད་རྒྱལ་ལོ་ ༢༡༣༨ རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ཟླ་ ༧ ཚེས་ ༢༧ ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ལ་བྲིས་པ་དགེ་བར་གྱུར་ཅིག། །།
༼སྐུ་སྒེར་དྲ་ཚིགས་ http://www.gyalwarinpoche.com ནས་འདྲེན་བཀོད་ཞུས་པ་ལགས།༽
རྒྱལ་བ་ཇོ་ནང་པ་ནི་ལྟ་གྲུབ་དང་ཆོས་བརྒྱུད་རང་ཚུཊ་ཐུབ་པ་ཞིག་ལ་ངོས་འཛིན་བྱས་པ་ཡིན།
འདོན་སྤེལ། ༢༠༡༡/༠༩/༢༤
དེ་རིང་ཆོས་ཚོགས་ཐེངས་བཅུ་གཅིག་པའི་མཇུག་སྡོམ་སྟེང་གྲོས་ཆོད་བཞག་སྟེ། བཙུན་མའི་རྒྱུགས་སྤྲོད་དང་མཚན་གནས་ཁུངས་སོ་སོས་ཐག་གཅོད་བྱ་རྒྱུ་དང་། ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་གཞི་བསྐྱར་བཅོས་ཡོང་ཐབས་བྱ་རྒྱུ། ཇོ་ནང་པ་ནི་ལྟ་གྲུབ་དང་ཆོས་བརྒྱུད་གང་ཐད་ནས་རང་རྐང་ཚུགས་ཐུབ་པ་ཞིག་ཡིན་པར་ངོས་འཛིན་བཅས་ཐག་གཅོད་གནང་སོང་།
དེ་རིང་ཉིན་བརྒྱབ་བཞུགས་སྒར་ངྷ་སར་འཚོགས་བཞིན་པའི་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་ཚོགས་ཆེན་ཐེངས་བཅུ་གཅིག་པ་མཇུག་སྒྲིལ་ཏེ། གྲོས་གཞི་གྲོས་དོན་ཚན་ ༩ ལ་གྲོས་ཆོད་ཁག་ཅིག་བཞག་ཡོད་པའི་སྐོར་སི་རྱི་གསོལ་མགྲོན་ཀང་དུ་གསར་འགོད་གསལ་བསྒྲགས་བསྐྱངས་དོན་ལྟར་ན། དང་པོ་ཆོས་ཚོགས་ཐེངས་ ༡༠ པའི་གྲོས་ཆོད་ཁག་གི་སྐོར་ལ། ཆོས་རིག་ལས་ཁུངས་ཀྱིས་ལག་བསྟར་མ་ཐུབ་པ་རྣམས་འབྲེལ་ཡོད་ཚང་མས་མཇུག་བསྐྱང་བྱ་རྒྱུ་དང་། གྲོས་གཞི་དོན་ཚན་གཉིས་པ་དགོན་སྡེ་ཁག་གི་སློབ་གཉེར་སྐོར་ལ། དགོན་སྡེ་ཁག་གི་སློབ་སྦྱོང་གནང་རྒྱུར་སྔར་བར་ཚགས་ཚུད་དང་ཡར་རྒྱས་སོང་ཡོད་ཀྱང་། ད་དུང་མཇུག་གནོན་ཕྱག་བསྟར་མུ་མཐུད་དགོས་པ་དང་། ལྷག་པར་ཐོས་བསམ་སློབ་གཉེར་ལ་འགལ་རྐྱེན་ཆགས་གཞིའི་ལག་ཐོགས་ཁ་པར་དང་། གློག་ཀླད་འཕྲུལ་ཆས་རིགས་སློབ་གཉེར་དུས་ཡུན་སྤྱི་དང་དམིགས་བཀར་ཚོགས་དང་ཆོས་རྭར་བཀག་སྡོམ་བྱ་རྒྱུ།
གྲོས་གཞི་དོན་ཚན་གསུམ་པ་བཙུན་མ་སློབ་གཉེར་མཐར་སོན་གྱི་མཚན་གནས་སྐོར་ལ། གཞུང་ཆེན་སློབ་གཉེར་གནང་བཞིན་པའི་བཙུན་མའི་འདུས་སྡེ་སྤྱིར་ཁྱབ་པའི་མཚན་གནས་གཅིག་གྱུར་གཏན་འབེབས་མ་དགོས་པར། ཆོས་ལུགས་ཆོས་བརྒྱུད་སོ་སོའི་ལམ་སྲོལ་ཇི་ཡོད་ལྟར་མཚན་གནས་གང་འོས་རེ་ཁུངས་སོ་སོ་ནས་གནང་རྒྱུ་དང་། རིས་མེད་བཙུན་དགོན་ཁག་གིས་སློབ་ཚན་དང་འཛིན་རིམ་བསྐྱར་ཞིབ་ཀྱིས་རྒྱུགས་སྤྲོད་དང་མཚན་གནས་འབུལ་ཕྱོགས་འཆར་འབུལ་ཇི་བྱུང་ཆོས་ཚོགས་སྐབས་ ༡༢ པའི་ཐོག་གཏན་འབེབས་གནང་རྒྱུ།
གྲོས་གཞི་དོན་ཚན་བཞི་པ་གདན་ས་ཁག་གི་ཚན་རིག་སློབ་ཁྲོད་སྐོར་ལ། བཤད་གྲྭའི་སློབ་ཚན་རང་གི་ནང་དུ་ཚན་རིག་སློབ་ཚན་བཅུག་ཏེ་སློབ་ཁྲིད་བྱ་རྒྱུར་དཀའ་ངལ་ཆེ་ཐོག དགོན་པའི་དམིགས་ཡུལ་དང་འཚམས་པའི་ཕན་ཐོགས་ཀྱང་དེ་ཙམ་ཡོང་དཀའ་བར་བརྟེན། ད་ཡོད་ཚན་རིག་གི་ལས་རིམ་རྒྱུན་མཐུད་ཐོག ནང་ཆོས་ཀྱི་གོ་རྟོགས་མཐོ་ཞིང་རིག་སྟོབས་བཟང་བ་ཁག་ལ་ཚན་རིག་སློབ་སྦྱོང་གོ་གོ་སྐབས་བསྐྲུན་ཐབས་བྱ་རྒྱུ།
གྲོས་གཞི་དོན་ཚན་ལྔ་པ་༼ ཆོས་དོན་ལྷན་ཚོགས ༽ སྐོར་ལ། བཀའ་བརྒྱུད་སྤྱི་ལ་ཁྱབ་པའི་དབུ་ཁྲིད་ཅིག་གཏན་འཇགས་སམ་རེས་མོས་ཀྱིས་ཕེབས་རྒྱུ་གནས་སྐབས་ལག་བསྟར་དཀའ་བར་བརྟེན། ཆོས་དོན་ལྷན་ཚོགས་ཀྱི་གྲུབ་ཆ་མི་ཚང་བའི་དཀའ་ངལ་འདི་བཞིན། ཆོས་རིག་ལས་ཁུངས་དང་ཆོས་ཚོགས་གཉིས་ནས་སེལ་ཐབས་ཐུབ་མིན་ལ། འབྲེལ་ཡོད་ལས་ཁུངས་ནས་ཁྲིམས་བཟོ་ལྷན་ཚོགས་སུ་སྙན་གསན་གྱིས་ཁྲིམས་ཡིག་བསྐྱར་བཅོས་མཛད་ཕྱོགས་ཇི་བཀབ་གནང་སྐྱོང་ཡོང་བ་ཞུ་རྒྱུ།
གྲོས་གཞི་དོན་ཚན་དྲུག་པ་རྒྱལ་སྤྱིའི་ཐོག་གི་ནང་པའི་ཆོས་པ་ཚོར་ལྟ་སྟངས་སྐོར་ལ། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་དགོན་སྡེ་ཡོངས་ཀྱི་མཁན་པོ་དང་སློབ་དཔོན། ལས་སྣེ་ཐམས་ཅད་མཚན་དོན་མཚུངས་པའི་ཆ་རྐྱེན་ཚང་བ་ཤ་སྟག་བསྐོ་བཞག་ཐོག རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་སོ་སོའི་ཆ་ལུགས་མ་འདྲེས་པ་བྱ་རྒྱུ་དང་། ཕྱི་རྒྱལ་ཆོས་ཚོགས་ཁག་ཏུ་མི་འགྲོ་གཏོང་སྐབས། ཡོན་ཏན་དང་ཀུན་སྤྱོད་ཡག་པོ་རྐྱང་གཏོང་རྒྱུར་སྔར་ལས་དོ་དམ། གལ་སྲིད་ཕྱི་རྒྱལ་ཆོས་ཚོགས་ཀྱི་མི་སྣའི་ཀུན་ངན་པོ་བྱུང་ན། ཆོས་བརྒྱུད་སོ་སོའི་ངོས་ནས་ཞིབ་འཇུག་དང་སྟངས་འཛིན་དོ་ནན་བྱ་རྒྱུ།
གྲོས་གཞི་དོན་ཚན་བདུན་པ་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ། ད་ཕན་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་ལོ་མང་ཉམས་ཞིབ་གནང་བའི་གྲུབ་དོན་དེབ་ཕྲེང་ཁ་ཤས་པར་སྐྲུན་ཟིན་པའི་ནང་གསལ་ལྟར། གཞི་ཐབས་ཅད་ཡོད་པར་སྨྲ་མའི་དགེ་སློང་མའི་སྡོམ་རྒྱུན་མེད་པ་དང་། སྡེ་པ་གཞན་གྱི་དགེ་སློང་མའི་སྡོམ་རྒྱུན་ཡང་ཁུངས་དག་ཐེ་ཚོམ་ཡོངས་སུ་བྲལ་བ་ཞིག་མེད་པའི་གནས་ཚུལ་འཁོད་པར་བརྟེན། ཆོས་རིག་ལས་ཁུང་ནས་ཆོས་བརྒྱུད་ཁག་གི་འདུལ་བ་འཛིན་པའི་མཁས་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས། དགེ་སློང་མའི་སྡོམ་རྒྱུན་སླར་གསོ་གནང་ཐབས་ཡོད་མེད་ཀྱི་མཐའ་མའི་ཐག་གཅོད་རྒྱུ་མཚན་དང་བཅས་གསལ་བསྒྲགས་གནང་འཐུས།
གྲོས་གཞི་དོན་ཚན་བརྒྱད་པ་རྒྱལ་བ་ཇོ་ནང་པའི་སྐོར་ལ། ཆོས་ཚོགས་སྔོན་མའི་གྲོས་ཆོད་ནང་། རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་སྐོར་ཉམས་ཞིབ་བྱ་རྒྱུ་གསལ་ཡང་། གཅིག་ནས་བཀའ་བརྒྱུད་སྐུ་ཚབ་གཏོང་ཐབས་མ་བྱུང་བའི་ཆ་ནས་ཞིབ་འཇུག་ཚོགས་ཆུང་ད་བར་ཚུགས་ཐུབ་མེད་པ་དང་། གཉིས་ནས་རྒྱལ་བ་ཇོ་ནང་པ་ནི། ལྟ་གྲུབ་དང་ཆོས་བརྒྱུད་གང་གི་ཆ ནས་རང་རྐང་ཚུགས་ཐུབ་པ་ཞིག་ཡིན་པར་ཆོས་ཚོགས་འདི་ནས་ངོས་འཛིན་བྱུང་བར་བརྟེན། ཞིབ་འཇུག་ཚོགས་ཆུང་དགོས་གལ་མ་མཆིས། འོན་ཀྱང་། ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་གནང་མིན་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་དབང་ཡིན་པ་ལས་ཆོས་ཚོགས་འདིར་འབྲེལ་བ་མེད་པའི་ངོས་འཛིན་བྱུང་།
གྲོས་ཆོད་དོན་ཚན་དགུ་པ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། བོད་གངས་ཅན་པ་ཁོ་ནའི་ཡིད་བཞིན་ནོར་བུ་མིན་པར། ཞི་བདེ་དང་བདེན་པ་འཚོལ་བའི་འཛམ་གླིང་མི་མང་སྤྱི་དང་། བྱེ་བྲག་ཧི་མ་ལ་ཡའི་རི་རྒྱུད་དང་ཆེན་པོ་ཧོར། བོད་གངས་ཅན་གྱི་ལྗོངས་སོགས་ནང་པ་ཡོངས་ཀྱི་སྤྱི་ནོར་ཡིན་པས། སྔོན་ཆད་མི་རབས་ནས་མི་རབས་བར་མགོན་པོ་གང་གིས་རྗེས་སུ་བཟུང་བ་དང་། ད་ལྟའང་ཐུགས་བརྩེ་བ་ཆེན་པོས་མཉེས་བཞིན་རྗེས་སུ་འཛིན་བཞིན་པ་ལྟར། འབྱུང་འགྱུར་ཡང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུའི་ཕྲེང་བ་རིམ་པས་མི་རབས་ནས་མི་རབས་བར་མཉེས་བཞིན་རྗེས་འཛིན་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ། ཅེས་གཏན་འབེབས་གནང་འདུག་ལ། མཇུག་ཏུ་ཉེ་ལམ་འབྲས་ལྗོངས་སུ་ས་ཡོམ་གོད་ཆག་བྱུང་བར་མཆོག་གསུམ་ལ་གསོལ་འདེབས་དང་། ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་སྐྱེད་བཅས་གནང་སོང་།
གསར་འགོད་པ། དཔལ་ལྡན།
དུས་བ་ལས་སོ།
གྲོས་གཞི་དོན་ཚན་ལྔ་པ་༼ ཆོས་དོན་ལྷན་ཚོགས ༽ སྐོར་ལ། བཀའ་བརྒྱུད་སྤྱི་ལ་ཁྱབ་པའི་དབུ་ཁྲིད་ཅིག་གཏན་འཇགས་སམ་རེས་མོས་ཀྱིས་ཕེབས་རྒྱུ་གནས་སྐབས་ལག་བསྟར་དཀའ་བར་བརྟེན། ཆོས་དོན་ལྷན་ཚོགས་ཀྱི་གྲུབ་ཆ་མི་ཚང་བའི་དཀའ་ངལ་འདི་བཞིན། ཆོས་རིག་ལས་ཁུངས་དང་ཆོས་ཚོགས་གཉིས་ནས་སེལ་ཐབས་ཐུབ་མིན་ལ། འབྲེལ་ཡོད་ལས་ཁུངས་ནས་ཁྲིམས་བཟོ་ལྷན་ཚོགས་སུ་སྙན་གསན་གྱིས་ཁྲིམས་ཡིག་བསྐྱར་བཅོས་མཛད་ཕྱོགས་ཇི་བཀབ་གནང་སྐྱོང་ཡོང་བ་ཞུ་རྒྱུ།
བཀའ་བརྒྱུད་དབུ་ཁྲིད་རེས་མོས་ལྟར་ལོ་གསུམ་རེར་རྗེ་བོ་རྒྱག་ཡག་ད་ག་རང་འགྲིགས་པར་སེམས། ཇོ་ནང་ཆོས་བརྒྱུད་དོན་དང་ལྡན་པ་ཞིག་ཡོང་རྒྱུར་ཚང་མའི་རྒྱབ་སྐྱོར་ཡོད་པར་མཁྱེན།
བོད་པའི་ཁ་སྟབས་སྐྱོ་བོ།།
བླ་མས་ཐོ་བོས་རྡུངས་ཀྱང་།།
ཆོས་ལྡན་གངས་ཅན་བོད་མིར།།
ཚེ་སྲོག་ཡོད་པ་རེད་དོ།།
བླ་མ་སྤྲུལ་སྐུ་མེད་ཀྱང་།།
དད་ལྡན་འཚོ་ཐབས་ཡོད་ལ།།
བླ་མའི་མངའ་ཐང་མེད་ཀྱང་།།
བོད་པ་འཚོ་ཐབས་ཡོད་དོ
བཀའ་ཡིག་གི་ཆེས་མཐའ་མའི་སྡེ་ཚན་དེའི་ནང་གི་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ཅེས་པ་དེ་ནོར་བ་རེད། བཅུ་བཞི་པའི་ཡང་སྲིད་ཡིན་རྒྱུ་རེད། འདི་ནི་འབྲི་ནོར་ཤོར་བ་ཞིག་ཡིན་ངེས།
རྒྱལ་དབང་སྐུ་ཕྲེང་རྗེས་མ། ཞེས་པའི་དོན་ཚན་དེའི་ནང་གི་”སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་” ཞེས་པ་དེ་”སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ངོས་འཛིན་”ཞེས་དང་། ཡང་དེའི་ནང་གི་”ལུས་དང་གྲིབ་བཞིན་”ཞེས་པ་དེ་”ལུས་དང་གྲིབ་མ་བཞིན་”ཞེས་འབྲི་གནང་ཡོང་བ་ཞུ།
རྩ་གསུམ་བླ་མའི་བཀའ་ལུང་འཁྲུལ་མེད་འདི།།
བོད་མི་འདི་ཕྱི་གཉིས་ཡོད་རློམ་མཁན་ཚོར།།
ལག་ལེན་གསེར་གྱི་ཐིགས་པ་བྱེད་དགོས་པ།།
ད་ནས་བཟུང་དེ་བརྡ་ལན་གནངས་པ་བསྟོད།།
ཁ་བརྡའི་དྲ་བདག་ཚོ། ཨ་ཁུ་དགྲ་ལྷ་ཞེས་པ་འདིའི་མཆན་དག་ལ་ཞིབ་འཇུག་ཅིག་གནང་རྒྱུ་གལ་ཆེ་འདུག
མི་འདིས་བྱ་སྤྱོད་ལ་དོ་སྣང་དང་ཚད་བཀག་ཡོད་ན་བཟང་སྙམ།
༸གངས་ཅན་མགོན་པོས་སྲིད་ཁྲིར་བཞུགས་ཙམ་གྱིས།།
གངས་ལྗོངས་ཆོས་སྲིད་ཟུང་འབྲེལ་གྱུར་མིན་ཏེ།།
ཁྲིམས་བཟོ་ཁང་གི་ཚོགས་གྲོས་ཚོགས་ར་བའི་ནང་།།
འོས་ཤོག་གཉིས་ལྡན་ཆོས་པས་ཁྱབ་འདིས་ཀྱང་།།
མཚན་སྙན་བ་དན་ཤར་གླིང་རབ་གཡོ་བའི།།
བོད་རྗེ་སྲོང་བཙན་ཡང་སྤྲུལ་༸ཞི་བའི་གཏེར།།
སླར་ཡང་སྲིད་ཁྲིར་་འཕེབ་མིན་མི་འདྲི་སྟེ།།
སྔར་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པའི་ཕྱིར།།
༧རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ཟེར་བ་ནོར་བ་ཡིན་རྒྱུ་རེད། ངས་ད་ལྟ་རིང་སྐུ་སྒེར་ཡིག་ཚང་གི་གློག་འཕྲིན་ཐོག་ཡི་གེ་ཞིག་བསྐུར་ཟིན།
གལ་ཏེ་ང་ཚོས་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་༧རྒྱལ་དབང་སྐུ་ཕྲེང་བཅུ་དྲུག་པ་བཤད་བསྡད་པ་ཡིན་ན། རྒྱ་ནག་གིས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ངོས་འཛིན་བྱས་ནས་བེད་སྤྱོད་ཡག་ཐག་ཆོད་གཏོང་ཐུབ་ཀྱི་རེད།
འདི་ཡིག་ནོར་ཡིན་པའི་རེ་བ་ཡོད།
ཐོབ་ཐང་ལ་རྔམས་པའི་ཨ་ཁུ་དགྲ་ལྷ།
དགའ་ལྡན་ཁྲི་པའི་གདན་ཐོབ་འདི་ཕལ་ཆེར་དོན་དངོས་ཀྱི་ལོ་རྒྱུས་མངོན་སུམ་དུ་མཇལ་རྒྱུ་ཡོད་པ་ནི་བོད་
ཉེ་བའི་ཆར་བོད་གངས་ཅན་གྱི་བསྟན་སྲིད་སླད་རང་ལུས་མཆོད་མེར་སྒྲོན་མཁན་རྣམ་པ་བཞིས་གཙོས་བཙོན་དུ་དཀའ་སྡུག་མྱོང་བཞིན་པ་བརྒྱ་ཆ་དགུ་བཅུ་བརྒལ་བ་དགེ་ལུགས་པ་ཡིན་ཙང་དོན་གྱིས་ཐོབ་པ་ཞིག་མིན་ནམ་སྙམ་བྱུང་བས་རྔ་ལ་དཔག་པའི་འཆམ་ཞིག་ཁྲབ་པ་ཡིན་ཤས་ཆེ།
དེ་མིན་དཀའ་ལས་རྒྱག་མཁན་ལ་གཟེངས་རྟགས་གང་སྤྲོད་དགོས་སམ།
འཛྷཇམ་མགོན་ས་པཎ་གྱི་ཞལ་སྔ་ནས།
བདེ་བ་ཆུང་ལ་ཆགས་པ་དེས།།
ཆེན་པོའི་བདེ་བ་ཐོབ་མི་སྲེད།།
ཅེས་གསུངས་པ་མ་ཡིན་ནམ།
གཞན་ཡང་གདན་ཐོབ་ཅེས་པ་ནི་རྟག་བརྟན་ཐེར་ཟུག་ཞིག་མ་ཡིན་པར་བྱས་རྗེས་ཅན་ལ་གཟེངས་རྟགས་འབུལ་བྱེད་ཀྱང་ཡིན་པའི་ཕྱིར་རོ།
དཔལ་ཆོས་ཀྱི་གྲགས་པས་ཀྱང་ཚད་མ་རྣམ་འགྲེལ་དུ་
རྒྱུ་ཚོགས་པ་ལས་འབྲས་སྐྱེ་བ།
རྗེས་སུ་དཔག་པ་གང་ཡིན་པ་ཞེས་མཚན་རིག་དང་མཐུན་ཞིང་དོན་ལ་གནས་པར་གསུངས་པའི་ཕྱིར་རོ།
སྣྲོན་ངག་ཁྲི་ལགས།
གདན་ཐོབ་ལ་ཇུས་ཏོགས་མེད་ཀྱང་བོད་ནང་གི་དཔའ་བོ་དང་དཔའ་མོ་ཚང་མ་དགེ་ལུགས་པ་ཡིན་མདོག་སྨྲ་བ་ནི་ཕྱོགས་ལྷུངས་ཀྱི་གཏམ་ཁོ་ནར་ཟད།
འོ་ན་དགའ་ལྡན་ཁྲི་ཟུར་མགོ་གཉིས་མ་དེ་དཔའ་བོ་རེད་པས་ཡང་ན་ཞབས་འདྲེན་པ་རེད། གུང་ཁྲན་གྱིས་གསོལ་སྟོན་གཅིག་གིས་རྒྱལ་མཚན་ནོར་བུའི་ཡོངས་འཛིན་ལ་བསྐོ་བཞག་གནང་བ་ཡིན་རྒྱུ་མ་རེད་པ།
མ་ཟད་ལྷ་འདྲེ་གདོན་བགེགས་ཚོགས་པ་དེ་ཚོ་དགེ་ལུགས་པའི་དཔའ་བོ་ཨེ་རེད། ཡིན་རྒྱུ་རེད་བཞུགས་སྒར་ཕོ་བྲང་འགྲམ་དུ་མི་གསོད་ཁྲག་སྦྱོར་བྱས་པ་དང་གདན་སའི་འབྲུ་མཛོད་དང་མཁན་པོ་མེར་སྒྲོན་མཁན་དེ་དཔའ་བོ་མིན་ན་དེ་ལྟར་ལས་མི་སྲིད། ཧ་ཧ་
གྲོགས་པོ་ཚོ། བརྗོད་དང་འབྲེལ་བའི་བསམ་འཆར་གླེང་རོགས།
དགོངས་དག བརྗོད་བྱ་དང་འབྲེལ་བའི་བསམ་འཆར་འདོན་རོགས།
བྱ་རྗེས་བཞག་མཁན་ངོས་མ་དགེ་ལུགས་རེད་སྣྲོན་ངག་ཁྲིའི་གསུང་པ་དེ་རྒྱབ་སྐྱོར་ཡོད་། བོད་མེད་པ་བཟོ་མཁན་སུ་ཡིན་ནམ་ཁྱེད་རང་ཚོའི་མཁྱེན་གྱི་ཡོད་དམ། ད་ལྟ་བོད་རྒྱལ་ཁབ་མིང་ཙམ་མེད་པ་བཟོ་ཚར་སོང་།
བྱ་རྗེས་བཞག་མཁན་ངོས་མ་དགེ་ལུགས་རེད་སྣྲོན་ངག་ཁྲིའི་གསུང་པ་དེ་རྒྱབ་སྐྱོར་ཡོད་། བོད་མེད་པ་བཟོ་མཁན་སུ་ཡིན་ནམ་ཁྱེད་རང་ཚོའི་མཁྱེན་གྱི་ཡོད་དམ། ད་ལྟ་བོད་རྒྱལ་ཁབ་མིང་ཙམ་མེད་པ་བཟོ་ཚར་སོང་།བོད་པ་སྙིང་རྗེ་བོད་རྒྱལ་ཁབ་ཟེར་བ་ལོ་རྒྱུས་་ཡོད་པ་དེ་ད་ག་འདྲ་ཆགས་སོང་ངོས་མ་སེམས་སྐྱོ་གི་འདུག །
༧གོང་ས་རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ངོས་འཛིན་ཞུ་སྐབས་པཎ་ཆེན་སྐུ་འཕྲེང་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ཐུགས་ཁུར་ཆེན་པོ་བཞེས་ཡོད། སྐབས་དེ་དུས་ཀུན་གཟིགས་མཆོག་མདོ་སྨད་ཁུལ་དུ་བཞུགས་ཡོད་པས་སྐུ་འཁོར་ཞབས་གྲས་སྤྲུལ་སྐུ་གསུམ་མདོ་སྨད་ཁུལ་དུ་ཡང་སྲིད་རིན་པོ་ཆེ་འཚོལ་དུ་གཏོང་གནང་མཛད་པ་དང་། དེ་ཁོངས་ནས་དངུལ་ཆུ་རིན་པོ་ཆེ་ནས་སྟག་འཚེར་གྱི་ལྷ་མོ་དོན་གྲུབ་མཆོག་དང་། ཚེ་མཆོག་གླིང་རིན་པོ་ཆེ་དང་། སྟེང་སྐྱེས་རིན་པོ་ཆེ་རྣམ་གཉིས་ནས་ཀྱང་བལྟས་བཟང་བའི་བྱིས་པ་གཉིས་ཀྱི་མཚན་དང་། ལོ་རྒྱུས་ཀུན་གཟིགས་མཆོག་ལ་ཕུལ་བར་སྟག་འཚེར་དུ་འཁྲུངས་པ་དེ་ཡང་སྲིད་འཁྲུལ་མེད་ཡིན་གསུངས་པ་དང་། དེའི་སྐོར་གྱི་ཞིབ་ཕྲ་རྒྱལ་པོ་ར་སྦྲེང་ལ་ཡང་ནང་མའི་ཕྱག་བྲིས་སྩལ། དེ་རྗེས་བོད་ནས་ཡང་སྲིད་འཚོལ་ཞིབ་པ་རྣམས་སྐྱེ་གུ་མདོར་འབྱོར་སྐབས་ཀུན་གཟིགས་མཆོག་ལ་བཀའ་སློབ་ལམ་སྟོན་ཞུས་པར་སྟག་འཚེར་གྱི་དེ་འཁྲུལ་མེད་ཡིན་ཀྱང་ད་དུང་ཁྱེད་རང་ཚོ་ས་གནས་ས་ཐོག་ཏུ་ཕེབས་ཏེ་བརྟག་དཔྱད་ཡག་པོ་གནང་དགོས་པའི་བཀའ་གནང་བ་དང་། ཕྱག་རོགས་སུ་དེ་སྔོན་སྟག་འཚེར་དུ་ཕེབས་མྱོང་ཡོད་པ་དངུལ་ཆུ་རིན་པོ་ཆེ་ཡང་གཏོང་གནང་མཛད་ཡོད།
༄༅། །འདྲེན་མཆོག་ཐམས་ཅད་མཁྱེན་པ་གང་ལ་བསྟོད་པ་
ངེས་བརྗོད་སྙིང་གི་བདུད་རྩི་ཞེས་བྱ་བ། །
གང་ཐུགས་ཡེ་ཤེས་དྲྭ་བའི་མུ་ཁྱུད་འཁོར་འདས་ཆོས་ཀུན་ཅིག་ཅར་བཟླུམས། ། གང་གསུང་འགག་མེད་ཚངས་དབྱངས་རོལ་མོ་ཐ་དད་མོས་པའི་རྗེས་སུ་འགྲོ། ། གང་སྐུ་མཚན་དཔེའི་ལང་ཚོ་གསལ་རྫོགས་སྲིད་པ་གསུམ་ན་ལྷམ་མེ་བ། །སྐལ་བཟང་རྣམ་འདྲེན་སྟོང་ལས་ཕུལ་གྱུར་ཐུབ་དབང་ལྷ་ཡི་བླ་མར་འདུད། །
རྒྱལ་ཀུན་ཐུགས་རྗེའི་ཆུ་གཏེར་འཁྱིལ་བ་ལས། །
ལེགས་འཁྲུངས་་སྲིད་ཞིའི་གདུང་སེལ་འོད་དཀར་ཅན། །
གངས་ཅན་འགྲོ་བའི་དཔལ་དུ་ཤར་བའི་ལྷ། །
འཕགས་མཆོག་མིག་མི་འཛུམ་པས་འགྲོ་འདི་སྐྱོངས། །
ངག་ལ་ངག་གི་དབང་ཕྱུག་དགྱེས་རོལ་ཞིང༌། །
བློ་ལ་བློ་བཟང་མཁྱེན་རབ་དཀྱིལ་འཁོར་རྒྱས། །
ཐུབ་བསྟན་ཡོངས་སུ་འཛིན་ལ་ཟླ་བྲལ་བ། །
བརྩེ་བ་རྒྱ་མཚོའི་བདག་ཉིད་མཆོག་དེར་གུས། །
སྲིད་ཞིའི་དཔལ་ཡོན་མ་ལུས་འདུས་པའི་ཕུལ། །
དོན་ཀུན་གྲུབ་པའི་རིང་ལུགས་ཁོ་ན་སྟེ། །
དེ་དོན་ཇི་བཞིན་འདོམས་མཛད་དགེ་བའི་བཤེས། །
བསྟན་འཛིན་དམ་པའི་མགོན་དེ་ཕྱག་གི་གནས། །
དད་གསུམ་འདབ་སྟོང་འཛུམ་པའི་སྐྱེད་ཚལ་ནས། །
གུས་འདུད་ཕྱག་གི་ཟློས་གར་བསྒྱུར་དང་ལྷན། །
བསྟོད་གསོལ་སྙན་པའི་རོལ་མོ་དེང་ཁྲོལ་ན། །
དྲི་མེད་ཡེ་ཤེས་ཀློང་ནས་དར་ཅིག་དགོངས། །
རིག་སྟོང་ཆོས་སྐུ་མེ་ལོང་དྭངས་མའི་གཞིར། །
འོད་གསལ་སྒྱུ་འཕྲུལ་བཀོད་པའི་མདངས་བཀྲ་ཡང། །
ད་དུང་ཁ་བའི་མདངས་འཛིན་ཨུཏ་པ་ལའི། །
འཁྲི་ཤིང་ཕྱག་ན་གཡོ་བའི་འཇོ་སྒེག་ཅན། །
གང་གི་ཐུགས་རྗེ་ཟླ་གཞོན་བྱེ་བའི་མདངས། །
གངས་ཅན་བསོད་ནམས་དཔལ་དུ་འཛུམ་མ་ཐག །
ནང་གི་མུན་པ་སོལ་བའི་རང་མདངས་ཅན། །
ཡོངས་སངས་མཁའ་ལ་སྣང་བས་ཁྱབ་པ་བཞིན། །
ཁྱད་པར་སྤྲུལ་རབས་ཉི་ཟླའི་ཕྲེང་བ་ཅན། །
གངས་ལྡན་འགྲོ་བའི་ཡིད་མཁར་རེས་མོས་ཀྱིས། །
ཕན་བདེའི་འོད་སྣང་འགྱེད་ལ་རྟག་བྲེལ་བས། །
ཕུན་ཚོགས་འོད་ལྡན་ལ་ཡང་སྐྱེངས་པ་བྱིན། །
ལུགས་ཟུང་གསེར་གྱི་འཁོར་ལོའི་རྩིབས་སྟོང་བཀྲ། །
ཕུན་ཚོགས་སྡེ་བཞི་དཔལ་གྱི་བེའུར་འཁྱིལ། །
ཐབས་མཁས་ཐུགས་རྗེའི་གདུགས་མཆོག་ཀླད་ན་མཛེས། །
ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངས། །
ཟབ་རྒྱས་ཆོས་ཀྱི་དུང་སྒྲ་སྙན་ལ་འཇེབས། །
གདམས་ངག་བདུད་རྩིའི་བུམ་བཟང་བརྗིད་ལ་ལྟེམ། །
ཚུལ་ཁྲིམས་པད་མའི་མཚོ་གླིང་བསིལ་ལ་འཇམ། །
སྐལ་བཟང་གསེར་གྱི་ཉ་མོ་གར་ལ་རྩེན། །
དེ་ལྟར་རྫོགས་ལྡན་དུས་ཀྱི་སྙེམས་ལྡན་པ། །
འདས་པའི་གངས་ལྗོངས་དགེ་ལེགས་རྩེར་སྙེགས་པའི། །
ངོ་མཚར་གྲགས་པ་དཀར་པོའི་མུ་ཁྱུད་ཀྱིས། །
ཛམ་བུས་མཚན་པའི་གླིང་འདི་སྐལ་བཟང་བྱས། །
འོན་ཏང་རྣམ་གྲོལ་བདུད་རྩིའི་གླིང༌། །
བདག་གིར་མ་བྱས་དེ་སྲིད་དུ། །
འདུས་བྱས་གློག་གི་གར་མཁན་མས། །
བསླུས་པར་མ་གྱུར་སྲིད་ན་གང༌། །
ཐུན་མོང་ལེགས་བྱས་རི་མོ་ནི། །
མར་ཟླའི་ཉ་ལ་ཅོ་འདྲི་བའི། །
དུས་ངན་མུན་པའི་འཁོར་ཁྱིམ་ཅན། །
གངས་ཅན་རི་བོའི་མཐོངས་སུ་ལྷགས། །
ནག་པོའི་རྩ་ལག་སྡེ་བཅས་ཀྱི། །
འཚེ་བ་ཆུ་སྲིན་གླལ་བའི་ཁར། །
ཕྱོགས་པའི་བསིལ་ལྗོངས་བསྟན་སྲིད་ཀྱི། །
ཕན་བདེའི་སྲོག་ཟུངས་སྡུད་ལ་ཉེ། །
དེ་ཚེ་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་དཔལ། །
ཕྱག་ན་པད་དཀར་འཆང་དང་པད་མ་སྐྱེས། །
དབྱེར་མེད་རྒྱལ་སྲས་དཔའ་བོའི་རྣམ་རོལ་གྱིས། །
སླར་ཡང་འགྲོ་འདི་སྐྱོབས་ལ་ལྷག་པར་བྲེལ། །
སྐྱེ་མེད་ཡི་གེའི་སྒྲ་ལྡན་མཚོ་སྔོན་པོ། །
ལྷ་ཀླུ་དྲང་སྲོང་གྲུབ་པའི་བསྟི་གནས་སུ། །
དགེ་ལེགས་ངོ་མཚར་བྱེ་བའི་ལྟས་དང་བཅས། །
མཐོང་གྲོལ་མཚན་དཔེའི་པད་མོ་རྣམ་པར་བཞད། །
གོང་མའི་ཞལ་ཆེམས་གསེར་གྱི་སྤྲིངས་ཡིག་དང༌། །
བསླུ་མེད་རྩ་གསུམ་ལྷ་ཡི་བཀའ་ལུང་དང༌། །
ཉིད་ཀྱིས་དུས་གསུམ་སྒྲིབ་མེད་གཟིགས་ཚུལ་གྱིས། །
འཁྲུལ་བྲལ་ལྷ་མིའི་འདྲེན་པར་ཡིད་ཆེས་རྙེད། །
དེ་ཚེ་སྐལ་བཟང་དྲེགས་ལྡན་བྱེ་བ་བརྒྱའི། །
འདར་ལྡན་རལ་བའི་ཅོ་པན་གཡོ་བའི་རྩེར། །
ཞབས་སེན་འཁོར་ལོའི་གཟི་བྱིན་འཁྱིལ་བ་ཡིས། །
ཡིད་སྲུབས་སྡེ་བཅས་སྙིང་ལ་མྱ་ངན་བྱིན། །
ཕྱག་ན་པད་མོ་རང་གི་རྒྱལ་སྲིད་དུ། །
འཁོད་པའི་གྲགས་པ་དཀར་པོའི་རྔ་ཡབ་ཀྱིས། །
རྣམ་མང་སྙིང་ལ་བདུད་རྩིས་བྲན་པ་བཞིན། །
དགའ་དང་སེམས་ཀྱི་མྱོང་བ་མཚོན་ནུས་མིན། །
ཐུབ་པའི་རྒྱལ་ཚབ་སྡོམ་བརྩོན་མཁན་སློབ་དྲུང༌། །
གནག་སྣུམ་དབུ་ལོའི་གཙུག་ཕུད་ལེགས་ཕུལ་ཏེ། །
ཚངས་སྤྱོད་དུལ་བ་གཞོན་ནུའི་ངང་ཚུལ་གྱིས། །
ཁམས་གསུམ་ཡིད་འཕྲོག་ཚངས་དབང་ལྷས་ཀྱང་བསྙེན། །
སྒོ་གསུམ་གཅིག་ཏུ་དཀར་བའི་དཀྱིལ་འཁོར་ལ། །
བཅས་རང་རི་དྭགས་མཚན་མས་ཡོངས་བཏང་བས། །
སྟོན་ཟླ་གསལ་བའི་དཔལ་ཡང་སྐྱེངས་གྱུར་ཏེ། །
དབང་ཕྱུག་རལ་བའི་ཀློང་དུ་གབ་པར་རྩོམ། །
ལས་ཉོན་དུག་སྦྲུལ་གདུག་པའི་ལྕེ་ཞགས་ཀྱིས། །
བཏབ་པའི་ཉམ་ཐག་མ་མའི་འགྲོ་བ་ཀུན། །
ཞི་བསིལ་བྱང་ཆུབ་གླིང་དུ་སྐྱེལ་མཛད་པའི། །
འཕགས་ཆེན་མཁའ་ལྡིང་དར་མའི་དཔུང་ཤུགས་ངོམ། །
དེ་ཚེ་དབྱིངས་ནས་སྲས་བཅས་རྒྱལ་ཀུན་གྱིས། །
སྲིད་ཞིར་ཤིས་པའི་མེ་ཏོག་ཆར་འབེབས་ཤིང། །
བཞད་པ་བརྒྱད་ཀྱིས་མངོན་པར་བཞད་པའི་སྒྲས། །
ཞི་བར་གཟིམས་པ་རྣམས་ཀྱང་འགོག་ལས་སློང༌། །
དམ་པའི་བཤེས་གཉེན་བསྟེན་ལ་རྟག་ཏུ་ངུའི། །
ངོ་མཚར་རྣམ་ཐར་རྒྱ་མཚོ་ལྷུར་བཞེས་པས། །
བླུན་པོ་ནོར་རྐྱལ་མིང་གིས་དྲེགས་པ་འགའ། །
སེང་གེའི་གསོབ་ཀྱི་ཟླ་ལ་ཅི་ཕྱིར་འགོད། །
ཐོས་བསམ་རིན་ཆེན་སྣང་བའི་མུ་ཁྱུད་ཅན། །
ཟབ་རྒྱས་ཆོས་ཀྱི་མཁའ་ལ་ཡོངས་བཏེགས་ཏེ། །
མཁྱེན་གཉིས་ལང་ཚོ་དར་བའི་འཇོ་སྒེག་གིས། །
མཁས་རྣམས་ཡིད་ཀྱི་བརྟན་པ་ཅི་ཡང་འཕྲོག །
ལྟ་ངན་དྲྭ་བ་སྟུག་པོས་ཡོངས་ཁེབས་པའི། །
ཕས་རྒོལ་བྲག་རི་ཕྱེ་མར་གཞིག་བྱེད་པ། །
རིགས་ལམ་རྡོ་རྗེའི་མེ་ཆར་སྤྲོ་བ་ལ། །
ཆོས་ཀྱི་གྲགས་པའི་སྙན་པ་ཁྱོད་ཀྱིས་འགོག།
བསྟན་པའི་གཞི་མ་སོ་སོར་ཐར་བའི་སྲོལ། །
འདུལ་ལུང་བཞི་ཡི་དགོངས་དོན་རྨ་མེད་པ། །
ཇི་བཞིན་བདག་གིར་བཞེས་ཤིང་གཞན་འདོམས་པ། །
ཡོན་ཤཱཀ་ཟུང་གི་རྗེས་སུ་རྐང་པ་འཇོག །
ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་ཆོས་སོ་ཅོག
གསུང་རབ་མངོན་པའི་གཞུང་དུ་བསྟན་པ་ཀུན། །
ཐོགས་མེད་མཁྱེན་པའི་ཀློང་དུ་དགྱེས་རོལ་བས། །
ཀུན་མཁྱེན་དབྱིག་གི་གཉེན་དང་ཡང་དག་སྡེབས། །
ཐལ་འགྱུར་ལུང་དང་རིགས་པའི་འཕྲུལ་ཐབས་ལས། །
མཐའ་བྲལ་དབུ་མའི་དེ་ཉིད་གསལ་བྱས་ཏེ། །
སྟོང་ཉིད་སེང་གེའི་ང་རོ་སྒྲོགས་པ་ལ། །
མཁས་པ་ཁྱོད་ནི་ཀླུུ་དབང་གཉིས་པར་གྲགས། །
འཕགས་བཞིའི་མངོན་རྟོགས་ནོར་བུས་ཡོངས་གཏམས་པའི། །
ཤིན་ཏུ་རྟོགས་དཀའ་སྦས་དོན་ཟབ་མོའི་གཏེར། །
འབྱེད་བྱེད་མན་ངག་བྱེ་བའི་ལྡེ་མིག་ཅན། །
བྱམས་མགོན་བློ་ཡི་ཉི་མ་དེང་ཡང་ཤར། །
སྒྲ་སྙན་སྨན་རྩིས་བཟོ་ཡི་རིག་པ་སོགས། །
ཐུན་མོང་འགྲོ་ལ་སྨན་པའི་ཐབས་ཚུལ་ཀུན། །
ཁྱོད་ཀྱི་དགོངས་པའི་ཀློང་དུ་ཚེགས་མེད་དུ། །
ཆུབ་ཕྱིར་ལྔ་རིག་སྨྲ་བའི་དབང་པོར་ངེས། །
མདོར་ན་ཤེས་བྱར་སྲིད་པའི་ཆོས་སོ་ཅོག །
གང་གི་མཁྱེན་པའི་ལམ་དུ་མ་སོང་བ། །
མེད་ཕྱིར་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཞེས། །
དོན་ལྡན་བསྔགས་པའི་སྤྲིན་སྒྲ་སྲིད་ན་རྒོད། །
གུར་གུམ་ཕྱེ་མར་བཏགས་པའི་རྡུལ་ཕྲེང་གིས། །
ས་ཆེན་དམ་དུ་འཁྱུད་ལ་ཅོ་འདྲི་བའི། །
དགེ་ལྡན་བསྟན་པ་ཀུན་ཏུ་རྒྱས་པ་ལ། །
དམ་པ་ཁྱོད་ནི་བློ་བཟང་རྒྱལ་བ་དངོས། །
བརྒྱུད་གསུམ་གདམས་པའི་གསེར་འགྱུར་རྩི་སྨན་གྱིས། །
ཕལ་གྱུར་མོས་པའི་ལྕགས་ཁམས་ཡོངས་དག་ནས། །
ཟང་ཐལ་འཇའ་སྐུར་གྲོལ་བའི་ཐབས་མཆོག་ཅན། །
གྲུབ་དབང་ཁྱོད་ནི་པད་མའི་གདུང་འཚོབ་ཉིད། །
འཁོར་འདས་དམིགས་དང་མི་དམིགས་ཆོས་རྣམས་ཀུན། །
དོན་དམ་ཕྱག་རྒྱ་ཆེན་པོར་བྱང་ཆུབ་པས། །
རེ་དོགས་སྤངས་བླང་མཚན་མ་རབ་ཞི་བ། །
རྗེ་བཙན་བཞད་པའི་རྡོ་རྗེར་ཡང་དག་མཚུངས། །
རྨད་བྱུང་མཁས་པའི་བྱ་བ་རྣམ་གསུམ་གྱིས། །
བློ་གསལ་དགའ་སྐྱེད་ལོག་རྟོགས་མུན་པ་སེལ། །
རྣལ་གྲོལ་བདུད་རྩིའི་དགའ་སྟོན་འགྱེད་མཁས་པས། །
འཇམ་དབྱངས་ས་ལོའི་རྣམ་ཐར་རྗེས་སུ་བསྙེགས། །
གང་ཞིག་དབུལ་ཞིང་ཕོངས་ལ་རིན་ཆེན་གཏེར། །
ཐར་ལམ་ཡོངས་སུ་འཚོལ་ལ་དགེ་བའི་བཤེས། །
འཇིགས་ཤིང་སྐྲག་པའི་ཉེན་ལ་སྐྱབས་ཀྱི་མཆོག །
འགྲོ་བའི་རེ་སྐོང་དམ་པ་ཕྱག་བྱའི་ཡུལ། །
དེ་ལྟར་བཅོས་མིན་དད་པའི་རང་མདངས་ལ། །
ཟོལ་བསྟོད་གཡོན་མའི་འཛུམ་གྱིས་མ་བསླད་པར། །
བསྟོད་ཚིག་ཕྲེང་བ་ཕུལ་འདིས་འགྲོ་བ་ཀུན། །
འཕགས་མཆོག་ཐུགས་རྗེའི་དཔལ་དང་མི་འབྲལ་ཤོག །
ས་དང་ལྷུན་པོ་ཉི་ཟླ་གནས་ཀྱི་བར།
མགོན་ཁྱོད་རི་དབང་བཞིན་དུ་བརྟན་བཞུགས་ནས།
ཉམས་ཐག་པུར་རྒྱལ་ལྗོངས་ཀྱི་འགྲོ་བ་རྣམས།
ཐུགས་བརྩེའི་ལྕགས་ཀྱུས་མ་ལྷོད་དམ་དུ་བཟུང་།
གདོན་འདྲེན་ལྷ་རུ་བཀུར་བའི་བླ་གཟུགས་དང་།
ཆོལ་ཁ་ནང་ཕུན་དཀྲུགས་པའི་སྐྱལ་སྟོང་རྣམས།
ཕ་གསོད་ཀླ་ཀློའི་རྗེས་སུ་མ་འབྲངས་པར།
འཕགས་མཆོག་གྲུ་འཛིན་མགོན་པོའི་བཀའ་དྲིན་སོམས།
བདག་ཀྱང་སྐྱེས་ཤིང་སྐྱེ་བ་ཐམས་ཅད་དུ།
མགོན་ཁྱོད་ཐུགས་རྗེ་ལྕག་ཀྱུས་ཉེར་བཟུང་ནས།
ཐམས་ཅད་དོན་དུ་འགྲོ་བའི་དམ་ཆོས་ཀུན།
རྒྱས་པར་བྱེད་ལ་ནམ་ཡང་མི་ཞུམ་ཤོག
དགའ་ལྡན་ཁྲི་པ་ལ་རྒྱལ་བ་ལྔ་པས་བོད་ཀྱི་བླ་ཆེན་གྱི་ནང་ནས་རིམ་པ་ལྔ་པ་དེ་མ་གཏོགས་སྤྲད་མེད་ཀྱང་དེང་སང་རིམ་པ་གཉིས་པ་ལ་ཧོམ་དེ་བསྐྱལ་ཚར་འདུག་གདན་ཐོབ་འདི་ལོ་རྒྱུས་ཀྱི་འགན་ཁུར་མེད་པར་སུ་ཞིག་གིས་བཟོས་བ་རེད།རྒྱལ་མཆོག་ལྔ་པས་བྲིས་པའི་དུ་ཀུ་ལིའི་གོས་བཟང་ལ་གཟིགས་པ་འཚལ།
རྒྱལ་དབང་བཅུ་བཞི་པ་མཆོག་འདི་ལྟ་བུའི་སྐྱེས་བུ་ཞིག་བྱུང་བ་དང་། བོད་ལ་བཀའ་དྲིན་ཅི་ཙམ་ཆེ་བ་དེ་ནི། རྒྱལ་ཚབ་རེ་སྒྲེང་རིན་པོ་མཆོག་གི་མཛད་པ་དང་བཀའ་དྲིན་གྱི་ཆ་ཤ་ཤིག་ཡིན་པར་བོད་མི་ཡོངས་ནས་ངོ་ཤེས་དགོས་པ་རེད།
རྒྱལ་ཚབ་རེ་སྒྲེང་རིན་པོ་མཆོག་གི་མཛད་པ་དང་བཀའ་དྲིན་གྱི་ཆ་ཤས་ཤིག་ཡིན་པར་བོད་མི་ཡོངས་ནས་ངོ་ཤེས་དགོས་པ་རེད།
ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས།།
བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ།།
ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས།།
སེང་གེ་ཁྲི་ཡི་གཡོག་ཏུ་གྱུར་ཚུལ་འདི་སྐྱོ་བ།།
དགེ་ཆོས།
yam ལགས། ཚིག་བཅད་འདི་ ༸གོང་ས་མཆོག་ལ་སྦྱར་ན་མི་ལེགས་ཀི
དོན་དམ་པའི་ཆོས་ལུགས་རིས་མེད་ཆགས་ཡོད་དམ་མེད་བླ་ཆེན་ཚོ་ལོ་རྒྱུས་ཀྱི་འགན་ཁུར་མེད་པའོ་གོ་རིམ་སྒྲིག་སྟངས་ཀྱི་ཟུར་ནས་རྟོགས་ཐུབ་ཧེ་ཧེ་རྒྱལ་མཆོག་ལྔ་པས་དགའ་ལྡན་ཁྲི་པ་ལ་བླ་མའི་གདན་ཐོབ་ཀྱི་ཨང་རིམ་ལྔ་པ་དེ་མ་གཏོགས་ཕུལ་མེད་ཀྱང་དེང་སང་ཧོམ་དེ་དགའ་ལྡན་ཁྲི་པ་ཨང་སྡེ་གཉིས་པའི་ནང་དུ་འཕུར་ཚར་སོང།
གནས་ཚུལ་འདི་རྒྱབ་ལོགས་སུ་མངོན་པའི་འཆིང་ཐག་དུ་མ་ཞིག་གིས་སྦྲེལ་ཡོད།
ཆོས་ཚོགས་ཚོགས་དགོས་བའི་དམིགས་ཡུལ་ངོ་མ་དེ་འདི་རེད།དྲ་གྲོགས་ཚོས་གནས་ཚུལ་འདི་ཁ་གསལ་པོ་བྱ་ནས་མཁྱེན་དགོས།
འདི་ན་སུ་དང་གང་གིས་མྱི་ཤེས་པའི།།
གཡུང་དྲུང་ལྷ་ཡི་རྨུ་ཐག་རིང་མོ་འདིར།།
མཐའ་མྱེད་ཆོས་དབྱིབས་རིག་པའི་དབྱིངས་སུ་བཏགས།།
རིག་པའི་བུ་ཆུང་ལུས་ཀྱི་ནང་དུ་བཏགས།།
ལུས་ཀྱི་ཐོ་ཡོར་ཟས་དང་སྐོམ་ལ་བཏགས།།
ཟས་དང་སྐོམ་ནི་ཕྱི་རོལ་རྐྱེན་ལ་བཏགས།།
དེ་ལྟར་ཐག་པ་གཅིག་ལ་གཅིག་འཐུད་པས།།
གཅོད་པའི་ས་མཚམས་གཞན་ནི་ཡོད་མ་ཡིན།།
ས་མཚམས་གཅིག་ནི་ཀུན་གྱིས་མྱི་འདོད་པ།།
ལུས་སེམས་འབྲེལ་ཐག་ཆོད་པའི་འཆི་བ་ཉིད།།
ས་མཚམས་གཅིག་ནི་ཀུན་གྱིས་མྱི་ཤེས་པ།།
ཐག་པ་རུལ་ནས་དབྱིངས་རིག་འདྲེས་པ་ཉིད།།
དགེ་ཆོས།
ཧཧཧ ཨ་ཁུ་དགྲ་ལྷ་ཟེར་བའི་མི་འདི་ཨུ་ཚུགས་ཆེ་བ་ལ།
འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་ ཁྱོད་ཀྱིས་མ་ཤེས་སམ། མ་ཤེས་ན་པད་མ་ཆོས་འབྱོར་ལ་སྐད་ཆ་དྲིས།
འདུལ་སྔགས་ལུགས་ཀྱི་སྡོམ་དང་དམ་ཚིག་གི་རྣམ་གཞག་ལ་དཔྱད་པ། http://www.gdqpzhx.com/bo/html/interview/201108161320.html
འདི་ཆོས་རིག་ཁུངས་དང་། ཁྲིམས་བཟོ་ལྷན་ཚོགས་སུ་་ཁྲིམས་ཡིག་བསྐྱར་བཅོས་མཛད་ཕྱོགས་ནང་ཆོས་ཀྱི་གོ་རྟོགས་ལ་ཕན་ཐོགས་རྒྱུ།
ང་དེང་སང་ཁ་བརྡ་ཚང་གིས་རྒྱང་ཕུད་བཏང་ཟིན་པས། ད་དུང་ཨུ་ཚུགས་ཀྱིས་ཡོང་བཞིན་ཡོད།
གངས་བུ་རྩེ་རྒྱལ་ལགས། ཁྱེད་ཀྱི་སྙན་ངག་དེ་དཔེ་མེད་སྙན་པོ་ཞིག་འདུག ཁྱེད་ལ་འདོད་མོས་ཡོད་ན་ངས་དྲ་བའི་མདུན་ངོས་སུ་འགོད་ཆོག
སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱིས་གང་བདེར་གནང་ཆོག་ཞུ་ལགས།
སྤོབས་པ་མཐའ་ཡས་ལགས་ཀྱིས་གདེང་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ།
ཅི་འདྲའི་ཞལ་གསུང་སེམས་འཚབ་ལངས་བ་ཞིག་རེད།ད་ང་འདྲ་བའི་ཅང་ཞུ་མི་ཤེས་བ་རང་ཉིད་ལ་གསལ་ན་ཡང་གང་ཉིད་ཀྱི་ཞབས་ཟུང་ལ་འཐམ་ནས་ངུ་ན་འདོད། ཕ་མས་བུ་ཕྲུག་ལ་བརྩེ་སྐྱོངས་བཞིན་གྱི་བཀའ་སློབ་དེ་དག་བསམ་ན་ངས་ཀྱང་རང་ཉིད་ཀྱིས་ནུས་ཚོད་ཅིག་སྟེ།མངོན་ལྐོག རྒྱབ་མདུན། ཉེ་རིང་། དབུལ་ཕྱུག མཐོ་དམན། ངོ་ཤེས་སོགས་ཀྱི་དབྱེ་འབྱེད་མེད་པར་ཕན་ཆེ་ཐོག་ཆུང་ཐོག་གང་ཡོད་ལ་རེམ་ན་འདོད། ཞབས་པད་ཡུན་རིང་བརྟན་པའི་གསོལ་འདེབས་བཅས།
བཞེད་འདོད་ལྷུན་གྱིས་གྲུབ་གྱུར་ཅིག །
༸སྐུ་ཚེ་ཡུན་དུ་བརྟན་འགྱུར་ཅིག །
གྲལ་རིམ་དང་གདན་ཐོབ་ཅེས་པ་འདི་ཕལ་ཆེར་མི་སོ་སོའི་འཇོན་ཐང་དང་ནུས་པ་ལས་གཞན་མི་གང་ཞིག་གིས་སྤྲོད་རྒྱུ་ལ་དགུགས་ནས་ཐོབ་པ་ལས་ཤོར་བར་ཐག་ཉེ་བས་སོ། །
གདན་ལ་རྩོད་པ་ལས་བྱས་རྗེས་ལ་གཟིགས་དང་། དེའི་དགོས་པ་ཆེ་རྒྱུ་རེད།
༡༽༸གོང་ས་མཆོག་གིས་རྒྱལ་ཁམས་དམངས་གཙོར་འབད།།
བླ་སྤྲུལ་ཕལ་ཆེར་ཐོབ་དང་གོ་སར་འགྲན།།
རྒྱ་དམར་ཚང་གིས་བླ་མའི་ཡང་སྲིད་སྒུག།
ཨ་ཕོ་དགྲ་ལྷ་འདས་པའི་རྨི་ལམ་བསྒོམས།།
བྱ་བ་བརྗོད་པ་མཐའ་མའི་གསལ་བྱེད་ཀྱི་རྒྱན།
༢༽མཁས་རྣམས་ཐུགས་ལ་རྣམ་མང་ཤེས་བྱའི་དོན།།
ཚོང་པའི་སེམས་ནང་གསེར་དངུལ་ཁེ་བཟང་སྐོར།།
འདོད་ལྡན་སྙིང་ལ་གཟུགས་མཛེས་ན་ཆུང་ལུས།།
ཕྱོགས་ལྷུང་འབྱུང་བྱས་མུན་ཁྲོད་ཟ་འཐུང་བསྒོམས།།
༣༽དཔའ་བོ་ཕལ་ཆེར་རྒྱལ་འབངས་འཕྲལ་ཕུགས་དོན།།
སྡར་མ་ཕལ་ཆེར་ཕྱི་ཞིམ་ནང་སྟག་སྟེ།།
བླུན་པོ་ཕལ་ཆེར་མིག་སྔའི་ཐོབ་བྱ་ཙམ།།
དམ་སྲི་ཕལ་ཆེར་རང་སྡེ་དཀྲུག་ལ་འབད།།
དཔའ་བོ་ཕལ་ཆེར་རྒྱལ་འབངས་མི་རིགས་དོན།།
སྡར་མ་ཐམས་ཅད་ཕྱི་ཞིམ་ནང་སྟག་ཉིད།།
བླུན་པོའི་ཡིད་ལ་འཕྲལ་གྱི་ཐོབ་ཐང་སྟེ།།
དམ་སྲི་འབྱུང་བྱས་མུན་པའི་འཇིག་རྟེན་རྩོད།།
བོད་གཞུང་སྤོབས་པས་དམ་ཉམས་ཟུར་དུ་བཏོན།།
རྒྱ་གཞུང་གཡོ་ཡིས་དེ་རྣམས་བྲན་དུ་བཀོལ།།
ཨ་རིའི་གཞུང་གིས་རྒྱ་བོད་རེས་ཀྱིས་སྤྱད།།
ཨིན་འཕགས་ཟུང་གིས་བོད་དོན་ཚོང་དུ་གཉེར།།
ྸ
གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང༌།།
རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས།།
དྲང་བོའི་མི་ལ་འཁྱོག་པོའི་ལམ་སྟོན་པ།།
སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད།།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།
ཆེ་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་མཆོག།
ཞབས་པད་སྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག།
བཀའ་ཡིག་འདི་བཞིན་དུས་ཐོག་ཆར་པ་རང་རེད། གུང་ཁྲན་གྱིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ངན་གཡོའི་འོག་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཚོགས་པ་ཞིག་བཙུགས་ཡོད་སྐད། དེས་གནད་ཡོད་ཀྱི་ཡང་སྤྲུལ་ཆབ་སྲིད་ལག་ཆར་བེད་སྤྱོད་བྱེད་རྒྱུ་གདོན་མི་ཟ་བས། དེས་ན་བཀའ་ཡིག་འདིས་གཡོ་ཇུས་རང་བཞིན་ལྡན་པའི་ཐབས་ལམ་བེད་སྤྱོད་བྱེད་ས་མེད་པ་ཆགས་ཚར་བ་རེད།
ད་བར་འཕགས་པ་མིག་མི་འཛུམ་པའི་མི་ཡི་རྣམ་རོལ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས། འཕགས་མཆོག་ཕྱག་ན་པདྨོ། སྙིང་རྗེའི་གཏེར་ཆེན་སོགས་སྤྱན་རས་གཟིགས་ཀྱི་མཚན་དང་སྦྱར་བ་ལས། རྡོ་རྗེ་འཆང་ཟེར་བ་ད་ལན་ལས་གོ་ཐོས་མེད། འདི་ཡང་རྒྱུ་མཚན་ཞིག་ལོས་ཡོད།
༧སྤྱི་ནོར་༧གོང་ས་༧ཡིད་བཞིན་ནོར་བུ་མཆོག་ད་ལོ་དགུང་གྲངས་དོན་དྲུག་ཡིན་པ་དང་། ཕྱིས་སུ་དགུང་གྲངས་གྱ་བཞི་ལ་ཕེབས་དུས་ཡིག་ངག་གཉིས་ཐོག་ནས་སྐུ་ཕྲེང་བཅུ་བཞི་བའི་ཡང་སྲིད་སྐུ་ཕྲེང་བཅོ་ལྔ་བའི་སྐོར་གསལ་བོར་ལམ་སྟོན་གནང་རྒྱུ་ཞལ་བཞེས་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་ནས་ད་དུང་མུ་མཐུད་དེ་སྐུ་ཚེ་ཁྲི་ལོར་བརྟན་པའི་གསོལ་བ་གྲངས་མེད་འདེབས།
༧སྤྱི་ནོར་༧གོང་ས་༧ཡིད་བཞིན་ནོར་བུ་མཆོག་ད་ལོ་དགུང་གྲངས་དོན་དྲུག་ཡིན་པ་དང་། ཕྱིས་སུ་དགུང་གྲངས་གྱ་བཞི་ལ་ཕེབས་དུས་ཡིག་ངག་གཉིས་ཐོག་ནས་སྐུ་ཕྲེང་བཅུ་བཞི་བའི་ཡང་སྲིད་སྐུ་ཕྲེང་བཅོ་ལྔ་བའི་སྐོར་གསལ་བོར་ལམ་སྟོན་གནང་རྒྱུ་ཞལ་བཞེས་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་ནས་ད་དུང་མུ་མཐུད་དེ་སྐུ་ཚེ་ཁྲི་ལོར་བརྟན་པའི་གསོལ་བ་གྲངས་མེད་འདེབས།
དགོངས་དག་མཆན་གཉིས་འགྲོ་སོང་བས་གཅིག་གསུབ་རོགས་གནང་ཞུ་རྒྱུ།
༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་ཞལ་གདམས་བཀའ་ཡིག་འདི་བཞིན་ཕྱི་ནང་གི་གཡོ་གར་མང་པོ་ཞིག་གཟིགས་ནས་འཇོག་གནང་མཛད་པ་ཞིག་ཡིན་པས། དེ་ནི་མང་ཚོགས་རྣམས་རྨོངས་གཉིད་ལས་གྲོལ་ནས་པེ་ཅིང་དང་རྡ་སའི་བར་ལ་ཇུས་ཏོག་མང་ཙམ་བྱེད་དགོས་པར་མཐོང་།།
རྒྱལ་དབང་དགེ་འདུན་གྲུབ་པ་དགུང་ན་ཆུང་ངུའི་སྐབས་སུ་གཙང་ཁ་བསྟོད་དུ་ལུག་འཛི་གནང་ནས་བཞུགས་པའི་སྐབས་སུ་ཕྱག་མཛུབ་ཀྱིས་རྡོ་ལ་མ་ཎི་བྲིས་པ་རྣམས་དེང་སྐབས་མཇལ་རྒྱུ་འདུག སྐུ་འཁྲུངས་ས་གམ་པའི་འབྲོག་ས་དེ་ཡང་ངོས་འཛིན་་བདེ་པོ་འདུག
རྒྱལ་དབང་ཡབ་སྲས་གཉིས་ལས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་མཇུག་བསྒྲིལ་བ་རེད། དགེ་འདུན་ཆོས་ཀྱི་ཉི་མ་མུན་པའི་བཙོན་དུ་ཡོད་དམ་གང་དུ་ཡོད་ཆ་མ་འཚལ། སྔོན་དུ་གོ་སྐབས་ཡོད་ཀྱང་ཐོབས་སྟངས་མེད། ད་ལྟ་ཐོབས་སྟངས་ཡོད་ཀྱང་གོ་སྐབས་མེད། ཁྱོད་ཀྱི་བོད་དོན་་ཆེད་དུ་སྐུ་སྲོག་བློས་བཏང་ཡང་། བཙན་བྱོལ་བོད་མིའི་བླ་ཆེན་རྣམས་ནི་རྒྱ་དམར་ལ་བཞེད་ནས་ཁྱོད་ཀྱི་མཚན་ཙམ་ཡང་འབོད་མ་ནུས་། ཚོང་པ་རྒྱག་པ་ལགས། ཁྱོད་ཉིད་རྒྱ་དམར་གྱི་བཙོན་དུ་ཕྱག་དང་ཞབས་ལ་ལྕགས་སྒྲོགས་ཀྱིས་བཅིངས་ནས་བཞུགས་སྐབས་བཙན་བྱོལ་ནང་གི་བླ་ཆེན་རྣམས་ནི་གསེར་ཁྲི་སེར་པོའི་སྟེང་ནས་སྤྲོ་སྐྱིད་ཀྱི་དགའ་སྟོན་ལ་རོལ། ད་ཆ་ཁྱོད་མེད་ལ་ཁྱོད་ཀྱི་ཡང་སྲིད་ཀྱང་མེད། དེ་ནི་བོད་མི་ས་ཡ་དྲུག་གིས་ཁྱོད་ལ་བཀའ་དྲིན་གྱི་ལེགས་གསོལ་ཞིག་ཡིན། རིན་པོ་ཆེ་ལགས་དགོངས་དག།
ད་ལན་ཆོས་ཚོགས་གལ་ཆེ་འདི་འདྲ་ཞིག་ཚོགས་པ་རེད་བླ་ཆེན་ཚང་མ་འཛོམས་པ་རེད་ཡིན་ན་ཡང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོ་མ་དེ་དགེ་འདུན་ཆོས་ཀྱི་ཉི་མ་དང་། རྒྱལ་མཚན་ནོར་བུ་སུ་ཡིན་གསལ་བཤད་ཙམ་ཡང་མེད་པ་དེས་བླ་ཆེན་དེ་དག་གུང་ཁྲན་ཏང་ལ་ཞེད་པ་གསལ་པོ་རེད་བློ་ཕམ་ཡོད། རྒྱ་མིའི་དངུལ་མང་ཙམ་བཞེས་ནས་བོད་མི་རྣམས་ལ་ཆོས་གསུངས་དེ་ནི་ཁྱོད་རྣམས་ཀྱི་ཡོན་ཏན་ཡིན།
འདི་འདྲ་བའི་གལ་ཆེའི་གསལ་བསྒྲགས་ནང་ཡིག་ནོར་དུ་མ་འདུག་པ་བློ་ཕམ་ཡོད་ལ་ངོ་ཚ་ཡང་རེད།
གང་ལྟར་༧གོང་ས་ཡབ་སྲས་གཉིས་ཀྱི་ཡང་སྲིད་དུས་རྟག་ཏུ་གནས་གྱུར་ཅིག།།
དོན་མེད་རྩོད་པའི་ལས་ཀྱིས་དུས་འདའ་ཞིང་།།
བསམ་མེད་བྱིས་པའི་ཀུ་ཅོ་འདོན་པའི་ཁྲོད།།
དམ་སྲིས་ཁོག་བརློམ་འབྱུང་བོའི་ཁྱུ་ཚོགས་རྣམས།།
ལུགས་གཉིས་གཤེད་དུ་ལངས་པའི་ཟློས་གར་རྩེན།།
ཆོས་མེད་སྤྲང་པོའི་སྤྲང་མདོག་སྟོན་པ་ཡི།།
ཆོས་པའི་གཟུགས་བརྙན་འཛིན་པའི་མགོ་རལ་འགའ།།
ཆོས་བདག་སྟོན་པའི་བསྟན་པ་བསྣུབ་པའི་ཆེད།།
ཆོས་ཀྱི་དགྲ་རུ་ལངས་པ་འདི་རེ་སྡུག།
༸གོང་ས་མཆོག་ནས།
གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌།
བཀའ་སློབ་འདིའི་བསྟན་དོན་ལྟར་ན། ༸རྒྱལ་བའི་དགོངས་པར་ཡོད་པའི་མཛད་པ་མཇུག་སྐྱོང་གི་མི་སྣ་དེ་མ་འདས་སྤྲུལ་སྐུ་མིན་དགོས་པ་དེ་གསལ་པོར་བསྟན་འདུག་སྙམ། བོད་མི་སྤྱིའི་དད་མོས་ཀྱི་སེམས་ཁམས་ནས་བཤད་ཀྱང་མ་འདས་སྤྲུལ་སྐུ་ལས་འདས་རྗེས་ཀྱི་ཡང་སྤྲུལ་བསུ་རྒྱུ་དེ་ཤིན་ཏུ་ནས་འཚམ་པ་ཡིན།
ད་དུང་བཀའ་སློབ་འདིས་བླ་བྲང་དགའ་ལྡན་ཕོ་བྲང་གི་གལ་གནད་ཀྱང་ཤུགས་ལ་བསྟན་ཡོད། དེ་བས་བླ་བྲང་དགའ་ལྡན་ཕོ་བྲང་གི་ཞབས་འདེགས་མི་སྣའི་ནང་ཤེས་འཇོན་དང་ལྷག་བསམ་གསུམ་ལྡན་གྱི་མི་སྣ་མང་ཙམ་བསླེབ་དགོས་པ་དུས་ཀྱི་དགོས་མཁོར་གྱུར་ཡོད་ཅིང་།
བླ་བྲང་དགའ་ལྡན་ཕོ་བྲང་ནས་ཆོས་བརྒྱུད་ཁག་གི་བླ་ཆེན་དང་འགན་ཡོད་མི་སྣར་བཟུང་བའི་འབྲེལ་ལམ་ཡང་༸གོང་ས་མཆོག་གཅིག་པུར་ཐུག་བསྡད་པ་ལྟ་བུ་ཞིག་མ་ཡིན་པ་ངེས་པར་དུ་ཡིན་དགོས།
རྒྱ་ནག་དམར་གཞུང་གིས་རྡོ་རྗེའི་ཐོག་མདའ་ལྟ་བུའི་བཀའ་སློབ་འདིར་ངོ་ཚ་མེད་པའི་རྣམ་འགྱུར་ཅི་ཞིག་སྟོན་མིན་དེ་ད་ལྟ་ང་ཚོས་ཞིབ་ཚགས་ཀྱིས་བལྟ་དགོས་པ་ཆགས་ཡོད་ལ།
བཀའ་སློབ་འདི་དབྱིན་ཡིག་གཅིག་པུ་མིན་པར་ཧིན་དྷི་དང་རྒྱ་ཡིག་སོགས་སྐད་རིགས་མང་དག་ནང་ཕབ་བསྒྱུར་གྱིས་རྒྱ་ཁྱབ་ཏུ་འགྲེམས་བཀྲམ་བྱེད་དགོས་ལ། དམིགས་བསལ་སོག་སྐད་དང་ཧི་མ་ཡའི་རི་རྒྱུད་ཀྱི་ས་ཁུལ་དུ་ད་ལྟ་རང་འབྱོར་ཐུབ་པ་ཞིག་དང་ཐོས་ཐུབ་པ་ཞིག་གི་བྱ་གཞག་སྤེལ་དགོས།
བཀའ་སློབ་འདི་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཙམ་ལས་བརྒལ་ཏེ་བོད་བརྒྱུད་སྤྲུལ་སྐུའི་ལམ་སྲོལ་སྤྱིའི་རྣམ་གཞག་ཚིག་ཉུང་དོན་འདུས་ཀྱིས་གསལ་སྟོན་བྱེད་པའི་རིག་པའི་གཞུང་ལུགས་གལ་ཆེན་ཞིག་ཡིན་པའི་མཐོང་སྣང་བྱུང་།
ཡ་ཡ། བོད་པའི་སྤྲུལ་སྐུ་རྫུན་བཟོ་མགོ་གཡོག་མགོ་སྐོར་ལམ་ལུགས་དེ་མཇུག་སྒྲིལ་ན་ཡག་ཤོས་རེད། བོད་པའི་སྤྲུལ་སྐུ་དང་སངས་རྒྱས་ཀྱི་བསྟན་པ་གཉིས་ལ་འབྲེལ་བ་ཆེན་པོ་ཅང་ཡོད་ནི་མ་རེད། བོད་པས་རྫུན་བཤད་དེ་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་དེ་མེད་པ་བྱས་ན་ཡག་ཤོས་རེད། དེ་ནས་བོད་པའི་སྦྱི་ཚོགས་ནང་གི་རྙོག་དྲ་མང་ཤོས་མེད་པ་ཆགས་ཀྱི་རེད། བཀའ་བརྒྱུད་པས་བཀའ་བརྒྱུད་སྦྱི་ལ་ཁྱབ་པའི་དབུ་འཛིན་འདེམས་མ་ཐུབ་པ་དེ་ཡང་བོད་པའི་སྤྲུལ་སྐུའི་ལམ་ལུགས་ཀྱི་ཞབས་འདྲེན་དེ་ཐུག་འདུག
བོད་པས་སྤྲུལ་སྐུ་ངོས་འཛིན་གི་ཡིན་ཟེར་ནས་བོད་པའི་སྦྱི་ཚོགས་ནང་གཏོར་བཤིག་བརྒྱབ་པ་ག་ཚོད་ཡོད་རེད། མང་པོ་ཡོད་རེད། ཀརྨ་པའི་སྤྲུལ་སྐུའི་རྙོག་དྲ་ལངས་ནས་བླ་མས་ནང་འཁྲུག་བརྒྱབ།
རྙིང་མ་པས་བྱ་བྲལ་རི་པོ་ཆེ་མཆོག་གིས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱས། ཐུགས་ཐག་བཅད་ཚར་དུས།
ཡང་བསྐྱར་བདུད་འཇོམས་རྫུན་མ་ཞིག་ལ་སྐུ་སྒེར་ཡིག་ཚང་གིས་ངོས་སྦྱོར་སྤྲད་དེ་བསམ་བཞིན་དུ། རྐང་བཙུགས་ནས་རྙིང་པ་ལ་གཏོར་བཤིག་བརྒྱབ། ད་དེ་འདྲ་མང་པོ་ཡོད་ཡ། ད་སྤྲུལ་སྐུ་ལ་སྐྱུགས་ལོག་ནས་བསྡད་ཡོད། ད་སྤྲུལ་ཡིན་ཟེར་མཁན་དེ་ཚོ་གཅིག་མེད་ན་ཤཱཀྱ་ཐུབ་པའི་བསྟན་སྤུས་དག་པོ་ཆགས་ཀྱི་རེད།
བཀའ་རྒྱུད་པའི་དབུ་འཛིན་འདེམས་མ་ཐུབ་པ་དེ་ཡག་པོ་བྱུང་འདུག ད་རྙིང་པ་པས་ཀྱང་མ་བདམས་ན་ཡག་པོ་རེད། ས་སྐྱ་ཚང་གི་ཕ་ཤུལ་བུ་འཛིན་འདི་ཡང་སྟོན་པ་ཤཀྱ་ཐུབ་པའི་ཆོས་དང་དེངས་རབས་ཀྱི་སྤྱི་ཚོགས་འགྲོ་སྟངས་དང་མ་མཐུན་པ་ཡིན་སྟབས་མཚམས་འཇོག་རན་འདུག དབུ་འཛིན་ཟེར་བ་འདི་ཡག་པོ་གཏན་ནས་མི་འདུག
འཚོ་བྱེད་བུ་t.p ཟེར་བའི་མཆན་འདི་ཧ་ཅང་སྙིང་རྗེ་པོ་མཐོང་སོང་། སྐབས་འདིར་མཆན་འབྲི་སྟངས་འདི་ལས་ལྷག་པ་ཞིག་རྩ་ནས་མེད་དོ།། མོས་མཐུན་དང་རྒྱབ་སྐྱོར་ཆ་ཚང་ཡོད།
བོད་པའི་སྤྲུལ་སྐུ་ལམ་ལུགས་དེ་མཇུག་སྒྲིལ་ན་ཡག་ཤོས་རེད།
སྤྲུལ་སྐུ་རྫུན་མ་དེ་འདྲ་མང་པའི་ཕྱིར་རོ།
http://www.youtube.com/watch?feature=related&hl=en&v=bS7wYF6B8kg&gl=US
སྤྲུལ་སྐུ་ངོས་འཛིན་བྱས་པའི་ཞབས་འདྲེན་དེ་འདི་འདྲ་ཡིན་ས་རེད
http://www.youtube.com/watch?v=7BZ5Ma_NbMo
གཤམ་གསལ་ཁ་བྱང་ནང་ག་རེ་ཡོད་ཟེར་ན། བོད་པའི་སྤྲུལ་སྐུ་ཚོས་སྤྲུལ་སྐུ་ངོས་འཛིན་བྱེད་ལུགས་སྐྱུགས་བྲོ་བ་ཞིག་གི་གནས་ཚུལ་ཡོད་རེད། རྡོ་རྗེ་འཆང་གི་སྤྲུལ་སྐུ་ངོས་འཛིན་བྱས་པ་རེད། གཟིགས་དང་།
http://www.youtube.com/watch?v=7BZ5Ma_NbMo
བལྟས་པ་ཡིན། ལས་དག་མ་དག་མ་ཤེས། རྒྱལ་བ་རྡོ་རྗེ་འཆང་གསུམ་པ་དེ་མཇལ་སོང་། ཁོང་གི་གཡས་གཡོན་སློབ་མ་དེ་ཚོ་ལྷ་འདྲེ་གང་ཡིན་གསལ་པོ་མི་ཤེས། བོད་ཀྱི་ཆོས་ལུགས་གྲུབ་མཐའི་བླ་མ་ཨ་ཡོད་ད་ཡོད་དེ་ཚོས་རྒྱལ་བ་རྡོ་རྗེ་འཆང་གསུམ་པ་དེ་ངོས་འཛིན་གནང་འདུག ས་སྐྱའི་བླ་ཆེན་ཚང་མ་འདུག རྙིང་མའི་བླ་ཆེན་ཡོད་དོ་ཅོག་ཚང་མས་ངོས་འཛིན་གནང་འདུག ཇོ་ནང་གི་བླ་ཆེན་ཁ་ཤས་འདུག བཀའ་བརྒྱུད་ཀྱི་བླ་ཆེན་ཞྭ་དམར་དང་དེ་མིན་ཁ་ཤས་འདུག དགེ་ལུགས་ཀྱི་བླ་ཆེན་མིན་འདུག
ད་དེར་ལྟར་ཡིན་ན། ཅིའི་ཕྱིར་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་དགོས་སམ། ང་ཚོར་དེ་ལས་ལྷག་པ་རྒྱལ་བ་རྡོ་རྗེ་འཆང་གསུམ་པ་དེ་འདུག་ག
ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་མུ་མཐུད་དུ་གནས་དགོས། གཞན་གྱི་སྟོབས་ཤུགས་ཀྱིས་བོད་ཆོལ་ཁ་གསུམ་ཁྱུར་མིད་གཏོང་བའི་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་སུ་དགའ་ལྡན་ཕོ་བྲང་གི་མིང་བྱང་འདིའི་འོག་འཛམ་གླིང་ཡོངས་སུ་གཟི་འོད་འཕྲོ་ཞིང་དྲང་བདེན་གྱི་བོད་རྣམས་འཆི་བ་ལས་བསྐྱབས་མྱོང་། ནམ་ཞིག་དགའ་ལྡན་ཕོ་བྲང་མཇུག་རྫོགས་པ་དེ་ནས་བཟུང་ལོ་རྒྱུས་ཀྱི་རྡོ་རིང་ཞིག་མེད་སོང་བ་རེད། དེ་ནས་ང་ཚོས་ཁྲིམས་མཐུན་གྱི་ལག་པ་འཆང་ས་ཞིག་མེད་སོང་བ་རེད། རེ་བ་རྒྱག་ས་མེད་སོང་བ་རེད། དེར་བརྟེན་དགའ་ལྡན་ཕོ་བྲང་མུ་མཐུད་དུ་གནས་དགོས། ཁྱོད་གསོན་དགོས། ཁྱོད་འཆི་མི་ཉན། བོད་ནང་གི་བོད་མི་བརྒྱ་ཆའི་དགུ་བཅུ་ཙམ་གྱིས་ཁྱེད་ལ་ཡིད་ཆེས་དང་རེ་བ་བྱེད་བཞིན་ཡོད། འཛམ་གླིང་གི་མི་འབོར་ས་ཡ་མང་པོས་ཁྱེད་ལ་ཁ་ཕྱོགས་ནས་བལྟས་བསྡད་ཡོད། །
བཀའ་རྒྱུད་པའི་དབུ་འཛིན་འདེམས་མ་ཐུབ་པ་དེ་རྒྱལ་དབང་འབྲུག་ཆེན་དང་འབྲི་གུང་སྐྱབས་མགོན་གཉིས་ཀྱིས་བཀའ་དྲིན་ཡིན་ས་རེད་ད་ དེ་མིན་སི་ཏིའི་ཀརྨ་པ་བཀའ་རྒྱུད་པའི་དབུ་འཛིན་བྱེད་སྙིང་སྤྲོ་ནས་འབར་འགྲོ་གི་འདུག་ཟེར་གི་ཡ་
ཚང་དབྱངས་ལངས། དགེ་ལུགས་བླ་ཆེན་ཁ་ཤས་ཡོད་རེད། རེབ་གོང་རེད་དམ། དགེ་ལུགས་པའི་སྤྲུལ་སྐུ་ཁ་ཤས་ནི་ཏན་ཏན་ཡོད་རེད། ཁོང ཚོའི་མིང་སྨྲོས་ཡོང་གི་འདུག་འ།
རྒྱ་རྒན་དེ་སྔོན་མ་རྒྱ་ནག་སི་ཁྲོན་གི་ཅག་པ་སྐད་གྲགས་ཅན་ཞིག་རེད་ཟེར་གི
དངོས་གནས་བྱས་ན་ཀརྨ་པ་དགོངས་པ་མ་ཞུས་ན་དག་དག་ཡོད་རེད། དེ་ནས་རེས་མོས་ཀྱི་བཀའ་བརྒྱུད་པའི་དབུ་འཛིན་འཁོར་ཡོང་གི་རེད།
འཇམ་དཔལ་རྣོན་པོ་ལགས་ཁྱེད་ཀྱིས་དྲངས་བའི་དྲ་ལམ་དེར་བལྟ་ཙམ་བྱས་པ་ཡིན་ངོ་མ་སངས་རྒྱས་ཀྱི་བསྟན་པ་དེ་མིང་ཙམ་དུ་གནས་འདུག་བསམ་པའི་བྱེད་བབས་ཤིག་རེད་འདུག
ང་ལ་དེ་འདྲའི་ལོ་རྒྱུས་གོ་མ་མྱོངས་ལ། དེ་འདྲའི་རིགས་ལ་རྣམ་རྟོག་བཟའ་གི་ཡོད།
དེར་བླ་ཆེན་སུ་དང་སུ་ཕེབས་མིན་མཚན་བྱང་རེ་འདིར་འགོད་ཐུབ་ན་ཤིན་ཏུ་ནས་ལེགས།
དངུལ་གྱིས་ཐམས་ཅདབསླུས།
བྱུང་ན་དེར ་ཆོས་རྒྱུད་གང་དང་གང་གི་བླ་ཆེན་ཕེབས་མིན་སོགས་དེ་ཡི་སྐོར་ལ་གནས་ཚུལ་རྒྱས་ཙམ་རེ་བྱུང་ན་ཤིན་ཏུ་ནས་ལེགས། གཞན་ཡང་ངོ་དགའ་སྤྲེལ་ལད་དང་དངུལ་བསླུས་ཀྱི་བླ་ཆེན་དེ་རིགས་དྲ་རྒྱ་འདི་ཡི་བརྒྱུད་ནས་བོད་རིགས་མི་དམངས་ཚོར་ངོ་སྤྲོད་བྱེད་ཐུབ་ན་སྤྲུལ་རྫུས་དེ་རིགས་ཉུང་དུ་འགྲོ་གི་རེད།
ད་ཡིན་ན་དུས་རབས་ཉེར་གཅིག་གི་འཛམ་གླིང་ནི་ཆུང་ངུ་ཞིག་སྟེ་ཁྱིམ་ཚང་ཆུང་ངུ་ཞིག་གིས་གནས་སྟངས་ཆ་ཡོངས་སུ་མཚུངས་ཡོད། དགྱེས་རྡོར་སྐོར་གྱི་ཡུ་ཌུབ་ཀྱང་མཐོང་བྱུང་ལྟད་མོ་འདུག
འཇང་གཡུ་ལྷ་ཐོགས་འགྱུར་ལགས། གསར་འགྱུར་འདི་གཟིགས་གནང་ཞུ།
http://www.tibetexpress.net/bo/home/2010-02-04-05-35-27/3161-2010-05-11-05-38-55
བཀའ་བརྒྱུད་པའི་དབུ་ཁྲིད་རེས་མོས་གནང་རྒྱུ་རེད་འདུག
༧དཔལ་རྒྱལ་བ་ཀརྨ་པ་མཆོག་དགུང་ལོ་ཆུང་བ་དང། གསན་བསམ་གནང་དགོས་པ། ཕྱི་ནང་གི་འགལ་རྐྱེན་མང་པོ་ཞིག་ལ་བརྟེན་ནས། ཆོས་དོན་ལྷན་ཚོགས་ཀྱི་གྲུབ་ཆ་བཞིན་དུ་བཀའ་བརྒྱུད་པའི་དམིགས་བསལ་འགན་དབང་ བསྐུར་བའི་སྐུ་ཚབ་ཕེབས་ཕྱོགས་ཐད་ལ། རྒྱལ་ཡོངས་བཀའ་བརྒྱུད་པའི་ནང་ཁུལ་ལྷན་ཚོགས་མ་འཚོགས་པའི་སྔོན་ནས། དགོངས་ཞུའི་ཕྱག་བྲིས་ཕུལ་ཟིན་པ་རེད་ཅེས། བཀའ་བརྒྱུད་སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང།
དེ་ཡང་བོད་གཞུང་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་དགོངས་དོན་བཞིན། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཡོངས་གྲགས་ཀྱིི་དབུ་ཁྲིད་ རྣམ་པའམ། དེ་དག་གིས་དམིགས་བསལ་འགན་དབང་བསྐུར་བའི་སྐུ་ཚབ་ཕེབས་ཕྱོགས་དེ། དགེ་ལུགས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ས་སྐྱ་བའི་སྒྲོལ་མ་ཕོ་བྲང་བདག་ཁྲི་རིན་པོ་ཆེ། དེ་བཞིན་རྙིང་མ་དང་གཡུང་དྲུང་བོན་བཅས་སུ་ཡོངས་གྲགས་ཀྱི་དབུ་ཁྲིད་དམིགས་བཀར་ ཡོད་པ་དང་ཕྱོགས་མཚུངས། བཀའ་བརྒྱུད་པ་ལའང་དེ་ལྟར་དམིགས་བཀར་དགོས་པའི་ཆོས་རིག་ལས་ཁུངས་ཀྱི་བཀའ་རྒྱ་ ཕེབས་པ་བཞིན། ཟླ་འདིའི་ཚེས་༧ ཉིན་དྷ་སའི་ཉེ་འཁོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་དཔལ་མཉམ་ མེད་འགྲོ་མགོན་བཀའ་བརྒྱུད་པའི་ཀཾ་འབྲུག་འབྲི་སྟག་རང་ཁུངས་སོ་སོ་ནས་ཆེད་ གཏོང་ཚོགས་མི་སྐུ་ཚབ་ཆ་སྙོམས་ཡོད་པའི་རྒྱལ་ཡོངས་བཀའ་བརྒྱུད་ནང་ཁུལ་ལྷན་ ཚོགས་ཐེངས་དང་པོ་འཚོགས་ཡོད་པ་རེད།
ཚོགས་ཞུགས་པ་རྣམ་པ་ཚོས་བགྲོ་གླེང་གནང་བའི་གྲུབ་འབྲས་རྣམས་ཕྱོགས་བསྡོམས་གཏན་ འབེབས་གནང་བའི་གྲོས་ཆོད་དུ། ༡ བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་དྲུག་པའི་ནང་གསལ་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་ཀྱི་ཡོངས་གྲགས་དབུ་ཁྲིད་ཁོངས། དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པ་ཀཾ་འབྲུག་འབྲི་སྟག་སོགས་ཀྱི་དབུ་ཁྲིད་ བླ་ཆེན་རྣམ་པ་རེས་མོས་ཀྱིས་ལོ་གསུམ་རེར་བཞུགས་གནང་རྒྱུ། ༢ རེས་མོས་ཀྱི་སྔ་རྗེས་དང་པོ་ཀཾ་ཚང་དང་། གཉིས་པ་འབྲི་གུང། གསུམ་པ་སྟག་ལུང། བཞི་པ་འབྲུག་པ་བཅས་ནས་རིམ་བཞིན་གནང་རྒྱུ་དང་། རེས་མོས་འཁོར་མཚམས་སླར་ཡང་གོ་རིམ་བཞིན་མུ་མཐུད་རེས་མོས་གནང་རྒྱུ།༣ བཀའ་བརྒྱུད་པའི་ཆོས་བརྒྱུད་གཞན་རྣམས་ལ་བཀའ་བརྒྱུད་པའི་དབུ་ཁྲིད་བླ་ཆེན་གྱི་ མཛད་འགན་བཞེས་རྒྱུའི་གནས་སྐབས་བྱུང་ཚེ་རིམ་པ་ལྔ་པ་ནས་འགོ་འཛུགས་ཀྱིས་བཀའ་ བརྒྱུད་སྤྱི་མཚུངས་ལྟར་དབུ་ཁྲིད་ཀྱི་ཐོབ་ཐང་འབུལ་རྒྱུ་བཅས་སྤྱི་མོས་ཀྱིས་ གཏན་ལ་ཕབ་པ་ཡིན།
དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པ་ཀཾ་འབྲུག་འབྲི་སྟག་སོགས་ཀྱི་དབུ་ ཁྲིད་བླ་ཆེན་རྣམ་པ་རེས་མོས་ཀྱིས་ལོ་གསུམ་རེར་བཞུགས་གནང་རྒྱུ་གཏན་འབེབས་ བྱུང་བའི་ནང་ནས། དང་པོ་ཀཾ་ཚང་བཀའ་བརྒྱུད་ཀྱི་གནང་གཏན་འཁེལ་ཡོད་པས། ད་ལྟའི་སྐབས་བླ་ཆེན་སུ་འདེམས་ཐོན་བྱུང་ཡོད་མེད་དང། དཔལ་རྒྱལ་བ་ཀརྨ་པ་མཆོག་བཞུགས་རྒྱུ་ཡིན་མིན་སྐོར་ལ་བཀའ་བརྒྱུད་སྤྱི་འཐུས་ འཁོར་ཚ་བསོད་ནམས་དགྲ་འདུལ་ལགས་སུ་འདི་གའི་གསར་འགོད་པའི་བཅར་འདྲི་སྐབས། “དཔལ་རྒྱལ་བ་ཀརྨ་པ་མཆོག་དགུང་ལོ་ཆུང་བ་དང། གསན་བསམ་གནང་དགོས་པ། ཕྱི་ནང་གི་འགལ་རྐྱེན་མང་པོ་ཞིག་ལ་བརྟེན་ནས། རྒྱལ་ཡོངས་བཀའ་བརྒྱུད་པའི་ནང་ཁུལ་ལྷན་ཚོགས་མ་འཚོགས་པའི་སྔོན་ནས། དགོངས་ཞུའི་ཕྱག་བྲིས་ཕུལ་ཟིན་པ་རེད། དེ་བཞིན་བླ་ཆེན་སུ་ཕེབས་མིན་ནང་ཁུལ་བཀའ་བསྡུར་གནང་རྒྱུ་ཡིན་པ་ལས། ད་ལྟའི་ཆར་གཏན་འཁེལ་ཡོད་མ་རེད་”ཅེས་གསུངས་བྱུང། །
དགེ་ལུགས་ཀྱི་བླ་ཆེན་སྤྲུལ་སྐུ་རྫུན་མ།
http://www.youtube.com/watch?v=iZF0DiVsOns&feature=related
ལོ་སྔོན་མ་དེ་འདྲའི་འཚོགས་འདུ་ཞིག་འཚོགས་ཡོད་པ་རེད་དེ་བྱ་བ་ལམ་འགྲོ་མ་བྱུང་བ་རེད། _
(( རྒྱལ་ཡོངས་བཀའ་བརྒྱུད་པའི་ནང་ཁུལ་ལྷན་ཚོགས་མ་འཚོགས་པའི་སྔོན་ནས། དགོངས་ཞུའི་ཕྱག་བྲིས་ཕུལ་ཟིན་པ་རེད་ཅེས། བཀའ་བརྒྱུད་སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང།))
ཟེར་བའི་གཏམ་འདི་རྫུན་མ་རེད། ཚོགས་འདུ་དེ་རྙོག་དྲ་ཚ་བོ་ཆགས་ནས་མཐར་དབུ་འཛིན་རེས་མོས་བྱེད་རྒྱུར་གཏན་ཁེལ་ཚར་དུས་གཞི་ནས་དགོངས་ཤོག་ཕུལ་བ་རེད། དེ་ལ་བཀའ་བརྒྱུད་གཞན་པ་ཚོས་ངོས་ལེན་མ་བྱས་ནས་ད་ལྟ་བར་དུ་ལྷག་བསྡད་ཡོ་རེད། ཀརྨ་བཀའ་བརྒྱུད་དགོངས་པ་ཞུས་ན་ང་ཚོ་ཡང་དགོངས་པ་ཞུ་ཡི་ཡིན་ཟེར་བའི་གཏམ་འདི་དེ་ནས་བྱུང་བ་རེད།
འཇམ་དཔལ་རྣོན་པོ་ལགས་ནས། གཤམ་གསལ་ཁ་བྱང་ནང་ག་རེ་ཡོད་ཟེར་ན། བོད་པའི་སྤྲུལ་སྐུ་ཚོས་སྤྲུལ་སྐུ་ངོས་འཛིན་བྱེད་ལུགས་སྐྱུགས་བྲོ་བ་ཞིག་གི་གནས་ཚུལ་ཡོད་རེད། རྡོ་རྗེ་འཆང་གི་སྤྲུལ་སྐུ་ངོས་འཛིན་བྱས་པ་རེད། གཟིགས་དང་།
http://www.youtube.com/watch?v=7BZ5Ma_NbMo འདི་གལ་ཆེན་ཞིག་རེད། ནལ་གཅིག་གཟིགས་རོགས། །
སྤྱིར་བོད་པས་ངོས་འཛིན་བྱེད་བཞིན་པའི་སྤྲུལ་སྐུ་དེ་ཚོ་ལ་ཤེས་ལྡན་སུ་ཡང་ཡིད་ཆེས་དཀའ་མོ་རེད་དེ། ཏཱ་ལའི་༡༤ པ་འདི་ལ་མཚོན་ན་ར་སྒྲེང་ཁྲི་རིན་པོ་ཆེས་ངོས་འཛིན་གནང་བ་རེད། ར་སྒྲེང་རིན་པོ་ཆེ་ནི་གུ་རུས་ལུང་ཟིན་གི་གང་ཟག་ཁྱད་པར་བ་ཞིག་ཏུ་སོང་། ངས་ཁོང་ལ་ཡིད་ཆེས་བྱེད་ཀི་ཡོད།
ཡིན་ན་ཡང་ད་ལྟའི་སྐུ་སྒེར་དྲུང་ཆེས་གཙོས་པའི་སྦྱི་ཚོགས་གཏོར་བཤིག་རང་ལུགས་པ་ཁག་གཅིག་གིས་ཁོང་གི་བྱ་བ་ལ་ཡང་ཡི་ཆད་མཁན་མང་པོ་ཡོང་གི་ཡོད་པ་གསལ་བོ་རེད།
འཇམ་རྣོན་ལ་ཆེད་ཞུ། ཕ་བོང་ཁ་པའི་ནག་ཉེས་དྲངས་ནས་ཁོང་དགེ་ལུགས་ཚང་ལ་གཤེ་བ་འདི་བདེན་དོན་མ་རེད། ཏཱ་ལའི་བླ་མས་གཙོ་བྱས་པའི་ཆོས་རྒྱུད་ཁག་གི་མཚན་ལྡན་བླ་མ་རྣམས་གང་དུ་ཕེབས་ཀྱང་བསྟན་པ་དང་འགྲོ་བའི་དོན་འབའ་ཞིག་ལས་བསྟན་པ་ལ་རྨ་འབྱིན་པའི་གནས་མེད་དོ། རྒྱལ་སྲས་བྱང་ཆུབ་སེམས་དཔས་འདོད་ཉོན་ཡོན་ལམ་དུ་བྱེད་པའི་ལད་མོ་སོ་སྐྱེ་ཐ་མལ་པས་བྱས་ན། མཐའ་མ་རང་གཞན་གཉིས་ཕུང་ལས་གཞན་དུ་ཅི། ཁོང་རྣམས་ལ་ལྟོས་ན་འདོད་ཡོན་ནི་སྨན་དང་སྔགས་ཀྱིས་བསད་པའི་དུག་ཆེན་བཞིན་དུག་གི་ཉེས་པ་མི་བསྐྱེད་དོ། མ་ཟད་སྟག་མཆོང་སར་ཝ་མཆོང་རྒྱུ་མེད། ཝ་མཆོང་དྲག་ན་ཝ་པགས་དང་བྲལ་ཉེན་ཡོད། དེ་འདྲ་སོང་ཙང་སྐྱོན་ལ་ངོས་ལེན་དང་ཡོ་བསྲང་བྱེད་དགོས་པ་ལས་ཁོས་བྱེད་ཀྱི་འདུག དེ་འདྲ་སོང་ཙང་ངས་ཀྱང་བྱེད་ཀྱི་ཡོད་ཅེས་པའི་སྐད་ཆ་འདི་ཧ་ཅང་གི་ཐབས་སྐྱོ་པོ་ཞིག་རེད།
ང་ཚོ་བོད་མི་རྣམས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་གིས་༧གོང་ས་མཆོག་གི་བཀའ་སྩལ་ལོ་རྒྱུས་ཀྱི་ཡིག་ཆ་འདི་དང་དོན་དངོས་ལོ་རྒྱུས་ཡིག་ཆ་ཁག་རྣམས་གང་ཐུབ་ཅི་ཐུབ་ཀྱིས་ལག་བསྟར་དང་དྲིལ་བསྒྲག་རྒྱུན་མཐུད་གནང་དགོས་པ་དང་གསལ་བཤད་མུ་མཐུད་གནང་རྒྱུ་ཤིན་ཏུ་གལ་འགངས་ཆེ་ཤོས་ནང་གི་ཆེ་ཤོས་དེ་ཡིན་པ་མ་ཟད་ང་ཚོའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཡུན་རིང་ལྡན་པའི་དོན་དངོས་རྣམས་འཛམ་གླིང་ཡོངས་ཀྱིས་ཤེས་པ་དང་ཆབས་ཅིག་རྒྱ་དམར་གཞུང་གིས་བསམ་ངན་ཁོག་བཅངས་དང་གཡོ་སྒྱུ་ཆེ་བའི་སྒོ་ནས་ལོ་རྒྱུས་དོན་དངོས་འཁྱོག་བཤད་རྫུན་བཟོ་སོགས་ངོ་ཚ་རྒྱུ་མེད་པའི་མ་རབས་ཀྱི་རྫུན་རྐུབ་རྣམས་ཉིན་ལྟར་རེ་བཞིན་ཐེར་འདོན་གནང་རྒྱུ་ནི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་སྐྱིད་སྡུག་ཁག་དང་མི་སྒེར་བཅས་ཚང་མས་ང་ཚོའི་ཐུན་མོང་གི་ལས་འགན་རླབས་ཆེན་འདི་སྒྲུབ་རྒྱུར་འབད་བརྩོན་ལྷོད་མེད་གནང་སྐྱོང་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན་ཚང་མས་དགོངས་པ་གཏིང་ཟབ་ཞིག་བཞེས་རན་ཡོད་པ་ཚང་མས་ཤེས་བཞིན་ཡིན་པ་རེད་ད་ཆ་ལག་བསྟར་དངོས་ཀྱི་ཐོག་ནས་སྤྱི་དོན་ལ་ཞབས་འདེགས་ཞུ་དགོས་པའི་དུས་ལ་སླེབས་ཡོད་ཤ་རུས་གཅིག་གི་སྤུན་ཚོ་ལག་གདང་དཔུང་འབྲེལ་གནང་རྒྱུའི་བརྡ་འཕྲིན་ཡོང་རྒྱུར་སྒུག་ནས་ཡོད་པ་དགོངས་འཇགས་ཞུ་།
དྲ་གྲོགས་ཞོལ་ཕྲུག་ལགས། ཁྱོད་ནས།
༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་ཞལ་གདམས་བཀའ་ཡིག་འདི་བཞིན་ཕྱི་ནང་གི་གཡོ་གར་མང་པོ་ཞིག་གཟིགས་ནས་འཇོག་གནང་མཛད་པ་ཞིག་ཡིན་པས། ཞེས་པའི་ཕྱིའི་གཡོ་གར་དང་ནང་གི་གཡོ་གར་གང་ཡིན་ནམ། དེ་བཞིན། རྡ་ས་དང་པེ་ཅིང་བར་ལ་ཇུས་ཏོག་མང་ཙམ་་བྱེད་དགོས་རེད་ཅེས་པའི་འཇུ་ཏོག་གང་བྱ་དགོས་རེད།
པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེ་རྒྱ་དམར་ལག་ཏུ་ཤོར་དགོས་དོན་ཡང་ཕྱི་ནང་གི་གཡོ་བྱུས་མང་པོ་ཞིག་དང་འབྲེལ་ནས་ཡོད། གང་ལྟར་ཡང་ངས་ཕྱི་ནང་གི་གཡོ་བྱུས་དེ་ངོས་འཛིན་ཐུབ་པ་ཞིག་དགོས་ཀྱི་འདུག
སྐྱུར་རྩི་ལགས།
ཕྱི་ནང་གི་གཡོ་གར་མང་པོ་ཞིག་༸གོང་ས་མཆོག་གི་སྤྱན་ལམ་དུ་གཟིགས་བཞིན་པ་ཚང་མས་མཁྱེན་གསལ་རེད།
ཕྱིའི་གཡོ་གར་ནི། སྔར་ནས་བླ་མའི་ཡང་སྲིད་སྐོར་ལ་ཆབ་སྲིད་ཀྱི་དབང་ཆའི་འཐབ་རྩོད་འོག་ཧ་ལས་དགོས་པའི་གཡོ་གར་མང་པོ་ཞིག་འཁྲབ་བཞིན་ཡོད་པ་ཕྱི་གསལ་ནང་གསལ་བཞིན། ད་ལྟའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་གནས་སྟངས་ཐབས་སྐྱོ་པོ་འདི་ལྟ་བུ་བྱུང་བ་རེད།
ནང་གི་གཡོ་གར་ནི་སྔར་ནས་བོད་ཀྱི་བླ་ཆེན་མང་པོ་ཞིག་གི་སྐུ་རྒྱུ་ཕྱག་རྫས་ལ་ཧབ་ཐོབ་དང་། ཁེ་དབང་ཆེད་བླ་མའི་ཡང་སྲིད་བེད་ལོག་བཏང་བའི་ལོ་རྒྱུས་མང་པོ་ཡོད་པ་བཞིན། ད་ལྟའི་རྒྱལ་དབང་ཀརྨ་པའི་སྐུའི་ཡང་སྲིད་ཐོག་གི་རྙོག་གླེང་འདི་ལྟ་བུ་བྱུང་བ་རེད།
འགལ་རྐྱེན་དེ་དག་གིས་བོད་ཀྱི་བསྟན་དོན་ལ་བར་ཆད་རིམ་པར་བཟོས་ཡོད།
དེ་མཚུངས་པེ་ཅིང་ནས་གུང་ཁྲན་ཏང་གིས་མི་འདོད་བཞིན་དུ་ཆོས་ལུགས་ཁ་ལ་འཁྱེར་ནས་སྔ་ས་ནས་རྒྱལ་བའི་ཡང་སྲིད་སྐོར་ཐེ་ཇུས་ཀྱི་འདྲེ་ལག་རྐྱང་ཟིན་པ་དང་། རྡ་སར་ཡང་གོང་ས་མཆོག་གི་སྐུ་འགྲམ་དུ་ཡོད་པའི་རང་རེའི་སྐུ་ངོ་གསར་རྙིང་ཚོས་དབང་ཆའི་འཐབ་རྩོད་ཀྱི་མི་མངོན་པའི་གཡུལ་ར་ཞིག་སྒོ་ཚུགས་ཟིན་ནས་དགོས་མེད་རྙོག་གླེང་མང་པོ་གོང་ས་མཆོག་གི་སྙན་བསུན་བཟོ་བཞིན་པར་གཟིགས་ནས་ཞལ་གདམས་བཀའ་ཡིག་འདི་བཞིན་སྔ་ཚུད་ནས་བཞག་གནང་མཛད་དེ། མཐའ་མའི་ཐག་གཅོད་བྱེད་དབང་བོད་མི་དམངས་དང་ཏཱ་ལའི་བླ་མའི་ཡིད་ཆེས་ཐེབས་རྩ་ཚོགས་པར་ཡོད་གསུངས་པས།
ང་ཚོས་པེ་ཅིང་དང་རྡ་སའི་བར་ལ་ཇུས་ཏོག་མི་བྱེད་ཀ་མེད་རེད།
སྐྱུར་རྩིས་སྐྱུ་མོ་མཆོད་ཀྱང་སྐྱུར་མོ་རེད།
སྐྱུར་རྩིས་མངར་མོ་མཆོད་ཀྱང་སྐྱུ་མོར་འགྲོ།
མངར་སྐྱུར་འདྲེས་མའི་འཇིག་རྟེན་གྲུ་ཁ་ནས།
ཕྱི་ནང་གཡོ་གར་མཁྱེན་པའི་རེ་བ་ཡོད།
རྣམ་པ་ཚོ་དགོངས་པ་མ་འཚོམ། ངས་འདིར་རང་གི་བསམ་ཚུལ་ཞིག་འདོན། སྤྱིར་བོད་
རང་ལ་སྤྲུལ་སྐུའི་ལམ་ལུགས་འདི་མཁོ་ས་མང་ལ་མི་མཁོ་ས་ཡང་ཡོད་ཚོད་རེད། གང་ལྟར་སྤྲུ་སྐུ་ངོ་མ་ཞིག་དང་རྫུན་མ་ཞིག་བསྡུར་ཐབས་མེད་པ་ཞིག་རེད་བསམ་སོང་། སྤྲུལ་སྐུ་རྫུན་མ་ཡོད་ཀི་ངོ་མ་མི་དགོ་ཞེས་ན་དེ་ཡང་བཤད་ཐབས་ཞིག་མ་རེད་འདོད། གང་ལྟར་དཀའ་ལས་ཆེ་ས་ཞིག་ནི་སྤྲུལ་སྐུ་གྲ་ལོག་བྱས་པ་དེ་མཐུ་མོ་ཞིག་རེད་འདོད་ཀི།དེ་ཇི་ལྟར་ཐག་གཅོད་བྱེད་རྒྱུ་དེ་ཡིན།ངས་ལྟོས་ན་སྤྲུལ་སྐུ་ཁྲིམས་ལྡན་འཆད་རྩོད་རྩོམ་ གསུམ་དང་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་ཡིན་ན་ལས་དགོ་ནང་གི་གང་ དགོ་རེད་འདོད་ཀི །དེས་ལས་ལྡོག་ན་ཁེ་རེ་ཆུང་གི་བསམ། གང་ལྟར་མང་བོ་ཞིག་ བཤད་ན་དགོས་པ་ཅི། དེ་བས་རང་གི་བསམ་ཚུལ་ངོ་མ་ཞིག་བརྗོད། ༧གོང་ས་ཐམས་ ཅད་མཁྱེན་པས་ད་ལོ་སྲིད་ཀྱི་བྱ་བཞག་ཐམས་ཅད་མཚམས་འཇོག་གནང་སྟེ་ད་ནི་ཁོང་ཉིད་བོད་མི་དཀྱིས་མ་ཞིག་གི་ཟོལ་གནང་བ་ནི་ཧ་ཅང་ཡིད་ཕངས་པའི་གནས་ཤིག་ཀྱང་རེད་ཡང་ཅིག་ཅེས་ན་ཡག་ཤེས་སུ་འདོད་མཁན་ཡང་མང་བོ་ཡོད་ས་རེད་།གང་ལྟར་ཁོང་གིས་རང་ལྟ་ཁྲེགས་འཛིན་མེད་པར་མི་དམངས་ལ་ཕུལ་བ་འདི་ནི་རླབས་ཆེ་བའི་བྱས་རྗེས་ཞིག་དང་འཛམ་གླིང་ངོ་མཚར་བའི་གནས་སུ་བཀོད་ཡོད་ཀི།ངས་བཤད་འདོད་པ་ནི།ད་ནི་སྲིད་ཀྱི་དབང་དཀྱིས་མ་ཞིག་ལས་མེད་ན་མེད་ཆོས་ཀྱི་སྟེང་ནས་ཁོང་ཐམས་ཅད་མཁྱེན་པ་ལ་བོད་སྤྱི་དབུ་བླའམ་བོད་སྤྱིའི་ཆོས་ཕྱོགས་ཀྱི་བླ་ན་མེད་པའི་ཆེས་མཐོའི་རྩ་བའི་བླ་མའི་མཚན་གནས་ཞིག་ངེས་པར་དུ་འབུལ་དགོས་པས་དེའི་དོན་བྱེས་ཀྱི་བླ་མ་ལས་སྣེ་སྲིད་འཛིན་ མཐུས་ཚབ་སོགས་མདོར་ན་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཚང་མས་ཐུགས་འགན་ བཞེས་རྒྱུ་སྐུ་མཁྱེན་ན་གསུང་མཁྱེན་ཞེས་གཞིས་ལུས་པ་ཞིག་གི་སེམས་ཚབས་ཀྱི་ངོས་ནས་རེ་བ་ཉེག་གཅིག་ཞུས་པ་ཡིན་ཐུགས་འཇོགས་གནང་བར་འཚལ་བཀའ་དྲིན་ཆེ།
༧་གོང་ས་མཆོག་གི་བཀའ་ཡིག་དེ་དུས་ཐོག་ཏུ་འཁེལ་བ་ཞིག་བྱུང་འདུག