ཀླུ་སྨྱོན།
༄༅།།རྒྱ་གར་སྐད་དུ། བྷ་ག་ཝ་ཏི་པྲ་ཛྙ་པ་ར་མི་ཏཱ་ཧྲི་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ།
༄༅།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།།
བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ།།
རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རིར།།
དགེ་སློང་དགེ་འདུན་ཆེན་པོའི་འདུས་པ་དང་།།
བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་།།
ཐབས་ཅིག་བཞུགས་ཚེ་སྟོན་པ་བཅོམ་ལྡན་འདས།།
ཟབ་མོ་སྣང་བ་ཞེས་བྱའི་ཆོས་རྣམ་གྱི།།
ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པར་མཛད།།
དེ་ཡི་ཚེ་ན་བྱང་ཆུབ་སེམས་དཔའ་སྟེ།།
སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས།།
འཇིག་རྟེན་དབང་ཕྱུག་ཤེས་རབ་ཕ་རོལ་ཏུ།།
ཕྱིན་པ་ཟབ་མོའི་སྤྱོད་ཉིད་རྣམ་བལྟ་ཞིང་།།
གཟུགས་སོགས་ཕུང་པོ་ལྔ་བོ་དེ་དག་ལའང་།།
རང་བཞིན་གྱིས་སྟོང་རྣམ་པར་བལྟ་བའོ།།
དེ་ནས་སྟོན་པ་སངས་རྒྱས་མཆོག་གི་མཐུས།།
ཚེ་དང་ལྡན་པ་ཤཱ་ར་དྭ་ཏའི་བུས།།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟེ།།
འཕགས་པ་སྤྱན་རས་གཟིགས་ལ་འདི་སྐད་སྨྲས།།
རིགས་ཀྱི་བུ་ཀྱེ་སྐྱེས་བུ་གང་ལ་ལ།།
ཤེས་རབ་མཆོག་གི་ཕ་རོལ་ཏུ་ཕྱིན་པ།།
ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས།།
དེ་ཡི་ཚུལ་ལ་ཇི་ལྟར་བསླབ་པར་བྱ།།
དེ་སྐད་སྨྲས་པས་བྱང་སེམས་སེམས་དཔའ་ཆེ།།
འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་དང་ལྡན།།
ཤཱ་ར་དྭ་ཏའི་བུ་ལ་འདི་སྐད་སྨྲས།།
ཤཱ་རིའི་བུ་ཀྱེ་རིགས་ཀྱི་བུ་བུ་མོ།།
གང་ཞིག་ཤེས་རབ་ཕ་རོལ་ཕྱིན་པ་ཡི།།
ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས།།
འདི་ལྟར་རྣམ་པར་བལྟ་བར་བྱ་བ་སྟེ།།
གཟུགས་སོགས་ཕུང་པོ་ལྔ་བོ་དེ་དག་ཀྱང་།།
རང་བཞིན་གྱིས་སྟོང་རྣམ་པར་ཡང་དག་པར།།
རྗེས་སུ་བལྟའོ་གཟུགས་ནི་སྟོང་པའོ།།
སྟོང་པ་ཉིད་ནི་གཟུགས་སོ་གཟུགས་ལས་ཀྱང་།།
སྟོང་པ་ཉིད་དེ་གཞན་ནི་མ་ཡིན་ཞིང་།།
སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ།།
དེ་བཞིན་ཚོར་བ་འདུ་ཤེས་འདུ་བྱེད་དང་།།
རྣམ་པར་ཤེས་པ་རྣམས་ནི་སྟོང་པའོ།།
ཤཱ་རིའི་བུ་ཀྱེ་དེ་ལྟར་ཆོས་ཐམས་ཅད།།
སྟོང་པ་ཉིད་དེ་མཚན་ཉིད་མེད་པ་དང་།།
མ་སྐྱེས་མ་འགག་དྲི་མེད་དྲི་བྲལ་མེད།།
བྲི་བ་མེད་ཅིང་གང་བ་མེད་པའོ།།
ཤཱ་རིའི་བུ་ཀྱེ་རྣམ་པ་དེ་ལྟ་བས།།
སྟོང་པ་ཉིད་ལ་གཟུགས་དང་ཚོར་བ་དང་།།
འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་མེད།།
མིག་དང་རྣ་བ་སྣེ་ལྕེ་ལུས་ཡིད་མེད།།
གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་མེད་དོོ།།
མིག་གི་ཁམས་ནས་ཡིད་ཀྱི་ཁམས་ཀྱང་མེད།།
ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོགས་མེད།།
མ་རིག་པ་མེད་མ་རིག་ཟད་པ་མེད།།
དེ་བཞིན་རྒ་ཤི་སོགས་མེད་རྒ་ཟད་མེད།།
དེ་བཞིན་སྡུག་བསྔལ་ཀུན་འབྱུང་འགོག་ལམ་མེད།།
ཡེ་ཤེས་མེད་ཅིང་ཐོབ་མེད་མ་ཐོབ་མེད།།
ཤཱ་རིའི་བུ་ཀྱེ་རྣམ་པ་དེ་ལྟ་བས།།
བྱང་སེམས་རྣམས་ནི་ཐོབ་པ་མེད་པའི་ཕྱིར།།
ཤེས་རབ་ཕ་རོལ་ཕྱིན་པ་ལ་བརྟེན་ཅིང་།།
གནས་ཏེ་སེམས་ལ་སྒྲིབ་མེད་སྐྲག་པ་མེད།།
ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་གྱུར་ནས།།
མྱ་ངན་འདས་པའི་ལམ་ནི་མཐར་ཕྱིན་ཏོ།།
དུས་གསུམ་རྣམ་པར་བཞུགས་པའི་སངས་རྒྱས་རྣམས།།
ཤེས་རབ་ཕ་རོལ་ཕྱིན་པ་ལ་བརྟེན་ནས།།
བླ་མེད་ཡང་དག་རྫོགས་པའི་བྱང་ཆུབ་ཏུ།།
མངོན་པར་རྫོགས་པ་ཉིད་དུ་སངས་རྒྱས་སོ།།
དེ་ལྟ་བས་ན་ཤེས་རབ་ཕར་ཕྱིན་སྔགས།།
རིགས་པ་ཆེན་པོའི་སྔགས་དང་བླ་མེད་སྔགས།།
མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས།།
མི་རྫུན་པས་ན་བདེན་པར་ཤེས་བྱ་སྟེ།།
ཤེས་རབ་ཕ་རོལ་ཕྱིན་པའི་སྔགས་སྨྲས་པ།།
ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ།
ཤཱ་རིའི་བུ་ཀྱེ་བྱང་སེམས་སེམས་དཔའ་ཆེ།།
དེ་ལྟར་ཤེར་ཕྱིན་ཟབ་མོར་བསླབ་པར་བྱ།།
དེ་ནས་བཅོམ་ལྡན་འདས་མཆོག་ཏིང་ངེ་འཛིན།།
དེ་ལས་བཞེངས་ཏེ་བྱང་སེམས་སེམས་དཔའ་ཆེ།།
འཕགས་པ་སྤྱན་རས་གཟིགས་ལ་ལེགས་སོ་བྱིན།།
ལེགས་སོ་ལེགས་སོ་རིགས་ཀྱི་བུ་མཆོག་ཀྱེ།།
ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ།།
ཤེས་རབ་ཕ་རོལ་ཕྱིན་ཟབ་སྤྱད་བྱ་སྟེ།།
དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་ཡི་རང་།།
བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་བསྩལ་ནས།།
བྱང་སེམས་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས།།
ཐམས་ཅད་ལྡན་པའི་འཁོར་ཚོགས་དེ་དག་དང་།།
ལྷ་དང་མི་དང་ལྷ་མ་ཡིན་རྣམས་དང་།།
དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།།
བཅོམ་ལྡན་འདས་ཀྱིས་གསུངས་ལ་མངོན་པར་བསྟོད།།
འཕགས་པ་ཤེས་རབ་ཕར་ཕྱིན་སྙིང་པོ་རྫོགས།།
སྤྱི་ལོ་2019-1-15ཁེ་ན་སྒྲའི་གྲོང་ཁྱེར་ཁྲོ་རོན་ཁྲོའི་གཡུ་ཐོག་སྙིང་ཐིག་གི་ཆོས་ཚོགས་སུ།
ལེགས་སོ། གངས་ཅན་པའི་ཆོས་སྐལ་ཤེར་སྙིང་ཚིག་ལྷུག་པ་ཅན་ནི། སངས་རྒྱས་དང་སྤྱན་རས་གཟིགས་ཤཱ་རིའི་བུ་ཡབ་སྲས་གསུམ་འཛོམ་སྐབས་དེར་ཚིག་ལྷུག་དེ་ག་རང་ཡིན་པ་ལ་མ་བཅོས་བོད་བསྒྱུར་དེ་ནི་ཤིན་ཏུ་ནི་འབྲེལ་ཆགས་སོ། འོན་ཀྱང་ཀླུ་སྨྱོན་ཉིད་ནས་ཚིག་བཅད་མ་དེ་སྐུ་ཉུད་རྣམ་དཔྱོད་ལས་བྱུང་བཟང་ངི་། བཀྲིས་བདེ་ལེགས་ཡོད།།
ཤེར་སྙིང་སྙིང་དོན་ནི།
་
ཤ་རིའི་བུ་ཡིས་དྲིས་པ་ལ། །
སྤྱན་རས་གཟིགས་ཀྱིས་ལེན་འདེབས་ནང་། །
ལམ་ལྔ་ས་བཅུ་མི་སློབ་རྣམས། །
སྦས་ནས་བསྟན་ནས་འདི་དག་གི །
སྟོང་ཉིད་དངོས་སུ་གསུངས་པ་ནི། །
ཤེར་སྙིང་དོན་གྱི་སྙིང་དོན་ལགས། །
་
ཀརྡོས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྫོགས་སོ།། རྒྱ་ནག་གི་སློབ་དཔོན་ཆེན་པོ་ཐང་སན་ཙང་ངམ་སྡེ་སྣོད་གསུམ་པས་བསྒྱུར་བའི་མ་ཧཱ་ཙི་ནའི་དཔེ་སྙིང་ལས་ལོ་ཙཱ་བ་འཇམ་དབྱངས་ཀུན་ཁྱབ་ཀྱིས་རྨ་རྒྱལ་གངས་ཀྱི་རི་བོའི་ཉེ་འདབས་སུ་ལེགས་པར་བསྒྱུར་བའོ།། སརྦ་མངྒཾ།།
ཞེས་སྒྱུར་བྱང་དུ་འཁོད་པའི་ཤེར་སྙིང་ལག་བྲིས་མ་ཞིག་ངས་བོད་ནང་ནས་རྙེད་བྱུང་། འདི་ད་ལོར་ང་བོད་ལ་ཕྱིན་སྐབས་ཀྱི་ལག་ཡོང་གཙོ་བོ་ཡིན། ང་ཚོས་རྒྱུན་ལྡན་དུ་འདོན་བཞིན་ཡོད་པ་དེ་དང་ཚིག་ཁྱད་འདུག དོན་ཁྱད་ཅང་མེད་ཀི ཀླུ་རིན་པོ་ཆེས་གཟིགས་འདོད་ན་སྒེར་ཐོག་ཏུ་བསྐུར་ཡོང་ལགས།
གནང་རོགས།
ཀླུ་སྨྱོན་གྱི་ཚིགས་བཅད་དེ་ཡག་ཐག་ཆོད་འདུག འོན་ཀྱང་སྟོང་ཉིད་སྐོར་ལ་བསམ་བློ་གཏོང་དུས། ཐོག་མའི་ཚིགས་ལྷུག་དེར་དམིགས་བསལ་གྱི་བྲོ་བ་ཞིག་འདུག ལྷག་པར་དུ་ལེགས་སྦྱར་ནང་ལ་ཤེར་སྙིང་དེ་ཉན་པའི་སྐབས་ལ། ཚིགས་ལྷུག་ཡིན་པ་དེས་དམིགས་བསལ་བྲོ་བ་ཞིག་འདུག
ཆོས་ཐམས་ཅད་སྟོང་པ་ཉིད།
ཐོག་མཐའ་བར་གསུམ་སྟོང་པ་ཉིད།
རྣམ་རིག་གསལ་སྒྲིབ་སྟོང་པ་ཉིད།
ཡེ་ཤེས་གསལ་སྒྲིབ་ཆོས་ཀྱི་སྐུ།
ཆོས་སྐུ་ཀུན་ཏུ་བཟང་པོ་འོད་དཔག་མེད།
ལུང་སྐུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས།
སྤྲུལ་སྐུ་པདྨ་འབྱུང་གནས་ཨོ་རྒྱན་རྗེ།
ཆོས་ལུང་སྤྲུལ་གསུམ་ལ་གསོལ་བ་འདེབས།
སྟོང་ཉིད་རང་ངོ་འཕྲོད་པ་སྦྱིན་གྱི་རློབས།
སྟོང་ཉིད་བྱང་སེམས་འབྱོངས་པ་སྦྱིན་གྱི་རློབས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ( Praknaparamita )
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱ་པའི་མདོ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་མདོ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས།
ནོར་བཅོས་ Prajnaparamita