ཀུན་བཟང་།
1༽ ཨ་སྒོར་ས་ཡ་ 1.5 བཀའ་འཁྲོལ་ཞུ་སྐབས་བར་བརྒལ་བཀའ་འཁྲོལ་གྱི་ལམ་ནས་ཞུས་ཏེ་གྲོས་ཚོགས་ལ་དབུ་སྐོར་ཞུས་འདུག
2༽ དབུ་སྐོར་ཞུ་སྟངས་ནི་རོགས་དངུལ་ཡིན་ཞེས་བཀའ་འཁྲོལ་ཞུ་ཤོག་ནང་འཛེམ་མེད་བྲིས་པ།
3༽ དེའི་རྐྱེན་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། སྔོན་རྩིས་སྟངས་འཛིན་གྱི་སྒྲིག་གཞི་དོན་ཚན་བདུན་པའི་ནང་གསེས་ ༥ དང་འགལ་བ།
4༽སྐབས་དེར་དབུ་སྐོར་ཞུ་དོན་ནི་གྲོས་ཚོགས་གཅིག་པུ་མིན་པར། མི་མང་ལའང་དབུ་སྐོར་ཞུས་ཏེ་སྲིད་སྐྱོང་གི་འོས་ཤོག་ཐོབ་ཆེད་ཁོ་ན་བྱས་འདུག ཐ་ན་དགའ་ལྡན་ཕོ་བྲང་གིས་གསོལ་རས་གནང་བ་ཡང་རང་གིས་ཐབས་ཤེས་བྱས་མདོག་བསྒྲགས་འདུག
5༽ དེར་བརྟེན་ཁྲིམས་ཀྱི་དབང་བསྒྱུར་ལ་རྩིས་མེད་རྡོག་རུལ་བཏང་བ་ལོང་པས་བལྟས་ཀྱང་རྒྱལ་ཁམས་རེད།
6༽ དེ་མ་ཟད་སྐབས་དེར་ཀེ་རྡོར་དང་བློ་སེང་གཉིས་ཀས་སྐབས་ ༡༤ པའི་བཀའ་བློན་ལས་རོགས་ཚོ་ལའང་བོད་ཀྱི་ཐེབས་རྩའི་ཨ་སྒོར་ཡ་ས་གཅིག་དང་ཕྱེད་དེ་རོགས་དངུལ་ཡིན་ཞེས་དབུ་སྐོར་ཞུས་འདུག
7༽དེའི་རྐྱེན་སློབ་བཟང་སངས་རྒྱས་ནི་སྲིད་སྐྱོང་གི་དམ་བཅའ་ཡོངས་སུ་ཤོར་བའི་གང་ཟག་ཅིག་ཆགས་འདུག་པས།
8༽མི་མང་དང་གྲོས་ཚོགས་གཉིས་ཀ་གཉིད་ཁུག་ནས་བཞུགས་ས་མེད་པ་གསལ་བོ་རེད།།
ཀུན་བཟང་གིས།། ༢༠༡༨།༡།༡༦། ཉིན།
བཀྲ་ཤིས་བདེ་ལེགས་ཞུ།
འོ་ཡ་ད་སྐད་ཆ་འདུག་ཉིན་མ་རིང་དུ་རིང་དུ་ཙམ་པ་ཞིབ་ཏུ་ཞིབ་ཏུ་ཞིབ་ཏུ་ཧཧཧ
ཀུན་བཟང་ལགས་བཀའ་དྲིན་ཆེ། གོང་གི་མཚན་རྟགས་གསུམ་ནས་དང་པོ་དང་གསུམ་པ་དེ་རྣམས་སུ་དང་སུ་རེད། མཚན་ཆ་ཚང་ཡོད་པ་བཞུ། མཚན་རྟགས་གཉིས་པ་༼དཀྱིལ་༽དེ་ཁོ་བློ་བཟང་སེང་གེ་རེད་འདུག་མཉམ།
གྲོས་ཚོགས་ལ་དབུ་སྐོར་ཞུས་པ་དེ་ནག་ཉེས་ཚབས་ཆེན་རེད། དེ་སྔོན་བཀའ་བློན་ཕྱག་རོགས་འོས་འདེམས་སྐབས་སུའང་གྲོས་ཚོགས་ལ་དབུ་སྐོར་ཞུས། སྔོན་རྩིས་བཀའ་འཁྲོལ་སྐབས་སུའང་ཞུས། ད་དུང་ག་ཚོད་ཞུ་རྩིས་ཡོད་ན་་་་་་་་་་་་་་་་་་་མ་གཞི་ནས་ད་ལྟའི་གྲོས་ཚོགས་འཐུས་མི་རྣམ་པ་ལ་བལྟ་བཟོ་ཅིག་མི་འདུག་
ཨ་ཁ་ཁ། ད་ཡིན་ན། རྫུན་རྐུབ་ཇེ་གསལ་ཇེ་བརྡོལ་རེད།
དེ་སྔ་ནས་ངའི་ཧང་སང་དགོས་པ་དེ་གྲོས་ཚོགས་ནང་དངུལ་དེ་བསྐོར་གང་འདྲ་བྱས་ནས་བཀའ་ཁྲོལ་འབྱུང་མིན་དེ་ཡིན་། ད་སྐད་ཆ་གཞི་ནས་འགོ་འཛུགས་ཡོངས་ཀྱི་འདུག།།
མི་ངན་ཁྱི་རྒན་བློ་སེང་དང་སྐལ་རྡོར་ད་དུང་ཁོ་པའི་འོག་ལ་ལས་ཀ་བྱེད་བཞིན་པའི་གཡུ་ཐོག་སྐར་ལེགས་སོགས་ཀྱི་ང་ཚོ་བོད་མི་ས་ཡ་དྲུག་པོ་ལྐུག་པ་ལྟར་བུར་བརྩིས་ནས་སོ་སོའི་རང་དོན་གང་ལེགས་བསྒྲུབ་བཞིན་པ་གསལ་རུ་གསལ་རུ་འགྲོ་་བཞིན་པ་
རྫུན་གྱི་མཐའ་མ་ལྕགས་ཡིན་ཀྱང་རྡོལ་བདེན་པའི་མཐའ་མ་སྟོང་བརྐུད་ཡིན་ཀྱང་མི་ཆད་ཟེར་བ་དེ་བདེན་ནོ་།
མང་གཙོ་ཁྲིམས་ཡིག་གི་དབང་སྒྱུར་འོག་འཚོ་བཞིན་པའི་རྒྱལ་ཁབ་ཞིག་ལ་ཆ་མཚོན་ན་དཔལ་འབྱོར་གྱི་ལམ་ལུགས་དེ་ཕྱི་གསལ་ནང་གསལ་དགོས་པ་ནི་སྤྱི་ཚོགས་དྲང་བདེན་དང་འདྲ་མཉམ་ཕྱི་གསལ་ནང་གསལ་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་ཡིན་པ་དང་ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཆ་མཚོན་ན་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་སྔོན་རྩིས་གཏན་འབེབས་དངུལ་རྩིས་གཏོང་ལེན་གྱི་སྒྲིག་གཞིའི་འོག་དཔལ་འབྱོར་དང་འབྲེལ་བའི་གཏོང་ཡོངས་ཆ་ཚང་ཁྲིམས་མཐུན་རྒྱུད་ནས་སྤྱི་འཐུས་གྲོས་ཚོགས་ནས་བཀའ་འཁྲོལ་རྒྱུད་འགྲོ་དགོས་ལས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་སྔོན་རྩིས་གཏན་འབེབས་དངུལ་རྩིས་གཏོང་ལེན་གྱི་སྒྲིག་གཞི་སོགས་དང་ཕྱོགས་མཐུན་བྱུང་མེད་ཚེ་དཔལ་འབྱོར་དང་འབྲེལ་བའི་འགལ་རྫོལ་ལ་སོང་ཞིབ་འཇུག་ནན་པོ་གནང་དགོས་པ་དེ་བཀའ་འཁྲོལ་ཞུ་མཁན་དང་བཀའ་འཁྲོལ་གནང་མཁན་གཉིས་ཀ་ལ་འགན་ཡོད་པའི་ངོས་འཛིན་ཞུ་གི་ཡོད་།
ྩ
ད་བཤད་འདུག
ཀུན་བཟང་ལགས།
ཅ་ཅོའི་འུར་སྐད་ཐང་ལ་མ་བསྒྲག་དང།
ཁུངས་སྐྱེལ་ར་འཕྲོད་ཡོད་ན་ཁྲིམས་ལ་གཏུགས།
ཕྱི་ནང་གཉིས་ཀྱི་ཁྲིམས་ཁང་སྟོང་པ་རེད།
ཁྲིམས་དྲུང་སྒུག་ནས་བསྡད་དེ་རྒྱུན་རིང་སོང།
དམངས་གཙོ་ཁྲིམས་ཀྱི་འོག་ཏུ་འཚོ་ན་ཡང།
ཁུངས་སྐྱེལ་ར་འཕྲོད་མེད་ན་སྟོང་པ་རེད།
དྲ་རྒྱའི་ནང་ལ་ཁ་དམག་རྒྱག་དོན་མེད།
སུ་རང་གཅིག་གི་བདག་པོ་རྒྱག་རེ་བྲལ།
སྐྱིད་པའི་ཕ་ུལ་བཞག་ནས། ཆགས་ས་མི་ཡི་ལུང་པ།
འཐབ་ས་རང་དགྲ་བཞག་ནས། ནང་ཁུལ་འཐབ་པ་སྐྱོ་སོང།
ཚེ་སྔོན་ཚོགས་བསགས་མེད་པའི། ལས་ངན་ཅན་གྱི་སྤྲང་པོ།
ས་འདི་མི་ཡི་ལུང་པར། འཁོར་བ་འཁྱམས་ནས་ལུས་སོང།
སེམས་པ་སྐྱོ་དང་མི་སྐྱོ། འདི་ལས་སྐྱོ་བ་ཅི་ཡོད།
བླ་མའི་བཀའ་ཡང་མི་བརྩི། ཕ་མའི་བསླབ་བྱ་མི་བརྩི།
མི་བརྩི་གཉིས་ཀྱི་བར་ནས། དགྲ་བོས་བཙན་གནོན་བཏང་སོང།
གོང་འཁོད་།
ཡིག་ཕྲེང་དང་པོར་་་་སྐྱིད་པའི་ཕ་ཡུལ་བཞག་ནས་་་ལ་བཅོས་རོགས་གནང།
ང་ཚོའི་སྲིད་སྐྱོང་མཆོག་གི་བྱས་ཚད་དེ་འདྲེ་ཞིག་རེད། ང་ཚོའི་སྲིད་སྐྱོང་གིས་ཁོང་གི་མིང་ལ་བློ་བཟང་སེང་གེ་ཡིན་རབས་ཁྱབ་བསྒྲགས་ཀྱིས་མང་ཚོགས་དབུ་སྐོར་བཏང་ཡང་། ཁོང་གི་མིང་ངོ་མ་དེ་སློབ་བཟང་སངས་རྒྱས་ཡིན་པ་ཁོང་གི་ལག་དེབ་ལྗང་ཁུའི་ནང་འཁོད་ཡོད་པ་ལྟར་ཡིན། དེ་བཞིན་ཁོང་གིས་ལྟ་བཟོ་མེད་པའི་ང་ཚོའི་གྲོས་ཚོགས་ནི་དབུ་སྐོར་གང་མང་བཏང་བར་མ་ཟད། ལྟ་བཟོ་གང་ཡང་མེད་པའི་སྐབས་༡༥་པ་དང་།
སྐབས་༡༦་པའི་གྲོས་ཚོགས་འཐུས་མི་རྩ་མེད་འདི་ཚོ་ཡང་ཐེངས་མང་དབུ་འཁོར་ཟིན་པ་རེད།
ད་ང་ལ་བསམ་ཚུལ་གཉིས་ཡོད། དང་པོ་དེ་སྲིད་སྐྱོང་སློབ་སངས་ཀྱིས་གཙོས་བཀའ་ཤག་ཡོངས་རྫོགས་ཀྱིས་མྱུར་དུ་རྩ་དགོངས་ཞུ་དགོས། གཉིས་པ་དེ་xx་གཡུ་ཐོག་ཀརྨ་དགེ་ལེགས་ཟེར་བ་དེས་རང་གི་རྒྱབ་ཀྱི་གྲྭ་ཆས་དེ་ཕུད་དགོས་ཡོད། ངའི་བསམ་ཚུལ་གཉིས་དེ་ཀ་རང་ཡིན།
རྒྱུ་མཚན་ནི། བཀའ་ཤག་གིས་རྩ་དགོངས་མ་ཞུས་ན། བོད་སྤྱི་པའི་རྩ་དོན་ལ་གནོད་ཀྱིན་འདུག
གཡུ་ཐོག་ཀར་དགེས་རང་གི་རྒྱབ་ཀྱི་གྲྭ་ཆས་དེ་མར་མ་ཕུད་ན། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་ཏུ་བོད་བརྒྱུད་ནང་བསྟན་གྱི་མཚན་མཐོང་ལ་གནོད་ཀྱིན་འདུག
རྒྱུ་མཚན་དང་། དངོས་ཡོད་གནས་ཚུལ་འདི་ཚོ་ལ་ཚང་མས་བསམ་བློ་ཐོངས།
ཁྱི་སེང་དང་སྐལ་རྡོར་གཡུ་ཐོག་གསུམ་་གྱིས་རྒྱལ་བ་རིན་པོ་ཆེ་ཡང་དབུ་སྐོར་བཏང་འདུག་པས་ངེས་བར་དུ་ཞིབ་འཇུག་ནན་མོ་བྱས་ཏེ་དགོངས་པ་ཞུ་རུ་འཇུག་དགོས།
སློབ་བཟང་སངས་རྒྱས་དང་སྐལ་རྡོར་་གཡུ་ཐོག་དངོས་ཚེ་་་་་་མི་བཞི་ཕྱོགས་ཁག་འདིས་བཙན་བྱོལ་བོད་གཞུང་ཆུ་ལ་བསྒྱུར་སོང་
སྔར་རྒྱའི་མི་བཞིའི་ཕྱོགས་ཚོ་ཁག དིང་སང་བོད་ཀྱི་མི་བཞིའི་ཕྱོགས་ཁག ཧ་ཧ། ཧོ་ཧོ།། །།
ད་བཤད་མ་བསྡད་ཁ་དྲོ་ཕན་ཐོག་གཅིག་ར་མེད་པ་མ་ཟད་issའབར་རྫས་ནང་བཞིན་མ་གཏོགས་གཞན་སྐྱག་པ་ར་མེད་ཁུ།