རྔ་བ་རྒྱལ་ཁམས་པ།
གནའ་སྔ་མོར། མི་རྣམས་ཀྱིས་རང་འོད་ལ་བརྟེན་ནས་འཁོར་ཡུག་གི་འཇིག་རྟེན་མཐོང་ཞིང་།
རང་སེམས་ལ་བརྟེན་ནས་དྭངས་གསལ་གྱི་ལུས་པོ་གསོས།
དུས་དང་སེང་། མི་རྣམས་ཀྱིས་ཉི་འོད་ལ་བརྟེན་ནས་ཉིན་མཚན་གྱི་དབྱེ་བ་ཕྱེ་ཞིང་།
ཁ་ཟས་ལ་བརྟེན་ནས་རང་རང་གི་ལུས་པོ་གསོ།
གནའ་སྔ་མོར། མི་རྣམས་ཀྱིས་རྩ་རླུང་ལ་བརྟེན་ནས་མཁའ་དབྱིངས་སུ་འགྲུལ་བཞུད་བྱས་ཤིང་།
གྲུབ་རྟགས་ལ་བརྟེན་ནས་ས་གཏེར་དང་མཚོ་གཏེར་བཏོན།
དུས་དེང་སང་། མི་རྣམས་ཀྱིས་མཁའ་གྲུ་ལ་བརྟེན་ནས་མཁའ་དབྱིངས་ཀྱི་འཇུག་ངོགས་བརྟོལ་ཅིང་།
འཕྲུལ་རིགས་བརྟེན་ནས་ས་བཅུད་དང་མཚོ་བཅུད་བྲུས།
གནའ་སྔ་མོར། མི་རྣམས་ཀྱིས་སྒོམ་སྟོབས་ལ་བརྟེན་ནས་དུས་གསུམ་གྱི་གསང་བ་རྟོགས་ཤིང་།
རང་སྣང་ལ་བརྟེན་ནས་ངོ་མཚར་བའི་ཞིང་ཁམས་འགྲིམས།
དུས་དེང་སང་། མི་རྣམས་ཀྱིས་མྱོང་སྟོབས་ལ་བརྟེན་ནས་བདེན་རྫུན་གྱི་ཕུ་ཐག་གཅོད་ཅིང་།
ཚོད་སྒམ་ལ་བརྟེན་ནས་མཐའ་མེད་ཀྱི་འཇིག་རྟེན་འཇོག
གནའ་སྔ་མོར། མི་རྣམས་ཀྱིས་རྫུ་འཕྲུལ་ལ་བརྟེན་ནས་ཉི་ཟླ་དགུང་ནས་ཕབ་ཤིང་།
རི་བོ་གྱེན་དུ་བཏེགས།
དུས་དེང་སང་། མི་རྣམས་ཀྱིས་འཕྲུལ་ཆས་ལ་བརྟེན་ནས་སྐར་འོད་རང་ཁྱིམ་དུ་འཛིན་ཞིང་།
ལྷུན་པོ་ལྟོ་བ་ནས་འདྲེན།
གནའ་སྔ་མོར། མི་རྣམས་ཀྱིས་གྲུབ་རྟགས་ལ་བརྟེན་ནས་བྲག་ངོས་སུ་ཞབས་ཕྱག་བཏབ་ཅིང་།
གནམ་ལྕགས་ལ་ཕུར་མདུད་བརྒྱབས།
དུས་དེང་སང་། མི་རྣམས་ཀྱིས་རྐོ་ཆས་ལ་བརྟེན་ནས་སྒྱུ་རྩལ་གྱི་སྣང་བ་བྲག་ངོས་སུ་བཞེངས་ཤིང་།
མེ་ཤུགས་ལ་བརྟེན་ནས་རྣོ་ལྕགས་ཀྱི་བཞུར་རྒྱུན་གང་འདོད་དུ་བཀོལ།
གནའ་སྔ་མོར། མི་རྣམས་ཀྱིས་རྐང་མགྱོགས་ལ་བརྟེན་ནས་ས་ཐག་རིང་ཡུད་ཀྱིས་བགྲོད་ཅིང་།
མཐུ་ནུས་ལ་བརྟེན་ནས་དགྲ་ཇག་གི་འཇིགས་པ་བཏུལ།
དུས་དེང་སང་། མི་རྣམས་ཀྱིས་བརྡ་འཕྲིན་ལ་བརྟེན་ནས་སའི་གོ་ལར་སྐོར་བ་རྒྱག་ཅིང་།
རྡུལ་མཚོན་ལ་བརྟེན་ནས་དགྲ་ཇག་གི་འཇིགས་པ་སྲུང་།
གནའ་སྔ་མོར། མི་རྣམས་ཀྱིས་སྒོམ་སྟོབས་ལ་བརྟེན་ནས་གདུང་རུས་ལ་ལྷ་སྔགས་ཀྱི་རི་མོ་ཕབ་ཅིང་།
ཉམས་རྟོགས་ལ་བརྟེན་ནས་རང་བསྲེལ་གྱི་གཏེར་ཁ་བརྡོལ།
དུས་དེང་སང་། མི་རྣམས་ཀྱིས་གློག་མཚོན་ལ་བརྟེན་ནས་རང་ལུས་ལ་གང་དྲན་གྱི་རི་མོ་འབྲི་ཞིང་།
གཤགས་བཅོལ་ལ་བརྟེན་ནས་རང་ལུས་ཀྱི་རྣམ་པ་གང་དགར་བསྒྱུར།
གནའ་སྔ་མོར་མི་རྣམས་ཀྱིས་དམིགས་གཏད་ལ་བརྟེན་ནས་ལས་རླུང་གི་རྣམ་ཤེས་བཀོལ་ཅིང་།
ཚེ་རིག་ལ་བརྟེན་ནས་ཚེ་བཅུད་ཀྱི་ངོ་བོ་གསོས། ད་འབྲི་ཚོད་མི་འདུག་དགོངས་པ་མ་ཚོམས།
ངས་བཤད་འདོད་པ་ནི། ཚན་རིག་ཟེར་རྒྱུ་བོ་འདི་དར་གིན་དར་གིན།
གནའ་བོའི་ངོ་མཚར་བའི་བྱ་དངོས་མང་བོ།
རྒྱང་རིང་ནས་རྒྱང་རིང་དུ་འདེད་འགྲོ་བའི་རྒྱུ་མཚན་ཅི་རེད།
འདི་ནས་མར་དྲྭ་གྲོགས་ཚོས་གནའ་དེང་གི་འཕོ་འགྱུར་རྣམས་འབྲི་རོགས་ཀྱིས།
རེད།
ཅིག་བྱས་ན་དེ་འདྲ་ཞིག་ཡིན་སྲིད།
འོན་ཀྱང་། ཏན་ཏན་མི་ཤེས།
གང་ལྟར་རྒྱལ་ཁམས་པ་ཁྱོས་བཤད་པ་ཚང་མ་གནས་རིམ་གོང་མ་དག་དག་རེད།
ངས། ང་རང་གི་གནའ་དེང་གཉིས་ནས་ཤོད་ཆོག
དེ་དུས་དགུན་འཁྱག་བ་མོའི་ནང་ལ་སྣེ་ཏོར་འུ་ཁུང་ལྡོལ་བའི་རྒྱ་ཧྭེ་གྱོན་ནས་སློབ་གྲྭར་འགྲོ་དགོས་པ་རེད།
ཨོ། དུས་ཚོད་ཟིན་འདུག ང་འགྲོ་རན་ཤག འཕྲོར་སང་ཉིན་ཤོད་ཆོག
མདོ་ལྷ་ཁམས་པ་ལགས། ཁྱེད་ཀྱིས་བསམ་བློ་ཞིག་ཐོངས། ང་ལ་དོགས་པ་འདི་འདྲ་ཞིག་ཡོང་གི་འདུག བློ་རིག་དང་ཚན་རིག་སོགས་ཡར་རྒྱས་ཅི་ཙམ་ཕྱིན་པ་དེ་ཙམ་གྱིས། ང་ཚོ་དངོས་པོའི་གཤིས་ལ་ཐག་ཉེ་རུ་འགྲོ། དེས རྣམ་རྟོག་གིས་བཞག་པའི་གསང་བ་མང་བོ་ཞིག་མེད་པར་འགྱུར་འགྲོ་བ་ཞིག་མ་ཡིན་ནམ། ད་འདི་ཚོའི་ཐོག་བསམ་བློ་མི་གཏོང་བསམ་ཀྱང་། ངའི་གཤིས་ཀ་འདིར་འགོག་རྒྱུ་མི་འདུག
གནའ་སྔ་མོར་གཡག་དང་བོང་བུ་ཞོན་ནས་ལྷ་སར་འགྲོ
དེང་སྐབས་མེ་འཁོར་དང་རླངས་འཁོར་ལ་བསྡད་ནས་ལྷ་སར་འགྲོ
གནའ་སྔ་མོར་ལྷ་ས་དེ་ལྷ་ས་དེ་ལྷ་ཚོགས་དང་མི་ཚོགས་འདྲེས་པའི་ལྷ་ས་ངོ་མ་ཞིག་ཡིན།
དེང་སང་གི་ལྷ་ས་ནི་འདྲེ་སྲིན་དང་མི་སེར་སྤེལ་མཁན་འདྲེས་པའི་འདྲེ་ས་ངོ་མ་ཞིག་ཡིན།
གནའ་སྔ་མོར་བོད་ལ་ཤ་ཁྲག་རུས་གསུམ་བོད་ཀྱི་ཡིན་པའི་རྒྱལ་པོ་ཡོད་ཅིང་།
དེང་སྐབས་བོད་ལ་གདོང་ན་ཁྲག་མེད་པའི་རྒྱལ་པོ་ཅིག་ཡོད།
གནའ་སྔ་མོར་བོད་པས་བོད་ཡིག་ཤེས་ན་གཟི་བརྗིད་དུ་རྩི་ཞིང་།
དེང་སྐབས་བོད་པས་དབྱིན་ཡིག་དང་རྒྱ་ཡིག་ཤེས་ན་གཟི་བརྗིད་དུ་རྩི།
གནའ་སྔ་མོར་བོད་པས་མཚན་མོར་མ་གཏོགས་རྒྱོ་མི་རྒྱག
དེང་སྐབས་བོད་པས་ཀྱང་ཉིན་མཚན་གཉིས་ཀར་རྒྱོ་རྒྱག
གནའ་སྔ་མོར་རྒྱོ་རྒྱག་དུས་བོད་མོ་ཚོ་སྐྱེས་པའི་འོག་ན་ཉལ་བ་དང་།
དེང་སྐབས་རྒྱོ་རྒྱག་དུས་བོད་མོ་ཚོ་ཡང་སྐྱེས་པའི་སྒང་ལ་ཞོན།
་་་ ་་་
ཀྱེ རྒྱལ་ཁམས་པ། ཁྱེད་ཀྱི་དོགས་པ་དེ་དོགས་པ་ཞིག་མ་ཡིན་པར་དངོས་ཡོད་ཅིག་རེད།
བློ་རིག་ཡང་དག་པ་དང་ཚན་རིག་དངོས་ནས་ཅིག་ཡིན་ན་དེས་དངོས་པོ་གང་ལའང་རང་བཞིན་ཁོ་ན་རུ་འཇུག་པ་ལས་ཡིན་ལུགས་དེའི་ལྡོག་ཕྱོགས་སུ་ནམ་ཡང་འགྲོ་གི་མ་རེད།
བློ་རིག་ཡང་དག་པ་ལ་བརྟེན་ནས་ཚན་རིག་གསར་བ་བརྙེད་པ་དང་། ཚན་རིག་ལ་བརྟེན་ནས་ཀྱང་བློ་རིག་གསར་པ་བརྙེད་ཀི་ཡོད་རེད།
གལ་ཏེ་ཚན་རིག་དར་མེད་ན། ཉི་མའི་དཀྱིལ་འཁོར་དང་ཟླ་བའི་གོ་ལ་ནི་ད་དུང་ཡང་རི་རྒྱལ་ལྷུན་པོར་སྟོང་བསྐོར་རྒྱག་བཞིན་པའི་བསམ་བློ་ནི་མཁྲེགས་པོ་ཆུ་རྡོ་ལྟར་སྲ་འཐས་སུ་ཡོད་པ་ཤོད་མ་དགོས་པ་རེད།
དཔེ་ཆུང་ཆུང་ཞིག་ཞུས་ན། བློ་རིག་གི་ཚན་རིག་ལ་བརྟེན་ནས་སྔོན་ཆད་མི་རྣམས་ཀྱི་སེམས་སུ་བློ་ཡུལ་ལས་འདས་པའི་སའི་གོ་ལའི་རྒྱ་ཁྱོན་དང་ཕྱི་ནང་། དཀྱིལ་སྙིང་དང་མཐའ་སྐོར་སོགས་གཅིག་གཅིག་གཉིས་གཉིས་ངང་གསལ་གསལ་ཐིང་ཐིང་གིས་འགྲེལ་བརྗོད་གནང་ཡོད་པས་གནས་ཚུལ་འདི་མཁྱེན་པའི་མི་སུས་ཀྱང་སྔོན་ཆད་རྣམ་རྟོག་གི་ཁུག་མ་ནག་པོ་དེ་མགོ་ནས་དེ་ག་རང་་ཕུད་ཤ་སྟག་ཡིན་ངེས།
ད་དུང་། ཟླ་བའི་གོ་ལ་དང་། ཉི་མའི་ཁྱིམ། མཚན་མོ་སྐར་ཚོགས་སུ་སྣང་བའི་རྒུ་ཚིགས་གྲངས་ལས་འདས་བའི་སྐྱེ་འཇིག་གི་གནས་ལུགས་དེ་ཚོའང་ཤོད་ག་ལ་དགོས།
ཀ་ཡེ་རྒྱལ་ཁམས་པ་ལགས། བསམ་བློ་གཏོང་བའི་གཤིས་ཀ་འཇགས་ཚར་ན་མཚན་མོ་གནམ་ལ་མིག་གིས་བལྟ་ཙམ་བྱས་པའི་སྐབས་ལའང་སྔོན་ཆད་དང་འདྲ་བ་འདུག་གམ། འདྲ་གི་མ་རེད། དེ་མ་ཐག་རང་བཞིན་ངང་གིས་སྟོང་ཁམས་གི་ལུགས་འབྱུང་སྐོར་རོབ་རྩིས་ཤིག་རྒྱག་ཐལ་ཤོར་གི་རེད།
གནའ་སྔ་མོའི་ལོ་རྒྱུས་མང་ཆེ་བ་ཞིག་དེང་སང་ང་ཚོས་བལྟས་ན་སྒྲུང་གཏམ་འདྲ་བོ་ཞིག་ཏུ་ཆགས་འགྲོ་གི་འདུག ཅིག་བྱས་ན་མ་འོངས་པར་ད་ལྟའི་ང་ཚོའི་ལོ་རྒྱུས་ཀྱང་དེ་འདྲ་ཞིག་ཏུ་འགྱུར་ཤས་ཆེ། འདི་ལྟ་བུའི་ལོ་རྒྱུས་གནའ་བོའི་རྒུ་རིག་དང་། ཧེ་བྷི་རོས། ཨ་རབ། རྒྱ་གར་ནག་སོགས་ཀྱི་ནང་ན་ཤིན་ཏུ་མང་བོ་འདུག
རེད་ངོ་མ་རེད། ང་ཆུང་ངུའི་དུས་ནམ་རྒྱུན་ཉི་འཛིན་དང་། ཟླ་འཛིན་གྱི་སྐབས་དུས་རྟག་པར་ངས་ཨ་མ་དེས་ཁ་འདོན་བྱེད་བཞིན། ཉི་མ་གཟས་ཟོས་སོང། མདོག་ཁྲག་མདོག་ཏུ་གྱུར་འདུག མ་ནི་ཐོན། མ་ནི་འཐོན། ཞེས་བརྗོད་ཅིང། རེ་ཞིག་ནས་ཉི་མདོག་ཅུང་དཀར་དུ་སོང་བ་ན། མ་ནི་ཐོན་ར་སོས་ཡོང་གི་འདུག་ཅེས་ཡང་ཡང་བརྗོད་པ་་རྒྱུན་དུ་དྲན་གི་ཡོད། དེང་སང་མཚན་མོ་གནམ་གཤིས་དྭངས་སྐབས། ཕྱི་ལ་བུད་ནས་གནམ་ལ་ལྟད་མོར་བལྟ་བཞིན་ཡོད། བསམ་བློའི་འཁྱེར་སོ་སྔོན་མ་དང་འགངས་ནས་མི་འདྲ་གི འདི་ལོའི་སྤྱི་ཟླ་བདུན་པའི་ནང་། ངའི་ཁྱིམ་མཚེ་སང་ལ་གནམ་བརྟག་རྒྱང་ཤེལ་ཞིག་ཡོད། ང་ལའང་ཐེབ་ཆག་ཅིག་ཡོད། ང་ཚོ་ཕྱི་ལ་སོང་ནས་སྐར་ཚོགས་ལ་བལྟས་པ་ཡིན། འོན་ཏེ། འཁྲིས་ཀྱི་གློག་འོད་བཀྲགས་མདངས་ཆེ་སྟབས་གསལ་བོ་ཞིག་མཐོང་མི་ཐུབ་ཀི རྗེས་མ་ཞིག་ལ་བོད་དུ་སོང་ནས་ཅིག་བལྟ་རྒྱུ་ཡིན་ན། ལྟད་མོ་ཟེར་ནོ་དངོས་གནས་ཡོད་རྒྱུ་རེད་འདོད།
ཁྱོད་ལ་མཁའ་བརྟག་རྒྱང་ཤེལ་ཅིག་ཡོད་ན། དེ་བརྒྱུད་ནས་གནམ་ལ་བལྟ་རྒྱུ་ན་དངོས་ནས་ལྟད་མོ་ཡོད་རྒྱུ་རེད་ཡ། ཡིན་ན་ཡང་། བོད་ནས་གནམ་ལ་བལྟས་པ་དང་ནུབ་ཕྱོགས་ནས་གནམ་ལ་བལྟས་པ་འདྲ་གི་མི་འདུག ངའི་སེམས་ལ་ནུབ་ཕྱོགས་ནས་གནམ་ལ་བལྟ་སྐབས་སྐར་མ་ཉུང་ཉུང་ཅིག་ལས་མཐོང་གིན་མི་འདུག དེ་ག་རེ་ཡིན་ནམ་ཟེར་བཤད་མྱོང་ལ་དོགས་པའི་ངང་རྒྱུན་རིང་པོར་བསམ་བློ་མ་འཁོར། རྗེས་ཕྱོགས་ངས་དེ་ལ་བསམ་བློ་ཡང་ཡང་བཏང་བ་ཡིན། སྐར་ཚོགས་ཇེ་ཉུང་དུ་ཕྱིན་པ་ནི་མིན་ལས་ཆེ། དེ་མིན་པ་གསལ་བོ་རེད། ༼སྤོ་བོ་སྐེ་འཁྱོག་༽དང་རྨེ་བདུན་སོགས་ནི་བོད་དང་གཅིག་པ་མཐོང་གིན་འདུག
སྤོ་བོ་སྐེ་འཁྱོག་ཟེར་ན་འོད་ཆེ་བའི་སྐར་མ་གསུམ་ཐིག་གཅིག་ལ་གྲལ་སྒྲིག་ནས་ཡོད་པའི་ཟུར་ན་སླར་ཡང་འོད་དེ་ལས་ཆུང་བའི་སྐར་མ་གསུམ་གྱེན་དུ་ཕྱོགས་ནས་གྲལ་སྒྲིག་ཡོད་པ་དེ་ལ་ཟེར་བ་ཡིན། དག་ཆ་ཏན་ཏན་མི་ཤེས། ང་ཚོ་སྡེ་བས་སྐར་མ་དེ་ལ་སྤོ་བོ་སྐེ་འཁྱོག་ཞེས་འབོད་བཞིན་འདུག
མ་གཞི་ནུབ་ཕྱོགས་འདིར་ག་ས་གང་ལ་མཚན་མོ་གློག་སྒྲོན་སྦར་ཡོད་ཙང་ས་ཐོག་ཏུ་འོད་ཆེ་དྲག་པས་འོད་ཆུང་བའི་གནམ་གི་སྐར་མ་དེ་ཚོ་རང་གི་མིག་གིས་ཐད་ཀར་མཐོང་མ་ཐུབ་པ་མིན་ནམ་སྙམ། ང་རང་སྡོད་སའི་གནས་འདི་ལ་མཚོན་ན་མཚན་མོ་གློག་སྒྲོན་སྦར་མེད་ས་ཅིག་མིན་འདུག་པས་གཅིན་པ་གཏོང་ས་ཡང་རྙེད་ཁག་སེ་ཡོད་སྟབས་ཡིན་གཅིག་མིན་གཅིག་གཅིན་པ་འཁྱེར་ནས་རང་གི་ནང་ལ་ཡོང་དགོས་ཤར་གི་རེད།
དཔེར་ན། ཉིན་མོ་སྐར་མ་མི་མཐོང་བ་དེ་ཉི་མའི་འོད་གསལ་དྲག་པས་དབང་གིས་སྐར་མའི་འོད་མ་མཐོང་བ་ཡིན་པ་ལས་ཉིན་མོ་སྐར་མ་མེད་པ་ནི་མིན།
NASA དང་ EESA མཁའ་དཔྱད་གནམ་རིག་པས་བརྗོད་གསལ་བྱས་ན་སྤོ་བོ་སྐེ་འཁྱོག་གི་སྐར་མ་དེ་ཚོ་སྐར་རྡོག་རྐང་གཅིག་རེ་གཅིག་རེ་མ་ཡིན་པར་སྤྲིན་ཕུང་ལྟ་བུའི་མཚོན་མདངས་སྣ་ཚོགས་བཀྲ་བའི་རྒྱ་ཁྱོན་བསམ་ཡུལ་འདས་པའི་ཆེན་པོ་དག་ཡིན་པར་བཤད་པ་མ་ཟད་ཧྭ་བྷོལ་དཔར་ལེན་རྒྱང་ཤེལ་འཕུར་གྲུ་ལ་བརྟེན་ནས་དཔར་ཡང་གསལ་བོ་བླངས་ནས་འདུག
ཁྱེད་ཀྱི་རྒྱང་ཤེལ་དེ་ནས་ག་འདྲའི་མཐོང་གི་འདུག་ལགས།
རྔ་བ་དང་མདོ་་་་་ཁམས་རྣམ་གཉིས་ཀྱི་གསུང་གླེང་ལ་རྗེས་སུ་ཡི་རིང་ཞིང་མངོན་པར་བསྟོད་དོ།
སླར་ཡང་མུ་མཐུད་དུ་ཞུ་ཞིང་གསོལ་བ་འདེབས་པ་ལགས། ཨ་ལ་ལ་འདི་འདྲའི་སྐྱིད་པ་ལ།
མདོ་ལྷ་ཁམས་པ་ལགས། ཁྱེད་ཀྱིས་བརྗོད་པའི༼སྤོ་བོ་སྐེ་འཁྱོག་༽ཅེས་པ་འདི་ང་ཚོས་༼སྨིན་དྲུག་སྐེ་འཁྱོག༽ཅེས་འབོད་པའི་སྐར་མ་དང་དོན་གཅིག་རེད། ང་ཚོའི་གནས་ཡུལ་དེའང་གློག་སྒྲོན་སྣ་ཚོགས་ཡོད་ས་ཞིག་ཡིན་སྟབས། སྐར་མ་གསལ་བོར་མཐོང་མི་ཐུབ་ཀི ཉིད་ཀྱིས་གསུངས་པའི་Hubble Telescope
ཧ་ཅང་རྙིང་བ་ཞིག་ཡིན་སྟབས། ཕལ་ཆེར་༢༠༠༧ཡིན་ནམ། གང་ལྟར་ཨ་རིའི་མཁའ་དབྱིངས་ཞིབ་འཇུག་ལྟེ་གནས་ཀྱིས་བདག་མེད་དུ་གཡུག་རྒྱུ་བྱས་པ། ཡུལ་འདིའི་བུ་མོ་ཆུང་ཆུང་ཞིག་གིས་བསྐྱབས་པ་རེད། དེ་ནས་སླར་ཡང་བསྐྱར་བཟོ་བྱས་པས་མ་འོངས་ལོ་བར་མང་བོའི་གནམ་རིག་གི་གནས་ཚུལ་ངོ་མཚར་ཅན་མང་བོ་སྡུད་རྒྱུ་ཡིན་པའི་གསར་འགྱུར་འདུག ཁྱེད་ཀྱིས་Hubble Telescopeབསྐྱར་བཞེངས་ཀྱི་གློག་བརྙན་དེར་གཟིགས་མྱོང་ངམ། ངོ་མའི་ངོ་མཚར་བ་ཞིག་འདུག འགྲེལ་བརྗོད་བྱས་པ་ལྟར་ན། རྒྱང་ཤེོལ་དེ་ཐོག་མར་ཕལ་ཆེར་མི་གྲངས་སྟོང་ཕྲག་ལྷག་མང་བོས་ལོ་བར་བཅུ་གྲངས་ཤིག་བཞེངས་སྐྲུན་བྱས་པའི་ལོ་རྒྱུས་འདུག
ང་ཚོའི་མངའ་སྡེ་འདི་ན Liberty Science Center ཞེས་པའི་ཚན་རིག་འགྲེམས་སྟོན་ཁང་ཞིག་འདུག འགྲེམས་སྟོན་ཁང་དེར་དམིགས་བསལ་སྒོང་དབྱིབས་ཅན་གྱི་གློག་བརྙན་སྟོན་ས་ཞིག་འདུག ངས་རྒྱང་ཤེལ་དེ་བསྐྱར་བཞེངས་སྐོར་དེ་ནས་ཅིག་བལྟ་མྱོང་། གློག་བརྙན་དེ་ཆ་གསུམ་3Dགློག་བརྙན་ཞིག་རེད། སྟོན་ཁང་དེ་ནས་གློག་བརྙན་དེ་ལ་ཅིག་བལྟས་པ་ཡིན་ན། སའི་གོ་ལའི་ཐོག་ན་ཡོད་སྣང་ཁོ་རང་མི་འཆར་གི རྒུ་ཚིགས་དང། སྟོང་ཁམས་ཆེན་མོའི་དབུས་ཤིག་ན་ཡོད་པའི་ཚོར་བ་སྐྱེས་བྱུང་། དངོས་གནས་ངོ་མཚར་བའི་ལྟད་མོ་ཡོད། ཉིད་ཀྱིས་བརྩད་བཅད་ན། ཁྱེ་ཚོའི་དེ་ནའང་གློག་བརྙན་དེ་ལོས་ཡོད་འདོད་ཀི གལ་སྲིད་ཉིད་ཀྱིས་དེ་གཟིགས་མྱོང་མེད་ན། དེ་ལ་ཅིག་གཟིགས་དགོས་ཡ།
ང་རང་ལོ་ཆུང་ཡིན་དུས་སྨིན་དྲུག་སྐེ་འཁྱོག་ལ་ངས་སྐར་མ་个ཞེས་འདོགས་མྱོང། རྒྱུ་མཚན་ནི་ཞོགས་པ་སྔ་བོར་ཡར་ལངས་ཏེ་དགོན་པའི་འདུ་ཁང་གི་ཐོག་ཁར་ཆོས་དུང་འབུད་དུ་སོང་དུས་སྨིན་དྲུག་དེ་རྒྱ་ཡིག་གི་个ཇི་བཞིན་གནམ་ངོར་ཤར་ཡོད།
ཁྱེད་ཀྱི་སྐད་ཆ་དེས་ངས་དགུན་དུས་ཀྱི་ཞོགས་ཚོགས་དྲན་སོང་། དཀོན་མཆོག་མཁྱེན། དགོན་པ་ཁག གི་སྒྲིག་ཀུན་སྤྱོད་ཀྱི་རིམ་པ་དེ་ཚོ་ཅིག་དམ་པོ་ཡོད་པ་རེད། ཞོགས་ཀ་དྲོད་ཁོལ་འཁྱིལ་བའི་རྨི་ལམ་གྱི་ཞིང་ཞིག་ན་ཡོད་སྐབས། ཞོགས་ཚོགས་དུང་བརྡ་དང་བོས་རྨི་ལམ་དཀྲོགས་འཇོག་གི་རེད། དེ་ནས་ལམ་སེང་གདོང་བཀྲུས་གོན་པ་གྱོན་སྐབས། ནམ་རྒྱུན་ལྷམ་མགོ་གྲང་ངར་གྱིས་འཁངས་ནས་རྐང་བའང་ནང་དུ་འགྲོ་དཀའ། མྱུར་མོར་འདུ་ཁང་ལ་སྐོར་བ་ཁ་ཤས་བརྒྱབས་རྗེས། རྐང་བར་དྲོད་ག་ལེར་འབབ་ཡོང་གི་རེད། དེ་ནས་ཞོགས་ཚོགས་གྲོལ་རྗེས
རྩོད་གྲྭའི་སྐབས་རྟགས་གསལ་གཏོང་མཁན་ཚོ་གནམ་གཤིས་ཇི་ལྟར་གྲང་ནའང་། དཔུང་གཉིས་ཕྱི་ཕུད་ནས་རྟགས་གསལ་གཏོང་དགོས། རང་གི་དཔུང་བ་རང་གི་ཡིན་མིན་ཀྱང་ཚོར་དཀའ་བའི་ཚད་དུ་སྣང་། སྐར་ཚོགས་ཀྱི་མཛེས་སྡུག་ལ་བལྟ་རྒྱུ་མི་འགྲོ་ཡ།