རྔ་བ་རྒྱལ་ཁམས་པ།
དེང་སང་འཛམ་གླིང་གི་ཡུལ་གྲུ་མང་བོར༼བོད་ཀྱི་ནང་ཆོས༽ཞེས་བོད་བརྒྱུད་ནང་བསྟན་དར་རྒྱས་ཤུགས་ཆེར་འགྲོ་བཞིན་ཡོད། དེ་ནི་བོད་ཀྱི་རྩ་དོན་དང་འཛམ་གླིང་ཞི་བདེ་གཉིས་ཀར་ཕན་པའི་གནས་ཚུལ་དགའ་འོས་པ་ཞིག་ལོས་ཡིན། འོན་ཏེ། བཀྲ་ཤིས་ཀྱི་གཞུག་ན་སྣ་ནག་མ་ཞིག་ཀྱང་འབྱུང་བཞིན་པ་ནི། རང་རེའི་ཆོས་བརྒྱུད་ཀྱི་རྗེས་འཇུག་ཕལ་ཆེར་ཞིག་གིས། སྔགས་ལས་མདོ་མི་སློབ་ཅིང་། སྒོམ་ལས་ཐོས་པ་མི་བྱེད་ལ། དམར་ཟས་ལས་དཀར་ཟས་མི་བསྟེན་པ་འདི་རེད། ང་རྒྱལ་ཁམས་ཉུལ་ནས་ད་བར་བོད་ཆོས་་སློབ་གཉེར་བྱེད་མཁན་མང་བོ་ཞིག་ལ་ཐུག་རྒྱུ་བྱུང་། ངའི་སྣང་ཚུལ་ཞིག་ལ། ཁོང་ཚོ་ཕལ་ཆེར་གྱི་གདོང་ལ་འཛུམ་མདངས་དང་། གཞན་ལ་གུས་ཞབས་ཀྱི་རྣམ་པ་མཐོང་དཀོན་ཞིང་། ངག་ནས་གཟུངས་སྔགས་ཆལ་ཆོལ་མང་བོ་ཟློ། མི་ཚོས་གླེང་ན། དེ་དག་ལ་ལུས་སེམས་ཐང་བོ་མི་འདུག་ཅེས་སྐྱོན་འཛུགས་པའང་རྒྱུ་མཚན་མེད་པ་ཞིག་མ་རེད་སྙམ། ཁོང་ཚོ་སྙམ་དུ་གླེང་མོལ་འདྲ་བྱས་ཚེ། ཕྱག་རྫོགས་སོགས་ལྟ་བ་མཐོན་པོའི་ཀློང་ནས་མར་ཆེར་མི་འབབ་ལ། ངའོ་སྙམ་པའི་ངར་འཛིན་དང་། རང་ལྟ་མཆོག་འཛིན་གྱི་མཁྲེགས་ཤུགས་ཤིན་ཏུ་ཆེ། ལྷ་མཐོང་ཀླུ་མཐོང་དང་། མངོན་ཤེས་གྲུབ་རྟགས་སོགས་མཐོང་ཐོས་དཀོན་པའི་རིགས་གླེང་བར་ཧ་ཅང་དགའ། ངས་ང་ཤ་ཟ་རྒྱུར་ཧ་ཅང་དགའ། ལྷག་པར་ཤ་ཚོན་དང་མོག་མོག དེ་བཞིན་ཤ་སྲེག་སོགས་ནི། ང་ཆེས་ཧ་ཅང་གི་དགའ་སའི་ཟས་རིགས་ཡིན། དེ་རིང་ཁ་སང་སྡིག་པ་ལ་ལྷག་པར་ཡང་འཇིགས་རྒྱུ་ཞིག་ཡོང་གི་འདུག ཤ་ཟ་རྒྱུ་རེ་ཞིག་མཚམས་འཇོག་བྱས་ཡོད། ཅེས་བཤད་པར། ཧང་སེང་ནས་ཁྱོད་བོད་ཆོས་ཉམས་ལེན་པ་ཞིག་གིས་དཀར་ཟས་ཅིའི་ཕྱིར་བསྟེན། དམར་ཟས་མི་བསྟེན་ན། ༼ནག་པོ་ཆེན་པོ༽ཇི་ལྟར་བསྒྲུབ་དགོས། ཞེས་དང་། ཡང་འགའ་ཞིག་གིས། ཤ་མི་ཟ་ན། ༼སེམས་ཅན་དང་ལས་ཀྱི་འབྲེལ་བ༽ཇི་ལྟར་འཇོག་དགོས། ཞེས་ལྟ་བའི་གདེངས་དང་ལྡན་མདོག་གིས་སྨྲས་ཤིང་། ཤ་རིགས་གང་ཞིམ་རྔམ་ཟ་བྱེད་པ་ལ་ཡ་ང་བག་ཚ་ཞིག་ཁྱོན་ནས་མི་འདུག དཀོན་མཆོག་གསུམ། མཚམས་འདིར་སླེབས་དུས། བདག་གིས་སྡེ་དགེའི་རྒྱལ་སྲས་ཤིག་ནས་རྫོགས་པ་ཆེན་པོའི་ཆོས་ཞུས་རྗེས། ཕྱིར་ནང་དུ་ཕེབས་ལམ་ནས་ཁྱི་ཞིག་དང་འཕྲད་པར། ༼ང་རྫོགས་པ་ཆེན་པོའི་རྣལ་འབྱོར་བར་གསད་བྱ་གསོད་བྱེད་ཅིག་གང་ན་ཡོད༽ཅེས་སྐེད་གྲི་བླངས་ནས། ཁྱི་དེ་དུམ་བུ་གཉིས་སུ་བཏང་བའི་ལོ་རྒྱུས་ཤིག་ཡོད་པ་སེམས་ལ་དྲན་ཞིང་། ཡ་ཁོང་གྲང་མོར་ཆགས་ནས་ལན་ཞིག་འདེབས་རྒྱུའི་ཡི་གའང་མ་བྱུང་། འཁོར་བ་སྤྱི་བྱེ་དང་། ལས་འབྲས་བྱམས་སྙིང་སོགས་ལ་མཉམ་འཇོག་ཙམ་ཡང་མ་དགོས་པར། རྡོ་རྗེའི་གནས་ལ་འཇུག་ཁུལ་བྱེད་པའི་གྲུབ་མཐའ་འདི་འདྲ་རྒྱ་བོད་ཀྱི་མཁས་པ་སུ་ཞིག་གི་ལུགས་ཡིན་མིན་མ་ཤེས། མདོ་སྔགས་ཟུང་འབྲེལ་དང་། ཐོས་བསམ་སྒོམ་གསུམ། ཕ་མ་སེམས་ཅན། བྱམས་སྙིང་རྗེ། ལས་རྒྱུ་འབྲས་སོགས་ནི་རང་རེ་ལ་ཡོངས་སུ་གྲགས་ཤིང་གྲུབ་པའི་ཆོས་སྐད་ཅིག་ཡིན། གནས་ཚུལ་འདི་དག་གི་ཐོག་ནས་ང་ཚོ་ལ་རང་བཞིན་གྱིས་དྲི་བ་ཞིག་སླེབས་བཞིན་པ་ནི། ཕྱི་ལོགས་ན་དར་བཞིན་པའི་བོད་ཆོས་དང་། དེའི་རྗེས་འཇུག་གི་ཀུན་སྤྱོད་འདི་དག སངས་རྒྱས་ཀྱི་བསྟན་པ་ངོ་མ་ཞིག་ཡིན་ནམ་མིན། དོན་དག་འདིའི་ཐད། བོད་པའི་བླ་སྤྲུལ་དགེ་བཤེས་རྣམས་ཀྱི་མཛད་པ་འཕྲིན་ལས་སྐྱོང་སྟངས་ལ་འགྱུར་བ་ཞིག་གཏོང་དགོས་སམ་མི་དགོས་ཞེས་པ་དེ་ཡིན།
ཁྱེད་ཀྱིས་བོད་བརྒྱུད་ནང་པའི་ཆོས་ལུགས་འདི་བོད་ཀྱི་རྩ་དོན་ནམ་བོད་དོན་འཐབ་རྩོད་ལ་ཕན་པ་ཡོད་པའི་རྩོམ་ཉོག་འདི་རྒྱ་ནག་གོ་བརྡ་ཨེ་འཕྲོད་ལྟོས་དང་དཟང་གི །
རང་ཁ་གསེར་གྱི་སྒོ་མོ་ནས། །རང་སྲོག་གཅོད་ཀྱི་་ལྟ་རེ། །་ཟེར་བ་ལོས་བདེན།
རྔ་བ་རྒྱལ་ཁམས་པ་ལགས། ཁྱེད་ལ་ཤ་མ་ཟོས་ན་ནག་པོ་ཆེན་པོ་ཇི་ལྟར་བསྒོམ་ཟེར་མཁན་དེ་འདྲ་མི་ག་ཚོད་དུ་ཐུག་སོང་། མི་དེ་འདྲའི་རིགས་གིས་སྤྱིར་ཁྱེད་ལ་ཕྱི་ལོགས་སུ་འཕྲད་པའི་ནང་པའི་རྗེས་འཇུག་གི་གྲངས་ག་ཙོད་ཟིན་གི་འདུག མདོ་ལས་སྔགས་ལ་སློབ་པ་ནི་ལེགས་ཏེ། མདོ་སྔགས་གོ་རིམ་ཡང་ཟབ་ཁྱད་ཀྱིས་དེ་ལྟར་གྲུབ་འདུག་པས་ཁྱེད་སེམས་ཁྲལ་གནང་དགོས་ཨ་ཡོད། ཐོས་པ་ལས་སྒོམ་པ་གལ་ཆེ་ཡང་ཐོས་པ་གཏན་ནས་མ་བྱེད་ན་མི་ལེགས་ཀྱང་དེ་འདྲའི་སྐྱོན་གྱིས་གོས་པ་མནའ་ནས་དེང་། ནང་ནས་ཕྱི་བཅས་ཚང་མ་ལ་ཡོད་སྟབས་ཧ་ཅང་གིས་སེམས་འཚབ་གནང་དགོས་དོན་མེད།
ཡང་གཅིག་འདྲི། རང་ལྟ་མཆོག་འཛིན་དང་། ངའོ་སྙམ་པའི་ངར་འཛིན་ཟེར་རྒྱུ་དེ་ཕྱག་རྫོགས་ཀྱི་ལྟ་བ་འཛིན་ལ་ཟེར་རྒྱུ་རེད་དམ། ཡང་ན་་་་་་་་་་
རྔ་བ་རྒྱལ་ཁམས་པ་ལགས།
སྤྱིར་སྟངས་ཁྱེད་ཀྱིས་གསུང་པར་ལོས་བདེན།
ནུབ་ཕྱོགས་སུ་བོད་པའི་བླ་མ་མང་པོ་ཞིག་རང་ཉིད་ཀྱིས་ཤ་ཟ་བཞིན་སློབ་མར་དགེ་སྡིག་སྤང་བླང་གིས་སློབ་སྟོན་གནང་གི་མང།
དེ་བཞིན་གསང་སྔགས་དང་རྫོགས་ཆེན་གྱི་གདམ་པ་ཟབ་མོ་དེ་ཚོ་འང་སྔོན་འགྲོ་སོགས་ཀྱི་འཁྲིད་མེད་པར་མྱུར་ལམ་དུ་བསྐྱོད་རྒྱུ་སོགས་ཁག་པོ་རེད།
ཡིན་ནའང་ནུབ་ཕྱོགས་པ་ནི་ད་ལྟ་རང་དགོས་ཟེར་མཁན་ཞིག་རེད།
བོད་པའི་སྤྱི་ཚོགས་ཀྱི་དགོན་པ་སོགས་སུའང་གྲྭ་བ་ཚོས་དགེ་བཤེས་གཏོང་རྒྱུའི་དུས་ཚོད་སོགས་རིང་དྲགས་
དུག་ཅེས་བསམ་འཆར་ཀྱང་ཤོད་ཀྱིན་འདུག
ཐོས་པ་གཏན་ནས་མ་བྱས་པར་སྒོམ་ལ་འགྲོ་གི་ཡིན་ཟེར་བ་ཞིག་ཁག་པོ་རེད།
འོན་ཀྱང་མི་ཚེ་ཐོས་པར་བསྐྱལ་རྒྱུ་དེ་ཡང་ཅུང་འགྲིག་གི་མི་འདུག
ཐོས་པ་ཚིག་གི་ང་རྒྱལ་གྱིས་ཁེངས་ནས་ཚིག་སྐམ་པོ་རང་རེད།
ཐོས་དོན་སེམས་ལ་སྒོམ་ནས་རིག་པ་སྒྲིམས་ན་ལེགས།
མ་གཞི་ནས་ཁྱེད་ལ་ཐུག་པའི་ཕྱི་རྒྱལ་བ་དེ་ཚོ་ནི་སྨྱོན་པ་རྐྱང་རེད་འདུག
དེ་མིན་ཕྱི་རྒྱལ་གྱི་ནང་ཆོས་བྱེད་མི་མང་པོ་ཞིག་ལ་ནང་ཆོས་ཀྱིས་ཕན་ཐོགས་ཡོད་པར་མངོན་སུམ་ཚད་གྲུབ་རེད་འདུག
དེས་ན་མང་ཉུང་གིས་བསྡུར་ན་གང་མང་ལྟ་རྒྱུ་རེད།
གཅིག་ཏུ་ནི་བོད་ཀྱི་དགོན་པ་ཁག་སོགས་ལའང་ནང་ཆོས་ཁྲིད་སྟངས་ལའང་འགྱུར་བ་མང་པོ་ཕྱིན་ཡོད།
ཕལ་ཆེར་ཁྱེད་ལྟར་ན་བོད་མི་ཚོར་བསླབ་བྱ་དང་ཆོས་ཁྲིད་བྱེད་མི་བོད་ཀྱི་བླ་སྤྲུལ་དེ་ཚོ་ལའང་ནང་ཆོས་འཁྲིད་སྟངས་ཀྱི་མདྷད་པ་འཕྲིན་ལས་སྐྱོང་སྟངས་དེ་ཚོ་ལའང་འགྱུར་བ་གཏོང་དགོས་ས་རེད།
དྷ་དང་ལྷ་སའི་ཁྲོམ་གཞུང་སོགས་ཀྱི་བོད་མིའི་གདོང་ལ་འཛུམ་མདངས་སོགས་མཐོང་རྒྱུ་དཀོན་འདུག
དཔེར་ན།
སྔོན་ལོར་བོད་ཀྱི་གྲོས་ཚོགས་ར་བ་ལྟ་བུ་རེད།
ངས་ཕྱག་རྫོགས་སོགས་ང་རྒྱལ་གྱི་ཆོས་ཤིག་རེད་ཀྱིས་བཤད་པ་མིན། བོད་ཀྱི་ཕྱག་རྫོགས་སློབ་མཁན་གྱི་ཕྱི་བ་འདི་ཚོར་༼འདིའི་ནང་མགོ་སེར་ནག་གཉིས་ཀ་ཡོད༽ངས་ལྟ་ཚུལ་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་པ་ལྟ་བུའི་ང་རྒྱལ་ཤུགས་དྲག་འདུག མདོ་ཕྱོགས་ཀྱི་ཆོས་སྐོར་དང་། དཀར་ཟས་བསྟེན་མཁན་ཚོ་རང་ལས་རིམ་པ་དམའ་བའམ། ཡང་ན་སྔགས་ཀྱི་ཉམས་ལེན་མི་ཤེས་པའི་བླུན་པོ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད་ས་རེད། ཀུན་སྤྱོད་དེ་དག་ཕལ་ཆེར་རང་གི་བླ་མའམ། ཡང་ན་དགེ་རྒན་གྱི་སློབ་སྟོན་གནང་ཕྱོགས་དང་འབྲེལ་བ་དན་དན་ཡོད་པ་ཞིག་རེད།
རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་འདི། བོད་ཀྱི་སྲོག་རྩ་ལྟ་བུར་མཐོང་གི་ཡོད་པ་རེད། སྲོག་རྩ་དེ་གཅོད་ཆེད། དགེ་འདུན་པར་གྲངས་ཚད་འཛིན་པ། ཆོས་སྡེའི་སློབ་གསོའི་ནང་ཆབ་སྲིད་ཀྱི་ལྟ་བ་འཇུག་པ། ཆོས་དང་རིག་གཞུང་གི་རང་ཚུགས་འཛིན་མཁན་ཚོར། དངོས་ཤུགས་བརྒྱུད་གསུམ་ནས་སུན་གཙེར་བཟོ་བ་སོགས་བྱེད་བཞིན་རེད། ང་ཚོ་བོད་ཀྱི་ཆོས་ལུགས་འཛིན་སྐྱོང་གི་ཐོག དུས་བསྟུན་གྱི་འགྱུར་བ་མང་བོ་ཞིག་ངེས་པར་དུ་གཏོང་དགོས་པ་རེད། དཔེར་ན། དགོན་སྡེ་ཁག་རང་ཁ་རང་སོས་ཀྱི་ལམ་བུར་བསྐྱོད་པ། གྲྭ་བའི་སྤྱི་ཚོགས་ཀྱིས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་བསྒྲུབ་པ། དགོན་སྡེས་སྤྱི་ཚོགས་ཀྱི་བདེ་སྡུག་ལ་ཁ་ཡོད་ལག་ཡོད་ཀྱིས་འགན་ལེན་བྱེད་པ། སྤྱི་ཚོགས་ལ་ཆོས་ཀྱི་རྙིང་བོ་ཤེས་སུ་འཇུག་པ། ཆོས་བཤད་སྐབས་དེ་སྔའི་ལུང་ཚིག་སྐྱོར་བ་ལྟ་བུ་ཞིག་མ་ཡིན་པར། གོ་སླ་ཞིང་ཞལ་གསལ་བ། ཆོས་ཀྱི་ནང་དོན་འཛོམས་ཤིང་དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་སྒོ་ནས། སྤྱི་ཚོགས་ཀྱི་ཁ་ཕྱོགས་ཡར་ཐོན་གྱི་ལམ་དུ་འཇུག་ཐབས་བྱ་དགོས་པ་སོགས། མ་འོངས་པའི་རྟོག་ལྗོངས་མང་བོ་ཞིག་རིམ་པས་དྲྭ་དུ་འགོད་རྒྱུ་ཡིན།
གང་ལྟར་ཕྱག་རྫོགས་ཀྱི་ལྟ་བ་འཛིན་མཁན་མགོ་སེར་ནག་གང་བྱུང་ཡང་ནང་པ་ཡིན་པར་ཁས་ཆེ་ཞིང་དོན་ལའང་ནང་པ་ཡིན་སྟབས་ཡག་པོ་རེད་དྲན།
མཆན་བུ་དྲུག་༷པའི་བརྗོད་དོན་ལ་ངོས་ལེན་དང་ལེགས་སོ་ཡོད།
བོད་རྒྱུད་ནང་ཆོས་འདི་མདོ་སྔག་ལམ་རིམ་ཆ་ཚང་ལ། སྒྲུབ་པའི་འབྲས་བུ་ཡང་མཁས་གྲུབ་མང་པོ་གྲུབ་རྒྱུད་ཤིང་རྟ་བརྒྱད་ནང་བྱུང་མྱོང་ཡོད།
ལམ་རིམ་ལ་སྦྱང་མཁན་མི་འདུག། སྤྲུལ་སྐུ་རྫུན་མ་མང་པོ་བོད་ཀྱི་བླ་ཆེན་ཁག་ནས་ངོས་འཛིན་གནང་སོང་། མཐོ་དམན་མེད་ནས་སྔོན་འགྲོ་ལྟ་ཅི་སྐྱབས་འགྲོའི་བསླབ་སྡོམ་མེད་པ་ལ་དུས་འཁོར་དབང་ཆེན་གནང་བཞིན་པ་དངོས་མཐོང་རེད། བྱི་རྒྱལ་ནང་ཆོས་ཚོགས་ཁག་ནས་ཆོས་ལ་རིན་ཐང་གཅོད་ནས་ཆོས་ཀྱི་ཚོང་ཁང་ལྟབུ་རེད། དེ་ལ་འགྲེལ་བ་ག་འདྲ་གནང།
མགོན་པོ་ལགས། བླ་ཆེན་མང་པོ་སུ་སུ་རེད། དེ་ཚོས་སྤྲུལ་སྐུ་རྫུན་མ་སུ་སུ་ངོས་འཛིན་གནང་སོང་། རེ་རེ་ནས་ངོས་འཛིན་དང་། ཁོང་ཚོས་ངོས་འཛིན་པ་དེ་དག་སྤྲུལ་སྐུ་མ་ཡིན་པ་ཁྱེད་ཀྱིས་ངོས་འཛིན་གང་འདྲས་གནང་། ལན་གསལ་པོར་གནང་དང་། འཐོབ་བྱ་ཨང་ ༡༠༠ ཏག་ཏག་ཡོད།
དེ་ཚོ་ངོས་བཟུང་རྒྱུ་མེད་མུན་ནག་མདའ་འཕེན་གནང་དགོས་ཨ་ཡོད།
དེ་ཙམ་ཡིན། ལམ་རིམ་མ་སྦྱང་ནའང་ཐར་པ་ཐམས་ཅན་མཁྱེན་པ་ཐོབ་གི་རེད་ལོ།
gonpo ལགས།
བོད་རྒྱུད་མ་རེད་བོད་༼བརྒྱུད་༽རེད།།
མདོ་སྔག་མ་རེད་མདོ་༼སྔགས་༽རེད།།
གྲུབ་རྒྱུད་མ་རེད་༼སྒྲུབ་བརྒྱུད་༽རེད།།
བྱི་རྒྱལ་མ་རེད་༼ཕྱི་༽རྒྱལ་རེད།།
བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཞོགས་དུང་ལགས་བཙོན་གྲོལ་བྱས་ནས་རང་ཁྱིམ་དུ་ཕེབས་འདུག་པའི་གནས་ཚུལ་འདུག གནས་ཚུལ་འདི་ན་ཡོད།
http://www.rangwang.net/?essayId=923
སྤྲུལ་སྐུ་ཡོད་བ་ང་ཡིད་ཆེས།
ཡིན་ན་ཡང་དེང་སང་སྤྲུལ་སྐུལ་རྒྱ་ཆ་དགུ་བཅུ་མི་ཚད་ལྡན་ཞིག་དང་ཆོས་པ་ཡག་པོ་ཞིག་མཐོང་མ་སོང།
ཕ་སྤྲུལ་སྐུ་ལ་བུ་སྤུལ་སྐུ མཁན་སྤྲུལ། དགེ་བཤེས་སྤྲུལ་སྐུ་ འདི་ཚོ་མོ་མོ་སྐྱབས་མགོན་གི་ཡེ་གེ་མེད་བ་སུ་འདུག ངའི་རེ་རེ་བཞིན་བཤོད་ག་ལ་ནུས ང་ད་ལྟ་ལོ་ཆུང་ཆུང་ཡིན་ཤི་འདོད་མེད།
རྩོམ་ཡིག་འདིའི་ཚིག་ཟུར་ལ་ཡང་ཆོས་ལུགས་ཀྱི་ཞེན་ཁོག་ཅུང་ཟད་འདུག ཕྱག་རྫོགས་སོགས་ཀྱི་ལྟ་བ་ནི་བོད་ཀྱི་རྒྱན་ཆ་རེད་ལ། ཐར་པའི་ལམ་དུ་བགྲོད་མཁན་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་རེད། ཆོས་ཡིན་ཚད་རང་རང་གི་བློ་ལ་འགྲོ་དགོས་པའི་ངེས་པ་མེད། སྔར་རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་ཚོ་སྨན་འཚོང་མར་གཡོག་རྒྱུག་ནས་བསྡད་པ་དེ་འདྲ་ཡོད། སྤྱི་ཚོགས་ཀྱི་ལམ་ལུགས་སྲོལ་དང་མཐུན་ནས་འདྲ་ཆགས་ཆགས་ཡོད་དགོས་པའི་ངེས་པ་དེ་ཡང་མེད། ཤ་ཟ་ནའང་རེད། ཆང་འཐུང་ནའང་རེད། བེུད་ལ་སྤྱོད་ནའང་རེད། གཙོ་བོ་སེམས་དུལ་དགོས། སེམས་མ་དུལ་ན་འདྲ་ཆགས་ཆགས། སྣུམ་རིལ་རིལ་ལ་ཧང་སང་དགོས་རྒྱུ་ཅི་མེད། མཚན་ཉིད་རྩོད་པ་ཙམ་ལ་ཆོས་པ་མི་ཟེར། སེམས་འདུལ་མཁན་ལ་ཆོས་པ་ཟེར།
ནང་པ་སངས་རྒྱས་པའི་བསྟན་པ་འདི་ཁ་ཆེའི་ཆོས་ལུགས་འདྲ་པོ་གུ་སུག་དོག་པོ་མེད། དེ་འདྲ་མ་བཟོ།
སེམས་སྲུང་བརྟུལ་ཞུགས་མ་གཏོགས་པའི།།
བརྟུལ་ཞུགས་མང་པོས་ཅི་ཞིག་བྱ།།
འོན་ཀྱང་སེམས་ཅན་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཤ་མ་ཟ་ན་རྗེས་སུ་ཡིད་རང་ཞུ། དགེ་བཤེས་མིང་གྲགས་ཅུང་ཟད་ཡོད་པ་ཞིག་གིས་དེ་ལྟར་བཤད། གདན་ས་ཁག་ལ་ཤ་ཟ་མ་ཆོག་ཟེར་བ་ཅི་ཟེར་ལེ་རེད། གྲ་པ་སྟོང་ཕྲག་འགའ་ཤས་ཡོད་རེད། མ་ཧེ་གཅིག་གཉིས་ཡར་དྲངས་མ་ཐུབ་ན་ཅི་བྱེད་དགོས་རེད། ཞེས་བཤད་དོ།།
མདོ་སྔགས་ཟུང་འབྲེལ་ལས་ཡ་བྲལ་བྱ་མི་རུང་བ་རྒྱུ་མཚན་མང་པོ་གྲུབ་ཡོད། སྤྱིར་ང་ཚོའི་ཆོས་འདིས་གཙོ་བོ་འགྲོ་བ་མིའི་རིགས་ཀྱི་ཤེས་པའི་གནས་སྟངས་དང་མཐུན་པའི་བསམ་སྤྱོད་ལེགས་བསྒྱུར་གྱི་ཕྱོགས་སུ་རོགས་འདེགས་བྱེད་དགོས་པ་སྨྲོས་མེད་ཡིན་ཙང་། དད་པ་ཡོད་མཁན་མེད་མཁན་ཚང་མའི་ལེགས་ཉེས་རྩི་ཚུལ་ཁྱབ་ཆེ་བ་ལྟར་གྱི་ལེགས་ཕྱོགས་སུ་དུས་བསྟུན་གྱིས་འགྲོ་ཐབས་བྱེད་པ་ལ་ནང་པའི་རྗེས་འཇུག་ཚོས་བསམ་ཚུལ་མི་མཐུན་པ་བཤད་ནས་རྩོད་ན་འོས་འཚམས་ཤིག་མིན། ལྷག་དོན་ཆོས་འདུལ་བའི་ཉམས་ལེན་དེ་གང་ཟག་དགོས་ཚན་གྱི་དབང་དུ་མ་བྱས་པར་བསྟན་པ་སྤྱི་ཚན་གྱི་དབང་དུ་བྱས་ནས་བསམ་ན་བསྟན་པ་གཟི་བརྗིད་དང་ལྡན་པར་གནས་ཤིང་དར་བ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་ཞིག་ཡིན་ངེས་པ་དེ་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་ཧ་གོ་དོན་རྟོགས་ཡོང་ཐུབ་པ་ཞིག་མ་རེད་དམ།