རྔ་བ་རྒྱལ་ཁམས་པ།
བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་སྲོག་བཏང་ཟིན་པ་དང་། གཏོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་སྤྱི་དང་། ལྷག་པར་རང་ཉིད་ཀྱི་ཆེས་རྩ་ཆེ་བའི་སྐུ་ལུས་མེར་བསྒྲོན་ནས་བདེན་དོན་གྱི་འབོད་སྒྲ་བར་མེད་དུ་སྒྲོག་བཞིན་པའི་དཔའ་བོ་དཔའ་མོ་རྣམ་པར། བླ་ན་མེད་པའི་གུས་བཀུར་དང་། གདུང་སེམས་མཉམ་བསྐྱེད་ཞུ། ཁྱེད་རྣམ་པའི་རླབས་ཆེན་གྱི་མཛད་སྤྱོད་ནི། ང་ཚོའི་བདེན་མཐའ་རྩོད་པའི་རི་རབ་ལྟ་བུའི་བདེན་དཔང་རེ་རེ་ཡིན་པ་མ་ཟད། འགྲོ་བ་མིའི་རིགས་ཀྱི་འཚོ་གནས་བདེ་སྡུག་གི་འགྲན་རྩོད་ནང་། ཚད་མེད་ཞི་བའི་སྙིང་སྟོབས་མཐར་སོན་པའི་དཔང་རྟགས་བླ་ན་མེད་པ་ཞིག་ཀྱང་རེད། ངས་ཁྱེད་རྣམ་པར་གུས་ཕྱག་བཅས་རེ་འབོད་ཞུ་རྒྱུ་ཞིག་ལ། རབ་ན་སྐུ་ལུས་ཞུགས་འབུལ་གནང་མ་དགོས་པའི་ཐབས་ལམ་གཞན་ཞིག་གནང་རོགས་གནང་། གལ་ཏེ་ངེས་པར་དུ་ལམ་ཁ་འདིར་ཕེབས་རྒྱུ་ཡིན་ན། ཁྱེད་རྣམ་པས་རང་ཉིད་ཀྱི་ཕྱག་བྲིས་ཡི་གེ་འཇོག་རོགས་གནང་། རང་ཉིད་ཀྱི་ནམ་རྒྱུན་གྱི་གཤིས་སྤྱོད་དང་། སྨྲ་བརྗོད། དགའ་མི་དགའི་སེམས་ཚོར། ཡིད་ཆེས་དང་རེ་སྨོན་སོགས། ལོ་རྒྱུས་ཀྱི་དཔང་ཡིག་གསལ་བོ་རེ་འཇོག་རོགས་གནང་། ཡི་གེ་ལ་ཕྱག་རྟགས་ཕབ་རོགས་གནང་། མཚན་རྟགས་འབྲི་རོགས་གནང་། ཟླ་ཚེས་འགོད་རོགས་གནང་། ཁྱེད་ཚོ་རང་ཉིད་ཀྱི་ཕྱག་བྲིས་དངོས་དང་། གཞན་པས་བྲིས་པའི་ཁྱེད་ཚོའི་ལོ་རྒྱུས་གཉིས་བསྡུར་བ་ཡིན་ན། རིན་ཐང་དང་ནུས་ཤུགས་ཀྱི་ཆ་ནས་གནམ་ས་ལྟ་བུའི་ཁྱད་པར་ཆགས་ཡོང་གི་རེད། ཐུགས་རྗེ་ཆེ། ང་ལ་འདི་ནས་ཁྱེད་རྣམ་པར་སློབ་སྟོན་ཞུ་བའི་གནས་བབ་འགངས་ནས་མེད་ཀྱང་། ཁྱེད་རྣམ་པའི་རླབས་ཆེན་གྱི་སྐུ་ལུས་རེ་རེ། འདི་ལྟར་སྤོབས་པ་ཆེན་པོའི་ངང་ནས་འབར་ཞིང་། གཟི་བརྗིད་ཆེན་པོའི་ངང་ནས་ཕྱི་ལམ་དུ་ཕེབས་འགྲོ་བ་མཐོང་སྐབས། ཕངས་སེམས་ཤིག་གིས་སྐད་ཆ་འདི་ཚོ་མིག་ཆུ་དང་འདྲེས་ནས་བྲིས་པ་ཡིན་ལགས། བསྐྱར་དུ་གུས་ཕྱག་གྲངས་མེད་བཅས།
བདེན་ནོ་་། ཕལ་བ་རེད་པ། ཤུགས་ཡོད་མ་རེད་། བླ་ཆེན་དང་དཔོན་པོའི་ཁ་ནས་དོན་ན་ཡག་པོ་ཡོད་རེད་།
འདི་ནའང་མྱི་སྐད་ཅིག་འདུག ཤར་ཕྱོགས་ཁུག་རྟ་དང་རྔ་བ་རྒྱལ་ཁམས་པ་འདི་ཚོ་དངོས་གནས་མི་རེད་འདུག ཡིན་ནའང་། ཤར་ཁུག་གི་རྩོམ་དེ་བོར་འདུག ཕལ་ཆེར་གཞུང་དང་གཞུང་འབྲེལ་མིན་པ་གང་རུང་གིས་སྤྱི་བསྒྲགས་བྱེད་ཀྱི་མེད་འགྲོ
http://www.youtube.com/watch?v=Xy7E256nlQw tenzin Dege. Long life wishes to Rinpoche
གྲོགས་པོ་ཚོ་གོང་གི་དྲྭ་ལམ་འདི་བརྒྱུད་ནས་གཟིགས་དང་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཚོའི་བློས་གཏོང་དང་། ཆོད་སེམས་ནི་ངོ་མ་ངོ་མཚར་དགོས་པ་ཞིག་རེད་འདུག འདི་ལྟ་བུའི་རྒྱལ་གཅེས་ཀྱི་དཔའ་བོ་བཅུ་ཕྲག་རེ་ཟུང་ཡོད་ནའང་བོད་གངས་ཅན་གྱི་མཚན་སྙན་གོང་ནས་གོང་དུ་འཕེལ་བར་ངེས། ཚེ་འདིའི་ཕྱིའི་ལམ་སྟོན་དང་བར་ཆད་སེལ་ཐུབ་པར་ཁས་ཆེ་བའི་སྐྱེ་བོ་ཆེ་ཕྲ་ཀུན་གྱིས་མི་འདི་ལྟ་བུའི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་གནང་དགོས་པར་མངོན། ངོ་མ་ཆོས་སྐྱོང་དང་སྲུང་མ་ཟེར་བའི་གསོལ་གསོལ་མཆོད་མཆོད་བྱ་ཡུལ་དེ་ཚོ་ཡོད་ན་ཕྲིན་ལས་ཀྱི་རྟགས་བརྟན་དགོས་པར་མངོན། ཐམས་ཅད་མཁྱེན་པ་དང་ཀུན་མཁྱེན་གྱི་མཚན་འཆང་མཁན་ཚོས་མ་འོངས་འབྱུང་འགྱུར་གྱི་ཁ་ཕྱོགས་གསལ་པོར་བསྟན་དགོས་པར་འདུག