རྔ་བ་རྒྱལ་ཁམས་པ།
དུད་དྲེག་ཆགས་པའི་ཁྱིམ་ཚང་གི་རྩིག་ངོས་ན་སྦྱར་བའི་འདྲ་པར་ཆེན་པོ་དེ་དག་མཐོང་སྐབས། བརྗོད་མ་ཤེས་པའི་སྐྲག་སྣང་དང་། བརྗིད་སྣང་ལྟ་བུ་ཞིག་ངང་གིས་སྐྱེ་འོང་། ངས་ཡང་སྙིང་མི་སྣ་དེ་དག་གི་ལོ་རྒྱུས་དང་། ལྟ་གྲུབ། ལུང་བ་གང་ནས་ཡིན་མིན་གསལ་བོ་ཞིག་མ་ཤེས་ཀྱང་། གོར་ཅིང་ཟླུམ་པའི་མིག་སྔོན་པོ། སྦོམ་ཞིང་སྟུག་པའི་གདོང་སྤུ། སྣ་ཆེ་ཁ་འཐུག་གི་རྣམ་པ། ད་དུང་བརྗིད་ཉམས་ཆེ་བའི་སྐེ་མདུན་ཅན་གྱི་གོས་དང་། ལྷག་པར་སྐར་མ་དང་ཐོབ་རྟགས་ཀྱིས་སྤྲས་པའི་དམག་ཆས་རྫིག་པོ་དེ་དག་ལ་སེམས་ཡང་ཡང་ཤོར་མྱོང་། ག་ལེར་གནས་ཚུལ་ཅུང་ཟད་རེ་ཧ་གོ་སྐབས། མི་སྣ་དེ་དག་ནི་ཀླད་པ་རྡོ་ལས་མཁྲེགས་ཤིང་། སྒལ་ཚིགས་རྣོ་ལས་སྲ་བ། རྐང་ལག་ཚེར་ལྕགས་ལས་ཀྱང་རྩུབ་པའི་དམར་བོའི་ལྟ་བའི་མྱི་རྒོད་ཁྱུ་གཅིག་སྟེ། མར་ཁེ་སི། ཨེན་ཁེ་སི། ལེ་ཉིན། སི་ཏྲ་ལེན། མོ་ཚེ་ཏུང་བཅས་རེད་འདུག ངས་ཉེ་དུས་འདིར་མི་ལོ་ཉི་ཤུ་ལྷག་གི་རིང་། མོ་ཚེ་ཏུང་གི་སྒེར་གྱི་དམིགས་བསལ་སྨན་པའི་ལས་ཁུར་གནང་མཁན། སྐུ་ཞབས(Li Zhisui)མཆོག་གིས་བརྩམས་པའི་མཚན་བྱང་དུ༼གཙོ་འཛིན་མོའི་སྒེར་གྱི་མི་ཚེ༽ཞེས་པའི་དེབ། ཤོག་གྲངས་དྲུག་བརྒྱ་དྲུག་ཅུ་རེ་གསུམ་ཅན་ཞིག་བཀླགས་པ་ཡིན། ངས་ཁོང་གི་དེབ་དེ་ལས་རྒྱ་ནག་དམར་པོའི་གཞུང་དང་། གཞུང་འཛིན་མི་སྣ་མཐོ་རིམ་དག་གི་བར་ན་བྱུང་བའི་ཁྱོད་ཤི་ང་གསོན་གྱི་སྲིད་དབང་འཐབ་རྩོད་དང་།མོ་ཚེ་ཏུང་གི་ཆབ་སྲིད་ཀྱི་མཚན་ཉིད་རིག་པའི་རྒྱབ་ལྗོངས། ཁོང་གི་རྣལ་མའི་ཀུན་ཏུ་སྤྱོད་པ། དབུས་སྲིད་གཞུང་གི་མཐོ་རིམ་མི་སྣ་གང་དུ་གནས་ཡུལ། གྲོང་ནན་ཧེའི་ཕྱི་ནང་གསང་བའི་བཀོད་པ། མོ་ཚེ་ཏུང་ནད་ཀྱིས་ཟིན་ནས་མ་ཤི་བར་གྱི་གསང་བའི་ལོ་རྒྱུས་སོགས། གློག་བརྙན་ཞིག་ལ་བལྟ་བ་བཞིན་ཡིད་ངོར་འཆར་ཡོང་བ་ཞིག་བྲིས་འདུག གནས་ཚུལ་ཡ་མཚན་ཅན་མང་བོ་ཞིག་ཤེས་རྟོགས་བྱུང་བས། འདིར་དྲྭ་གྲོགས་དག་ལ་རོབ་ཙམ་ཞིག་ངོ་སྤྲོད་ཞུ་སྙིང་འདོད། མོ་ཚེ་ཏུང་ནི་སྤྱི་ལོ༡༨༩༢ལོ་ཟླ༡༢ཚེས་༢༦ཉིན་ཧོས་ནན་ཞིང་ཆེན་གྱི་ཧྲོ་སན་ས་ཁུལ་ནང་སྐྱེས། སྤྱི་ལོ༡༩༧༦ཟླ༩ཚེས༩ཉིན་པེ་ཅིན་དུ་གྲོངས།
བཟའ་ཟླ། ༡༽ལོས་ཤིའི་ཤོ་དང་མཉམ་པོར་གཉེན་སྒྲིག་བྱས་ནས༡༩༠༧ནས༡༩༡༠བར་ལྷན་དུ་བསྡད། ༢༽ཡེང་ཁ་ཧེས་དང་ལྷན་དུ་སྤྱི་ལོ༡༩༢༠ནས༡༩༣༠བར་བསྡད། གོ་མིན་ཏང་གིས་སྤྱི་ལོ༡༩༣༠ལོར་བསད།
༣༽ཧེ་ཟེ་ཏྲིན་དང་མཉམ་པོར་སྤྱི་ལོ༡༩༣༠ནས༡༩༣༧་བར་བསྡད། ༤༽ཅིང་ཆིན་དང་ལྷན་དུ་སྤྱི་ལོ༡༩༣༩ནས༡༩༧༦བར་མཉམ་པོར་བསྡད།
རིགས་རྒྱུད།
༡༽མོ་ཨན་ཡེན་ཁོ་རི་ཡའི་དམག་འཁྲུགས་ནང་གྲོངས།
༢༽མོ་ཨན་ལོང་རྒྱ་ནག་ནང་འཁྲུགས་སྐབས་ཤི། ༣༽མོ་ཨན་ཧོ་དམག་ཐོག་ནས་བོར་བརླག་ཏུ་སོང་སྟེ་ད་དུང་ཤི་གསོན་གང་ཡིན་ཧ་གོ་མེད།
༤༽མོ་ཨན་ཆིན་ཏེ་བཞི་ཡོད།
མོ་ཚེ་ཏུང་གི་ཆབ་སྲིད་ཀྱི་བསམ་བློའི་འབྱུང་ཁུངས་ནི། རྒྱ་ནག་གི་སྲོལ་རྒྱུན་གཏམ་རྒྱུད་སྙན་གྲགས་ཅན། ཆུ་ངོགས་གཏམ་རྒྱུད་དང་། རྒྱལ་གསུམ་རོལ་བའི་གཏམ་རྒྱུད། ཨུ་རུ་སུའི་གསར་བརྗེ། ཐོག་ཁང་དམར་བོའི་རྨི་ལམ། རྒྱ་ནག་རང་གི་རྒྱལ་རབས་ཉེར་བཞིའི་ལོ་རྒྱུས་སོགས་ཡིན་པར་བཤད།
བརྩམས་ཆོས།
༡༽དེབ་ཆུང་དམར་པོ། ༢༽འཇབ་རྒོལ་དམག་འཁྲུགས། ༣༽ སྦྱོང་བརྡར། ༤༽ གོར་མན་པེ་ཏོན་དྲན་གསོ། ༥༽ མང་གཙོ་གསར་བའི་བཀའ་མཆིད། ༦༽མི་དམངས་ལ་ཞབས་འདེགས། ༧༽རྒན་པོ་ཡེ་ཀོང་གིས་རི་བོ་སྤོས་པ། ༨༽སུན་འབྱིན་རིག་པ། ༩༽གཡུལ་འབྱེད་རྒྱང་སྲིང་། ༡༠༽གཡུལ་འབྱེད་རྒྱང་སྲིང་། ༡༡༽ཡ་ཨན་རྩོམ་རིག་དང་སྒྱུ་རྩལ་ཐོག་གི་གཏམ་བཤད། ༡༢༽མི་མང་ནང་ཁུལ་འགལ་ཟླའི་གནད་དོན་ཐག་གཅོད་སོགས་གསུང་རྩོམ་མང་བོ་ཞིག་ཡོད་པར་གྲགས་ཤིང་། དེ་དག་ལས་གྲགས་པ་ཆེ་ཤོས་ནི། སུན་འབྱིན་རིག་པ་དང་། སྦྱོང་བརྡར་གཉིས་ཀྱིས་སྐབས་དེའི་རྒྱ་ནག་གི་ཞིང་བ་ཁྲི་སྟོང་མང་བོའི་སེམས་ཁམས་ལ། གསར་བརྗེ་དང་། རྒྱལ་གཅེས་རང་བཞིན་གྱི་གོ་རྟོགས་མཐོན་པོར་སླེབས་ནས། འཇར་པན་གྱི་དྲག་གནོན་ལ་རྒོལ་རྡུང་གི་ནུས་ཤུགས་ཆེན་པོ་སྤེལ་ཐུབ་པར་བཤད།
ངས་མོ་ཚེ་ཏུང་གི་ལོ་རྒྱུས་འདི་ཀློག་སྐབས། མཁས་པ་དགེ་འདུན་ཆོས་འཕེལ་གྱིས། ལས་དབང་ནག་རིལ་མ་འདི་རེད་མ་གཏོགས། མོ་ཚེ་ཏུང་འདི་བླུན་པོ་བླུན་ནག་ལུག་འདྲ་ཞིག་རེད་ཅེས་གསུང་མྱོང་བའི་དམིགས་གཏད་དེ་གང་ཞིག་ཡིན་ནམ་སྙམ་དུ་དྲི་རྟོག་གི་དྲྭ་བར་ཡང་ནས་ཡང་དུ་ལྷུང་། ལར་མོ་ཙེ་ཏུང་གི་ཆབ་སྲིད་ཀྱི་བསམ་བློའི་འབྱུང་ཁུངས་གཙོ་བོ་དེ། ཁོང་གི་ཕའི་གཞེན་སྐུལ་ལས་བྱུང་བ་ཞིག་ཡིན་པར་གྲགས། ཧོས་ནན་སློབ་ཆེན་མཐར་ཕྱིན་ནས། ཟླ་ངོ་དྲུག་གི་རིང་རང་དབང་གི་སྒོ་ནས་སློབ་སྦྱོང་བྱས། སྤྱི་ལོ༡༩༢༡ལོར་ཀྲུང་གོ་གོང་ཁྲན་ཏང་གི་ཚོགས་ཆེན་ཐོག་ཞུགས་ཤིང་། པེ་ཅིན་སློབ་གྲྭ་ཆེན་མོའི་དཔེ་མཛོད་དུ་དཔེ་ཞབས་ལས་ཀ་བྱེད་སྐབས། མར་ཁེ་སིའི་དམར་པོའི་ལྟ་བ་དང་ཐོག་མར་འཕྲད་པ་ཞིག་རེད། མོ་ཚེ་ཏུང་བཟང་རབས་རྒྱན་རབས་ཀྱི་ལོ་རྒྱུས་ནི་རེ་ཞིག་ཅམ་འཇོག་གིས། ཁོང་གི་མི་གཤིས་དང་འབྲེལ་བའི་མ་རབས་ཀྱི་གསང་བའི་བྱ་སྤྱོད་ཁག་བཤད་རྒྱུ་ཡིན། ཁོང་གི་སྒེར་སྨན་ལྟར་ན། མོ་ཚེ་ཏུང་གི་འདོད་པ་ཆེ་ཤོས་ཤིག་ནི། རང་ཉིད་ལོ་ན་བརྒྱད་ཅུར་མ་སླེབས་པར་དུ་གཟུགས་པོ་ཐང་བོ་དང་། ལྷག་པར་འཁྲིག་སྤྱོད་ཀྱི་ནུས་པ་མི་ཉམས་རྒྱུན་སྲིང་བྱ་རྒྱུ་དེ་ཡིན་པ་དང་། སྒེར་སྨན་གྱི་ལས་ཀ་གལ་ཆེ་ཤོས་ཀྱང་དེ་ཡིན་པར་བཤད། མོའོ་ལ་ཡོངས་གྲགས་དང་ཡོངས་གྲགས་མ་ཡིན་པའི་བུད་མེད་ཤིན་ཏུ་མང་བོ་ཞིག་ཡོད་པར་བཤད་ཅིང་། ཡོངས་གྲགས་ནི་སྨན་གཡོག་མའི་མིང་དུ་བཏགས་པའི་ཁོང་གི་ནང་འཁོར་དག་ཡིན་འདུག་ལ། དེ་ཡང་རྒྱུན་ལྡན་སྨན་གཡོག་མ་ཉེར་བཞི་ཙམ་ཡོད་པ་དང་། དེ་དག་ཀྱང་དུས་བཅད་ཀྱིས་བརྗེ་བོ་རྒྱག་བཞིན་ཡོད་པ་དང་། ཡོངས་གྲགས་མ་ཡིན་པ་ནི་གྲོང་ནན་ཧེ་ན་ཡོད་པའི་མོའོའི་འཆར་ཅན་གྱི་བྲོ་གར་དགོང་ཚོགས་ཐོག་ཡོང་བའི་བུ་མོ་གཞོན་ནུ་མ་ཚོ་ཡིན་ཅིང་། བུ་མོ་དེ་དག་ནི་ཁོང་གི་ཉེན་སྲུང་དམག་གཙོ་བང་ཏུང་ཤན་གྱི་བཀོད་འདོམས་འོག དགོང་གྲོའི་བྲོ་གར་གང་ཡོད་ལ་པེ་ཅིན་ནང་ཁུལ་དང་། ཞིང་ཆེན་གཞན་གྱི་གླུ་གར་ཚོགས་པའི་གར་མ་རྣམས་རེས་མོས་ངང་ཡོང་གི་ཡོིད་ཚོད་ལ། དགོང་ཚོགས་རེ་རེར་གར་མ་ཡག་ཤོས་རེ་རང་གི་ཉལ་ཁང་དུ་ཁྲིད་ཀྱིན་ཡོད་པར་བཤད། མོའོ་ཉལ་ཁྲི་དེ་བཞིན་དང་སྐབས་ཀྱི་བཟའ་ཚོ་གཅིག་གི་ཉལ་ཁྲི་ལས་ལྡབ་ལོག་གིས་ཆེ་བ། ཕལ་ཆེར་ཉལ་ཁང་ཧྲིལ་བོའི་ཕྱེད་ཀ་ཙམ་ཡོད་འདུག་ཅིང་། ཤིང་གི་ཉལ་ཁྲི་ཤིན་ཏུ་སྲ་བརྟན་གཡས་གཡོན་དང་། མགོ་རྔ་གཉིས་ཅུང་ཟད་མཐོ་བོ་ཡོད་པ་ཞིག་འདུག་ལ། སྒེར་སྨན་གྱིས་མོའོའི་ཉལ་ཁྲི་ཅིའི་ཕྱིར་དེ་ལྟར་བཟོས་པ་ཡིན་ནམ་སྙམ་དུ་དྭོགས་ནས། འཁོར་གཞན་ལ་དེ་ལྟར་དྲིས་སྐབས། ཁོང་གི་བདེ་འཇགས་ལ་བརྟེན་ནས་དེ་ལྟར་བཟོས་པ་རེད་ཅེས་བཤད་ཀྱང་། རིམ་པས་དེ་ནི་བདེ་འཇགས་ཀྱི་ཆེད་མ་ཡིན་པར་འཁྲིག་སྤྱོད་ཀྱི་སྒྱུ་རྩལ་སྣ་ཚོགས་བྱ་བདེ་བའི་ཆེད་བཟོས་པ་ཞིག་ཡིན་པ་གསལ་བོར་ཧ་གོ་འདུག མོའོའི་བཟའ་ཟླ་ཅང་ཆིན་ཡང་མོའོ་དང་ཤག་སྐོར་གཅིག་གི་ནང་ཡོད་ཀྱང་། ཁོང་གཉིས་ཕན་ཚུན་ཐུག་འཕྲད་ཧ་ཅང་ཉུང་ཉུང་ཡིན་པ་དང་། སྐབས་སྐབས་ལ་ཅང་ཆིན་གློ་བུར་མོའོའི་ཤག་ཏུ་སྒོ་སྲུང་མ་བརྒྱུད་པར་འཛུལ་སྐབས། བུད་མེད་གཞན་དང་མཉམ་པོར་དགའ་བོ་བྱེད་བཞིན་ཡོད་པར་ཡང་སེ་མཐོང་གི་ཡོད་ཀྱང་། མོ་རང་སྡུག་བསྔལ་ཁོང་བཅིངས་བྱེད་པ་ལས་བྱ་ཐབས་ཅིའང་མེད་པར་བཤད། མོ་ཚེ་ཏུང་མགྲོན་པོ་དག་དང་ཐུག་འཕྲད་སྐབས་ལས། ནམ་རྒྱུན་ཉལ་གོས་གོན་ཞིང་ཉལ་ཁྲིའི་ནང་སྡོད་པ་ལས་ཕྱི་ལོག་ཏུ་ཆེར་མི་འགྲོ། མའོ་ཙེ་ཏུང་དཔེ་ཀློག་བྱ་རྒྱུར་ཤིན་ཏུ་དགའ་བོ་དོ་སྣང་ཆེན་པོ་ཡོད་ཅིང་། ༼འདས་པའི་ཉམས་མྱོང་ལས་ད་ལྟ་བར་ཞབས་འདེགས་ཞུ་དགོས༽ཞེས་པ་འདི་ཁོས་རྒྱུན་པར་ཟློ་བའི་སྐད་ཆ་ཞིག་རེད། དཔེ་བལྟས་ཕལ་ཆེར་མཚན་མོར་བྱེད་ཅིང་། དེའང་ཉལ་ཁྲིའི་ནང་ཉལ་ནས་དཔེ་ཆ་ལག་ཏུ་བཟུང་སྟེ་ཁ་ཕར་འཁོར་ཚུར་འཁོར་ཡང་ཡང་བྱེད་བཞིན་དཔེ་ཀློག་བྱེད་མཁན་ཞིག་རེད་འདུག མའོས་སྤྱི་ལོ༢༢༡ནས༡༦༤༤བར་གྱི་རྒྱ་ནག་གི་རྒྱལ་རབས་ཉེར་བཞིའི་ལོ་རྒྱུས་ཡོངས་སུ་རྫོགས་པ་ཀློག་སྦྱོང་བྱས་ཤིང་། ཁོས་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ལ་ལྟ་སྟངས། རྒྱ་ནག་པ་ཕལ་ཆེར་གྱི་བསམ་ཚུལ་དང་འགངས་ནས་མི་འདྲ་བ་ཞིག་སྟེ། མའོ་ཚེ་ཏུང་གིས་རྟག་པར་བསྔགས་བརྗོད་གཏོང་ཡུལ་གྱི་རྒྱལ་རབས་འགའ་ཞིག་ལས། སྲང་རྒྱལ་རབས་སྤྱི་ལོ་སྔོན༡༦༠༠ནས༡༠༤༦བར་བྱུང་བའི་རྒྱལ་པོ་ཀྲོས་ཞེས་པ་དེ་ཡིན་ལ། རྒྱལ་བོ་དེ་ནི་ལོ་རྒྱུས་ཐོག༼ཆང་གི་རྫིང་བུ་ཤ་ཡི་ནགས་ཚལ༽ཞེས་འབོད་པའི་རྒྱས་སྤྲོས་ཅན་གྱི་རྫིང་བུ་བཟོ་མཁན། དྲག་སྤྱོད་དང་གདུག་རྩུབ་ཆེན་པོ། ཆང་དང་བུད་མེད་ཀྱིས་དུས་འདའ་བ། མི་རྣམས་གསོད་གཏུབ་བྱས་པའི་བམ་རོ་གནམ་ལ་བརྒྱངས་ནས་མངའ་འབངས་ཚོར་འཇིགས་སྐུལ་གཏོང་མཁན། འཇིགས་རྟེན་ཡ་རབས་ཀྱི་ཀུན་སྤྱོད་ལས་ཡོངས་སུ་འདས་པ་ཞིག་ཡིན་མོད། མའོས་རྒྱལ་པོ་དེའི་བྱ་སྤྱོད་ཁོང་གི་བྱས་རྗེས་དང་བསྡུར་ཐབས་མེད་པ་ཞིག་ཡིན་པ་དང་། རྒྱལ་བོ་ཀྲོས་ནས་རྒྱ་ནག་གི་ལྷོ་ཤར་རྒྱ་མཚོའི་ཚལ་ཁ་རྒྱ་བསྐྱེད་ཆེན་པོ་བྱས་ཏེ། བཀའི་ཁྲིམས་ལུང་གཅིག་གི་འོག་ཏུ་དབང་བསྡུ་བྱས་པ་དང་། ཁོས་རང་ཉིད་ཀྱི་བློན་ཆེན་གཙོ་གྲས་བྷེ་རྒན་བསད་པ་རེད། དེ་ལོས་གསོད་བྷེ་རྒན་གྱིས་ས་ཆ་རྒྱ་བསྐྱེད་ལ་ངོ་རྒོལ་བྱས་པ་རེད། རྒྱལ་བོ་དེ་ལ་ཟུར་བསྟེན་བུད་མེད་སྟོང་ཕྲག་ལྷག་དང་། འཚོ་ཐབས་རྒྱས་སྤྲོས་ཆེན་མོ་ཡོད་ཀྱང་། རྒྱལ་བོ་ཞིག་ལ་མེད་པ་ཅི་ཞིག་ཡོད་ཅེས་བསྟོད་ར་བཏང་ཡོད། དེ་བཞིན་སྤྱི་ལོ་སྔོན༢༥༩ནས༢༡༠བར་བྱུང་བའི་རྒྱ་ནག་གི་རྒྱལ་བོ། ཆིན་ཧྲི་ཧོང་གིས་འགྲིམ་འགྲུལ་གྱི་ལམ་ཁ་གསར་གཏོད་བྱས་པ། རྒྱ་ནག་གི་ལྕགས་རི་རིང་མོ་གསར་བསྐྲུན་བྱས་པ་ལས། རྒྱལ་ཕྲན་མང་བོ་མངའ་འོག་ཏུ་བསྡུས་ནས། རྒྱ་ནག་གི་མངའ་ཐང་རྒྱ་བསྐྱེད་པ་སོགས་ནི། མའོས་ཆིན་ཧྲི་ཧོང་ལ་བསྟོད་ར་བཏང་བའི་རྒྱུན་མཚན་གཙོ་བོ་རེད་འདུག རྒྱལ་བོ་ཆིན་ཧྲི་ཧོང་གིས་ཁུང་ཙི་འཕྲུལ་རྒྱལ་གྱི་རྗེས་འབྲིངས་པ༢༦༠ལྷག་དམར་སོད་བྱས་ཤིང་། རྒྱ་ནག་སོག་པོའི་དྲག་ཤུགས་ལ་སྐྲག་སྟེ་འབངས་མི་བག་མེད་དུ་བེད་སྤྱོད་ཀྱིས་ལྕགས་རི་རིང་མོ་ཟེར་བ་འཛུགས་སྐྲུན་བྱས་པར། རྒྱ་ནག་ཤེས་ལྡན་མི་སྣ་མང་བོ་ཞིག་དེ་ལ་ལྟ་སྟངས་ཡག་པོ་དེ་འདྲ་ཞིག་མེད་ཀྱང་། མའོ་ཙེ་ཏུང་གིས། ཆིན་ཧྲི་ཧོང་གིས་རྒྱ་མིའི་རྒྱལ་ཁབ་རྩ་འཛུགས་ཆེད། ཀོང་ཙེའི་སློབ་རྒྱུད༢༦༠བསད་པ་རེད། དེ་གྱོང་གོད་ཆེན་པོ་དེ་འདྲ་གང་ཡང་མ་རེད། ཅེས་བཤད་འདུག ཡང་མའོས་བསྟོད་པ་གཏོང་ཡུལ་གཞན་པ་ཞིག་ནི། སྤྱི་ལོ༦༢༧ནས༧༠༥བར་བྱུང་བའི་རྒྱལ་མོ་བོས་ཙེ་ཐེན་ཞེས་པ་ནི། རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཚད་འཆང་མཁན་བུད་མེད་གཅིག་པུ་དེ་ཡིན་ཞིང་། མོས་རང་གི་གོ་གནས་ཤོར་དྭོགས་ཀྱིས་དོན་དག་ཡོད་མེད་མི་མང་བོ་དམར་སོད་བཏང་ཡོད་ཀྱང་། མོ་ཙེ་ཏུང་གིས། བོས་ཙེ་ཐེན་ནི་སྤྱི་ཚོགས་བསྐྱར་བཅོས་པ་ཞིག་རེད། མོ་རང་གིས་སྐབས་དེའི་སྐུ་དྲག་དང་མི་ཚང་ཆེན་པོ་དག ས་བདག་ཆུང་འབྲིང་གཉིས་ཀར་སྤྱི་བགོས་བྱས་ནས། རང་གི་རྒྱབ་རྩ་སྲ་བརྟན་ཡོང་བར་ཕྱོགས་ཡོངས་ནས་ཐབས་ཤེས་བཏང་ཡོད། ཅིའི་ཕྱིར་མོས་རང་ཉིད་ལྐོག་གསོད་གཏོང་རྒྱུར་གོ་སྐབས་འཚོལ་མཁན་ཚོ་གསོད་མི་འོས་པ་རེད། ཅེས་བཤད་འདུག དེ་བཞིན་རྒྱལ་བོ་སོས་ཡན་ཏིས་སྤྱི་ལོ༦༠༤ནས༦༡༨བར། རྒྱ་ནག་གི་ལོ་རྒྱུས་ནང་ཆང་རག་དང་བུད་མེད་བག་མེད་དུ་སྤྱོད་མཁན། ཆུ་རགས་ཆེན་མོ་བསྐྲུན་ཆེད་ཡུལ་མི་གྲངས་མེད་ཀྱི་ཚེ་སྲོག་འཕྲོག་པའི་ནག་ཉེས་ཅན་ཞིག་ཡིན་ནའང་། མའོ་ཙེ་ཏུང་གིས། རྒྱ་ནག་གི་གཙང་བོ་ཕལ་ཆེར་ནུབ་ཕྱོགས་ནས་ཤར་རྒྱུད་དུ་འབབ་བཞིན་ཡོད་པ་དང་། རྒྱལ་བོ་དེས་ཆུ་རགས་འཛུགས་སྐྲུན་ལ་བརྟེན་ནས། ཡུལ་ཁམས་ཀྱི་འགྲིམ་འགྲུལ་བྱང་ནས་ལྷོ་བར་འབྲེལ་ཐུབ་པ་བྱུང་ཡོད། ཅེས་གདེང་འཇོག་ཚད་མཐོ་བོ་བྱས་འདུག མོ་ཙེ་ཏུང་གིས་རྒྱ་ནག་རང་གི་རྒྱལ་བོ་དེ་དག་ལ་བསྔགས་བརྗོད་དང་ཆབས་ཅིག ཁོས་ནུབ་གླེང་དབུ་ཁྲིད་དག་གི་ལོ་རྒྱུས་ཀྱང་མང་བོ་ཞིག་བཀླགས་འདུག་པར་མངོན་ཞིང་། དེ་དག་ལས་གནའ་བོའི་ཧྥ་རན་སུའི་དམག་དཔོན་གྲགས་ཅན། ན་ཕོ་ལིན(Napoleon) མཆོག་ནི་ཁོའི་བློ་ལ་འབབ་ཤོས་ཀྱི་དམག་དཔོན་ཅིག་ཡིན་པར་བཤད། ན་ཕོ་ལིན་གྱིས་མེ་སྒྱོགས་བེད་སྤྱོད་ཀྱི་བསམ་བློ་ནི། དམག་འཐབ་གྲ་སྒྲིག་གི་ཐབས་ཤེས་ཡག་ཤོས་ཤིག་ཡིན་པ་དང་། དམག་དཔོན་དེས་དམག་རྩལ་སྦྱོང་བརྡར་གྱིས་དམག་དཔུང་རྒྱ་བསྐྱེད་གཅིག་པུ་མ་ཡིན་པར། ཧྥ་རན་སུའི་ཚན་རིག་པ་དང་། གནའ་དངོས་ཞིབ་འཇུག་པ། ལོ་རྒྱུས་རིག་པ་བ་སོགས། ཨེ་ལྗེབ་ཀྱི་ཡུལ་དུ་མཉམ་ཕེབས་ཀྱིས། གནས་བོའི་ནུབ་ཕྱོགས་ཡར་ཐོན་སྤྱི་ཚོགས་འབྱུང་ཁུངས་ལ། མྱུལ་ཞིབ་དང་། སློབ་སྦྱོང་། ཞིབ་འཇུག་བྱེད་པའི་གོ་སྐབས་ཡག་པོ་བསྐྲུན་པ་བཞིན། མའོས་ཀྱང་དེ་ལ་དཔེ་བཟུང་ནས། རྒྱ་ནག་ཡར་ཐོན་སྤྱི་ཚོགས་ཀྱི་འབྱུང་ཁུངས་སུ་གྱུར་པའི་མཚོ་སྔོན་དང་། ལྷག་པར་རྨ་ཀླུང་འབབ་རྒྱུད་དེ་ལོ་བར་མང་བོའི་རིང་། རྒྱ་ནག་ཡར་ཐོན་སྤྱི་ཚོགས་ཀྱི་གནས་ཡུལ་ཡིན་པས། ཆུ་རྒྱུད་དེ་དག་ཏུ་གནས་པའི་ཡུལ་མི་ས་ཆ་བཅས་རྒྱ་ཁུངས་སུ་སྡུད་རྒྱུའི་དམིགས་ཡུལ་བཟུང་འདུག མོ་ཙེ་ཏུང་གིས་རང་གི་དམིགས་ཡུལ་འགྲུབ་ཆེད། རྒྱལ་ཁབ་ཀྱི་མི་སེར་ག་ཚོད་ཅིག་གི་ཚེ་སྲོག་གཏོང་དགོས་ཀྱང་། ཡ་ང་སྙིང་རྗེ་དང་ཕངས་སེམས་གཏན་ནས་མི་བྱེད་པ་ཞིག་སྟེ། སྤྱི་ལོ༡༩༥༤ལོར་རྒྱ་གར་གྱི་སྲིད་འཛིན་མཁས་དབང་ནེའུ་རུ་མཆོག་དང་མཇལ་སྐབས། ཁོས་ནེའུ་རུ་ལ། ༼རྡུལ་ཕྲན་མཚོན་ཆ་ནི་ཤོག་གུའི་སྟག་ཅིག་རེད། བཙན་རྒྱལ་རང་ལུགས་ལས་རྒྱལ་ཁ་ཐོབ་ཆེད། ངས་མི་སེར་ས་ཡ་མང་བོའི་ཚེ་སྲོག་གཏོང་རྒྱུའི་གྲ་སྒྲིག་ཨང་སར་ཡོད། རྡུལ་ཕྲན་མཚོན་ཆ་འཇིགས་དགོས་ས་ཞིག་གང་ཡང་མ་རེད། རྒྱ་ནག་ལ་མི་འབོར་མང་བོ་ཡོད་པ་རེད། འབོམ་ལ་བརྟེན་ནས་ཚང་མ་གསོད་ཐུབ་ཀི་མ་རེད། གལ་སྲིད་གཞན་གྱིས་རྡུལ་ཕྲན་མཚོན་ཆ་འཕེན་ཐུབ་ན། ངས་ཀྱང་ཐུབ། མི་ས་ཡ་བཅུ་ནས་ཉི་ཤུ་བར་གྱི་ཚེ་སྲོག་ཤོར་ཀྱང་འཚེར་དགོས་ས་ཅིའང་ཡོད་པ་མ་རེད། ༽ཅེས་བཤད་པས། སྲིད་བློན་ནེའུ་རུ་ཧང་སེང་དགོས་པ་བཟོས་འདུག དེ་བཞིན་ཨུ་རུ་སུར་གཏམ་བཤད་ཅིག་ཏུ། ༼ངས་མི་གྲངས་ས་ཡ་སུམ་བརྒྱའི་ཚེ་སྲོག་གཏོང་རྒྱུར་གྲ་སྒྲིག་ཡོད། རྒྱ་ནག་མི་འབོར་ཕྱེད་ཀ་བརླགས་པས། རྒྱལ་ཁབ་ལ་སྡུག་བསྔལ་ཡོད་ཀྱང་། གྱོང་གོད་ཆེན་པོ་ཡོད་པ་མ་རེད། ང་ཚོས་མི་འབོར་དེ་ལས་མང་བོ་བཟོ་ཆོག་གི་རེད། ༽ཅེས་བཤད་འདུག དེ་བཞིན་རྒྱ་ནག་ཏུ་མུ་གེ་ཆེན་མོ་བྱུང་སྐབས། མི་ས་ཡ་མང་བོ་ལྟོགས་ཤིར་ཐེབ་ཀྱང་། མའོ་ལ་ནི་ཡ་ང་ཡིད་ཞུམ་གྱི་འཚེར་སྣང་ཙམ་ཡང་མེད་པར་བཤད་འདུག མའོ་ཙེ་ཏུང་གིས་སྲིད་དབང་མཉམ་སྤྱོད་བྱེད་པའི་རྒྱ་དམར་གྱི་མཐོ་རིམ་མགོ་ཁྲིད་མི་སྣ་དང་། ཁོང་བར་དགའ་ཉེ་བློ་དཀར་བྱེད་མཁན། འཁོར་གཡོག་ཕལ་ཆེར་ཞིག་ཁོ་ལ་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད་ནས་ཁོང་དང་ཉེ་བོར་གྱུར་པ་ཞིག་མ་ཡིན་པར། དེ་དག་མའོ་ལ་དངོས་ཤུགས་བརྒྱུད་གསུམ་གང་རུང་ཞིག་ནས། མ་བསྟེན་ཐུ་མེད་ལས་ཁོ་དང་ཉེ་བོ་ལྟ་བུར་གྱུར་པ་ཞིག་རེད། ཐབས་ལམ་འདི་ནི་མའོས་མི་གཞན་དབང་སྡུད་གསང་ཐབས་ཡག་ཤོས་དེ་ཡིན་པར་གྲགས། མའོ་ཙེ་ཏུང་གིས་ནམ་རྒྱུན་རང་གི་དགྲ་བོར་ཁ་ཐད་གཅོག་སྟངས་ཀྱི་ཐབས་འཕྲུལ་གསུམ་ཞིག་ཡོད་པ་ལས། དང་བོ་ནི། རྒྱའི་མཚན་ཉིད་པ་ལའོ་ཙེས། ཐོག་མར་བྱ་སྤྱོད་མ་སྟོན། ཞེས་པའི་ལམ་སྟོན་ལྟར། ངོ་རྒོལ་བྱུང་སྐབས་འཕྲལ་མར་ཡ་ལན་མི་སྤྲོད་པར་ཁུ་སིམ་མེར་སྡོད། གལ་ཏེ་ལམ་སེང་ཕར་རྒོལ་ན། དགྲ་བོའི་བསམ་ཚུལ་ལམ་ངོ་གདོང་ངོ་མ་དེ་སྟོན་མི་ཐུབ། ཁོང་ཚོའི་ལངས་ཕྱོགས་གསལ་བོར་ཧ་གོ་རྗེས། ད་གཟོད་དགྲ་བོའི་བསམ་སྤྱོད་ལྟར་ཁོན་ལན་བསློག་དགོས་པ། གཉིས་པ། གལ་སྲིད་རང་ཉིད་ཀྱི་ཁ་གཏད་རྣམས་ཀྱིས་མི་མང་གི་ཁེ་ཕན་ལ་ཕོག་ཐུག་ཚབ་ཆེན་མ་བཏང་ཚེ། དེ་དག་བཙོན་འཇུག་མི་བྱེད། ཁོང་ཚོ་དབུ་ཁྲིད་དུ་མ་འོས་ཀྱང་། ངལ་རྩོལ་གྱི་ནུས་པ་ཆུད་ཟོས་སུ་གཏོང་མི་རུང་བས། ལས་ཀར་བཀོལ་སྤྱོད་བྱེད་པ། གསུམ་པ། གཡས་ལྷུང་བ་ཚོས་རང་ཉིད་ཀྱི་ནག་ཉེས་རང་གིས་ངོས་ཟིན་ཐོག རང་འགུལ་གྱིས་བཅོས་བསྒྱུར་བྱས་ན་ ཉེས་པ་ཆུང་ཞིང་། ཀླད་རྙིང་མཁྲེགས་འཛིན་གྱིས་ལེགས་བཅོས་མ་བཏངས་ན། འཆི་ལམ་དུ་འདེད་དགོས་པ་ལས་འོས་མེད་པ་བཅས་རེད། མའོ་ཚེ་ཏུང་གིས་མར་ཁེ་སུའི་སྤྱི་ཚོགས་རང་ལུགས་ཀྱི་ལྟ་བ། རྒྱ་དམར་གཞུང་གི་ཆོས་ལུགས་གསར་བ་ལྟ་བུ་ཞིག་ཏུ་རྩ་འཛུགས་ཀྱི་དམིགས་ཡུལ་བཟུང་སྟེ། དེ་ལམ་སློང་ཆེད་སློབ་སྦྱོང་མེད་པའི་ན་གཞོན་གྱི་ཁྱུ་ཚོགས་རྒྱབ་རྟེན་དུ་དྲངས་ཡོད། ན་གཞོན་དེ་དག་ནི་ལྟ་གྲུབ་གང་གིས་ཀྱང་ཀླད་པ་བསླད་མ་མྱོང་སྟབས། བསམ་བློ་གསར་བ། སློབ་ཚན་གསར་བ། ཆོས་ལུགས་གསར་བ། རིག་གནས་གསར་བ་སོགས། རྩ་འཛུགས་ཐུབ་པའི་ཆ་རྐྱེན་སྒོ་ཀུན་ནས་ཚང་ཡོད་པར་འདོད་ཅིང་། གླང་དང་རྟ་རྒོད་སོགས་མིའི་འདུལ་སྦྱོང་ལ་བརྟེན་ནས་སྒོ་ཟོག་ཏུ་བེད་སྤྱོད་གཏོང་ཐུབ་པ་ལྟར། མི་སུའང་སྦྱོང་བརྡར་ལ་བརྟེན་ནས་བཅོས་སྒྱུར་གཏོང་ཐུབ་པ་དང་། དེ་ཡང་སློབ་སྦྱོང་མ་ཐོབ་པའི་ན་གཞོན་རྣམས་ནི་ལུགས་རྙིང་འདོར་ཞིང་། བྱ་དངོས་གསར་བ་དང་ལེན་གྱི་སྙིང་སྟོབས་ཡོད་སྟབས། བཅོས་སྒྱུར་གཏོང་སླ་ཤོས་དེ་ཡིན་པར་བཤད་ལ། རྒྱའི་མཚན་ཉིད་པ་ཁུང་ཙིས་ཀྱང་། རང་ལོ༢༣ཐོག་བསམ་བློ་གསར་བ་དང་། ལྟ་གྲུབ་གསར་བ་བཏོན་ནས་རྒྱ་ནག་གི་གནའ་བོའི་རུའུ་ལུགས་ཀྱི་གྲུབ་མཐའི་སྲོལ་བཏོད་པ་དང་། ཡུ་ཤི་མ་ཤི་ཀས་སློབ་སྦྱོང་ཅིའང་མ་བྱས་ཀྱང་། ཁོས་བརྩམས་པའི་ཆོས་ལུགས་དེ་ད་ལྟའི་བར་དར་ཁྱབ་འགྲོ་བཞིན་པ་དང་། སངས་རྒྱས་ཤྭཀྱ་ཐུབ་པས་ལོ་ན༡༩ཐོག་སངས་རྒྱས་ཆོས་ལུགས་གསར་འཛུགས་བྱས་པ་དང་། སིན་ཀྲོང་སན་གྱིས་རང་གི་གསར་བརྗེའི་ལྟ་ཚུལ་འདོན་སྐབས་མཐོ་སློབ་ཅིག་གི་ཡོན་ཚད་ལས་མེད་པ་དང་། མར་ཁེ་སིས་ལོ་ན་ཤིན་ཏུ་ཕྲ་མོའི་དུས་ནས། དངོས་གཙོ་སྨྲ་བའི་རིགས་ལམ་ཀྱི་ལྟ་གྲུབ་༼དམར་བོའི་བསྒྲགས་གཏམ༽ཞེས་པ་བརྩམས་ནས། སྙན་གྲགས་ཅན་གྱི་བསམ་བློ་བ། (Ricardo, Adam Smith, Hegel)སོགས་ལ་དགག་བཞག་གི་སྤྲོས་པ་རྒྱ་ཆེར་བསྐྱངས་ཡོད་ཚུལ་སོགས་བཤད་འདུག མའོ་ཙེ་ཏུང་འདི་ཉིན་མཚན་མགོ་རྔ་བརྗེས་བསྡད་ནི་ཞིག་རེད་འདུག མཚན་མོ་ཉལ་ཤིན་ཏུ་ཕྱི་བོ། ཕྱི་ཉིན་ཉིན་གོང་ཆུ་ཚོད་གསུམ་པ་ཡས་མས་ཤིག་ཏུ་མལ་ལས་ལྡང་རྗེས། ཞོགས་ཟས་དང་གྲོས་ཇ་གཅིག་ཆོག་ཏུ་བཟའ་བ། ནམ་རྒྱུན་གཟུགས་པོ་དང་སོ་མི་བཀྲུ་མཁན། ཐ་མག་ཧ་ཅང་མང་བོ་འཐེན་པ། ནད་ཀྱིས་མནར་ཀྱང་སྨན་པའི་ངག་ལ་ཆེར་མི་ཉན། ཟས་ཟོས་རྗེས་ཇ་ཁུ་ནག་པོ་ཁམ་འགས་ཁ་དཀྲིག་དཀྲིག་གིས་སོ་བཀྲུ་བ་ཙམ་ལས་སོ་བཀྲུ་བེད་སྤྱོད་མི་བྱེད། སྨན་པས་སོ་ངེས་པར་བཀྲུ་དགོས་པའི་སློབ་སྟོན་བྱས་པར། མའོས། སྟག་གིས་སོ་ནམ་ཡང་བཀྲུ་མ་མྱོང་། འོན་ཀྱང་། སྟག་གི་སོ་དེ་དེ་ལྟར་རྣོ་བའི་རྒྱུན་མཚན་ཅི་ཞིག་རེད། ཅེས་ལན་ཐེབས་དཀའ་བའི་ཚུར་ཟློག་འཕེན་མཁན་ཞིག་རེད། དེ་བཞིན་མཚན་ཉིད་ཀྱི་རིག་པ་ལ་སློབ་སྦྱོང་མེད་མཁན་ཚོས། རང་ལམ་གཅིག་པུ་ལས་གཞན་སྔ་ཕྱིའི་འགྱུར་འགྲོས་ལ་ལྟ་མི་ཤེས་པར་འདོད་ཅིང་། ཁོས་སྒེར་སྨན་ལ། ཁྱེད་ཀྱིས་མཚན་ཉིད་རིག་པའི་དཔེ་ཆ་ཀློག་དགོས་པ་རེད། སྨན་གཅིག་པུས་ཁྱེད་རང་ཉོབ་ཏོར་ཆགས་ཀྱི་རེད། ཅེས་བཤད་འདུག དེ་བཞིན་མི་སུ་དང་ཐོག་མར་ཐུག་འཕྲད་བྱེད་སྐབས། མི་དེའི་མིང་གི་ཆ་ཤས་ཤིག་ལ་འགྲེལ་བརྗོད་ལྟ་བུའི་དཀྱུས་མའི་ཁ་བརྡ་ཞིག་གིས་མགོ་བརྩམས་ནས། ཕ་རོལ་བོའི་སེམས་པ་ལྷོད་ལ་འབབ་ཏུ་འཇུག་ཅིང་། དེ་ནས་རིམ་པས་དོན་དག་གི་དཀྱུས་ལ་འཇུག་མཁན་ཞིག་རེད། ནང་འཁོར་སུ་ཞིག་མགོ་ཁྲིད་མཐོ་གྲས་སུ་ཞིག་དང་ལྷན་དུ་ཉེ་བོ་ཡོད་པ་ལྟ་བུའི་དོགས་པ་བྱུང་མཚམས། ལམ་སེང་དེ་ལ་སྐད་ཆས་ཟུར་ཤིག་ལས་རང་ཁ་རང་གིས་བདག་པོ་རྒྱག་དགོས་པའི་བརྡ་སྟོན་པའམ། ཡང་ན། ལས་ཁུར་བརྗེ་སྤོར་བྱེད་པ། པར་སྐྲུན་བྱས་མ་བྱས་ཀྱི་ཉིན་རེའི་གསར་ཤོག་དང་། སྙན་ཞུའི་རིགས་ལ་དོ་སྣང་ཆེ་ཞིང་། ནང་འཁོར་སུ་ལའང་ཕྱི་ནང་གི་སྐད་ཆ་ཡང་ཡང་དྲི་རྟོག་དང། བསམ་འཆར་ནན་འདྲི་བྱེད་པ། ཆབ་སྲིད་ཀྱི་ཚུར་རྒོལ་ཤུགས་ཆེ་བྱུང་སྐབས། ཉིན་ཁ་ཤས་ཤིག་ལ་མལ་ལས་མི་ལྡང་བར་ཉལ་བ་དེ་བཞིན་རང་གིས་ཕ་རོལ་བོར་རྒོལ་ལན་ལྟ་བུའི་བརྡ་ཞིག་ཡིན་པར་འདོད་པ། ཉེས་ཅན་རིགས་རང་གིས་སྐྱོབ་ཐབས་ཀྱི་གཡོ་བྱུས་ལས། དེ་དག་རང་ཉིད་ལ་ཁ་སེམས་གཉིས་གཏིང་ནས་འཁོར་ཐབས་བྱེད་པ། ཆུ་རྩེད་ལ་ཧ་ཅང་དགའ་མཁན། རྒྱ་ནག་གི་གྲགས་ཆེན་གཙང་པོ་ཕལ་ཆེར་གྱི་ནང་ཆུ་རྐྱལ་བྱས་མྱོང་།མོ་ཙེ་ཏུང་གི་བཟའ་ཟླ་གཉིས་པ། ཡང་ཁ་ཧོས་ཀྱི་ཕ་རྒན་ཡང་ཁྲང་ཆས་ཞེས་འབོད་པ་ནི། འཇར་མན་དང་། འཇར་པན། ཨིན་ཡུལ་བཅས་ཀུན་སྤྱོད་ཀྱི་རིག་པ་དང་། གཏན་ཚིགས་རིག་པ། མཚན་ཉིད་རིག་པ་སོགས་སྦྱོང་བརྡར་ཐོབ་མྱོང་བ། སྐབས་དེའི་རྒྱ་ནག་གི་སྤྱི་ཚོགས་ནང་ཕྱིའི་ཤེས་ཡོན་གྱི་ཤུགས་རྐྱེན་ཆེ་ཙམ་ཡོད་མཁན་གྱི་ཤེས་ལྡན་མི་སྣ་གལ་ཆེས་གྲས་ཤིག་ཡིན་འདུག་ལ། ཁོང་པེ་ཅིན་སློབ་ཆེན་གྱི་ཀུན་སྤྱོད་ཆེད་མཁས་དགེ་ཆེ་གནང་སྐབས། མའོའི་ཀླད་པའི་འཁོར་ཕྱོགས་ལ་ཡིད་འགུལ་ཆེན་པོ་ཐེབས་ནས། སློབ་མ་དག་ལ༼ངས་ཁྱེད་ཚོར་སྐད་ཆ་དོ་གལ་ཅན་ཞིག་བཤད་ཀྱིན་ཡོད། རྒྱ་ནག་ལ་ཤེས་རབ་ཅན་གྱི་མི་གཉིས་འདུག དེ་གཉིས་ཀྱི་མ་འོངས་པ་ནི་རླབས་ཆེན་རེད༽ཅེས་བཤད་ཅིང་། དེ་གཉིས་ནི་མའོ་དང་ཚེ་ཧི་སིན་ཞེས་པ་གཉིས་རེད་འདུག དགེ་རྒན་དེ་པེ་ཅེན་སློབ་ཆེན་དུ་ལས་གནས་སྤོར་སྐབས་མའོང་མཉམ་དུ་ཡོང་འདུག་ཅིང་། ཁོང་གིས་མའོ་རང་ཉིད་ཀྱི་ནང་སྡོད་དུ་བཅུགས་ནས་ཤེས་ཡོན་གྱི་སློབ་གསོ་མང་བོ་སྤེལ་ཡོད། དེ་བཞིན་མའོས་པེ་ཅིན་སློབ་ཆེན་དུ་དཔེ་ཞབས་ཀྱི་ལས་ཀ་བྱེད་སྐབས། སློབ་ཆེན་དེའི་དཔེ་མཛོད་ཁང་གི་དཔེ་གཉེར་མགོ་གཙོ། སྐུ་ཞབས་ལིའི་ཏྰ་ཀྲའོ་ནི་སྐབས་དེའི་རྒྱ་ནག་ནང་། ཤེས་ཡོན་མཐོ་ཤོས་ཀྱི་གྲས་ཤིག་ཡིན་འདུག་ཅིང་། དེ་ཉིད་ཀྱི་བསམ་བློའི་ལྟ་བས་ཀྱང་མའོའི་མ་འོངས་པར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པར་སྣང་། མའོ་ཙེ་ཏུང་རྒྱ་ནག་གི་མགོ་གཙོར་གྱུར་རྗེས་ཐོག་དང་བོ་རང་གི་སྐྱེ་ཡུལ་དུ་སོང་སྐབས། ཕ་མ་གཉིས་ཀྱི་དུར་སར་མཆོད་འབུལ་གུས་ཞབས་བྱས་ཤིང་། ཁོ་ཆུང་ངུའི་སྐབས་མ་རྒན་གྱིས་རྒྱུན་དུ་ཁྲིད་ནས་མཆོད་མཇལ་དུ་འགྲོ་སའི་ནང་བའི་ལྷ་ཁང་དུ་སོང་བས། ལྷ་ཁང་དེ་བཞིན་གཏོར་བཤིག་བྱས་ནས་ཤུལ་ཙམ་ལས་ལྷག་མེད་པར་སྣང་ལ། ཁོས་སྐབས་དེར་གློ་བུར་དུ་ཡིད་ཙམ་རིང་ཅིའང་མི་སྨྲ་བར་བསྡད་རྗེས། ༼དེ་ནི་སྙིང་རྗེ་ཡ་ང་བ་ཞིག་རེད། ལྷ་ཁང་དེ་བཞིན་རང་འཇགས་འཇོག་འོས་པ་ཞིག་རེད། ཞིང་བ་དབུལ་བོ་སྨན་ཡོན་སྤྲོད་མི་ཐུབ་མཁན་ཚོ་ད་དུང་འདིར་ཡོང་ནས་ལྷ་མཆོད་སྤོས་སྒྲོན་བྱས་ན། ཁོང་ཚོའི་སྙིང་སྟོབས་སྤེལ་བར་ཕན་གི་རེད། ཁོང་ཚོར་རེ་བ་སྤྲོད་ཀྱི་རེད། མི་རྣམས་ལ་འདི་ལྟ་བུའི་རོགས་སྐྱོར་དང་། སེམས་ཤུགས་སྐྲུན་བྱེད་རིགས་དགོས་ངེས་ཤིག་རེད། ༽ཅེས་བཤད་པས། སྒེར་སྨན་ཅུང་འཛུལ་ཞིག་དམུལ་བར། མའོས། སྤོས་མཆོད་ལ་མཐོང་ཆུང་མ་བྱེད། སྨན་ནི་ནད་བཅོས་ཐབས་ཁོ་ན་ལ་ཕན་གྱི་རེད། སྤོས་མཆོད་ཀྱིས་མི་ཚོར་ནད་དང་འཐབ་པའི་སེམས་ཤུགས་སྐུལ་ཐུབ་ཀྱི་རེད། ཁྱོད་སྨན་པ་ཞིག་རེད། སེམས་ཁམས་ཀྱིས་གསོ་རིག་ལ་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་ཀྱིན་ཡོད་མེད་ཁྱོད་ཀྱིས་ལོས་ཤེས།༽ཅེས་བཤད་འདུག མའོ་ཙེ་ཏུང་གིས་ཨུ་རུ་སུའི་དམར་གཙོ་སི་ཏྲ་ལེན་ལ་བོད་དྲག་གནོན་ལ་ཉེར་མཁོའི་མཁའ་འགྲུལ་གྱི་རོགས་སྐྱོར་རེ་ཞུ་བྱེད་སྐབས། སི་ཏྲ་ལེན་གྱིས། གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་ཁུལ་དུ་ཧན་རིགས་གང་མང་གཏོང་དགོས་པ་རེད། ད་ཆ་ས་ཁུལ་དེ་དག་ཏུ་ཧན་རིགས་བརྒྱ་ཆ་ལྔ་ལས་ཟིན་ཡོད་པ་མ་རེད། མ་མཐའ་ཡང་བརྒྱ་ཆ་སུམ་ཅུ་ཟིན་དུ་འཇུག་དགོས་པ་རེད། ལྷག་པར་ཤིན་ཅང་སོགས་མཐའ་མཚམས་ས་ཁུལ་འཁེལ་བའི་ས་གནས་ཁག་ལ་ཧན་རིགས་མང་བོ་འཚོ་སྡོད་གཞིས་ཆགས་བྱས་ན་དགེ་ཕན་ཡོད་ཚུལ་གཞེན་སྐུལ་བྱས་འདུག མའོས་རྒྱ་ནག་ཏངོ་ལུགས་ཀྱི་འཁྲིག་སྤྱོད་རྒྱུན་དུ་ལག་བསྟར་བྱས་འདུག ཁོས་ཏའོ་ལུགས་འཁྲིག་སྤྱོད་དེ་ལག་ལེན་བྱས་པ་ལས། འཁྲིག་བདེའི་རྒྱུན་རིང་ཞིང་། གཟུགས་པོའི་བདེ་ཐང་ལ་ཕན་ཐོགས་ཡག་པོ་བྱུང་གི་ཡོད་ཚུལ་བཤད། ནང་འཁོར་བུ་མོ་ཚོ་ལ་འཁྲིག་སྤྱོད་རྒྱུན་ཤེས། (Classic of the plain Girl’s secret way)ཞེས་པའི་འཁྲིད་སྤྱོད་སྒྱུ་རྩལ་གྱི་དཔེ་ཆ་དེར་སློབ་སྦྱོང་བྱེད་དགོས་པ་ཡང་ཡང་སྐུལ་པས་མ་ཚད། ཉེན་སྲུང་ཕོ་ཡག་ལོ་གཞོན་དག་ལའང་འཁྲིག་པ་གཏོང་གི་ཡོད་ཚུལ་གླེང་གི་འདུག དེ་ལྟར་ན་ཁོ་ནི་ཕོ་མོ་གཉིས་ཆར་འཁྲིག་པ་སྤྱོད་མཁན་ཞིག་རེད་འདུག དེ་བཞིན་ཁོ་ནི་ནམ་རྒྱུན༼ཁྲིམས་མེད་ལ་དཀོན་མཆོག་ཀྱང་མེད་པ༽འདོད་མཁན་ཞིག་ཡིན་མོད། རང་ཉིད་དཀོན་མཆོག་དང་ཁྲིམས་ཡིན་པར་འདོད་པའི་ཧམ་སེམས་ཅན་ཞིག་ནི་ཡིན་ཚོད་འདུག བློས་ཐུབ་ཀྱི་གྲོགས་པོ་གཅིག་ཀྱང་མེད་ལ། ནམ་རྒྱུན་དཀྱུས་མའི་འབྲེལ་ལམ་ལས་ལོགས་ཁེར་དུ་སྡོད་པ། རང་གི་ཆུང་མ་དང་བུ་རྒྱུད་ཚོ་དང་ཡང་མཉམ་པོར་རྒྱུན་རིང་མི་སྡོད་མཁན། མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་མང་བོར་འབྲེལ་ལམ་ཟབ་པས། བྱམས་རྙིང་རྗེའི་སེམས་དང་བྲལ་བ་ཞིག་ཡིན་པར་བཤད། མའོ་ཙེ་ཏུང་གིས། སྐབས་དེའི་རྒྱ་ནག་གི་མཐོ་རིམ་མི་སྣ་ཕིན་ཏེ་ཧིས་ཞེས་པས། མའོའི་རྒྱས་སྤྲོས་ཆེ་བའི་འཚོ་ཐབས་དང་། ཁོས་བཏོན་པའི༼མདུན་བསྐྱོད་ཆེན་པོ༽ཞེས་པའི་ལྟ་ཚུལ་ལ། དགེ་མཚན་མེད་པའི་བསམ་འཆར་ཡི་གེ་ཞིག་སྒེར་ཐོག་ནས་བྲིས་པ། མའོའི་མཚང་ལ་ཕོག་པས་ཕིན་ལ༼རྒྱ་དམར་གྱི་དགྲ་བོ༽ཞེས་པའི་སྒྲོ་སྐུར་གྱི་ཉེས་མིང་གཡོགས་ནས། འཐབ་རྩོད་ཡ་ང་བ་བྱས་འདུག དེ་བཞིན་ཀུན་གཟུགས་པན་ཆེན་རིན་པོའི་ཆེས་སྲིན་བློན་ཀྲོས་ཨན་ལེ་ཞེས་པར་ཕུལ་བའི་བོད་སྤྱི་དང་། ལྷག་པར་པེ་ཅིན་གྱི༼མང་གཙོ་བཅོས་བསྒྱུར༽ཞེས་པའི་སྲིད་ལུགས་ཀྱིས། བོད་ཡུལ་ལ་དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་དཀའ་ངལ་ཆེན་པོ་སྤྲད་ཡོད་ཚུལ། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུར་མའོས་ཐད་ཀར་དགག་རྒོལ་བྱས་ནས། ཀུན་གཟུགས་མཆོག་ལ༼ང་ཚོའི་གྲལ་རིམ་གྱི་དགྲ་བོ་ཞིག༽ཞེས་པའི་ཉེས་འགེལ་འོག རིག་གསར་གྱི་འཐབ་རྩོད་བརྒྱུད་མི་ལོ་བཅུ་ལྷག་གི་རིང་ཁྱིམ་བཙོན་དུ་བཅུགས། དེའི་འཕྲོར་ཀུན་གཟིགས་མཆོག་གི་ལྟ་ཚུལ་ལ་རྒྱབ་སྐྱོར་གནང་མཁན། སྐབས་དེའི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་མགོ་གཙོ། སྐུ་ཞབས་ལེའི་བིའི་ཧན་ཞེས་པར། ༼མགོ་བཏགས་རང་ལུགས་པ༽ཞེས་པའི་ཉེས་མིང་འོག ལས་བྱེད་ཀྱི་གོ་གནས་ལས་གནས་དབྱུངས་བཏང་འདུག ཆེན་ཧ་སློབ་ཆེན་གྱི་ན་གཞོན་ཁག་ཅིག་གིས༼དམར་སྲུང་དམག༽ཅེས་པའི་ཚོགས་པ་ཞིག་རྩ་འཛུགས་ཀྱིས་རྙིང་བཞི་རྩ་གཏོར་གྱི་དྲག་པོའི་བྱ་སྤྱོད་ཅིག་ཐོག་མར་སྤེལ་བར། མའོས་དེ་དག་ལ་བསྟོད་བསྔགས་ཀྱི་ཡི་གེ་ཞིག་བྲིས་པའི་ནང༼གྱེན་ལོག་ནི་བདེན་དོན་དག་སྐྱེལ༽ཞེས་བྲིས་པར་བརྟེན། དེའི་པར་ལོག་ཁྲི་སྟོང་མང་བོ་གང་ཡིན་སར་བཀྲམས་ནས། བསམ་བློ་རྙིང་བ། རིག་གནས་རྙིང་བ། ལུགས་སྲོལ་རྙིང་བ། གོམས་གཤིས་རྙིང་བ་བཅས། རྙིང་བཞི་རྩ་གཏོར་གྱི་སྨྱོ་གར་འཇིགས་སུ་རུང་བ་ཞིག་བྱུང་འདུག རིག་གསར་དེ་ནི་མའོ་རང་ཉིད་དང་ལྟ་སྤྱོད་མི་མཐུན་པའི་རྒྱ་ནག་གི་མཐོ་རིམ་མི་སྣ། ལོས་ཧྲོ་ཅིའི་དང་ཏིན་ཤོ་ཕེན་གཉིས་ཀར་ཁ་ཐད་རྩ་རྫོགས་གཏོང་ཐབས། མའོ་རང་ཉིད་ཀྱིས་མགོ་བསླངས་པ་ཞིག་ཡིན་པར་སྣང་ཞིང་། ག་ལེར་རྒྱ་ནག་དང་བོད་ཡུལ་ཧྲིལ་བོར་དར་ཁྱབ་ཕྱིན་པ་ཞིག་རེད་འདུག རྒྱ་ནག་ནང་རིག་གསར་གྱི་མགོ་བསླངས་པ་ནས་བཟུང་། མའོའི་གཟུགས་གཞི་ནམ་ཡང་བདེ་ཐང་བྱུང་མི་འདུག་ལ། ཆབ་སྲིད་ཀྱི་ངོ་རྒོལ་འབྱུང་ཐེངས་རེ་རེར་ཉལ་ཁྲིའི་ཐོག་འཇོག་དགོས་པ་དང་། བྱ་སྤྱོད་དེའང་ཁོས་ཕ་རྒོལ་གྱི་རྣམ་པ་ཞིག་ཏུ་འདོད་ཀྱིན་ཡོད་པར་གྲགས། ཁོ་ལོ་ན་ཧ་ཅང་མཐོན་པོར་སླེབས་ནའང་། བུ་མོ་གཞོན་ནུ་མ་རྣམས་ནི་བློས་མི་གཏོང་མཁན་ཞིག་རེད། བུ་མོ་ཁ་ཤས་ཤིག་རྒྱུན་བསྟེན་བྱས་པས། རང་གི་གམ་བཅར་དང་བུད་མེད་གཅིག་ཅོག་ལྟ་བུར་ཆགས་ཤིང་། ནང་འཁྲུགས་དང་ཁ་རྩོད་ཡང་ཡང་བྱུང་གི་ཡོད་ཚོད་ལ། ནང་འཁྲུགས་བྱུང་ཐེངས་རེར་སྙིང་ནད་ཡང་ཡང་སློང་གི་ཡོད་པས། ཁོའི་གཟུགས་པོའི་བདེ་ཐང་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཡོད་འདུག མའོས་རང་ཉིད་དགའ་སའི་བུ་མོ་ཚོར་གཉེན་སྒྲིག་བྱེད་པར་བཀག་འགོག་བྱས་ཤིང་། གཉེན་སྒྲིག་ཟིན་པའི་བུ་མོ་དེ་འདྲ་ལའང་། ཁྱོ་ག་དངོས་སུ་ཡོད་བཞིན་དུ་དགའ་བོ་བྱེད་བཞིན་ཡོད་འདུག་ལ། བུ་མོ་ཁ་ཤས་ཀྱི་མ་དང་བུ་མོ་གཉིས་ཆ་ལའང་འཁྲིག་པ་སྤྱད་འདུག བློ་དྲང་བོས་བལྟས་ན། མའོ་དང་ལུས་འབྲེལ་ཡོད་མཁན་ཕལ་ཆེར་གྱིས་དེ་ནི་རང་རང་གི་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད་པར་སྣང་། ཁོས་ཨ་རི་སོགས་རྒྱལ་ཁབ་གཞན་ལ་ཕྱིའི་རྣམ་པ་ཡག་པོ་ལྟོན་ཆེད། རང་ཉིད་དཀོན་མཆོག་གམ་ཡང་ན། མར་ཁེ་སི་ལ་ཐུག་འཕྲད་བྱེད་ཐུབ་ཀྱིན་ཡོད་སྐོར་རྫུན་གཏམ་དང་། ལྷག་པར་ཁོའི་གྲོགས་པོ་གསར་འགོད་པ(Edger Snow)མཆོག་ལ། རང་ཉིད་དཀོན་མཆོག་དང་མྱུར་དུ་ཐུག་འཕྲད་བྱེད་རྒྱུ་ཡིན་སྐོར་བཤད་ནས། ཨ་རི་སོགས་ཕྱིའི་རྒྱལ་ཁབ་ཁག་གི་རྒྱ་ནག་ལ་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་གཏོང་ཐབས་བྱས་འདུག མའོས༼མདུན་མཆོང་ཆེན་པོ༽ཞེས་ཞིང་འབྲོག་མི་མང་རྣམས་ཀྱིས་རང་གི་དཀྱུས་མའི་ལས་བཞག་ནས། ལྕགས་བཟོ། སྣུམ་བཟོ་སོགས་ལ་ཁ་ཕྱོགས་བསྒྱུར་བས། ཞིང་འབྲོག་གི་ཐོན་ཁུངས་མེད་པར་ཆགས་ཏེ། མུ་གེ་ཆེན་མོ་ཞིག་གི་མགོ་བསླངས་འདུག སྒེར་སྨན་ལྟར་ན་མའོའི་དཔལ་འབྱོར་གྱི་ཤེས་ཚད་ནི་ཧ་ཅང་གི་སྐྱོ་བོ་ཡིན་པར་བཤད་འདུག དྲུག་ཅུ་རེ་གྲངས་ཤིག་ནས་མའོ་ལ(Motor Neurone disease)ཞེས་པའི་ནད་དང་། སྙིང་ནད། གློ་ནད་སོགས་ནད་རིགས་མང་བོ་ཞིག་གིས་ཟིན་པས་མ་ཚད། ལུས་ཀྱི་ཚུགས་ཀ་ཤོར་ཞིང་། དབང་བོའི་བྱེད་ལས་ཀྱང་རིམ་པས་ཉམས་ནས། མིག་གཉིས་ཆ་ལྡོང་འདུག སྨན་པ་དང་དམར་ཕྱོགས་མཐོ་རིམ་མི་སྣ་ཡེ་ཆིན་ཡིན་སོགས་ཀྱིས་ཨུ་ཚུགས་བརྒྱབ་མཐར་མིག་ཡ་གཅིག་གཤག་བཅོས་བྱས་པས། སླར་ཡང་གཟུགས་མཐོང་ཐུབ་པ་བྱུང་ནས། ངས་ཡང་བསྐྱར་ཉི་མའི་འོད་སྣང་མཐོང་བྱུང་ཞེས་དགའ་ཚོར་ཆེན་པོས་ལབ། འོན་ཏེ་ཟས་སྨན་བླུད་པ་ཕལ་ཆེར་ཁ་ནས་ཕྱིར་འཕོས་ཏེ། ཁོག་ཏུ་འགྲོ་མ་ཐུབ་པར་བརྟེན། རླངས་བུག་བརྒྱུད་ཁོག་ཏུ་བཏང་འདུག སྐབས་དེ་ཤེད་ཅིག་ནས་ཉལ་ཁྲིའི་ཐོག་སྐར་མ་བཅུ་གྲངས་ཤིག་བསྡད་རྗེས། རྐུབ་སྟེགས་སྟེང་སྤོར་དགོས་པ་དང་ རྐུབ་སྟེགས་ཐོག་ནས་ཡང་བསྐྱར་ཉལ་ཁྲིར་སྤོར་དགོས་སྟབས། ཉལ་ཁྲི་གཉིས་བཞག་ནས། ཉལ་ཁྲི་གཉིས་དང་རྐུབ་སྟེགས་གཅིག་སྟེ་གསུམ་གའི་ཐོག་སྐར་མ་བཅུ་གྲངས་རེའི་འཕྲོ་མུ་མཐུད་བརྗེ་སྤོར་བྱེད་དགོས་པ་བྱུང་འདུག སྨན་པ་སྨན་གཡོག་དག་གིས་ཀྱང་ཁོའི་དབུགས་ནི་སྐར་མ་ཁ་ཤས་ཤིག་ནང་ཆད་སྲིད་པའི་ཚོད་དཔགས་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གི་སྨན་པ་རྩེ་ཕུད་ཁག་དང་། གཉེན་སྐྱོབ་སྨན་ཆས་བཟང་ཤོས་རྣམས་གྲ་སྒྲིག་བྱས་ཏེ། ཁོའི་ཐ་མའི་དབུགས་གསོན་ཡུལ་དུ་སྐར་ཆ་གཅིག་གི་རིང་ཡང་འཐེན་ཐུབ་པར་འབད་བརྩོན་བྱས་འདུག ནད་ཚབ་ཆེན་དེ་འདྲ་ཞིག་དང་གཟུགས་པོའི་གནས་སྟངས་དེ་འདྲའི་ཉམས་རྒུད་ཕྱིན་ཡོད་ཀྱང་། འཁོར་གཡོག་བུ་མོ་ཚོ་ལ་ཉིན་རེའི་གསར་འཕྲིན་གལ་ཆེན་མུ་མཐུད་ཀློག་འཇུག་གི་ཡོད་འདུག དེ་དང་ཆབས་ཅིག་མའོའི་ཆེས་བློས་ཐུབ་ཀྱི་གྲོགས་པོ་སྲིག་བློན་ཀྲོས་ཨིན་ལེའང་འབྲས་སྐྲན་གྱི་ནད་ཀྱིས་ཟིན་པས། སྨན་པ་དག་གིས་གཤག་བཅོས་གཏོང་དགོས་པའི་དགོངས་སྐོར་ཞུས་པར། མའོས་མོས་མཐུན་མ་ཐོབ་པར་བརྟེན་གཤག་བཅོས་བྱ་རྒྱུ་རེ་ཞིག་ཅམ་འཇོག་བྱེད་དགོས་བྱུང་ཞིང་། ཀྲོས་ཀྱི་བཟའ་ཟླ་ཏིན་ཡེན་ཁྲོའོ་ཞེས་པས། མའོའི་འཁོར་གཡོག་མཛེས་མ་ན་གཞོན་ཞིག་བརྒྱུད། ཀྲོས་གཤག་བཅོས་ཀྱི་ཆོག་མཆན་རེ་འབོད་བྱས་དོན་ལྟར། མའོས་ཀྱང་མོས་མཐུན་ཐོབ་སྟེ་གཤག་བཅོས་བྱས་རུང་། ཕན་ཆེར་མ་ཐོགས་པར་སྔ་ལམ་དུ་ཞུགས། མའོའི་བཟའ་ཟླ་ཅང་ཆིན་སོགས་མི་བཞི་ཤོག་ཁག་ཏུ་གྲགས་པས། གོ་སྐབས་དེ་དམ་འཛིན་གྱིས་རྒྱ་དམར་སྲིག་གཞུང་དབང་བསྒྱུར་གྲ་སྒྲིག་བྱ་བཞིན་ཡོད་ཀྱང་། མའོ་ད་དུང་ཤི་གསོན་ཐག་མ་ཆོད་པར་ངང་སྒུག་བྱེད་མུར། མའོས་རང་ཉིད་ཀྱིས་རྩ་རྫོགས་ཟིན་པའི་ཏིན་ཤོ་ཕེན་ལ་སྲིད་དབང་རྩིས་སྤྲོད་ཀྱི་འཆར་གཞི་བཏོན་ཀྱང་། ཅང་སོགས་ཀྱིས་ཏིན་ལ་ཉེས་འཛུགས་ལས་འཆར་གཞི་དམིགས་ཐོག་ཏུ་འགྲོ་མ་བཏུབ། སྐབས་འདིར་ཐུགས་སྣང་གནང་དགོས་པ་ཞིག་ལ། སྲིད་བློན་ཀྲོས་ཨེན་ལེ་ནི་མའོའི་བྲན་གཡོག་ལྟ་བུ་ཡིན་པར་བཤད་ཅིང་། སྒེར་སྨན་གྱིས་ཀྲོས་ཀྱིས་ནམ་རྒྱུན་མོའོ་དང་ཐུག་འཕྲད་སྐབས། ཀྲོས་པུས་གཉིས་ས་ལ་བཙུགས་ནས་སྙན་ཞུ་ཞུ་བཞིན་པའི་གནས་ཚུལ་ཐེངས་ཤས་ཤིག་གཟིགས་འདུག་ཅིང་། སྒེར་སྨན་གྱིས་རང་ཉིད་རྒྱ་ནག་གི་སྲིད་བློན་དུ་གྲགས་པའི་ཀྲོས་ཀྱི་བྱ་སྤྱོད་དེ་དག་ལ་ཧང་སེང་ཁོ་ཆད་པར་བཤད་འདུག རྒྱ་དམར་གྱི་མཐོ་རིམ་མི་སྣ་ལིན་བྷོས་གནམ་གྲུ་བཟུང་ནས་བྲོས་བྱོལ་དུ་འགྲོ་སྐབས། སྲིད་བློན་ཀྲོས་ནས་མའོ་ལ་མེ་ཤུགས་འཕུར་མདའ་འཕངས་ནས་ལིན་བྷོའི་གནས་གྲུ་གཏོར་དགོས་པའི་གྲོས་སྟོན་བྱས་ཀྱང་། ལན་དུ་མའོས། ༼ཆར་བ་གནམ་ནས་འབབ་ཀི་རེད། ཡུག་ཟས་སླར་ཡང་གཉེན་སྒྲིག་བྱ་རྒྱུ་རེད། ལིན་བྷོ་འགྲོ་བསམ་གི་ཡོད་པ་རེད། ཁོ་འགྲོ་རུ་ཆུགས།༽ཅེས་བཤད་འདུག སྟབས་མ་ལེགས་པ་ཞིག་ལ། ལིན་བྷོའི་གནམ་གྲུ་ཕྱི་སོག་གི་ཡུལ་ནས་ཐང་ལ་ལྷུང་སྟེ་མི་ཚང་མ་བསད་འདུག གོང་དུ་བཤད་པ་ལྟར། མའོའི་ཏིན་ཤོ་ཕེན་ལ་སྲིད་དབང་རྩིས་སྤྲོད་ཀྱི་འཆར་གཞི་ལམ་ལྷོང་མ་བྱུང་བར་བརྟེན། མའོས་རང་གི་ངོ་ཤེས་རྙིང་བ་ཧ་གོ་ཧྥོང་ཞེས་པར་སྲིད་དབང་རྩིས་སྤྲོད་ཀྱི་དམིགས་ཡུལ་བཟུང་འདུག མུམའོ་ཙེ་ཏུང་ནད་ཀྱིས་ཟིན་སྐབས། སྨན་པའི་ངག་ལ་ཆེར་མི་ཉན་ལ། སྨན་དང་སྨན་ཁབ་མང་བོ་བེད་སྤྱོད་ཀྱང་མི་བྱེད། སྲོལ་རྒྱུན་སྨན་ལ་ནི་དེ་བས་ཡིད་ཆེས་མི་བྱེད་མཁན་ཞིག་རེད། ཁོས་ནམ་རྒྱུན་ལུས་རྩལ་ལ་བརྟེན་ནས་ནད་གསོ་ཐུབ་པར་འདོད་ཅིང་། ནད་ཚབས་ཆེན་དེ་འདྲ་ཕོག་སྐབས་ཀྱང་། ཆུ་རྐྱལ་བྱེད་མཁན་ཞིག་རེད། རིག་གསར་གྱི་མགོ་ཚུགས་པ་ནས། ཁོའི་གཟུགས་གཞི་ནམ་ཡང་བདེ་ཐང་བྱུང་མེད་པར་སྣང་ཞིང་། གཉིད་ཡག་པོ་མ་ཁུག་རྐྱེན་གཉིད་སྨན་ནི་མ་འཐུང་རང་འཐུང་ལྟ་བུས་ཤིན་ཏུ་མང་བོ་ཞིག་ཟ་དགོས་བྱུང་ཞིང་། གཉིད་ཡོང་ཐེངས་རེར་ཉིན་མཚན་བཞི་ནས་དྲུག་ཡས་མས་སུ་སད་ཐུབ་ཀི་མེད་ཚོད་རེད། ནད་གཞི་ལྕི་མོས་ཟིན་སྐབས། སྨན་པ་འབོད་འགུགས་ཀྱིས་ཐབས་ཤེས་ཡོད་མེད་འདྲི་ཞིང་། སྨན་པས་ཁྱོད་ཀྱིས་སྨན་པའི་ངག་ལ་ཉན་ན་རེ་བ་ཡོད་པར་ལབ་ཚེ། རྩ་ཆུ་ཁྲག་བརྟག་པ་སོགས་གཟུགས་པོ་བརྟག་དཔྱད་ཆ་ཚང་རེ་བྱེད་འཇུག་པ་ཞིག་རེད། གོང་དུ་ཞུས་པ་ལྟར་རིག་གསར་གྱི་སྐབས་ཤིག་ནད་གཞི་ཆུང་ཚེགས་ཤིག་གིས་ཟིན་ཅིང་། ལུས་ཀྱི་ཚུགས་ཤོར་ཞིང་དབང་བོའི་བྱེད་ལས་ཀྱང་རིམ་པས་ཉམས་དམུས་སུ་ཕྱིན་ནས། ཟས་དང་སྨན་མི་འཇུ་ཞིང་ཟས་སྨན་བླུད་སྐབས། མཚམས་མཚམས་བརྣངས་ནས་བརྒྱལ་བས་དུས་ཡུན་རིང་བོའི་བར་བརྒྱལ་སང་མ་ཐུབ་པས། སྨན་པ་སྨན་གཡོག་ཚོའང་ཅི་བྱ་གཏོལ་མེད་འཇིགས་རྔམ་ཆེན་པོའི་ངང་གནས་འདུག ཁོ་མ་ཤི་སྔོན་གྱི་བདུན་ཕྲག་གཅིག་ཡས་མས་ཀྱི་མཚན་མོ་ཞིག་ཏུ་ས་འགུལ་ཤིན་ཏུ་ཆེན་པོ་བརྒྱབ་འདུག སྐབས་དེར་མི་ཚང་མ་ཕྱི་ལ་བྲོས་ཀྱང་། སྒེར་སྨན་དཀའ་ཚེགས་ལྟ་བུས་ཡར་ལངས་མ་འདོད་པ་ན། རོགས་པ་ཚོས་ཨུ་ཚུགས་ཀྱི་ཡར་བསླངས་འདུག་ཅིང་། ཁོང་ཕྱི་ལ་ཐོན་ནས་ནམ་མཁར་ལྟ་སྐབས། ནམ་མཁའི་མདོག་ནི་ཁྲག་ལྟ་དམར་པོ་གྱུང་ཅིང་། ས་འགུལ་གྱི་ཤུགས་ཀྱིས་སག་ཙེག་གི་སྒྲ་ཞིག་ཀྱང་གོ་བར་བཤད། དེ་ནས་ཁོང་ཚོས་མའོ་ཉལ་ཁྲི་ཁང་བ་བརྟན་པོ་གཞན་པ་ཞིག་གི་ནང་སྤོས་ཤིང་། མའོས་སྒེར་སྨན་ལ་ད་ང་ལ་དྲག་བསྐྱེད་ཀྱི་རེ་བ་ཡོད་དམ་ཞེས་པར། སྒེན་སྨན་གྱིས། རེ་བ་ཡོད་ཅེས་སེམས་གསོ་ཅི་ཤེས་བཏངས་འདུག གོང་དུ་བཤད་པ་ལྟར། ཀྲོས་ཨེན་ལེ་ཤི་རྗེས་དེའི་ཚབ་ཏུ་ཏིང་ཤོ་ཕེན་བསྐོ་བརྩིས་བྱས་ཀྱང་། ཅང་ཆིན་སོགས་ཀྱིས་ངོ་རྒོལ་ལ་བརྟེན་ནས་ལམ་ལྷོང་བྱུང་མི་འདུག ཅང་ཆིན་གྱིས་མའོ་ཤི་མ་ཐག་རྒྱ་ནག་གི་སྲིད་དབང་ལ་དབང་བསྒྱུང་བྱ་རྒྱུའི་གྲ་སྒྲིག་ཨང་སར་བྱས་འདུག་པར་མངོན། དེ་ལྟ་ནའང་མའོའི་ཚེ་སྲོག་གི་ཐ་མ་འགགས་ལ་ཉེ་སྐབས། རང་གི་གྲོགས་པོ་ཧ་གོ་ཧྥོང་ཞེས་པར་སྲིད་དབང་རྩིས་སྤྲོད་བྱས་རྗེས་ཆེར་མ་འགོར་བར་ཚེ་ལས་འདས་འདུག
དེ་ནས་རིང་བོར་མ་ལོན་པར་མའོའི་ཉེན་སྲུང་མགོ་གཙོ་བང་ཏུང་ཤན་དང་ཧ་གོ་ཧྥོང་གཉིས་ལྐོག་འབྲེལ་ཐོག དམར་ཤོག་ཆེས་མཐོའི་མགོ་ཁྲིད་མི་སྣ་ཚོགས་འདུར་སྐོང་ཚོགས་ཀྱི་གཡོ་འཕྲུལ་འོག མི་བཞི་ཤོག་ཁག་འཛིན་བཟུང་རྩ་རྫོགས་བྱས་འདུག མའོའི་སྒེར་སྨན་ལྟར་ན། མའོའི་བཟའ་ཟླ་ཆང་ཆིན་ནི་ཤེས་ཡོན་ཅིའང་མེད་པ། མའོས་ལས་དཀའ་ལ་བཀོལ་དྭོགས་ལས་གཡོལ་ཆེད། དུས་རྟག་པར་ན་གཡོ་རྒྱག་མཁན། དོན་དག་ཆུང་ངུ་རེའི་ཆེད་དུའང་འཁོར་གཡོག་ཚོར་སུན་གཙེར་དང་གཤེ་གཤེ་ཆེན་པོ་གཏོང་མཁན། འཚོ་ཐབས་རྒྱས་སྤྲོས་ཆེ་ཞིང་གོན་པའང་དུས་ལ་ལྟོས་པའི་རྩེ་ཕུད་ཕྱི་གླིང་གི་ཆས་གོས་ལ་ལྷག་པར་ཡང་དགའ་མོས་ཆེ་བ། པར་ཡག་པོ་རྒྱག་ཤེས་ལ། ཉིན་མཚན་ཕལ་ཆེར་ཧོང་ཁོང་ནས་ནང་འདྲེན་བྱས་པའི་ཕྱི་ནང་གི་གློག་བརྙན་དག་ལ་ལྟ་སྤྲོ་བ་ཞིག་རེད་འདུག མའོ་ཤི་མ་ཐག་གནས་ཚུལ་དེ་བཞིན་ཧ་གོ་ཧྥོང་སོགས་ཏང་གི་ཆེས་མཐོའི་མི་སྣ་ཁག་ཅིག་མ་གཏོགས་ཡོངས་ཁྱབ་གསལ་བསྒྲགས་ཕྱིར་འགྱངས་བྱས་ཏེ། ཏང་གི་ཛ་དྲག་ཚོགས་ཆུང་ཞིག་སྐོང་ཚོགས་ཐོག་མང་མོས་ཐོག མའོའི་གཟུགས་པོ་དེ་གསོན་པོ་ནང་བཞིན་གཏན་ཉལ་དགོས་སྐོར་མངགས་བཀོད་བྱས་པ་མ་ཟད། ལས་གྲ་དེའི་ཁུར་ཚང་མ་སྒེར་སྨན་གྱིས་ལེན་དགོས་པའི་ཐག་གཅོད་བྱས་འདུག དེ་ནས་ལས་ཀྱི་སྣེ་མོར་གཏོགས་ཚད་ཀྱིས་དེ་སྐོར་ཅི་དགོས་གྲོས་བསྡུར་བྱས་པར། མ་གྲོས་གཅིག་མཐུན་རྒྱ་ནག་གི་ཚན་རིག་གི་ཆུ་ཚད་ད་དུང་ཚད་དེར་སླེབས་མེད་པ་དང་། ཨུ་རུ་སུའི་ལེ་ཉིན་གྱི་སྣ་རུལ་ནས་ནང་ལྡིབ་པས་སྣ་རྫུན་བཟོས་ཡོད་པ་དང་། སི་ཏྲ་ལིན་གྱི་ཁ་སྤུ་ཕྱིད་སོང་བས་སྤུ་རྫུན་འགེབས་དགོས་བྱུང་ཡོད་སྟབས། རྒྱ་ནག་ལས་ལྡབ་འགྱུར་གྱིས་ཚན་རིག་ལག་རྩལ་ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་དེ་ལྟ་བུས་ཀྱང་། ཕུང་བོ་ཡག་པོ་ཞིག་བདག་ཉར་མ་ཐུབ་ན། ང་ཚོས་ཇི་ལྟར་ཐུབ་ཅེས་སེམས་ཁྲལ་བྱེད་མུར། དམག་དཔོན་ཡེ་ཅིན་ཡིན་གློ་བུར་དུ་ཕེབས་སོང་བ་དང་། གནས་ཚུལ་དེ་བཞིན་ཁོང་བར་བསམ་ཚུལ་དྲི་སྐོར་ཞུས་པར། ཡེ་ནས་ཁྱེད་ཚོས༼ལག་བཟོ་དང་སྒྱུ་རྩལ་སློབ་གཉེར་ཁང༽ལ་འབྲེལ་ལམ་བྱས་ནས། འདྲ་གཟུགས་རྫུན་མ་ཞིག་བཟོས་ཤོགས། གལ་སྲིད་དགོས་མཁོ་བྱུང་ན་དེ་བེད་སྤྱོད་བཏང་ཀྱང་མ་འགྲིགས་པ་ཅི་ཡོད། ཅེས་ལམ་སྟོན་བྱས་པས་རྒྱབ་ཁུར་རི་བོ་ལྟ་བུ་ཞིག་ཇེ་ཡང་བཏངས་པར་བཤད། དེ་ནས་ཁོང་ཚོས་དཔེ་མཛོད་དང་སློབ་གཉེར་ཁང་ཁག་ཅིག་བརྒྱུད། དམར་གདོང་ཉར་ཚགས་ཀྱི་དཔྱད་གཞིའི་ཡིག་ཆ་འགའ་ཞིག་རྙེད་སོན་བྱུང་བ་ལྟར། སྨན་གྱི་ཚན་རིག་སློབ་གཉེར་ཁང་གི་བྱང་ཐིག་རིག་པ་བ་ཡག་ཤོས་ཤིག་དང་། པེ་ཅིན་སྨན་ཁང་གི་ནད་བརྟག་མཁས་པ་རྩེ་ཕུད་གཅིག་བཅས་མཁས་པ་གཉིས་ཆེད་ཕེབས་ཐོག སྨན་ཁབ་ཉི་ཤུ་རྩ་གཉིས་བསྟུན་མར་བརྒྱབ་ནས་ཞོགས་ཀ་ཆུ་ཚོད་བཅུ་བའི་སྟེང་ལས་མཇུག་བསྒྲིལ། འོན་ཏེ་བསམ་ཡུལ་ལས་འདས་པ་ཞིག་ལ། མའོའི་ངོ་གདོང་སྦོས་ནས་པོ་ལོ་འདྲ་བོ་ཞིག་ཏུ་ཆགས་པ་དང་། སྐེ་ཞེང་མགོ་ཚད་དང་མཉམ་པ། རྣ་ནང་དུ་ལྡིབ་པ་སོགས། ཆེས་ཡིད་དུ་མི་འོང་བ་ཞིག་ཏུ་གྱུར་འདུག སྨན་པ་ཚོ་འཚུབ་སྣང་དང་དངངས་སྐྲག་བཅས། མགོ་ལུས་ཚང་མ་ཕུར་ཕུར་བཏང་སྟེ་སྐྲང་དེད་བྱས་པས། མའོའི་བྲང་འདབ་ཀྱི་སྒལ་ཚིགས་གཅིག་ཀྱང་བཅགས་འདུག ཐབས་ཤེས་སྣ་ཚོགས་བྱས་མཐར་ལུས་སྔ་མུས་ལྟ་བུར་ཆགས་ཐུབ་པ་བྱུང་ནས། རྒྱ་ནག་གི་མྱ་ངན་ཚོགས་ཆེན་གྱི་ཐོག་བེད་སྤྱོད་བྱེད་ཐུབ་པ་ཙམ་བྱུང་འདུག མྱ་ངན་ཚོགས་ཆེན་འཚོགས་ཟིན་པ་དང་ཆབས་ཅིག མའོའི་གདུང་གསང་ལམ་བརྒྱུད་པེ་ཅིན་གྱི༣༠༥རྟགས་ཅན་གྱི་སྨན་ཁང་གི་འོག་ཤོད་དུ་ཁྱེར་འདུག་ལ། སྨན་ཁང་དེ་ནི་མའོའི་གཟུགས་པོར་གདུང་བཅོས་བྱ་སའི་གསང་བའི་ས་གནས་ངོ་མ་དེ་ཡིན་པར་བཤད། སྨན་ཁང་དེ་ནས་མའོའི་ཀླད་པ་མ་གཏོགས་ལུས་ཀྱི་དོན་ལྔ་སྣོད་དྲུག་སོགས། གཙང་མར་བཤུངས་རྗེས་ཤེལ་དམ་ཆེན་པོ་སྨན་རྫས་ཅན་རེ་རེའི་ནང་བཅུགས་ཤིང་། མུད་ཐག་ནང་དུ་འགྱིག་སྦུག་ཅིག་དྲི་ཞིམ་གྱི་སྨན་ཆུ་སྡུད་སར་བཞག་པ་མ་གཏོགས། ལུས་ཁོག་ཧྲིལ་བོར་སྦྲིན་བལ་བརྫངས་ཏེ་སྐམ་པོ་ལྟ་བུར་བཟོས་འདུག་པ་དེ་དང་། ལག་བཟོ་དང་སྒྱུ་རྩལ་སློབ་གཉེར་ཁང་ཞེས་པའི་མི་གཉིས་ཀྱིས་བཟོས་པའི་མའོ་དང་ཤིན་མཚུངས་པའི་འདྲ་གཟུགས་ཤིག་ཡོད་པ་དེའང་སྨན་ཁང་དེར་སླེབས་འདུག་ལ། སྒེར་སྨན་གྱི་གནམ་བདེ་སྒོ་མོ་ཆེའི་མའོའི་དྲན་གསོ་ཁང་མ་འགྲུབ་པར་དུ་ལོ་གཅིག་རིང་། བདུན་རེའི་མཚམས་དེ་དག་ལ་བརྟག་དཔྱད་བྱེད་པར་ཡང་ཡང་ཕེབས་འདུག སྒེར་སྨན་ལྟར་ན། སྨན་ཁང་དེའི་སྒོ་སྲུང་དམག་མི་སོགས་ལས་བྱེད་ཕལ་ཆེར་གྱིས་སྨན་ཁང་འོག་ཤོད་དུ་ཡང་སྙིང་ལས་ཀ་ཅི་ཞིག་བྱ་བཞིན་ཡོད་མེད་ཧ་གོ་གི་མེད་པར་བཤད། སྤྱི་ལོ༡༩༧༧ལོར་མའོའི་དྲན་གསོ་ཁང་ལེགས་པར་གྲུབ་ཅིང་། མའོའི་གཟུགས་ཕུང་ལ་གོང་གི་འདྲ་གཟུགས་ཀྱིས་ལེགས་པར་གཡོགས་པ། ཆུ་ཤེལ་གྱི་སྒམ་ཞིག་གི་ནང་རུལ་སྐྱོབ་ཡང་རླུང་དང་མཉམ་པོར་བཅུགས་ནས། མི་མང་ལ་ཡོངས་ཁྱབ་བཤམས་སྟོན་བྱས་ཡོད་པ་དང་། མའོའི་དོན་ལྔ་སྣོད་དྲུག་སོགས་ནང་ཁྲོལ་རྣམས། མི་མང་ཚོགས་ཁང་ཆེན་མོའི་འོག ཀློག་སྐས་ལྡན་པའི་ཟླུམ་སྣོད་ཅིག་གི་ནང་བཞག་ནས་སྦས་ཡོད་པར་བཤད་དོ།། འདི་ནས་མའོའི་ལོ་རྒྱུས་བཀླགས་པའི་ཟིན་ཐོ་ཡོངས་རྫོགས་བྲིས་ཟིན་པའི་ཁུལ་ཡིན་ཡང་། དཔེ་ཆ་གཞན་ལ་སྤྲོད་དགོས་བྱུང་རྐྱེན་ཚང་མ་གསལ་བོ་ཞིག་ཟིན་བྲིས་སུ་འདེབས་མ་ཐུབ་པས། དགོངས་དག་ཞུ་བ་ཡིན་ལ། ཚིག་དོན་གྱི་ཆར་སྐྱོན་ཡོད་སྲིད་པས། གཟུར་གནས་དོ་སྣང་ཅན་དག་གིས་ལེགས་བཅོས་ལ་དགའ་བསུ་ཡོད། བཀྲ་ཤིས་བདེ་ལེགས།
སྤྱིའི་ཆ་ནས་ཐུགས་རྗེ་ཆེ་ཞུ་བ་ལས་མི་འདུག སྟོན་པ་ཡེ་ཤུ་ལ་སློབ་སྦྱོང་ཅི་ཡང་མེད་ཀྱང་ཞེས་པ་དེ་ཁས་ལེན་ཐུབ་མ་སོང་། ཁོང་ལོ་བཅོ་བརྒྱད་རིང་བོར་བརླག་སོང་བའི་དུས་སུ་ཁོང་གི་ཕ་གཡར་གྱིས་ཁོང་རྒྱ་གར་དུ་མངགས་ཏེ་སྐབས་དེར་འཛམ་གླིང་ན་མིང་དུ་གྲགས་པའི་ན་ལེནྡྲ་མཐོ་སློབ་ནས་ལོ་ངོ་བཅུ་དྲུག་གི་མཐོ་སློབ་ཤེས་ཡོན་སྦྱངས་ཏེ་སློབ་མཐར་ཕྱིན་ཡོད་ཅིང་། དེ་ནས་ལོ་གཉིས་རིང་ལ་དྭགས་བརྒྱུད་བོད་དུ་བོད་དུ་ཕེབས་པ་རེད། སྟོན་པ་ཡེ་ཤུས་སྐབས་དེའི་ཇོའུ་ཤིའི་ཆོས་ལུགས་རྙིང་མ་དེའི་སྟེང་དུ་ནང་པའི་ལྟ་བ་བསྲེས་ཏེ་ཆོས་ལུགས་གསར་པ་ལྟ་བུ་ཞིག་བཟོས་པ་རེད། དེའི་ཕྱིར་སྟོན་པ་ཡེ་ཤུ་ནི་ནང་པའི་ཕྱི་གོས་གྱོན་པའི་ཕྱི་པ་ཞིག་རེད། ཁོང་ལ་སློབ་སྦྱོང་ཡོད། ད་དུང་ཞིབ་འཇུག་བྱས་ཏེ་ཁོང་གི་ན་ལེནྡྲའི་དགེ་རྒན་སུ་ཡིན་རྗེས་སུ་བརྗོད་ཀི་ཡིན།
དགོངས་དག ཕྱི་པའི་ཕྱི་གོས་གྱོན་པའི་ནང་པ་ཞིག་རེད།
སྟོན་པ་ཡེ་ཤུས་ན་ལེནྡྲར་སློབ་སྦྱོང་བྱས་རྗེས་བོད་ལ་ཕྱིན་ཛཔའི་སྐོར་རྒྱ་གར་གྱི་སློབ་དཔོན་སྙན་གྲགས་ཅན་ཡོ་གི་ཞི་ཨ་ཞི་རམ་ལགས་ཀྱི་བཀའ་སློབ་འདིར་ཉོན།
http://www.youtube.com/watch?v=v4QuYXGLr-A
ལོ་རྒྱུས་ཀྱི་མི་སྣ་དེ་དག་གིས། མིའི་རིགས་ཀྱི་རྨོངས་དད་དང་། བྲན་བསྒྱུར་གྱི་སློབ་གསོའི་ལམ་ལུགས་རྩ་གཏོར་བཏང་སྟེ། ཆོས་དཔོན་དང་། རྒྱལ་པོ། ཕྱུག་བདག་གིས་མུ་འཐུད་སྒེར་འཛིན་དབང་བསྒྱུར་ལམ་ལུགས་ཡོངས་སུ་ཕམ་ཉེས་སུ་བཏང་བ་མ་ཟད། ཁོང་ཚོས་འཇིག་རྟེན་འདི་ངལ་རྩོལ་མི་མང་ལ་དབང་དགོས་པའི་ཐག་གཅོད་དང་ལམ་ལུགས་ཤིག་གསར་དུ་བཏོད་པ་རེད། མདོར་ན། མཁས་མཛངས་ཀྱི་རྣམ་དཔྱོད་དང་། དཔའ་བོའི་སྙིང་སྟོབས་ལ་བརྟེན་ནས་འཛམ་གླིང་གི་ལོ་རྒྱུས་ཀྱི་ཁ་ཕྱོགས་བསྒྱུར་བ་རེད།
ཀླུ་སྨྱོན་ལགས། སྟོན་པ་ཡེ་ཤུ་ཁི་རི་སི་ན་ལན་ཌ་ལ་ཕེབས་པ་དང་དེ་ལས་ཀྱང་བོད་དུ་ཕེབས་པ་ངོ་མཚར་ཆེ། སྐབས་དེར་ན་ལནྡ་མགོ་བཙུགས་ཡོད་མེད་ཙམ་ཡིན་པས་སློབ་སྦྱོང་རྒྱ་ཆེན་ཞིག་བྱ་རྒྱུ་མེད་པ་འདྲ་བས་གཅིག་བྱས་ན་ཁོང་བོད་ལ་ཕེབས་ནས་བོན་ལ་སློབ་སྦྱོང་བྱས་པ་འདྲ།
ན་ལན་ཌཱའི་གཙུག་ལག་སློབ་གཉེར་ཁང་འདི་ནི་དུས་རབས་ལྔ་པའི་སྔོན་དུ་ཡོད་པའི་ཚད་ལྡན་གྱི་ཡིག་ཅ་དང་། གནའ་ཤུལ་ནས་རྙེད་པའི་དཔང་རྟགས་སོགས་གང་ཡང་མེད་པ་རེད། ཡོད་ན་སྟོན་ཅིག
དེས་ན་སྟོན་པ་མ་ཤི་ཀ་འབྱུང་འགྱུར་གྱི་གཙུག་ལག་ཁང་གཞེངས་སའི་གནས་ན་ལན་ཌཱ་ཞེས་པའི་ཡུལ་དེར་འཆམ་འཆམ་འདྲ་སོང་བ་ཡིན་སྲིད། དེའི་སྐབས་སུ་གནས་འདིར་སློབ་སྦྱོང་བྱེད་ས་ནི་ཡོད་རབས་མི་འདུག་གོ།
རྩོད་པ་བྱེད་འདོད་ན་གོང་གི་རྒྱ་གར་མཁས་པ་དེ་དང་རྩོད། ངས་སྔོན་དྲ་ཐོག་འདི་ནས་ལ་དྭགས་སུ་ཡེ་ཤུ་ཕེབས་པའི་ཡིག་ཆ་ལ་དྭགས་སུ་རྙེད་པའི་སྐོར་ཞིག་མཐོང་སོང་དྲན། ཁྱེད་ཚོས་དེ་མཐོང་སོང་ངམ།
http://www.sherab.org/?p=4371. འདི་ནང་ཆབ་མདོ་ཤེས་རབ་ཀྱིས་ཚ་བ་མདའ་སྨྱུག་ལ་དགག་ལན་ཞིག་བྲིས་འདུག་གཟིགས་དང་།
ན་ལན་ཌ་ནི་ཤཱ་རིའི་བུ་མྱ་ངན་ལས་འདའ་ས་ཡིན་པས་གནས་སྐོར་ལ་ཕེབས་པ་ཡིན་སྲིད། བོད་དུ་ཕེབས་པ་བདེན་ན་བོན་སྦྱངས་ཡོད་པ་ཐག་གིས་ཆོད།
ངོ་མ་ཡག་པོ་བྲིས་འདུག དེང་སྐབས་ང་རང་མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་དེབ་གཉིས་པ་དེ་ཀློག་བཞིན་པ་ཡིན། ཁྱེད་ཀྱིས་བཀླགས་པའི་མའོ་ཡི་ལོ་རྒྱུས་དེ་Mao: The Unknown Story is a 2005 biography of Chinese Communist leader Mao Zedong (1893–1976) written by the husband and wife team of writer Jung Chang and historian Jon Halliday, and depicts Mao as being responsible for more deaths in peacetime than Adolf Hitler or Joseph Stalin.མ་རེད་དམ།
མ་འོའི་སྐྱོན་ཡག་པོ་གནང་འདུག་ཐུགས་རྗེ་ཆེ་ལགས། ང་རང་ཚོའི་དུས་ཕྱིས་སུ་དང་། སངས་རྒྱས་འོད་སྲུངས། སེར་ཐུབ་དང་འཁོར་བ་འཇིག་རྣམས་ཀྱི་ཡུལ་དུས་ཀྱི་ན་ལེན་ཌའི་སྐོར་ལ་ལོ་རྒྱུས་བཙལ་དགོས་རྒྱུ་གལ་ཆེན་པོ་རེད་འདུག སྟོན་པ་ཡི་ཤུ་ནང་པའི་སློབ་མ་ཡིན་མིན་དང་། ཁ་ཆེ་སྟོན་པ་མོ་ཧྰ་མཏའམ་སྦྲང་རྩི་འཛིན། མགོན་པོ་ཀླུ་སྒྲུབ་དགེ་ཕྲུག་བསླབ་པ་འཆལ་ནས་ནང་པར་མ་དགའ་ནས་ཆོས་ལོག་བསྟན་ཚུལ་ལ་ཡང་དཔལགམགོན་ཀླུ་སྒྲུབ་དང་དུས་ཚོད་ཕལ་མཚུངས་འདུག་ཀྱང་དཔྱད་དགོས་པ་མང་པོ་འདུག་གོ །
བྲིས་ཞིག་ཆད་འདུག
གོང་མ་ཁཱང་ཤིས་འདི་སྤྱི་ལོའི་སྔོན་དུ་བྱུང་བ་ཞིག་མ་རེད་ལ་ལྕགས་རི་རིང་མོ་དེ་བས་ཀྱང་སྤྱི་ལོའི་སྔོན་དུ་བྱུང་བ་ཞིག་མ་རེད།
ཡེ་ཤུས་བོན་སྦྱངས་ཡོད་ན་སྤོབས་མཐའ་མི་དགའ་བ་ཐག་གིས་ཆོད། སྤོབས་མཐའ་མ་དགའ་ན་བོན་ཕར་ཞོག་ཡོད་ཚད་ལ་ཁ་གྱོང་དང་ཚིག་ངན་ཡོད་པ་ཐག་གི་ཆོད། འགྲིག་མཁན་ཁོ་རང་མ་གཏོགས་ཡོད་ཚད་མ་འགྲིགས་པ་ཐག་གི་ཆོད། བོད་མི་ས་ཡ་དྲུག་གི་ནང་ནས་སྤོབས་མཐའ་དང་ཁོའི་ཆོས་རྒྱུད་འཛིན་པ་ཚོ་མ་གཏོགས་གཞན་ཐམས་ཅད་མ་འགྲིགས་པ་ཐག་གི་ཆོད། གལ་སྲིད་ཁོ་དགེ་ལུགས་པ་ཞིག་ཡིན་ན། ཁ་མཛེས་མཛེས་ཅི་བཤད་ཀྱང་ཆོས་ལུགས་གཞན་གང་ཡང་རྣམ་དག་མ་ཡིན་པར་འབོད་པ་ཐག་གི་ཆོད། དཔེར་མཚོན་དེ་སྔོན་བཤད་པ་ཁག་གཅིག་ལྟ་བུའོ། གལ་སྲིད་སྤོབས་མཐའ་རྙིང་མ་བ་ཞིག་ཡིན་ན། རྙིང་མ་མ་གཏོགས་གཞན་མི་གྲལ་མི་འཇོག་པ་ཐག་གིས་ཆོད། གལ་སྲིད་སྤོབས་མཐའ་ས་སྐྱ་བ་ཞིག་ཡིན་ན། ས་སྐྱ་ལས་ལྷག་པའི་ཆོས་ལུགས་ཤིག་མེད་ཅེས་སྡེ་དགེའི་སྒོབ་ཆེན་བཤད་སྟེ་ལག་པ་གནམ་ལ་གཡུགས་ནས་འགྲོ་བ་ཐག་གི་ཆོད། གལ་ཏེ་སྤོབས་མཐའ་བཀའ་རྒྱུད་པ་ཞིག་ཡིན་ན་ཕྱག་ཆེན་གྱི་ལྟ་བ་ལས་ལྷག་པའི་ལྟ་བ་གཞན་ཞིག་ཡོད་ན་དེ་ནི་འདྲེ་ཡིན་ཞེས་སྐད་གསང་ཐོན་པོས་བཤད་རྒྱུ་ཉག་ཅིག་ཡིན་པ་ཐག་གི་ཆོད། གལ་སྲིད་སྤོབས་མཐའ་རྒྱ་ནག་པ་ཞིག་ཡིན་ན་རྒྱ་ནག་གི་དཔོན་ཆེན་ཚོ་དང་མཉམ་དུ་རྒྱ་ནག་གི་གྲོས་ཚོགས་སུ་བཞུགས་ནས་ཏ་ལའི་ཁ་བྲལ་རིང་ལུགས་དང་ངན་པ་ལག་སྦྲེལ་བྱེད་མི་ཆོག་ཅེས་སྤོབས་བཤད་བྱེད་ཐག་ཆོད་ཡིན་པ་ཐག་གི་ཆོད། དཔེ་མཚོན་བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཚོ་ལ་གཟིགས། བསམ་བློ་ཡག་པོ་ཐོང་ནས་སྐད་ཆ་ཤོད་ན་ལེགས། གལ་སྲིད་ཁྱོད་དགེ་ལུགས་ཚད་ལྡན་ཞིག་ཡིན་ན། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་ལ་ཉོན། བོད་དོན་བདེན་མཐའ་གསལ་བ་ལ། ཁུར་མཉམ་ལེན་དང། གོང་བུ་གཅིག་བསྒྲིལ། ཕྱར་བ་་གྲུ་འདེགས། གདུང་སེམས་མཉམ་བསྐྱེད། གོང་བུ་གཅིག་བསྒྲིལ་ཡོང་བའི་སྐད་ཆ་ཤོད། དེ་ནི་བོད་ཀྱི་རྩ་དོན་བསྒྲུབ་པ་ལ་ཤིན་ཏུ་སྨར། ཁྱོད་རང་གིས་ཁ་བརྡུང་དང་རྒོལ་བརྡུང་ཇི་ཙམ་བྱས་ཀྱང་དེ་ནི་བོད་རིགས་ཁ་བྲལ་དུ་འགྲོ་རྒྱུ་ལས་གཞན་པའི་དགེ་མཚན་ཅི་ཡང་མེད། ཕན་པ་ལས་གནོད་ཆེ་བ་ཡོང་རྒྱུ་ཉག་ཅིག་ལས་མ་འདས། གནའ་མི་བོད་ཀྱི་གཏམ་དཔེར། འཇམ་པོས་མི་ཐུབ། རྩུབ་པོས་རང་ཐུབ། ཟེར་སྲོལ་ཡོད་པ་ལྟར་རེད། མི་གཅིག་གིས་བྱས་ཉེས་ལ་བརྟེན་ནས་དགེ་ལུགས་པ་སྤྱི་ཡི་ཞབས་འདྲེན་མ་ཞུས་ན་ལེགས། ཁྱེད་ལ་བན་བོན་བར་མཐུན་བསྒྲིལ་བྱེད་ཕྱོགས་ཀྱི་སྐོར་ལེགས་བཤད་སྣ་གཅིག་རྐྱང་གནང་རྒྱུ་མེད་པ་འདི་ཡ་མཚན་ཆེན་པོ་རེད། བོད་ཀྱི་ལི་ཐང་དགོན་ཆེན་ལ་གཅིག་ལྟོས་དང། ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་རྗེས་འབྲེངས་པ་ཚོ་ག་འདྲས་ཐུགས་མཐུན་ཁྲིམས་གཙང་འདུག རྟགས་གསལ་དང་བགྲོ་གླེང་སོགས་མཉམ་དུ་བྱས་ནས་འཆམ་མཐུན་གྱི་འཚོ་བ་ལ་རོལ་བཞིན་འདུག མདོ་སྨད་སྣང་ཞིག་མགོན་དང་ཀིར་རྟི་དགོན་ཆེན་གཉིས་ལ་གཅིག་ལྟོས་དང། གཅིག་གིས་གཅིག་གདན་འདྲེན་གྱིས་རྟགས་གསལ་དང་བགྲོ་གླེང་ལྷུག་པོར་གནང་སྟེ་སངས་རྒྱས་བསྟན་པའི་བ་དན་མཁའ་དབྱིངས་སུ་ག་འདྲ་བསྒྲེངས་བཞིན་འདུག རྒྱ་གར་ལྷོ་ཕྱོགས་གདན་ས་གསུམ་ལ་གཅིག་ལྟོས་དང་། ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་རིགས་སྨྲ་བ་ཚོ་མཉམ་འཛོམས་གནང་ནས་དགུན་ཆོས་ཆེན་པོར་ཁ་འཇམ་ཁོག་མཐུན་གྱི་ལམ་ནས་གཅིག་བསྒྲིལ་གྱི་ལང་ཚོ་ཅི་འདྲ་བཞེད་བཞིན་འདུག དཔལ་ས་སྐྱ་བའི་རྫོང་གསར་བཤད་གྲྭ་ལ་གཅིག་ལྟོས་དང། རིགས་གཏེར་གྱི་འཆད་རྩོད་ཆེན་མོ་དབུ་འཛུགས་བསྐྱངས་ནས། གཡུང་དྲུང་བོན་དང་བཅས་པའི་ཆོས་རྒྱུད་རིས་མེད་ཀྱི་རིགས་སྨྲ་བ་ཚོ། ཉི་མ་མེ་གྲོགས་དང། ཆར་པ་ཆུ་གྲོགས་ཀྱི་དཔེ་ལྟར། གཅིག་གིས་གཅིག་ལ་བློ་བསྐྱེད་དང་། གཅིག་ཕན་གཅིག་གྲོགས་ཀྱི་ལམ་ནས་རྒྱལ་བསྟན་མི་ཉམས་གོང་འཕེལ་གྱི་འཕྲིན་ལས་རྒྱ་ཆེར་ག་འདྲ་བསྐྱངས་བཞིན་འདུག སྤོབས་མཐའ་ཁྱོད་ནི་ད་དུང་གཉིད་སད་རྒྱུ་ཕར་ཞོག་དེ་ལས་ལྡོག་ཏེ། མི་ངན་ནང་དུ་བསྡད། ཇུས་ངན་ཕྱི་ལ་འདོན། ཞེས་པའི་དཔེ་ལྟར་ག་དུས་ཡིན་ན་ཡང་གཡུང་དྲུང་གི་བོན་དང་བོན་འཛིན་པ་ཚོ་ལ་ཟུར་ཟ་དང་ཚིག་མཚོན་ཤ་སྟག་འདེབས་བཞིན་པ་འདི་ལ་བལྟས་ན། ཤིན་ཏུ་སྙིང་རྗེ་བའི་གནས་ཁོ་ནའོ། མཁས་གྲུབ་གཉིས་ལྡན་འཇམ་མགོན་བླ་མ་ཡི། རིང་ལུགས་འཁྲུལ་མེད་དཔལ་ལྡན་དགེ་ལུགས་པའི། ངེས་དོན་སྙིང་པོ་མདོ་སྔགས་རྒྱ་མཚོའི་བཅུད། སྤོབས་མཐའི་རྒྱུད་ལ་སིམ་པར་བྱིན་གྱིས་རློབས། འཇམ་མགོན་བླ་མའི་བུ་སྡུག་དངོས་ཡིན་ན། གཞུང་དོན་བདེ་བླག་རྟོགས་པའི་ཤེས་རབ་ཀྱིས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པར་ཤོག འཇམ་མགོན་བླ་མའི་བུ་རྒོད་དངོས་ཡིན་ན། གསུང་རབས་གདམས་པར་ཤར་བའི་ཆེ་བ་ཡིས། ཉེས་སྤྱོད་ཆེན་པོ་རང་འགག་འགྲོ་བར་ཤོག དེ་ལྟའི་ཚུལ་དང་རྣམ་པ་མི་ལྡན་པར། སྤོབས་མཐའི་མིང་བརྫུས་དགེ་ཞབས་འདྲེན་མཁན་ཁྱོད། གདན་ས་ཆེན་པོ་དཔལ་ལྡན་དགེ་ལུགས་པའི། ཆེ་བའི་ཡོན་ཏན་ཐོག་རྫིས་མ་བྱེད་ཅིག
རྩོམ་འདི་སྤེལ་བར་བཀའ་དྲིན་ཞུ། འོན་ཀྱང་བར་མཚམས་ཞིག་ཏུ་མོའོ་ཙེ་ཏུང་ཟེར་བ་འདི་མཛེས་མ་སྟོང་གི་དབུས་ནས་རྟག་ཏུ་འདོད་རྩེད་བག་ཡངས་ཁོ་ན་རྒྱུ་བའི་འཁྲིག་སྤྱོད་ཀྱི་གནས་ལ་ཤིན་ཏུ་གོམས་པའི་འདོད་པའི་རྒྱལ་པོ་ཞིག་ཡིན་པ་བཤད། ཡང་བར་སྐབས་ཤིག་ཏུ་དཔེ་ལྟོས་ལ་ཤིན་ཏུ་དགའ་བའི་ངང་ཚུལ་ཐ་ན་ཉལ་སའི་ནང་ཁ་ཕ་ལོག་ཚུར་ལོག་ཙམ་བྱེད་པ་ལའང་དཔེ་ཆ་དང་ཁ་མི་འབྲལ་བའི་ཚུལ་གཅིག་བཤད་འདུས་པས་འདི་ནི་ཅི་ཡིན་ཆ་མ་འཚལ། ཡང་ཅིག་ཏུ་ཁོའི་ཉམས་མྱོང་གི་ཐོག་ནས་གལ་སྲིད་འདོད་པའི་བསྟན་བཅོས་ཤིག་བྲིས་ཡོད་ན་དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་ལས་སྙན་པ་ཐག་གིས་ཆོད། ཧ་ཧ་ཧ།།།།།།
ལེ་བར་ཁྲི་ཡི་ལྕགས་རི་རིང་བོ། ལེ་བར་ཁྲི་ལ་སྟོང་བ་རེད། ཁྰང་ཤིས་ཐོག་མར་ལྕགས་རི་རིང་བོར་ལྟ་སྐོར་ལ་འགྲོ་སྐབས་དེར། རྩིག་ངོས་ལ་བྲིས་བའི་ཡིག་འབྲུ་འདི་དག་མཐོང་ནས་སྣ་དགོད་བརྒྱབ་པའི་རྒྱུ་མཚན། མོའོ་ཡིས་མ་རྟོགས་བ་ཡིན་འགྲོ། དྲ་གྲོགས་ཚོ་ལ་བསམ་ཚུལ་འདྲ་ཅི་ཡོད། མ་གཞི་ནས་ལྕགས་རི་རིང་བོ་གསར་བསྐྲུན་མཁན་ཁྰང་ཤི་མ་རེད། མོའོ་ཡི་ལས་དོན་ཧ་ལས་དགོས་བ་ནི་སྟར་གྲི་མ་གཏོགས་ཕལ་ཆེར་ལག་སྟོང་ཡིན་པའི་སྤྲང་ཕྲུག་ཁ་ཤས་གྱི་གྱེན་ལངས་ལ་བརྟེན། རྒྱུ་དབང་གཉིས་སྟོབས་ཀྱི་ཅང་ཅེ་ཧྲི་འདུག་བཟོད་མི་ཐུབ་པའི་མཚམས་ལ་སྦྱར་ནས་མཚོ་གླིང་ཆུང་ཆུང་དེར་བྲོལ་བྱོལ་དུ་བཏང་བ་དེ་རེད། དེའི་རྗེས་སུ། ང་ཚོའི་ཐོབ་དང་དབང་ཐང་ཡོད་ཚད་ཚེ་རབས་རྒྱུད་པའི་ལས་ཀྱི་དབང་ཤུགས་ལ་བརྟེན་ནས་བྱུང་ཞིང་། ནམ་ཡང་རྡོ་རྗེ་བཀའ་ལུང་བཞིན་དུ་འགྱུར་མེད་ཉིད་དུ་སྒོམ་པའི་འདུ་ཤེས་སྟེ། ཅིས་ཀྱང་འགྱུར་འགྲོ་བ་གསལ་སྟོན་བྱས། གང་ལྟར་མོའོ་ཡི་བསམ་བློའི་རྟིང་མ་ནི རྒྱ་ནག་སྔ་རབས་གྱི་རྒྱལ་བའི་ལུགས་ཀྱི་སྲིད་དབང་སྐྱོངས་སྟངས་རང་གི་འདྲ་བཤུས་ངོ་མ་རེད། རིམ་གྱིས་ཁོ་བའི་འཐབ་གྲོགས་རེ་རེ་བྱས་ནས་ཕྱི་མའི་ཡུལ་ལ་སྐྱེལ་སོང་རུང་། མོའོ་ཡིས་ནོར་འཁྲུལ་ཞིག་ལ་དམྱལ་བ་བཅོ་བརྒྱད་ན་ཡོད་ཀྱང་ཁས་ལེན་བྱེད་མདོག་ཁ་བོ་མ་རེད། རྒྱལ་བའི་བཀའ་ལ་འགལ་ན་གསོད་གཏུབ་བྱེད་རྒྱུ་ནི། མོའོ་ཡི་རིག་གཞུང་སྙིང་ཉེ་ཤོས་དེ་རེད། དེ་བཞིན་ད་ལྟ་འང་ང་ཚོའི་མགོ་ཐོག་ན་ཕ་བོང་བཞིན་ལྕི་བའི་དབང་ཤུགས་འདི་ཡང་སྔོན་མའི་རིག་གཞུང་དེ་ལས་གཞན་མ་རེད།
མ་འོ་སྐད་གྲགས་ཆེ་ཙམ་བྱུང་། ད་ལྟ་དེ་ཡི་སྒྲིག་འཛུགས་རྒྱ་ནག་ཏུ་མེད་པར་ཆགས་དང་ཆགས་བཞིན་པས་མ་འོངས་པ་ན་ཡུལ་དེ་ཉིད་རང་དབང་ཡོད་པའི་རྒྱལ་ཁྱབ་ཏུ་ཆགས་དུས། མ་འོའི་ལུགས་སྲོལ་རྐང་རྫིས་ཀྱིས་དེའི་རྗེས་འབྲངས་པ་དག་བློ་འཁུམས་ནས་སྡོད་པ་ལས་གཞན་ཐབས་ཅི་ཡོད། ཀྱེ་ཀྱེ་ཀྱེ། སྭ་སྭ་སྭ། ལྷ་རྒྱལ་ལོ།
སྟོན་པ་ཡི་ཤུའི་སྐོར་གླེང་བ་མཐོང་བས། རི་བོང་ཅལ་སྒྲོགས་ཀྱིས་ཡི་ཤུའི་ཆོས་ལུགས་འཛིན་པ་མང་པོས་ལ་དྭགས་ཧེ་མིའི་དགོན་པ་ན། སྟོན་པ་ཡི་ཤུའི་རྣམ་ཐར་བྲིས་མ་ཞིག་ཡོད་པར་ངོས་འཛིན་བྱེད། རུས་ཀྱི་ཡི་ཤུའི་ཆོས་ལུགས་འཛིན་པ་པོ་ཞིག་དང་། ཧེ་མིའི་དགོན་པའི་སློབ་དཔོན། སྔར་བོད་ལུགས་ཀྱི་གྲྭ་ཆས་བཞེས་་ཤིང་ཕྱག་ཏུ་ཆོས་ཀྱི་གླེགས་བམ་འཛིན་པ་ཞིག་གི་འདྲ་སྤར་བཀོད་པ་མཐོང་། རུས་ཀྱི་ཡི་ཤུའི་ཆོས་ལུགས་པ་དེའི་འདྲ་སྤར་ཞིག་གང་ཡང་བཀོད་མི་འདུག
དོན་དངོས་ལོ་རྒྱུས་ལྟར་ན དེ་དག་གིས་སྟོན་པ་ཡི་ཤུའི་སྐོར་ལ་བགྲོ་གླེང་བྱས། སྟོན་པ་ཡི་ཤུ་སྙིང་རྗེ་ཅན་དང་། སྤྱོད་པ་བཟང་པོ་ཡོད་པ་ཐོས་ཏེ། སློབ་དཔོན་དེ་ཡིས་སྟོན་པ་ཡི་ཤུ་དེ་ཉིད་བྱང་སེམས་དཔའ་བདེན་པར་སྨྲ་བའི་སྤྲུལ་པ་ཡིན་པར་དགོངས་ཏེ། རུས་ཀྱི་ཡི་ཤུའི་ཆོས་ལུགས་པ་དེ་ལ་བདེན་པར་སྨྲ་བའི་ལོ་རྒྱུས་གསུངས་པ་དེ་། ཕྲ་ཞིང་ཕྲ་བ་ཕན་ཚུན་གོ་བརྡ་ལེགས་པར་མ་འཕྲོད་པའི་དབང་གིས་རུས་ཀྱི་ཡི་ཤུའི་ཆོས་ལུགས་འཛིན་པ་དེས་བྱང་སེམས་བདེན་པར་སྨྲ་བའི་རྣམ་ཐར་དེ་ཉིད་ལ་སྟོན་པ་ཡི་ཤུའི་རྣམ་ཐར་དུ་བསམས་ཏེ། ཡི་ཤུའི་ཆོས་ལུགས་པ་དག་ལ་ལ་དྭགས་ཧི་མའི་དགོན་པ་ན་ཡི་ཤུའི་འཁྲུངས་རབས་འདུག་ཅེས་སྒྲ་སྒྲོགས་རྒྱ་ཆེར་བྱས་པ་ཞིག་ཡིན་འདུག
དེ་ཡང་བྱང་སེམས་བདེན་པར་སྨྲ་བ་དེ་ཕྱི་རོལ་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས། སྐྱེ་བ་མང་པོའི་བར་དུ་གསུང་བ་ལ་སངས་རྒྱས་ཀྱིས་ལུང་བསྟན་མདོ་ན་ཡོད།
བྱང་སེམས་བདེན་སྨྲའི་རྣམ་ཐར་དེ་བདག་གིས་སྔོན་བོད་བཀྲ་ཤིས་ལྷུན་པོར་བཀའ་འགྱུར་་སྒྲོགས་དུས། སྤྱི་ལོ་༡༩༥༠ གྲངས་ཀྱི་དཀྱིལ་ཙམ་དུ་མཇལ། གཞུང་ཡིད་འཕྲོག་པ་ཞིག་འདུག རྒྱ་གར་དུ་ཡང་རྣམ་ཐར་དེ་དང་། དེ་ནས་བསྟན་པ་དག་བཀླགས་པའམ་གསིལ་ཐུབ་པའི་སྐལ་བཟང་བྱུང་། རྗེས་སུ་བདག་གིས་དེ་ཉིད་ཨིན་སྐད་དུ་བསྒྱུར་པ་དེ་ལ་ཀོ་ལམ་བི་ཡའི་མཁས་དབང་དག་གིས་བསྔགས་བསྟོད་བྱས། བོད་སྐད་དང་། ཨིན་སྐད་གཉིས་ཀར་གླེགས་བམ་རེ་བྱས། ཀོ་ལམ་བི་ཡ་སློབ་གྲྭ་ཆེན་མོ་དང་འབྲེལ་སངས་རྒྱས་པའི་སློབ་སྦྱོངཚོགས་པས་སྤར་པ་དེས། བོད་ཀྱི་སྐད་དང་རིག་གཞུང་ས་སྟེང་དུ་ཉི་མ་དང་ཟླ་བ་ལྟར་ཡུན་རིང་པོར་གནས་པར་གྱུར་ཅིག །
རྒན་ལ་དྭགས་པ་ལགས། བྱང་སེམས་བདེན་པར་སྨྲ་བའི་རྣམ་ཐར་གྱི་འདྲ་བཤུས་རེ་གསོལ་རས་གནང་ཐུབ་བམ། ཐུབ་ནས་ངས་ཁ་བྱང་འབུལ་ཡོང་།
དྲྭ་གྲོགས་དམུ་ཐག་གི་བུ་རྒྱུད་ལགས། ཁྱེད་བདེན་པ་རེད་འདུག ངས་ཨིན་ཡིག་ཐོག་གིQin Shihuandiཞེས་པ་ཁང་ཤིའི་སུ་སྒྲ་ནོར་འདུག ཡིན་རྒྱུ་ནི་ཆིན་ཧྲི་ཧོང་ཡིན་འདུག རྒྱ་ནག་གི་ལྕགས་རི་རིང་མོ་དེ་བཞིན་ཆིན་ཧྲི་ཧོང་ནས་མགོ་བཙུགས་ཏེ་རྒྱལ་རབས་མང་བོའི་བར་རྒྱ་བསྐྱེད་བྱས་པ་ཞིག་རེད་འདུག ཉིད་ཀྱིས་དགོངས་འཆར་གནང་བ་ཤིན་ཏུ་ལེགས་བྱུང་། ངས་རྩོམ་ཡིག་ཨ་མའི་ནང་བཅོས་བསྒྱུར་བྱས་ཡོད། ད་དུང་མའོའི་ལོ་རྒྱུས་སྐོར་མུ་མཐུད་གསུང་བར་ཞུ། མའོའི་སྙིང་སྟོབས་དང་། ཐག་གཅོད། གདུག་རྩུབ། ཧམ་སེམས་སོགས་་་་་་་་།
དེ་བཞིན་ཁུ་ནུ་བླ་མའི་རྣམ་ཐར་རྒྱས་པ་རེ་གསོལ་རས་གནང་རྒྱུ་ཡོད་དམ།
མའོ་རང་གི་ལས་གྲོགས་ཁག་ཅིག་ལ་ཡིད་མ་ཆེས་པར་རིམ་བཞིན་བསད་པའི་རྒྱུ་མཚན་ཅི་ཡིན་པ་མཁྱེན་ནམ།
དབང་ཆ་ཤོར་དོགས་ཀྱི་འཇིགས་པ་གཅིག་བུ་ཡིན་རྒྱུ་མ་རེད།
མའོ་ཡིས་རང་གི་ལས་རོགས་ཁག་ཅིག་རིམ་བཞིན་གསོད་དགོས་བྱུང་བའི་རྒྱུ་མཚན་ཅི་ཡིན་ནམ།
དབང་ཆ་ཤོར་དོགས་གཅིག་བུ་ཡིན་རྒྱུ་མ་རེད།
རྔ་བ་རྒྱལ་ཁམས་པ་ལགས།
ཞིབ་འཇུག་ཡག་པོ་བྱས་འདུག་པས་བློ་སྐྱེད་ལ་ཕན་བྱུང་བས་ཐུགས་རྗེ་ཆེ། འདིར་ཁ་སྣོན་འདེབ་བྱ་རྒྱུ་ཞིག་ལ། ལོ་ཤས་གོང་ལ་ཨུ་རུ་སུའི་གསང་བའི་ཡིག་ཚགས་ཁག་གཅིག་གི་ཡིག་ཆ་རྣམས་མི་དམངས་ཀྱིས་ཀློག་ཐུབ་ཀྱི་འདུག
དེའི་ནང་ལ་༣༠དང་༤༠ནང་གི་ཨུ་རུ་སུ་དང་རྒྱ་ནག་གི་གསར་རྗེའི་སྐོར་ལ་ཡིག་ཆ་མང་པོ་ཡོད་ཚོད། ཡིག་ཆ་དེའི་ནང་ནས་རྒྱ་ནག་གིས་དམར་ཤོག་དང་མི་དམངས་ཀྱི་ཤེས་འདོད་རྩ་བ་ནས་མེད་པའི་མའོ་ཙེ་ཏུང་གི་རྣམ་ཐར་དུམ་བུ་ཞིག་ཡོད་པ་ནི། མའོ་ཡི་ཐོག་མའི་ཆབ་སྲིད་ཀྱི་ལས་ཀ་དང་དམིགས་ཡུལ་ནི་རྒྱ་ནག་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་མིན་པར། ཨུ་རུ་སུའི་དམར་ཤོག་ལས་ཁུངས་ཀྱི་ཕྱི་འབྲེལ་རྩ་འཛུགས་ཀྱིས་མའོ་དང་མི་འགའ་ཤས་གསང་མྱུལ་པར་གསོ་སྐྱོང་སྤྲད་ནས། ཟླ་རེར་མའོ་ལ་ཟླ་ཕོག་སྤྲད་ནས་རྒྱ་ནག་གི་ཆབ་སྲིད་དང་གསར་རྗེའི་ལས་འགུལ་སྐོར་ལ་མྱུལ་མའི་བྱ་བ་བསྒྲུབས་འདུག ཡིག་ཚགས་དེའི་ནང་ལ་མའོ་ཡིས་བཏང་བའི་སྙན་ཞུ་དང་ཟླ་ཕོགས་ཐོབ་པའི་བྱུང་འཛིན་སོགས་འདུག
གནས་ཚུལ་འདི་ཤོད་མཁན་ནི་Jung Changཟེར་བའི་རྒྱ་མོ་རྩོམ་པ་པོ་གྲགས་ཅན་དེ་ཡིན་པ་དང་། ཁོང་གི་དེབ། Mao: The Unknown Storyཟེར་བ་འདི་ཐོག་མར་བཏོན་སྐབས། སྦི་སྦི་སིའི་རླུང་འཕྲིན་ཁང་གི་ཁོང་བཅར་འདྲི་བྱས་པ་དང་། སྐབས་དེ་དུས་རྩོམ་པ་པོ་འདིས། ཁོང་ར་ཤ་ལ་ཕྱིན་ནས། ཡིག་ཚགས་རྣམས་བསྔོགས་ཐུབ་པ་དང་སྐད་འགྱུར་བརྒྱུད་ནས། གོང་གི་མའོ་ཡིས་ཟླ་ཕོགས་ལེན་ནས་ཨུ་རུ་སུའི་སྐོར་ལ་བྱ་བ་བསྒྲུབས་པ་དེ་སླད་ཁོང་གི་དེབ་ནང་ལ་བཀོད་ཡོད་གསུངས་སོང་།
རྗེས་མ། རྒྱ་ནག་གཞུང་གི་ཚ་འདེད་དང་ལྐོག་གཡོ་དུ་མ་ཞིག་ལ་བརྟེན་ནས། ཨུ་རུ་སུས། མའོ་ཡིས་ཨུ་རུ་སུའི་གསང་བའི་ལས་ཀ་བསྒྲུབས་པའི་ཡིག་ཆ་རྣམས་སླར་གསང་བའི་ཡིག་ཚགས་ནང་ལ་བཅུག་ནས་བསྡུས་འཚར་འདུག
“འདིར་ཁ་སྣོན་འདེབ་བྱ་རྒྱུ་”ཞེས་པ་འདི། “འདིར་ཁ་སྣོན་བྱ་རྒྱུ་”ཞེས་བཅོས་རོགས།
རྩོམ་དང་མཆན་མང་པོ་ཞིག་འདུག དེའི་ནང་ན་གོ་མ་མྱོང་བ་ཞིག་ཡོད་པ་ཚངས་དབྱངས་ཀྱི་མཆན་དེ་རེད། ད་དུང་ཚངས་དབྱངས་ཀྱི་དེ་འདྲ་ཡོད་ན་བཀོད་དང་། བལྟ་རྒྱུ་ཡོད་ཀི་ཡ།
བར་སྐབས་ཤིག་ལ་ཀྲུང་གོ་མི་དམངས་ཡོངས་ནས། ཏྰ་ཏོ་ཧྭེ་ལེ་ཤོ་ཧྥུའུ་ཞེས་དང་། ཧྭེ་ལེ་ཤོ་ཧྥུའུ་ཕམ་པར་རྒྱག་དགོས་ཞེས་དང་། སུའུ་ལེན་བཟོ་བཅོས་རིང་ལུགས་ཕམ་པར་རྒྱག་དགོས་ཟེར་བ་སོགས་དང་། ཡང་ཀོ་མོ་རོའི་རྩོམ་ཡིག་ཞིག་ཏུ། ༼ཞོག་ཁོག་ཚོས་པོ་བྱུང་པའི་ཁར།། ད་དུང་ཚགས་ཤ་རྒྱག་རྒྱུ་ཡོད།། ཁུངས་མེད་གཏམ་འཆལ་མ་བརྗོད་ཅིག། གནམ་ས་བླ་འོག་འགྱུར་བ་དེ་ལ་ལྟོས།།༽ ཟེར་བ་དེ་འདྲ་ཡོད། ད་དེ་ལྟར་བཤད་ཡོང་ན་ཧེ་ལེ་ཤ་ཧྥུའུ་ནས་སི་ཏ་ལིན་བསད་པར་མ་ཟད། མོའི་རྒད་པོའི་གསང་བའི་ཟླ་ཕོག་བཅད་པ་ཡིན་རྒྱུ་རེད། གོང་གི་ཀོ་མོ་རོའི་རྩོམ་ཡིག་དེའི་ནང་དོན་ལ་ང་ཚོ་འཛིན་གྲྭའི་ཆབ་སྲིད་དགེ་རྒན་གྱིས་འགྲེལ་བཤད་འདི་ལྟར་རྒྱབ་སོང་། ༼གལ་སྲིད་སྤྱི་ཚོགས་རིང་ལུགས་ནས་མ་རྩ་རིང་ལུགས་ལ་སོང་བ་ཡིན་ན། འབངས་མི་རྣམས་བཀྲེས་ལྟོགས་ཀྱི་ཤི་མི་དགོས་པར། ཞོག་ཁོག་གི་ཚོས་པོ་ཟ་རྒྱུ་ཡོད་པར་མ་ཟད། ད་དུང་དེའི་སྟེང་དུ་ཚགས་ཤ་སྣོན་མ་རྒྱག་རྒྱུ་ཡོད་ཟེར་ནས་བཤད་པ་རེད་ཟེར། འོན་ཀྱང་མོའི་རྒད་པོས་དེའི་ལན་ལ། ཁུངས་མེད་གཏན་མཆལ་མ་བརྗོད་ཅིག། དམག་ཆེན་གཉིས་པ་སོགས་ཀྱི་གནམ་ས་བླ་འོག་འགྱུར་བཞིན་པ་ལ་ལྟོས་དང་། མང་ཚོགས་ཕྱུག་བསྒྱུར་ཟེར་བ྄དང་མ་རྩ་རིང་ལུགས་ཟེར་བ་དེ་ཡོང་ཐབས་རྩ་ནས་མེད་པའི་སྐད་ཆ་རེད་ཟེར་ནས་ལན་རྒྱབ་པ་རེད་ཟེར༽
སི་ཏ་ལེན་འདིས་མི་མང་པོ་བསད་བསད་པའི་མཐའ་ལ་ཁོ་རང་ཡང་ཧེ་ལེ་ཤོ་ཧྥུའུ་ལག་འོག་ནས་ཤི འོན་ཀྱང་མོའི་རྒད་པོས་བཙན་སྙོམས་མང་པོ་བསད་ན་ཡང་མི་གཅིག་གིས་ཀྱང་བསད་ཐུབ་མེད། ངོ་ནས་མིའི་སེམས་ཁམས་བཅོས་བསྒྱུར་བྱེད་སྟངས་ཡ་མཚན་རེད་ཡ། ད་དུང་ཤི་དུས་ན་མི་མང་པོ་ངུ་བཞིན་པ་རེད།
ངས་་དངོས་གནས་མི་དེ་ཚོའི་འདྲ་པར་མཐོང་མ་ཐག་ཞེ་སྣང་དང་སྐྲགས་སྣང་གིས་ཁོང་འཁྲོ་ཡང་ལང་གིན་འདུག
གོང་གི་སྟག་ར་ཟེར་བ་དེ་དང་དེ་ལྟ་བུའི་གྲས་དེས་རང་རང་གིས་མི་ཞིག་གི་རིག་པ་ལ་ཁ་གཏད་མ་ཆོག དྲི་བ་ལ་ལན་མ་ཐེབས། ལོ་རྒྱུས་ལ་ཁུངས་སྐྱེལ་དཔང་རྟགས་བསྟན་རྒྱུ་མ་རྙེད་དུས་ཆོས་རྒྱུད་གྲུབ་མཐའ་ཆེན་པོ་ཞིག་རང་གི་རྒྱབ་ལ་ཁུར། མིའི་རྒྱབ་ལ་བཏགས་ཏེ་འཇིགས་སྐུལ་བྱེད་པ་དེ་ཁོ་ཚོའི་གྲས་ཀྱི་འཐབ་བྱུས་ཡོད་ན་མེད་ན་ཞིག་རེད། ང་དགེ་ལུགས་པ་མིན། རྙིང་མ་པ་མིན། ས་སྐྱ་པ་མིན། ང་བར་སྐབས་ཤིག་ལ་ཆོས་མེད་སྨྲ་བར་གྱུར་སོང་། དེང་སྐབས་ནང་པ་ལ་དད་པ་ཅུང་ཟད་ཐོབ་པ་དང་བོན་ལུགས་ལ་དོ་སྣང་ཆེན་པོ་ཞིག་སླེབས་ཡོད་པའི་སྒང་ཡིན། ཡིན་ན་ཡང་ངས་སངས་རྒྱས་པའི་གཞུང་ནས་བཤད་ཚད་ཚང་མ་ཁས་མི་ལེན། ང་དགེ་ལུགས་པ་མ་ཡིན་སྟབས་ངས་དགེ་ལུགས་པའི་ལས་འགན་ངས་འཁུར་མི་ཐུབ་ལ་ང་རྙིང་མ་པ་མ་ཡིན་པས་ངས་རྙིང་མ་པའི་ལ་རྒྱ་དེ་བས་ཀྱང་འཚོ་འདོད་མེད། མདོར་ན་ང་ནི་བདེན་པ་འཚོལ་མཁན་ཞིག་དང་དཔང་རྟགས་བཙལ་མཁན་ཞིག་ཡིན། ཁྱོད་ཚོ་མ་དགའ་ན་ཡང་བྱ་རྒྱུ་ཡོད་པ་མ་རེད། ང་རྩོད་པ་ལས་རྒྱལ་ཆེད་རྩོད་པ་རྒྱག་རྒྱུར་མི་དགའ། ཡིན་ན་ཡང་ངས་བདེན་པ་རྙེད་ཆེད་རྩོད་པ་རྒྱག་རྒྱུར་ཧ་ཅང་དགའ།
བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར༎
མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན༎
གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན༎
གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད།
ཅེས་པ་འདི་ངའི་རྒྱུན་གྱི་ཉམས་ལེན་ཞིག་ཡིན།
ད་ཡང་ང་ཚོའི་སྐད་ཆའི་ཁ་ཕྱོགས་འགྱུར་འགྲོ་རྒྱུ་རེད། དེ་བས་རྣམ་པ་གཉི་ཀས་སྐབས་དོན་གྱི་ཐོག་ལ་བསམ་ཚུལ་གསུངས་རོགས། གྲུབ་མཐའི་ཆགས་སྡང་ཁོ་ན་བཤད་བསྡད་པས་ཕན་ཐོག་བྱུང་མེད་ལ་འབྱུང་རྒྱུ་ཡང་མེད། དེ་བས་མའོ་ཡི་མི་ཚེ་དང་འུ་ཚོའི་ལས་དབང་ཐད་བསམ་ཚུལ་བརྗོད་རོགས།
མའོ་ཡན་ཨན་ས་ཕུག་ཏུ་འཛུལ་ནས་འཇབ་དམག་ཆུང་ཆུང་རེ་རྒྱག་བཞིན་པའི་སྐབས་དེར་ཨ་རིའི་གསར་འགོད་པ་སྙིང་སྟོབས་སི་ནོ་ཟེར་བ་དེ་ཨན་ཡན་ལ་སོང་ནས་མའོ་ལ་བཅར་འདྲི་མང་པོ་ཞིག་བྱས་པའི་ཁྲོད་དུ། ་ར་ཤི་ཡའི་རྒྱབ་སྐྱོར་ཡོད་མེད་སྐོར་དྲིས་པའི་ལན་དུ་མའོ་ཡིས། ང་ཚོའི་ཕྱོགས་བཞི་གོ་མིན་ཏང་གིས་བསྐོར་ཡོད་པས་ར་ཤི་ཡའི་མཚོན་ཆ་སོགས་ཐར་ས་མེད་ལབ་འདུག ཡིན་ན་ཡང་མའོ་ཆུང་དུས་སུ་ར་ཤི་ཡའི་རྒྱབ་སྐྱོར་ཡོད་སྲིད། དཔེར་ན་འབའ་བ་ཕུན་དབང་ཡང་ར་ཤི་ཡའི་གཞུང་ཚབ་ཁང་དུ་སོང་དུས་ཁོ་ཚོས་དངུལ་ག་ཚོད་སྤྲད་འདུག མའོ་ཡི་རྩོམ་ཡིག་གྲགས་ཅན་ཞིག་ནི་ཧུའུ་ནན་གྱི་ཞིང་པའི་གནད་དོན་སྐོར་བཤད་པ་ཞེས་པ་ཞིག་ཡོད་པ་དེ་ཡིན་ལུགས་ཐེངས་མང་ཐོས་མྱོང་ཡང་རྒན་རྒྱལ་ཁམས་པས་དེ་དྲངས་མི་འདུག རྩོམ་ཡིག་དེ་དབྱིན་ཡིག་ཆོགས་སུ་བསྒྱུར་ཏེ་སྐབས་ཤིག་རིང་ནུབ་ཕྱོགས་སྤྱི་ཚོགས་སུ་ཡང་སྐད་གྲགས་ཆོད་ཡོད་ལུགས་ཟེར།
ཆོགས་སུ་་་་་་་་་་་་སོགས་སུ་
རྒྱ་ནག་གི་སྤྱི་ཚོགས་ཁྲོད་དུ་མའོ་ཡི་གཏམ་རྒྱུད་ཡིད་སྒུལ་ནུས་པ་མང་པོ་ཞིག་ཡོད་ཅིང་། ཁོ་ཆུང་དུས་ཟོག་རྫིར་སོང་བའི་སྐབས་ཀྱི་གཏམ་རྒྱུད་རྣམས་ནི་དེ་བས་ཀྱང་ཡིད་འགུལ་ནུས་པ་ཞིག་ཡིན། འོན་ཀྱང་འདི་དག་ཡོད་ཚད་རྫུན་བཟོ་བྱས་པ་ཞིག་ཡིན་པ་ག་ལེ་ག་ལེར་གསལ་བར་གྱུར་ཅིང་། དེ་དང་འདྲ་བར་རྫུན་བཟོའི་མི་སྣའང་མང་པོ་ཞིག་ཡོད་དེ། དཔེར་ན་དཔའ་མོ(刘胡兰)དང་དཔའ་བོ་(黄继光)དང་དཔེ་བཟང་ཅན(雷锋)སོགས་ལྟ་བུ་རེད། འདི་དག་ཡོད་ཚད་རྒྱ་མི་རིགས་ལ་མི་རིགས་རིང་ལུགས་ཀྱི་བསམ་བློ་དང་རྒྱལ་ཞེན་གྱི་བསམ་བློ་སྐུལ་འདེད་ཀྱི་ཆེད་དུ་རྟོག་བཟོ་བྱས་པ་ཞིག་རེད་ལ། དེའི་ཤུགས་རྐྱེན་ཡང་ཧ་ཅང་རྒྱ་ཆེར་ཁྱབ་ཡོད། ཡིན་ན་ཡང་དེང་སང་རྒྱ་ནག་གི་གཞོན་སྐྱེས་རྣམས་དང་ལྷག་པར་དུ་ཤེས་ཡོན་ཅན་གྱི་ཁྲོད་དུ་གཏམ་རྒྱུད་འདི་དག་རྫུན་གཏམ་འབའ་ཞིག་ཡིན་པ་ཡོངས་གྲགས་སུ་གྱུར་ཡོད་ཅིང་། སློབ་ཆུང་གི་སློབ་དེབ་ཁག་ཏུའང་རིམ་བཞིན་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད།
འགྲོ་བ་མིའི་ལོ་རྒྱུས་ནང་ལ་མི་སྤྱོད་འདས་པའི་དྲག་པོའི་ལས་ངན་སྤེན་མཁན་བདུན་རྒན་མའོ་མིང་ཐོས་པ་མིང་་ཙམ་ཡང་ངས་ཐོས་འདོད་་མི་འདུག རང་ཅག་བོད་མི་རྣམས་ལ་མཚོན་ན་ཁོས་བརྩམས་པའི་བྱ་ངན་དེའི་ངན་འབྲས་ད་ལྟ་ཡང་མྱོང་བཞིན་ཡོད། བདུན་རྒན།་
མའོ་ཡི་ཨ་མ་དེ་ནང་པའི་ཆོས་ལ་དད་པ་རྩེ་གཅིག་ཏུ་བྱེད་མཁན་ཞིག་དང་ཨ་ཕ་དེ་ཐོག་མར་ཆོས་དད་མེད་པ་ཞིག་རེད་འདུག ཉིན་ཞིག་ཁོ་ཕྱི་ལོགས་སུ་བུ་ལོན་འདེད་པར་ཕྱིན་ནས་ལོག་ཡོང་དུས་ལམ་དུ་སྟག་ཅིག་དང་འཕྲད་འདུག སྟག་དེས་ཁོ་མཐོང་མ་ཐག་བྲོས་སོང་བས། དེ་ནས་ནང་དུ་ལོག་ཞོར་ཡུལ་ལྷ་གཞི་བདག་ང་ལ་ཁྲོས་འདུག་བསམ་ཏེ་དེ་ནས་བཟུང་ཕ་རྒན་ཡང་ཆོས་དད་པ་ཞིག་ཆགས་སོང་ཞེས་མའོ་ཡིས་ཨ་རིའི་གསར་འགོད་པ་སི་ནོ་ལ་བརྗོད་འདུག
མ་འོ་ཙེ་ཏུང་ཞེས་པ་འདི། རྒྱུན་ལྡན་ཐ་མ་འཐེན་ལ་དགའ་བ་དང། ཁོས་བརླབས་ཆེ་བའི་འཆར་འགོད་ཀྱི་མནོ་བསམ་གཏོང་ཚེ། ཐ་མག་གི་ཞུགས་མེས་ཁོའི་ལག་མགོ་ཀྱང་ཚིག་འགྲོ་བའི་སྐད་ཆ་ཤོད་མཁན་འདུག དེ་བདེན་པ་ཡིན་ནམ་མིན། དེའི་སྐོར་དྲྭ་གྲོགས་ཚོས་ཏོག་ཙམ་གསུངས་གནང་རོགས། རྒྱ་ནག་གིས་དམག་དཔུང་གིས་བོད་ས་ཡོངས་རྫོགས་བདག་དབང་བྱས་ཏེ། དམག་དཔོན་རྣམས་རང་གནས་སུ་ལོག་མཚམས། མའོ་ནས་དམག་དཔོན་ཞིག་ལ་གནས་ཚུལ་ཇི་བྱུང་གི་གཏམ་གླེང་བྱས་སྐབས། དམག་དཔོན་དེས་བོད་དབང་བསྒྱུར་བྱས་ནས་རྒྱལ་ཁ་གུང་ཕྲན་ཏང་ལ་ཐོབ་ཚུལ་གྱི་བཀའ་ལན་ཞུས་པ་མ་ཟད། རྒྱལ་བ་རིན་པོ་ཆེ་བྲོས་བྱོལ་དུ་ཕྱིན་ཚར་བའི་གནས་ཚུལ་ཀྱང་བཤད་ཕྲལ། མའོ་ཡིས་དེ་ནི་གྲུང་ཕྲན་གྱི་རྒྱལ་ཁ་མ་ཡིན་ཕམ་ཁ་རགས་པ་རེད་ཅེས་ཤོད་པ་གོ་ཐོས་བྱུང་བས། དངོས་བདེན་ཡིན་མིན་གྱི་བསམ་ཚུལ་དང་བློ་བསྐྱེད་གནང་བའི་རེ་བ་ཞུ།
དྲ་ལྟ་ཚོ་སི་ཏ་ལེན་གྱི་བུ་མོ་ཨ་རིར་སྐྱབས་བཅོལ་དུ་ཡོང་ནས་དེང་སང་ནེའུ་ཡོག་གྲོང་ཁྱེར་བྷོར་ཁུ་ལེན་ན་ཡོད་ཟེར། རྒན་མོ་རྒན་མོ་རང་རེད་འདུག
དེ་རིང་བསླར་ཡང་དུས་རབས་ཕྱེད་ཀ་ལྷག་གི་སྐད་ཆ་རྙིང་བ་ཅིག་བསྐྱར་དུ་གླེང་མགོ་བཙུགས་འདུག
སྐད་ཆ་འདི་མ་གཞི་རྙིང་བ་རྙིང་གོག་ཅིག་རེད་དེའི། མི་རྣམས་ཀྱི་སེམས་ནང་ན་ད་དུང་ཡང་ལྷམ་མེར་ལྷན་ནེར་གསལ་ལྷང་ལྷང་ངང་ལྗིད་ཏིག་གེར་གནས་ཡོད།
ཡིན་ནའང་། གོང་གི་འདྲ་པར་ཆེན་པོ་ལྔའི་མི་སྣ་ལྔ་བོ་ཚང་མ་རླབས་ཆེན་ཡིན་མིན་དང་བརྩི་བཀུར་འོས་མིན། བསམ་བློའི་དམིགས་ཡུལ་དང་ལག་ལེན་གི་མཐའ་འབྲས་སོགས་ཕྱོགས་ཀུན་ནས་འདྲ་འདྲ་ཡིན་ས་མ་རེད།
དེ་རྣམས་ཀྱི་ཁྲོད་ནས་དཔར་་དང་པོ་དང་གཉིས་པ་གཉིས་སྟེ་་་མྰ་ཁེ་སི་དང་་ཨིན་ཁེ་སི་རྣམ་པ་གཉིས་ནི་གཞན་གསུམ་པོ་དང་བསྡུར་ཐབས་ཡོད་པ་མ་རེད། ཁོང་གཉིས་ལ་མིའི་རིགས་གི་བསམ་བློའི་ཐོག་ནས་གུས་བཀུར་རང་ཞུས་ན་འགྲིག་གི་རེད། དེ་ནས་་་ལེ་ཉིན་དང་་་སི་ཏ་ལིན་་་གཉིས་ལ་ནི་བཀུར་བསྟོད་ཀྱི་གནས་སྐར་གང་ཡང་ལྷག་ཡོད་མ་རེད། མའོ་ཙེ་ཏུང་ནི་་་ཁོང་གི་མི་ཚེ་ཧྲིལ་པོའི་ཁྱོན་ཡོངས་ནས་བལྟས་ན་སྤྱི་ལོ་ཞེ་དགུ་ལོའི་གོང་སྟེ་ཀྲང་གོ་རྒྱལ་ཁབ་མ་བཙུགས་ཡར་སྔོན་གི་ལས་ཀ་དང་དམིགས་ཡུལ་ཚང་མ་ལྷག་བསམ་རྣམ་དག་གིས་བསྒྲུབས་ཡོད་པར་བརྩིས་ན་འགྲིག་གི་རེད་བསམས། སྤྱི་ལོ་ཞེ་དགུ་ལོར་རྒྱལ་ཁབ་བཙུགས་རྗེས་སུ་ཁོང་གི་ལས་དོན་ལ་ནོར་འཁྲུལ་ཁ་ཤས་ཤོར་བ་རེད། དཔེར་ན་རིག་གནས་གསར་བརྗེ་ཆེན་མོ་སོགས་ལྟ་བུ་རེད།
མའོ་སྡིག་ཅན་འདི་རྒྱ་ནག་ཏུ་སྐྱེས་པ་དང་ཁོ་པ་པེ་ཅིང་སློབ་གྲའི་དཔེ་མཛོད་ཁང་དུ་སླེབས་པ་ནས་བཟུང་སྤྱི་ལོ་༡༩༢༡ལོ་ཧྲང་ཧད་དུ་རྒྱ་དམར་གུང་བྲན་ཏང་གི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་ནས་རྒྱ་ནག་མི་མང་ལ་ཆག་སྒོའི་འདྲེ་གྲིབ་འཕོག་པ་རེད་མའོ་ཡི་དམར་ཤོག་ལྟ་བའི་རིགས་པའི་གཞུང་ལུགས་ནི་རྒྱ་ནག་ནས་བྱུང་བ་ཞིག་མིན་པར་ཕྱི་ནས་རྒྱ་ནག་ནང་མའོ་ཁོ་པས་དར་སྤེལ་བཙན་འགེལ་བྱས་པ་དང་རྒྱ་ནག་མི་མང་རྣམས་བཙན་འཛུལ་རང་བཞིན་གྱི་རིགས་གཞུང་དེའི་དབང་འོག་ནས་སྐྱོབ་ཀྱི་ཡོད་པའི་འུར་སྒྲོག་བྱས་ནས་མི་མང་རྣམས་དམྱལ་ཁམས་ནང་དུ་སྐྱེལ་བ་རེད་དངོས་འབྲེལ་རྒྱ་ནག་མི་མང་སྐྱོབ་མཁན་ནི་ཅང་གིས་བཏོན་པའི་མི་སེར་དོན་གསུམ་གྱི་རིགས་གཞུང་དེ་རེད་ཨེ་རེད་མ་རེད་དོན་དངོས་ལ་བལྟ་དགོས་པ་རེད་དམར་ཤོག་པ་མའོ་ནས་ཧུ་ཅིང་ཐོ་བར་ཚང་མས་གཞན་གི་བྱས་རྗེས་དང་རྒྱལ་ཁ་ཡོངས་རྫོགས་རྣམས་དམར་ཤོག་པ་དང་ཇག་འགོ་ཚོའི་བྱས་རྗེས་སུ་སྒྲོག་པ་དང་འུར་བསྟོད་ཁོ་ན་བྱེད་ཀྱི་ཡོད་པ་རེད་དེང་སྐབས་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་རྣམས་གུང་ཏང་འགོ་ཁྲིད་འོག་བྱུང་ལུགས་ཤོད་པ་ནི་སྐྱག་རྫུན་ཤོད་རྒྱུར་གོམས་གཤིས་ལོ་ངོ་དགུ་བཅུའི་མྱོང་བ་ཡོད་པའི་ཇག་ཚོགས་ངོ་ཚ་རྒྱུ་མེད་པའི་མི་ངན་མཁྲེགས་འཛིན་ཚོས་བྱེད་ཀྱི་ཡོད་པ་རེད་རྒྱ་ནག་གི་ཡར་རྒྱས་ནི་ངལ་སྩོལ་མི་མང་དང་བཟོ་པ་ཚོས་དཀའ་སྤྱད་ལ་རྟེན་ནས་བྱུང་བ་རེད་ངོ་ཚ་རྒྱུ་མེད་པའི་མི་དེ་ཚོས་ད་དུང་མི་མང་ལ་དྲིན་བསྐྱང་ཡོད་མདོག་མདོག་གི་ངོ་གདོང་བསྟན་གྱི་ཡོད་པའི་གདོང་འབག་གི་ཐུག་པ་ལ་ཨང་།།།
ངས་་སྐད་ཆ་འདི་་རང་ཉིད་བོད་པ་ཞིག་ཡིན་པས་ཆ་ནས་ཤོད་པ་མ་ཡིན་པར་རང་ཉིད་སྤྱིར་སྟངས་གི་མི་ཞིག་ཡིན་པས་ཆ་ནས་ཤོད་གི་ཡོད།
གྲོགས་ཀླུ་སྨྱོན་གྱིས་བཤད་པ་ལྟར། རྗེས་སི་སུ་ལོ་ན་ཆུང་སྐབས་ཀྱི་ལོ་རྒྱུས་ཁག་ཅིག་ཡུ་ཤིའི་ཆོས་རིག་དང་། ལོ་རྒྱུས་ནང་གསལ་གི་ཡོད་པ་མ་རེད། དུས་ཚོད་དེའི་རིང་ཁོང་རྒྱ་གར་དང་བོད་ཡུལ་དུ་ཕེབས་པར་འདོད་མཁན་ཁ་ཤས་ཤིག་འདུག དེ་ཚོ་ཡོངས་གྲགས་ཁས་ལེན་གི་ཡོད་པ་མ་རེད། བོད་ལ་ནི་དུས་རབས་བདུན་པའི་ནང་གཞི་ནས་སངས་རྒྱས་ཆོས་ལུགས་དར་བ་རེད། གལ་སྲིད་ཁོང་གིས་ནང་ཆོས་སློབ་སྦྱོང་བྱས་པ་བདེན་པ་ཞིག་ཡིན་ན། དེ་ནི་ངེས་པར་རྒྱ་གར་ནང་ཡིན་དགོས་པ་འདྲ། འདི་སྐོར་ཞིབ་འཇུག་རེ་གནང་ཐུབ་ན་གནས་ཚུལ་ངོ་མཚར་བ་རེ་རྙེད་རྒྱུ་ཡོད་ན་ཐང་།
མཁས་པ་ལ་དྭགས་པས་གསུངས་པ་དེ། སྐད་ཆ་གསར་བ་ཞིག་རེད། ཉིད་ཀྱིས་རྗེ་སུ་སིའི་མི་ཚེའི་ལོ་རྒྱུས་དང་། ལྷག་པར་ཁོང་གི་ཀུན་སྤྱོད་དང། ནང་བའི་ཆོས་ཀྱི་བར་དངོས་དོན་གྱི་འབྲེལ་ལམ་བྱུང་ཡོད་མེད་ཐད། དཔྱད་བརྗོད་ཅིག་སྤེལ་གནངས་ན་ཕན་ཐོགས་ཆེ་བར་འདོད། ཐུགས་རྗེ་ཆེ།
ཚངས་དབྱངས་ལགས། ཁྱེད་ཀྱིས་གསུངས་པའི་དཔེ་ཆ་དེ་ང་ཚོའི་དཔེ་མཛོད་ན་ཡོད། ངས་ཀློག་མ་མྱོང་། ཉིད་ཀྱི་གསུང་ལ་གཞིགས་ན་དཔེ་དེབ་དེ་ཀློག་དགོས་ངེས་ཤིག་རེད་འདུག ཁོམ་ལོང་འདྲ་བྱུང་ན་ཅིག་ཀློག་གི་ཡིན། ངས་བསམས་པར། སྐུ་མདུན་གྱི༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང༽ན། བོད་ནང་བྱུང་བའི་དོན་དག་ཚབས་ཆེན་མང་བོ་ཞིག་མའོ་ཚེ་ཏུང་གི་བསམ་ཚུལ་ངོ་མ་དེ་ཡིན་མིན་དྭོགས་སློང་གནང་ཡོད་པ་ལྟར། མའོའི་བོད་ལ་འཛིན་པའི་སྲིད་ཇུས་ངོ་མ་དེ་ཅི་ལྟ་བུ་ཞིག་ཡིན་མིན་དང་། ཁོང་གི་ཀུན་སྤྱོད་ནང་ང་ཚོ་བོད་པས་མིག་ལྟོས་བྱ་དགོས་པ་གང་ཞིག་ཡོད་མེད་སོགས། ཞལ་གསལ་བོའི་ཐོག་ནས་གསུང་ཐུབ་ན་ཕན་ཆ་ཡོད་པར་འདོད།
དྲྭ་གྲོགས་བཀྲ་ཤིས་ལགས། ངས་ཀློག་བཞིན་པའི་དེབ་དེ་ནི། མའོ་ཙེ་ཏུང་གི་སྒེར་སྨན་སྐུ་ཞབས་Li Zhisuiམཆོག་གིས་བརྩམས་དེབ་ཁ་བྱང་ལ༼The private Life of Chairman Mao༽ཞེས་པ་དེ་རེད། ཉིད་ཀྱིས་གསུངས་པའི་དེབ་དེ་ངས་ཀློག་མ་མྱོང། ཀློག་འདོད་ཆེ། གལ་སྲིད་ཉིད་ལ་གོ་སྐབས་འདྲ་ལྡན་ན། གོང་གི་དེབ་དེ་ཅིག་ཀློག་དང་གནས་ཚུལ་ཡ་མཚན་ཅན་མང་བོ་ཞིག་འདུག
མཆན་པ་སྙན་གྲགས་ཅན་སྐུ་ཞབས་གཞོན་ནུ་ཟླ་མེད་ལགས་ཕེབས་ནས་དགོངས་ཚུལ་གསུངས་པར་དགའ་སྤྲོ་འཕེལ། ཉིད་ནས་དེ་སྐོར་གང་མང་མང་ཞིག་གསུང་གནང་ཡོང་བའི་རེ་བ་ཡོད།
རྔ་བ་པས་བྲིས་པའི་རྩོམ་འདིའི་ཞེ་དྲག་ཕན་བྱུང་། རེག་རྒྱུ་ཐོབ་རྒྱུ་བསམ་རྒྱུ་མང་པོ་འདུག དེ་དང་མཉམ་དུ་བསམ་ཚུལ་ག་རེ་བྱུང་ལབ་ན།
མོའི་སྒེར་སྨན་གྱིས་བརྩམས་པའི་དབྱིན་དེབ་དེ་བོད་བསྒྱུར་བྱེད་རོགས་ཞེས་སྐུལ་མ་བྱེད་འདོད་བྱུང་། ལས་གཞི་འདི་འདྲ་ཞིག་འགོ་འཛུགས་ཐུབ་པ་ཡིན་ན། གི་གུ་ན་རོ་མ་གཏོགས་མི་ཤེས་མཁན་ང་འདྲ་བས་ཀྱང་རམ་འདེགས་གང་ཡོང་ཞུ་ངེས་ཡིན།
གསང་བ་བསྔོགས་པ་ཞེས་པ་དེ་ལེགས་པོ་འདུག
ཁྱེད་ཚོས་ཀླུ་སྨྱོན་གྱིས་བཏོན་པའི་དྲ་བརྙན་མ་བལྟ་བར་འགག་པ་རྒྱག་འདུག རྒྱ་གར་སློབ་དཔོན་དེས་གསུང་ན་ཡེ་ཤུས་ནལེནྜ་རྒྱལ་ས་ལས་ནལེནྜ་གཙུག་ལག་ཁང་ལ་སློབ་གཉེར་གནང་བ་མིན་ཞིང་དུས་དེ་ནི་གྷུཔ་ཏའི་རྒྱལ་རབས་སྐབས་ཡིན་པ་དང་རྒྱ་གར་སྤྱི་དང་ལྷག་པར་ནལེནྜ་རྒྱལ་ས་དེ་ཚོང་དང་ཤེས་ཡོན་གཉིས་ཀའི་ཐད་ཧ་ཅང་གལ་ཆེན་པོ་དང་དར་ཁྱབ་ཆེན་པོ་ཡིན་པར་གསུང་འདུག
ཁ་སང་རྩོམ་ཡིག་འདི་ཀློག་ཀྱང་བསམ་ཚུལ་འབྲི་ཁོམ་མ་བྱུང་། རྩོམ་ཡིག་འདི་ཡིད་འགུག་གི་ནུས་པ་ལྡན་པའི་གནས་ཚུལ་ཡག་པོ་བྲིས་འདུག་པས་མགོ་འཇུག་བར་གསུམ་དུ་ཉོབ་སྣང་རྩ་མ་ནས་བྱུང་།
དམག་རྒྱུད་རིང་ལུགས་དང་རྒྱ་སྐྱེད་པ། སྟོབས་ཤུགས་ཀྱིས་འཇིག་རྟེན་འདུལ་མཁན་ཞིག་ལ་མཚོན་པའི་ཁྱད་ཆོས་ཀུན་མཱོ་ལ་མཚོན་པ་མ་ཟད། ཆོད་སེམས་ལྡན་ལ་སྤྱང་གྲུང་འཛོམས་པའི་དགྲ་བོའི་སྔོན་འགོག་གི་ཐབས་ཇིས་རྒོད་པ་མཐོང་བས་ཁོང་འདྲ་ཞིག་བོད་ལ་ཡོད་ན་ཅི་མ་རུང་སྙམ་པའི་འགྲམ་ཆུ་ངང་གིས་ཤོར་ལ་ཁོང་འདྲ་བོད་ཡོད་ན་འདི་ལྟར་དཀའ་ངལ་འཕྲད་མེད་པ་སེམས། འོན་ཀྱང་དད་པའི་རྒྱལ་ཁབ་བོད་པའི་སྤྱི་ཚོགས་ཁྲོད་འདི་ལྟར་དགྲ་འགོག་གི་ནུས་པ་ལྡན་པའི་མི་ཞིག་སྤྱི་ཚོགས་ཧྲུལ་བོ་འགྱུར་བ་མ་ཕྱིན་པ་དེ་སྲིད་དུ་བྱུང་ཐུབ་མི་ཐུབ་པ་སེམས་ནས་ཤུགས་རིང་ཞིག་ངང་གིས་ཤོར།
དགོངས་དག ནོར་འདུག
ཁ་སང་རྩོམ་ཡིག་འདི་ཀློག་ཀྱང་བསམ་ཚུལ་འབྲི་ཁོམ་མ་བྱུང་། རྩོམ་ཡིག་འདི་ཡིད་འགུག་གི་ནུས་པ་ལྡན་པའི་གནས་ཚུལ་ཡག་པོ་བྲིས་འདུག་པས་མགོ་འཇུག་བར་གསུམ་དུ་ཉོབ་སྣང་རྩ་བ་ནས་མ་་བྱུང་།
དམག་རྒྱུད་རིང་ལུགས་དང་རྒྱ་སྐྱེད་པ། སྟོབས་ཤུགས་ཀྱིས་འཇིག་རྟེན་འདུལ་མཁན་ཞིག་ལ་མཚོན་པའི་ཁྱད་ཆོས་ཀུན་མཱོ་ལ་མཚོན་པ་མ་ཟད། ཆོད་སེམས་ལྡན་ལ་སྤྱང་གྲུང་འཛོམས་པའི་དགྲ་བོའི་སྔོན་འགོག་གི་ཐབས་ཇིས་རྒོད་པ་མཐོང་བས་ཁོང་འདྲ་ཞིག་བོད་ལ་ཡོད་ན་ཅི་མ་རུང་སྙམ་པའི་འགྲམ་ཆུ་ངང་གིས་ཤོར་ལ་ཁོང་འདྲ་བོད་ཡོད་ན་འདི་ལྟར་དཀའ་ངལ་འཕྲད་མེད་པ་སེམས། འོན་ཀྱང་དད་པའི་རྒྱལ་ཁབ་བོད་པའི་སྤྱི་ཚོགས་ཁྲོད་འདི་ལྟར་དགྲ་འགོག་གི་ནུས་པ་ལྡན་པའི་མི་ཞིག་སྤྱི་ཚོགས་ཧྲུལ་བོ་འགྱུར་བ་མ་ཕྱིན་པ་དེ་སྲིད་དུ་བྱུང་ཐུབ་མི་ཐུབ་པ་སེམས་ནས་ཤུགས་རིང་ཞིག་ངང་གིས་ཤོར།
དངོས་གནས་བཤད་ན་མའོས་རྒྱ་ནག་ལ་དབང་བསྒྱུར་བ་ནས་བཟུང་། བོད་བཙན་གནོན་བྱེད་རྒྱུའི་སེམས་ཐག་བཅད་འདུག འོན་ཏེ་ཁོ་ལ་དཀའ་ངལ་ཆེན་པོ་ཞིག་ཡོད་པ་ནི། རྒྱ་དམག་ཚོར་བོད་རི་མཐོ་ལུང་ཟབ་ཀྱི་རྒྱལ་ཁམས་ནང་འགྲིམ་འགྲུལ་ཀྱི་ལམ་ཁ་མེད་པ་དང་གཅིག ས་རྒྱུས་མེད་པ་དང་གཉིས། གནམ་གཤིས་གྲང་བ་དང་གསུམ། སྲོག་རླུང་གིས་ལྡང་དཀའ་བ་དང་བཞི། བོད་དམག་ཚོ་མཐོ་སྒང་ན་དམག་འཐབ་ཨང་སར་ཡོད་པ་སོགས་ལས། ཁོས་ཞི་གྲོས་ཀྱི་གཡོ་ཐབས་ཤིག་འཁྲབ་སྟེ། རྒྱལ་བ་རིན་པོ་ཆེ་བོད་ཀྱི་བསམ་བློའི་གཙོ་འཛིན་དང་། དབུ་ཁྲིད་ཡིན་པར་ཁས་བླངས་པ་དང་། སྐུ་མདུན་ལ་གློག་བརྙན་སྟོན་ཆས་ཤིག་འཚམས་རྟགས་སུ་སྐུར་བ་དང་ཆབས་ཅིག བོད་ཀྱི་སྐུ་ཚབ་ཚོར་ཡང་ཁ་ཡག་ངོ་དགའ་ལྟ་བུའི་གཡོ་ཇུས་ཤིག་བྱས་འདུག ཡིན་རྒྱུན་ནི་སྐབས་དེར་ཁོས་ཨུ་རུ་སུའི་དམར་གཙོ་སུ་ཏྲ་ལེན་ལ། དྲག་ཤུགས་ལས་བོད་དབང་བསྐྱུར་བྱ་རྒྱུའི་གྲ་སྒྲིག་འཐེན་བཞིན་ཡོད་པ་དང་། དམག་ཆས་སྐྱེལ་འདྲེན་ཆེད་ཨུ་རུ་སུས་མཁའ་འགྲུལ་གྱི་རོགས་སྐྱོར་ཡོང་བའི་འབོད་སྐུལ་བྱས་པའི་ལན་དུ། སུ་ཏྲ་ལེན་གྱིས། ཁྱོད་ཀྱིས་བོད་ལ་དྲག་རྒོལ་བྱ་རྒྱུའི་ལས་གྲྭ་སྒྲིག་བཞིན་པ་ཡག་པོ་རེད། བོད་དེ་དབང་འོག་ཏུ་བསྡུས་དགོས་ངེས་ཤིག་རེད། ཅེས་ལན་བཏབས་འདུག
དྲྭ་གྲོགས་ཤར་ཕྱོགས་ཁུག་རྟ་ལགས། ཉིད་ཀྱིས་དགོངས་འཆར་གསུངས་པར་ཐུགས་རྗེ་ཆེ་ཞུ། དེབ་འདིར་ཤོག་གྲངས་དྲུག་བརྒྱ་ལྷག་ཅིག་ཡོད་སྟབས། དུས་ཚོད་ཀྱི་དབང་གིས་ཆ་ཚང་བསྒྱུར་ཐབས་མ་ལྡན་ཀྱང་། བརྗོད་རྙིང་གཙོ་གྲས་ཁག་ངས་ཁྱེད་རྣམ་པའི་སྤྱན་ལམ་དུ་བསྟར་ཐུབ་ན་སྙམ་པའི་སེམས་ཤུགས་ཡོད། ཁྱེད་ཀྱི་རྒྱབ་སྐྱོར་དང་སེམས་ཤུགས་ལ་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
དྲྭ་གྲོགས་ཨ་ནུ་ཐང་བསོད་ནམས་ལགས། བཀྲ་ཤིས་བདེ་ལེགས། ཁྱེད་ཕེབས་ནས་དགོངས་འཆར་ཞིག་གསུངས་འདུག་པར་སེམས་དགའ་ཡོད། ཉིད་ཀྱི་བློ་རྒྱ་དང་སེམས་ཤུགས་ལ་ཡི་རངས་བྱེད། ནམ་ཞིག་མཇལ་བའི་རེ་སྨོན་བཅས།
མའོ་ཙེ་ཏུང་འདི་ཉིན་མཚན་མགོ་རྔ་བརྗེས་བསྡད་ནི་ཞིག་རེད་འདུག མཚན་མོ་ཉལ་ཤིན་ཏུ་ཕྱི་བོ། ཕྱི་ཉིན་ཉིན་གོང་ཆུ་ཚོད་གསུམ་པ་ཡས་མས་ཤིག་ཏུ་མལ་ལས་ལྡང་རྗེས། ཞོགས་ཟས་དང་གྲོས་ཇ་གཅིག་ཆོག་ཏུ་བཟའ་བ། ནམ་རྒྱུན་གཟུགས་པོ་དང་སོ་མི་བཀྲུ་མཁན། ཐ་མག་ཧ་ཅང་མང་བོ་འཐེན་པ། ནད་ཀྱིས་མནར་ཀྱང་སྨན་པའི་ངག་ལ་ཆེར་མི་ཉན། ཟས་ཟོས་རྗེས་ཇ་ཁུ་ནག་པོ་ཁམ་འགས་ཁ་དཀྲིག་དཀྲིག་གིས་སོ་བཀྲུ་བ་ཙམ་ལས་སོ་བཀྲུ་བེད་སྤྱོད་མི་བྱེད། སྨན་པས་སོ་ངེས་པར་བཀྲུ་དགོས་པའི་སློབ་སྟོན་བྱས་པར། མའོས། སྟག་གིས་སོ་ནམ་ཡང་བཀྲུ་མ་མྱོང་། འོན་ཀྱང་། སྟག་གི་སོ་དེ་དེ་ལྟར་རྣོ་བའི་རྒྱུན་མཚན་ཅི་ཞིག་རེད། ཅེས་ལན་ཐེབས་དཀའ་བའི་ཚུར་ཟློག་འཕེན་མཁན་ཞིག་རེད། དེ་བཞིན་མཚན་ཉིད་ཀྱི་རིག་པ་ལ་སློབ་སྦྱོང་མེད་མཁན་ཚོས། རང་ལམ་གཅིག་པུ་ལས་གཞན་སྔ་ཕྱིའི་འགྱུར་འགྲོས་་ལ་ལྟ་མི་ཤེས་པར་འདོད་ཅིང་། ཁོས་སྒེར་སྨན་ལ། ཁྱེད་ཀྱིས་མཚན་ཉིད་རིག་པའི་དཔེ་ཆ་ཀློག་དགོས་པ་རེད། སྨན་གཅིག་པུས་ཁྱེད་རང་ཉོབ་ཏོར་ཆགས་ཀྱི་རེད། ཅེས་བཤད་འདུག དེ་བཞིན་མི་སུ་དང་ཐོག་མར་ཐུག་འཕྲད་བྱེད་སྐབས། མི་དེའི་མིང་གི་ཆ་ཤས་ཤིག་ལ་འགྲེལ་བརྗོད་ལྟ་བུའི་དཀྱུས་མའི་ཁ་བརྡ་ཞིག་གིས་མགོ་བརྩམས་ནས། ཕ་རོལ་བོའི་སེམས་པ་ལྷོད་ལ་འབབ་ཏུ་འཇུག་ཅིང་། དེ་ནས་རིམ་པས་དོན་དག་གི་དཀྱུས་ལ་འཇུག་མཁན་ཞིག་རེད། ནང་འཁོར་སུ་ཞིག་མགོ་ཁྲིད་མཐོ་གྲས་སུ་ཞིག་དང་ལྷན་དུ་ཉེ་བོ་ཡོད་པ་ལྟ་བུའི་དོགས་པ་བྱུང་མཚམས། ལམ་སེང་དེ་ལ་སྐད་ཆས་ཟུར་ཤིག་ལས་རང་ཁ་རང་གིས་བདག་པོ་རྒྱག་དགོས་པའི་བརྡ་སྟོན་པའམ། ཡང་ན། ལས་ཁུར་བརྗེ་སྤོར་བྱེད་པ། པར་སྐྲུན་བྱས་མ་བྱས་ཀྱི་ཉིན་རེའི་གསར་ཤོག་དང་། སྙན་ཞུའི་རིགས་ལ་དོ་སྣང་ཆེ་ཞིང་། ནང་འཁོར་སུ་ལའང་ཕྱི་ནང་གི་སྐད་ཆ་ཡང་ཡང་དྲི་རྟོག་དང། བསམ་འཆར་ནན་འདྲི་བྱེད་པ། ཆབ་སྲིད་ཀྱི་ཚུར་རྒོལ་ཤུགས་ཆེ་བྱུང་སྐབས། ཉིན་ཁ་ཤས་ཤིག་ལ་མལ་ལས་མི་ལྡང་བར་ཉལ་བ་དེ་བཞིན་རང་གིས་ཕ་རོལ་བོར་རྒོལ་ལན་ལྟ་བུའི་བརྡ་ཞིག་ཡིན་པར་འདོད་པ། ཉེས་ཅན་རིགས་རང་གིས་སྐྱོབ་ཐབས་ཀྱི་གཡོ་བྱུས་ལས། དེ་དག་རང་ཉིད་ལ་ཁ་སེམས་གཉིས་གཏིང་ནས་འཁོར་ཐབས་བྱེད་པ། ཆུ་རྩེད་ལ་ཧ་ཅང་དགའ་མཁན། རྒྱ་ནག་གི་གྲགས་ཆེན་གཙང་པོ་ཕལ་ཆེར་གྱི་ནང་ཆུ་རྐྱལ་བྱས་མྱོང
ཆུ་རྐྱལ་བྱས་མྱོང་མཁན་ཞིག་རེད། གོང་འཕྲོས།
མོ་ཙེ་ཏུང་གི་བཟའ་ཟླ་གཉིས་པ། ཡང་ཁ་ཧོས་ཀྱི་ཕ་རྒན་ཡང་ཁྲང་ཆས་ཞེས་འབོད་པ་ནི། འཇར་མན་དང་། འཇར་པན། ཨིན་ཡུལ་བཅས་ཀུན་སྤྱོད་ཀྱི་རིག་པ་དང་། གཏན་ཚིགས་རིག་པ། མཚན་ཉིད་རིག་པ་སོགས་སྦྱོང་བརྡར་ཐོབ་མྱོང་བ། སྐབས་དེའི་རྒྱ་ནག་གི་སྤྱི་ཚོགས་ནང་ཕྱིའི་ཤེས་ཡོན་གྱི་ཤུགས་རྐྱེན་ཆེ་ཙམ་ཡོད་མཁན་གྱི་ཤེས་ལྡན་མི་སྣ་གལ་ཆེས་གྲས་ཤིག་ཡིན་འདུག་ལ། ཁོང་པེ་ཅིན་སློབ་ཆེན་གྱི་ཀུན་སྤྱོད་ཆེད་མཁས་དགེ་ཆེ་གནང་སྐབས། མའོའི་ཀླད་པའི་འཁོར་ཕྱོགས་ལ་ཡིད་འགུལ་ཆེན་པོ་ཐེབས་ནས། སློབ་མ་དག་ལ༼ངས་ཁྱེད་ཚོར་སྐད་ཆ་དོ་གལ་ཅན་ཞིག་བཤད་ཀྱིན་ཡོད། རྒྱ་ནག་ལ་ཤེས་རབ་ཅན་གྱི་མི་གཉིས་འདུག དེ་གཉིས་ཀྱི་མ་འོངས་པ་ནི་རླབས་ཆེན་རེད༽ཅེས་བཤད་ཅིང་། དེ་གཉིས་ནི་མའོ་དང་ཚེ་ཧི་སིན་ཞེས་པ་གཉིས་རེད་འདུག དགེ་རྒན་དེ་པེ་ཅེན་སློབ་ཆེན་དུ་ལས་གནས་སྤོར་སྐབས་མའོང་མཉམ་དུ་ཡོང་འདུག་ཅིང་། ཁོང་གིས་མའོ་རང་ཉིད་ཀྱི་ནང་སྡོད་དུ་བཅུགས་ནས་ཤེས་ཡོན་གྱི་སློབ་གསོ་མང་བོ་སྤེལ་ཡོད། དེ་བཞིན་མའོས་པེ་ཅིན་སློབ་ཆེན་དུ་དཔེ་ཞབས་ཀྱི་ལས་ཀ་བྱེད་སྐབས། སློབ་ཆེན་དེའི་དཔེ་མཛོད་ཁང་གི་དཔེ་གཉེར་མགོ་གཙོ། སྐུ་ཞབས་ལིའི་ཏྰ་ཀྲའོ་ནི་སྐབས་དེའི་རྒྱ་ནག་ནང་། ཤེས་ཡོན་མཐོ་ཤོས་ཀྱི་གྲས་ཤིག་ཡིན་འདུག་ཅིང་། དེ་ཉིད་ཀྱི་བསམ་བློའི་ལྟ་བས་ཀྱང་མའོའི་མ་འོངས་པར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པར་སྣང་།
གུང་བྲན་ཏང་གི་ལོ་རྒན་དགུ་བཅུའི་དུས་དང་བསྟུན་ནས། ཤར་ཕྱོགས་ཟེར་བའི་མུ་འབྲེལ་གློག་བརྙན་ཞིག་སྟོན་བཞིན་པ་དེའི་ནང་གི་མའོ་ཙེ་ཏུང་གི་བྱེད་ཕྱོགས་གོང་ནས་བྲིས་པ་དེ་དག་དང་འདྲ་བོ་འདུག
རེད་ཡ། ང་ཆུང་དུས་《ཞིང་ཆེན་དང་ལྗོངས་ལྔའི་ཉིན་ཧྲིལ་པོའི་ལམ་ལུགས་སློབ་ཆུང་སློབ་དེབ་》སློབ་དུས་མའོ་ཙེ་ཏུང་ནི་མི་གཤིས་དྲང་པོ་དང་འཚོ་གོས་ངན་ངོན་ལ་བརྟེན་ཏེ་རྫིག་ཉམས་མི་བྱེད་མཁན། དམངས་དཀྱུས་དང་མཉམ་དུ་སྡད་དེ་ཞིང་པ་དང་བཟོ་པའི་སྣེ་འཁྲིད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། མ་ཟད་མའོ་ཙེ་ཏུང་གི་གསུང་བཏུས་དེབ་དེ་ཚོ་ཏོག་ཙམ་ཀློག་མྱོང་ཡོད་ལ་ཁོང་གི་ཆོས་དུག་དུ་ངོས་འཛིན་ཀྱང་དངོས་གནས་ཆོས་ལུགས་ཀྱི་བསླབ་བྱ་འདྲ་ཞིག་རེད། དཔེར་ན་ཁོང་གིས་གུང་ཁྲན་ཏང་མི་ཡིན་ན་དམངས་ཀྱི་དོན་དུ་རང་གཏིང་བརྗེད་བགྱིས་ཞེས་དང་། སྤོབས་པ་བྱས་ན་རྗེས་ལུས་ཤོར། སེམས་ཆུང་བྱས་ན་ཡར་ཐོན་ཡོང་། དེ་དུས་རྟག་ཏུ་ཚང་མའི་སེམས་ནང་བཞོག། ལྟ་བུ་མང་པོ་འདུག། འོན་ཀྱང་མི་དེའི་ཀླད་རྩའི་འཁོར་རྒྱུགས་དེ་ཧ་ཅང་འཁྲུག་ཆ་དོད་ལ་ཅང་གྲུང་ལྡན་པའི་མི་ཞིག་རེད། ཁོང་གིས་མཱ་ཁེ་སི་དང་ལེ་ཉིན་ལ་སློབ་སྦྱོང་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ནི་སྟོད་གླུ་ལེན་དགོས་པ་འདྲ་ཞིག་རེད་དེ་ལག་ལེན་ལ་བཀལ་དུས་འདོད་རྔམས་ཅན་གྱི་སྤྱང་ཀི་ནང་བཞིན་དྲག་པོའི་ཐབས་ལམ་ཁོ་ནར་བརྟེན་ཏེ་དབང་བསྒྱུར་བྱས་པ་ཀྱང་རེད། མཐར་བོད་ལ་དབང་བསྒྱུར་བྱེད་སྟངས་ཡང་ཐབས་ལམ་འདི་ཁོ་ནས་དབང་བསྒྱུར་བྱས་པ་རེད་དོ།
ཐུགས་རྗེ་ཆེ་རྔ་བ་རྒྱལ་ཁམས་པ་ལགས། ཉིད་ཀྱི་རྩོམ་ཡིག་མུ་མཐུད་དུ་སྤེལ་བའི་རེ་བ་ཡོད།
སུ་ཏྲན་ལེན་བོད་ལ་དེ་འདྲ་ཞེ་འཁོན་ཡོད་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ། དེ་ནི་ཞེ་འཁོན་གྱིས་རྒྱལ་ནག་ལ་རྒྱབ་སྐྱོར་བྱས་བ་ཡིན་ནམ། ཡང་ན་དམར་ཕྱོགས་པའི་ལྟ་གྲུབ་གཅིག་པས་ཡིན་ནམ། དེ་མིན་ན། རྒྱ་ནག་དང་གྲོགས་པོ་འམ་སྣ་མཐུན་གྱིས་ཡིན་ནམ།
མའོ་ཙེ་ཏུང་རྒྱ་ནག་གི་མགོ་གཙོར་གྱུར་རྗེས་ཐོག་དང་བོ་རང་གི་སྐྱེ་ཡུལ་དུ་སོང་སྐབས། ཕ་མ་གཉིས་ཀྱི་དུར་སར་མཆོད་འབུལ་གུས་ཞབས་བྱས་ཤིང་། ཁོ་ཆུང་ངུའི་སྐབས་མ་རྒན་གྱིས་རྒྱུན་དུ་ཁྲིད་ནས་མཆོད་མཇལ་དུ་འགྲོ་སའི་ནང་བའི་ལྷ་ཁང་དུ་སོང་བས། ལྷ་ཁང་དེ་བཞིན་གཏོར་བཤིག་བྱས་ནས་ཤུལ་ཙམ་ལས་ལྷག་མེད་པར་སྣང་ལ། ཁོས་སྐབས་དེར་གློ་བུར་དུ་ཡིད་ཙམ་རིང་ཅིའང་མི་སྨྲ་བར་བསྡད་རྗེས། ༼དེ་ནི་སྙིང་རྗེ་ཡ་ང་བ་ཞིག་རེད། ལྷ་ཁང་དེ་བཞིན་རང་འཇགས་འཇོག་འོས་པ་ཞིག་རེད། ཞིང་བ་དབུལ་བོ་སྨན་ཡོན་སྤྲོད་མི་ཐུབ་མཁན་ཚོ་ད་དུང་འདིར་ཡོང་ནས་ལྷ་མཆོད་སྤོས་སྒྲོན་བྱས་ན། ཁོང་ཚོའི་སྙིང་སྟོབས་སྤེལ་བར་ཕན་གི་རེད། ཁོང་ཚོར་རེ་བ་སྤྲོད་ཀྱི་རེད། མི་རྣམས་ལ་འདི་ལྟ་བུའི་རོགས་སྐྱོར་དང་། སེམས་ཤུགས་སྐྲུན་བྱེད་རིགས་དགོས་ངེས་ཤིག་རེད། ༽ཅེས་བཤད་པས། སྒེར་སྨན་ཅུང་འཛུལ་ཞིག་དམུལ་བར། མའོས། སྤོས་མཆོད་ལ་མཐོང་ཆུང་མ་བྱེད། སྨན་ནི་ནད་བཅོས་ཐབས་ཁོ་ན་ལ་ཕན་གྱི་རེད། སྤོས་མཆོད་ཀྱིས་མི་ཚོར་ནད་དང་འཐབ་པའི་སེམས་ཤུགས་སྐུལ་ཐུབ་ཀྱི་རེད། ཁྱོད་སྨན་པ་ཞིག་རེད། སེམས་ཁམས་ཀྱིས་གསོ་རིག་ལ་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་ཀྱིན་ཡོད་མེད་ཁྱོད་ཀྱིས་ལོས་ཤེས།༽ཅེས་བཤད་འདུག མའོ་ཙེ་ཏུང་གིས་ཨུ་རུ་སུའི་དམར་གཙོ་སི་ཏྲ་ལེན་ལ་བོད་དྲག་གནོན་ལ་ཉེར་མཁོའི་མཁའ་འགྲུལ་གྱི་རོགས་སྐྱོར་རེ་ཞུ་བྱེད་སྐབས། སི་ཏྲ་ལེན་གྱིས། གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་ཁུལ་དུ་ཧན་རིགས་གང་མང་གཏོང་དགོས་པ་རེད། ད་ཆ་ས་ཁུལ་དེ་དག་ཏུ་ཧན་རིགས་བརྒྱ་ཆ་ལྔ་ལས་ཟིན་ཡོད་པ་མ་རེད། མ་མཐའ་ཡང་བརྒྱ་ཆ་སུམ་ཅུ་ཟིན་དུ་འཇུག་དགོས་པ་རེད། ལྷག་པར་ཤིན་ཅང་སོགས་མཐའ་མཚམས་ས་ཁུལ་འཁེལ་བའི་ས་གནས་ཁག་ལ་ཧན་རིགས་མང་བོ་འཚོ་སྡོད་གཞིས་ཆགས་བྱས་ན་དགེ་ཕན་ཡོད་ཚུལ་གཞེན་སྐུལ་བྱས་འདུག
མའོས་རྒྱ་ནག་ཏངོ་ལུགས་ཀྱི་འཁྲིག་སྤྱོད་རྒྱུན་དུ་ལག་བསྟར་བྱས་འདུག ཁོས་ཏའོ་ལུགས་འཁྲིག་སྤྱོད་དེ་ལག་ལེན་བྱས་པ་ལས། འཁྲིག་བདེའི་རྒྱུན་རིང་ཞིང་། གཟུགས་པོའི་བདེ་ཐང་ལ་ཕན་ཐོགས་ཡག་པོ་བྱུང་གི་ཡོད་ཚུལ་བཤད། ནང་འཁོར་བུ་མོ་ཚོ་ལ་འཁྲིག་སྤྱོད་རྒྱུན་ཤེས། (Classic of the plain Girl’s secret way)ཞེས་པའི་འཁྲིད་སྤྱོད་སྒྱུ་རྩལ་གྱི་དཔེ་ཆ་དེར་སློབ་སྦྱོང་བྱེད་དགོས་པ་ཡང་ཡང་སྐུལ་པས་མ་ཚད། ཉེན་སྲུང་ཕོ་ཡག་ལོ་གཞོན་དག་ལའང་འཁྲིག་པ་གཏོང་གི་ཡོད་ཚུལ་གླེང་གི་འདུག དེ་ལྟར་ན་ཁོ་ནི་ཕོ་མོ་གཉིས་ཆར་འཁྲིག་པ་སྤྱོད་མཁན་ཞིག་རེད་འདུག དེ་བཞིན་ཁོ་ནི་ནམ་རྒྱུན༼ཁྲིམས་མེད་ལ་དཀོན་མཆོག་ཀྱང་མེད་པ༽འདོད་མཁན་ཞིག་ཡིན་མོད། རང་ཉིད་དཀོན་མཆོག་དང་ཁྲིམས་ཡིན་པར་འདོད་པའི་ཧམ་སེམས་ཅན་ཞིག་ནི་ཡིན་ཚོད་འདུག བློས་ཐུབ་ཀྱི་གྲོགས་པོ་གཅིག་ཀྱང་མེད་ལ། ནམ་རྒྱུན་དཀྱུས་མའི་འབྲེལ་ལམ་ལས་ལོགས་ཁེར་དུ་སྡོད་པ། རང་གི་ཆུང་མ་དང་བུ་རྒྱུད་ཚོ་དང་ཡང་མཉམ་པོར་རྒྱུན་རིང་མི་སྡོད་མཁན། མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་མང་བོར་འབྲེལ་ལམ་ཟབ་པས། བྱམས་རྙིང་རྗེའི་སེམས་དང་བྲལ་བ་ཞིག་ཡིན་པར་བཤད།
མའོ་ཙེ་ཏུང་གིས། སྐབས་དེའི་རྒྱ་ནག་གི་མཐོ་རིམ་མི་སྣ་ཕིན་ཏེ་ཧིས་ཞེས་པས། མའོའི་རྒྱས་སྤྲོས་ཆེ་བའི་འཚོ་ཐབས་དང་། ཁོས་བཏོན་པའི༼མདུན་བསྐྱོད་ཆེན་པོ༽ཞེས་པའི་ལྟ་ཚུལ་ལ། དགེ་མཚན་མེད་པའི་བསམ་འཆར་ཡི་གེ་ཞིག་སྒེར་ཐོག་ནས་བྲིས་པ། མའོའི་མཚང་ལ་ཕོག་པས་ཕིན་ལ༼རྒྱ་དམར་གྱི་དགྲ་བོ༽ཞེས་པའི་སྒྲོ་སྐུར་གྱི་ཉེས་མིང་གཡོགས་ནས། འཐབ་རྩོད་ཡ་ང་བ་བྱས་འདུག དེ་བཞིན་ཀུན་གཟུགས་པན་ཆེན་རིན་པོའི་ཆེས་སྲིན་བློན་ཀྲོས་ཨན་ལེ་ཞེས་པར་ཕུལ་བའི་བོད་སྤྱི་དང་། ལྷག་པར་པེ་ཅིན་གྱི༼མང་གཙོ་བཅོས་བསྒྱུར༽ཞེས་པའི་སྲིད་ལུགས་ཀྱིས། བོད་ཡུལ་ལ་དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་དཀའ་ངལ་ཆེན་པོ་སྤྲད་ཡོད་ཚུལ། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུར་མའོས་ཐད་ཀར་དགག་རྒོལ་བྱས་ནས། ཀུན་གཟུགས་མཆོག་ལ༼ང་ཚོའི་གྲལ་རིམ་གྱི་དགྲ་བོ་ཞིག༽ཞེས་པའི་ཉེས་འགེལ་འོག རིག་གསར་གྱི་འཐབ་རྩོད་བརྒྱུད་མི་ལོ་བཅུ་ལྷག་གི་རིང་ཁྱིམ་བཙོན་དུ་བཅུགས། དེའི་འཕྲོར་ཀུན་གཟིགས་མཆོག་གི་ལྟ་ཚུལ་ལ་རྒྱབ་སྐྱོར་གནང་མཁན། སྐབས་དེའི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་མགོ་གཙོ། སྐུ་ཞབས་ལེའི་བིའི་ཧན་ཞེས་པར། ༼མགོ་བཏགས་རང་ལུགས་པ༽ཞེས་པའི་ཉེས་མིང་འོག ལས་བྱེད་ཀྱི་གོ་གནས་ལས་གནས་དབྱུངས་བཏང་འདུག ཆེན་ཧ་སློབ་ཆེན་གྱི་ན་གཞོན་ཁག་ཅིག་གིས༼དམར་སྲུང་དམག༽ཅེས་པའི་ཚོགས་པ་ཞིག་རྩ་འཛུགས་ཀྱིས་རྙིང་བཞི་རྩ་གཏོར་གྱི་དྲག་པོའི་བྱ་སྤྱོད་ཅིག་ཐོག་མར་སྤེལ་བར། མའོས་དེ་དག་ལ་བསྟོད་བསྔགས་ཀྱི་ཡི་གེ་ཞིག་བྲིས་པའི་ནང༼གྱེན་ལོག་ནི་བདེན་དོན་དག་སྐྱེལ༽ཞེས་བྲིས་པར་བརྟེན། དེའི་པར་ལོག་ཁྲི་སྟོང་མང་བོ་གང་ཡིན་སར་བཀྲམས་ནས། བསམ་བློ་རྙིང་བ། རིག་གནས་རྙིང་བ། ལུགས་སྲོལ་རྙིང་བ། གོམས་གཤིས་རྙིང་བ་བཅས། རྙིང་བཞི་རྩ་གཏོར་གྱི་སྨྱོ་གར་འཇིགས་སུ་རུང་བ་ཞིག་བྱུང་འདུག རིག་གསར་དེ་ནི་མའོ་རང་ཉིད་དང་ལྟ་སྤྱོད་མི་མཐུན་པའི་རྒྱ་ནག་གི་མཐོ་རིམ་མི་སྣ། ལོས་ཧྲོ་ཅིའི་དང་ཏིན་ཤོ་ཕེན་གཉིས་ཀར་ཁ་ཐད་རྩ་རྫོགས་གཏོང་ཐབས། མའོ་རང་ཉིད་ཀྱིས་མགོ་བསླངས་པ་ཞིག་ཡིན་པར་སྣང་ཞིང་། ག་ལེར་རྒྱ་ནག་དང་བོད་ཡུལ་ཧྲིལ་བོར་དར་ཁྱབ་ཕྱིན་པ་ཞིག་རེད་འདུག
རྒྱ་ནག་ནང་རིག་གསར་གྱི་མགོ་བསླངས་པ་ནས་བཟུང་། མའོའི་གཟུགས་གཞི་ནམ་ཡང་བདེ་ཐང་བྱུང་མི་འདུག་ལ། ཆབ་སྲིད་ཀྱི་ངོ་རྒོལ་འབྱུང་ཐེངས་རེ་རེར་ཉལ་ཁྲིའི་ཐོག་འཇོག་དགོས་པ་དང་། བྱ་སྤྱོད་དེའང་ཁོས་ཕ་རྒོལ་གྱི་རྣམ་པ་ཞིག་ཏུ་འདོད་ཀྱིན་ཡོད་པར་གྲགས། ཁོ་ལོ་ན་ཧ་ཅང་མཐོན་པོར་སླེབས་ནའང་། བུ་མོ་གཞོན་ནུ་མ་རྣམས་ནི་བློས་མི་གཏོང་མཁན་ཞིག་རེད། བུ་མོ་ཁ་ཤས་ཤིག་རྒྱུན་བསྟེན་བྱས་པས། རང་གི་གམ་བཅར་དང་བུད་མེད་གཅིག་ཅོག་ལྟ་བུར་ཆགས་ཤིང་། ནང་འཁྲུགས་དང་ཁ་རྩོད་ཡང་ཡང་བྱུང་གི་ཡོད་ཚོད་ལ། ནང་འཁྲུགས་བྱུང་ཐེངས་རེར་སྙིང་ནད་ཡང་ཡང་སློང་གི་ཡོད་པས། ཁོའི་གཟུགས་པོའི་བདེ་ཐང་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཡོད་འདུག མའོས་རང་ཉིད་དགའ་སའི་བུ་མོ་ཚོར་གཉེན་སྒྲིག་བྱེད་པར་བཀག་འགོག་བྱས་ཤིང་། གཉེན་སྒྲིག་ཟིན་པའི་བུ་མོ་དེ་འདྲ་ལའང་། ཁྱོ་ག་དངོས་སུ་ཡོད་བཞིན་དུ་དགའ་བོ་བྱེད་བཞིན་ཡོད་འདུག་ལ། བུ་མོ་ཁ་ཤས་ཀྱི་མ་དང་བུ་མོ་གཉིས་ཆ་ལའང་འཁྲིག་པ་སྤྱད་འདུག བློ་དྲང་བོས་བལྟས་ན། མའོ་དང་ལུས་འབྲེལ་ཡོད་མཁན་ཕལ་ཆེར་གྱིས་དེ་ནི་རང་རང་གི་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད་པར་སྣང་། ཁོས་ཨ་རི་སོགས་རྒྱལ་ཁབ་གཞན་ལ་ཕྱིའི་རྣམ་པ་ཡག་པོ་ལྟོན་ཆེད། རང་ཉིད་དཀོན་མཆོག་གམ་ཡང་ན། མར་ཁེ་སི་ལ་ཐུག་འཕྲད་བྱེད་ཐུབ་ཀྱིན་ཡོད་སྐོར་རྫུན་གཏམ་དང་། ལྷག་པར་ཁོའི་གྲོགས་པོ་གསར་འགོད་པ(Edger Snow)མཆོག་ལ། རང་ཉིད་དཀོན་མཆོག་དང་མྱུར་དུ་ཐུག་འཕྲད་བྱེད་རྒྱུ་ཡིན་སྐོར་བཤད་ནས། ཨ་རི་སོགས་ཕྱིའི་རྒྱལ་ཁབ་ཁག་གི་རྒྱ་ནག་ལ་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་གཏོང་ཐབས་བྱས་འདུག མའོས༼མདུན་མཆོང་ཆེན་པོ༽ཞེས་ཞིང་འབྲོག་མི་མང་རྣམས་ཀྱིས་རང་གི་དཀྱུས་མའི་ལས་བཞག་ནས། ལྕགས་བཟོ། སྣུམ་བཟོ་སོགས་ལ་ཁ་ཕྱོགས་བསྒྱུར་བས། ཞིང་འབྲོག་གི་ཐོན་ཁུངས་མེད་པར་ཆགས་ཏེ། མུ་གེ་ཆེན་མོ་ཞིག་གི་མགོ་བསླངས་འདུག སྒེར་སྨན་ལྟར་ན་མའོའི་དཔལ་འབྱོར་གྱི་ཤེས་ཚད་ནི་ཧ་ཅང་གི་སྐྱོ་བོ་ཡིན་པར་བཤད་འདུག དྲུག་ཅུ་རེ་གྲངས་ཤིག་ནས་མའོ་ལ(Motor Neurone disease)ཞེས་པའི་ནད་དང་། སྙིང་ནད། གློ་ནད་སོགས་ནད་རིགས་མང་བོ་ཞིག་གིས་ཟིན་པས་མ་ཚད། ལུས་ཀྱི་ཚུགས་ཀ་ཤོར་ཞིང་། དབང་བོའི་བྱེད་ལས་ཀྱང་རིམ་པས་ཉམས་ནས། མིག་གཉིས་ཆ་ལྡོང་འདུག སྨན་པ་དང་དམར་ཕྱོགས་མཐོ་རིམ་མི་སྣ་ཡེ་ཆིན་ཡིན་སོགས་ཀྱིས་ཨུ་ཚུགས་བརྒྱབ་མཐར་མིག་ཡ་གཅིག་གཤག་བཅོས་བྱས་པས། སླར་ཡང་གཟུགས་མཐོང་ཐུབ་པ་བྱུང་ནས། ངས་ཡང་བསྐྱར་ཉི་མའི་འོད་སྣང་མཐོང་བྱུང་ཞེས་དགའ་ཚོར་ཆེན་པོས་ལབ། འོན་ཏེ་ཟས་སྨན་བླུད་པ་ཕལ་ཆེར་ཁ་ནས་ཕྱིར་འཕོས་ཏེ། ཁོག་ཏུ་འགྲོ་མ་ཐུབ་པར་བརྟེན། རླངས་བུག་བརྒྱུད་ཁོག་ཏུ་བཏང་འདུག སྐབས་དེ་ཤེད་ཅིག་ནས་ཉལ་ཁྲིའི་ཐོག་སྐར་མ་བཅུ་གྲངས་ཤིག་བསྡད་རྗེས། རྐུབ་སྟེགས་སྟེང་སྤོར་དགོས་པ་དང་ རྐུབ་སྟེགས་ཐོག་ནས་ཡང་བསྐྱར་ཉལ་ཁྲིར་སྤོར་དགོས་སྟབས། ཉལ་ཁྲི་གཉིས་བཞག་ནས། ཉལ་ཁྲི་གཉིས་དང་རྐུབ་སྟེགས་གཅིག་སྟེ་གསུམ་གའི་ཐོག་སྐར་མ་བཅུ་གྲངས་རེའི་འཕྲོ་མུ་མཐུད་བརྗེ་སྤོར་བྱེད་དགོས་པ་བྱུང་འདུག སྨན་པ་སྨན་གཡོག་དག་གིས་ཀྱང་ཁོའི་དབུགས་ནི་སྐར་མ་ཁ་ཤས་ཤིག་ནང་ཆད་སྲིད་པའི་ཚོད་དཔགས་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གི་སྨན་པ་རྩེ་ཕུད་ཁག་དང་། གཉེན་སྐྱོབ་སྨན་ཆས་བཟང་ཤོས་རྣམས་གྲ་སྒྲིག་བྱས་ཏེ། ཁོའི་ཐ་མའི་དབུགས་གསོན་ཡུལ་དུ་སྐར་ཆ་གཅིག་གི་རིང་ཡང་འཐེན་ཐུབ་པར་འབད་བརྩོན་བྱས་འདུག ནད་ཚབ་ཆེན་དེ་འདྲ་ཞིག་དང་གཟུགས་པོའི་གནས་སྟངས་དེ་འདྲའི་ཉམས་རྒུད་ཕྱིན་ཡོད་ཀྱང་། འཁོར་གཡོག་བུ་མོ་ཚོ་ལ་ཉིན་རེའི་གསར་འཕྲིན་གལ་ཆེན་མུ་མཐུད་ཀློག་འཇུག་གི་ཡོད་འདུག དེ་དང་ཆབས་ཅིག་མའོའི་ཆེས་བློས་ཐུབ་ཀྱི་གྲོགས་པོ་སྲིག་བློན་ཀྲོས་ཨིན་ལེའང་འབྲས་སྐྲན་གྱི་ནད་ཀྱིས་ཟིན་པས། སྨན་པ་དག་གིས་གཤག་བཅོས་གཏོང་དགོས་པའི་དགོངས་སྐོར་ཞུས་པར། མའོས་མོས་མཐུན་མ་ཐོབ་པར་བརྟེན་གཤག་བཅོས་བྱ་རྒྱུ་རེ་ཞིག་ཅམ་འཇོག་བྱེད་དགོས་བྱུང་ཞིང་། ཀྲོས་ཀྱི་བཟའ་ཟླ་ཏིན་ཡེན་ཁྲོའོ་ཞེས་པས། མའོའི་འཁོར་གཡོག་མཛེས་མ་ན་གཞོན་ཞིག་བརྒྱུད། ཀྲོས་གཤག་བཅོས་ཀྱི་ཆོག་མཆན་རེ་འབོད་བྱས་དོན་ལྟར། མའོས་ཀྱང་མོས་མཐུན་ཐོབ་སྟེ་གཤག་བཅོས་བྱས་རུང་། ཕན་ཆེར་མ་ཐོགས་པར་སྔ་ལམ་དུ་ཞུགས། མའོའི་བཟའ་ཟླ་ཅང་ཆིན་སོགས་མི་བཞི་ཤོག་ཁག་ཏུ་གྲགས་པས། གོ་སྐབས་དེ་དམ་འཛིན་གྱིས་རྒྱ་དམར་སྲིག་གཞུང་དབང་བསྒྱུར་གྲ་སྒྲིག་བྱ་བཞིན་ཡོད་ཀྱང་། མའོ་ད་དུང་ཤི་གསོན་ཐག་མ་ཆོད་པར་ངང་སྒུག་བྱེད་མུར། མའོས་རང་ཉིད་ཀྱིས་རྩ་རྫོགས་ཟིན་པའི་ཏིན་ཤོ་ཕེན་ལ་སྲིད་དབང་རྩིས་སྤྲོད་ཀྱི་འཆར་གཞི་བཏོན་ཀྱང་། ཅང་སོགས་ཀྱིས་ཏིན་ལ་ཉེས་འཛུགས་ལས་འཆར་གཞི་དམིགས་ཐོག་ཏུ་འགྲོ་མ་བཏུབ། སྐབས་འདིར་ཐུགས་སྣང་གནང་དགོས་པ་ཞིག་ལ། སྲིད་བློན་ཀྲོས་ཨེན་ལེ་ནི་མའོའི་བྲན་གཡོག་ལྟ་བུ་ཡིན་པར་བཤད་ཅིང་། སྒེར་སྨན་གྱིས་ཀྲོས་ཀྱིས་ནམ་རྒྱུན་མོའོ་དང་ཐུག་འཕྲད་སྐབས། ཀྲོས་པུས་གཉིས་ས་ལ་བཙུགས་ནས་སྙན་ཞུ་ཞུ་བཞིན་པའི་གནས་ཚུལ་ཐེངས་ཤས་ཤིག་གཟིགས་འདུག་ཅིང་། སྒེར་སྨན་གྱིས་རང་ཉིད་རྒྱ་ནག་གི་སྲིད་བློན་དུ་གྲགས་པའི་ཀྲོས་ཀྱི་བྱ་སྤྱོད་དེ་དག་ལ་ཧང་སེང་ཁོ་ཆད་པར་བཤད་འདུག རྒྱ་དམར་གྱི་མཐོ་རིམ་མི་སྣ་ལིན་བྷོས་གནམ་གྲུ་བཟུང་ནས་བྲོས་བྱོལ་དུ་འགྲོ་སྐབས། སྲིད་བློན་ཀྲོས་ནས་མའོ་ལ་མེ་ཤུགས་འཕུར་མདའ་འཕངས་ནས་ལིན་བྷོའི་གནས་གྲུ་གཏོར་དགོས་པའི་གྲོས་སྟོན་བྱས་ཀྱང་། ལན་དུ་མའོས། ༼ཆར་བ་གནམ་ནས་འབབ་ཀི་རེད། ཡུག་ཟས་སླར་ཡང་གཉེན་སྒྲིག་བྱ་རྒྱུ་རེད། ལིན་བྷོ་འགྲོ་བསམ་གི་ཡོད་པ་རེད། ཁོ་འགྲོ་རུ་ཆུགས།༽ཅེས་བཤད་འདུག སྟབས་མ་ལེགས་པ་ཞིག་ལ། ལིན་བྷོའི་གནམ་གྲུ་ཕྱི་སོག་གི་ཡུལ་ནས་ཐང་ལ་ལྷུང་སྟེ་མི་ཚང་མ་བསད་འདུག གོང་དུ་བཤད་པ་ལྟར། མའོའི་ཏིན་ཤོ་ཕེན་ལ་སྲིད་དབང་རྩིས་སྤྲོད་ཀྱི་འཆར་གཞི་ལམ་ལྷོང་མ་བྱུང་བར་བརྟེན། མའོས་རང་གི་ངོ་ཤེས་རྙིང་བ་ཧ་གོ་ཧྥོང་ཞེས་པར་སྲིད་དབང་རྩིས་སྤྲོད་ཀྱི་དམིགས་ཡུལ་བཟུང་འདུག
རྔ་བ་རྒྱལ་ཁམས་པས་བཤད་པ་བཞིན་མའོ་དེ་བུད་མེད་མང་པོ་བསྟེན་དགོས་མཁན་གྱི་མི་ཞིག་ཡིན་པ་དང་། ཁོ་པའི་འཁྲིག་ཡུལ་གྱི་བུད་མེད་ཚོའི་ནང་ལ་ཚང་མས་ཧ་གོ་བའི་བོད་པའི་བུད་མེད་གཉིས་ཡོད། དང་པོ་དེ་བོད་ལྗོངས་གླུ་གར་ཚོགས་པའི་གཞས་མ་ཚེ་བརྟན་སྒྲོལ་མ་རེད། ཚེ་བརྟན་སྒྲོལ་མ་ངོ་ཤེས་མཁན་དང་། ལས་ཀ་མཉམ་དུ་བྱེད་མཁན་ཚོས་བཤད་རྒྱུར། བོད་ཀྱི་སྒྱུ་རྩལ་ཚོགས་པ་ཞེས་པ་རྒྱ་ནག་ལ་ཕྱིན་སྐད། པེ་ཅིང་ལ་བསླེབས་འཕྲལ་ཚེ་བརྟན་སྒྲོལ་མ་དམག་མིའི་རླངས་འཁོར་ལྗང་ཁུ་གཅིག་གི་ནང་ལ་ཕྱིན་སོང་ཟེར། དེ་ནས་ཉིན་གསུམ་ཙམ་རིང་སྒྱུ་རྩལ་བ་ཚོར་ལས་ཀ་མེད་པ་དང་། ཚེ་བརྟན་སྒྲོལ་མ་ཡང་གང་སོང་སུ་གཅིག་གིས་འདྲི་མི་ཆོག་ལ་ཤེས་མཁན་མེད།
ཐེངས་ཤིག་དགོངས་མོ་ཕྱི་པོ་ཞིག་ལ་ཚེ་བརྟན་སྒྲོལ་མ་རླངས་འཁོར་ནག་པོ་ཞིག་གི་ནང་ལ་ཚུར་བསྐྱལ་བར་ཡོང་བ་དང་། མི་འགའ་རེས་ཀྲའོ་ཨེན་ལན་རླངས་འཁོར་ནང་ལ་ཡོད་པ་མཐོང་འདུག རིག་གནས་གསར་བརྗེའི་ནང་ལ་དུས་ཚོད་སྡུག་ཤོས་སྐབས་ལ་ཡང་། སུ་ཞིག་གིས་ཚེ་བརྟན་སྒྲོལ་མར་སྐྱོན་བརྗོད་བྱེད་མི་ཆོག་ལ། ཚེ་བརྟན་སྒྲོལ་མའི་ཁྱོ་ག་རྙིང་པ་དེས་བུད་མེད་གཞན་ལ་བརྙས་བཅོས་སོགས་གང་བྱས་ཀྱང་སུས་ཀྱང་རྙོག་འདྲ་བཟོ་ཆོག་གི་མིན་འདུག རྒྱུ་མཚན་ནི་མི་ཚང་མས་ཁོ་མིའི་རྒྱབ་ལ་སུ་ཞིག་གིས་དོ་ཟླ་མི་ཐུབ་པའི་དཔོན་པོ་ཞིག་ཡོད་པ་ཤེས་ཀྱི་འདུག མའོ་ཤི་བའི་རྗེས་ལ་ཚེ་བརྟན་སྒྲོལ་མར་ཆག་སྒོ་ཡོང་འགྲབས་བྱས་འདུག་ཀྱང་། བོད་དམག་ཁུལ་ཁང་ཟེར་བ་འདིས་དམིགས་བསལ་བཀའ་བཏང་ནས་ཚེ་བརྟན་སྒྲོལ་མར་ལག་པ་འཆང་མི་ཆོག་པའི་བཀའ་འདུག
བུད་མེད་གཞན་དེའི་མིང་བརྗེད་འདུག པེ་ཅིང་དམག་མིའི་གླུ་གར་ཚོགས་པའི་གཞས་མ་ཞིག་རེད། ཕལ་ཆེར་ཁམས་ནས་ཡིན་པ་ཤོད་མཁན་འདུག
གྲོགས་པོ་དགེ་རབ་དང་རིག་འབྱུང་བ་གཉིས་ལགས། ཁྱེད་གཉིས་ཀྱིས་BONPOདང་། བོན་པོ། ལ་སྟོད་བུ་ཟེར་བ་དེ་ཚོ་ད་དུང་བཀག་མི་འདུག་ལ། ད་དུང་རྙོག་དྲ་སློང་གི་འདུག འོ་ན་ང་བཀག་དགོས་དོན་གང་ཡིན་ནམ། སྐུ་མཁྱེན་དེ་འདྲ་མ་གནང་རོགས། བཀག་ན་མཉམ་དུ་ཁོགས། དེ་མིན་མཉམ་དུ་གློད། མི་གཅིག་བཟུང་ནས་གཅིག་ལ་རྒྱག་གི་བཅུག་ན་བློ་ཕམ་སྐྱེ་གཞི་ཞིག་རེད།
སྐུ་ཞབས(Bonpo)ལགས། ངས་གནའ་བོའི་རྒྱ་ནག་གི(Daoism)རྒྱ་ནག་གི་བོན་ཆོས་ཞེས་བརྗོད་ཀྱིན་ཡོད། ང་ལ་ཆོས་ལུགས་དེ་ཉམས་སུ་ལེན་མཁན་གྱི་ངོ་ཤེས་མང་བོ་ཞིག་ཡོད། ཁོང་ཚོས་དེ་བོན་ཆོས་ཡིན་པར་བཤད་ཀྱིན་འདུག ངས་དེ་ལ་བརྟག་པ་ནན་ཏན་བྱ་ལོང་མ་བྱུང་། གང་ལྟར་ང་བོན་ལ་བརྩི་འཇོག་རྒྱབ་སྐྱོར་བྱེད་མཁན་ཞིག་ཏུ་མ་ཟད། བོན་དཔེའང་ཀློག་སྦྱོང་བྱེད་བཞིན་ཡོད། ངའི་གྲོགས་པོ་མང་བོ་ཞིག་ཀྱང་བོན་ཆོས་ཉམས་ལེན་པ་ཡིན་པས། ང་དང་བོན་པོའི་བར་འབྲེལ་ལམ་གཏིང་ཟབ་ཡོད། ཚིག་དེ་བོན་ཆོས་ལ་སྨད་འདོད་ཀྱིས་བྲིས་པ་དེ་འདྲ་གཏན་ནས་མིན་པར་མཁྱེན་དགོས། ངས་མཆན་གྱི་ནང་ཚིག་དེ་རྒྱ་ནག་ཏོའོ་ལུགས་སུ་བཅོས་ཡོད།
རྔ་བ་རྒྱལ་ཁམས་པ་ལགས་ངོ་མ་བཀའ་དྲིན་ཆེ། ངས་ཀྱང་བསམ་ཚུལ་ཙམ་གླེང་བ་ལས་ཁྱེད་ལྟ་བུའི་མཁས་དབང་ལ་སྐྱོན་བརྗོད་པ་སོགས་གང་ཡང་མིན། ངོས་རང་ལ་ཡང་ཨ་མདོ་རྔ་བ་ནས་ཡིན་པའི་དམ་ཚིག་གཅིག་པའི་གཡུང་དྲུང་གི་སྤུན་གྲོགས་མང་པོ་ཡོད། སྐུ་ཉིད་ཀྱིས་་་་་་་༼ངས་གནའ་བོའི་རྒྱ་ནག་གི(Daoism)རྒྱ་ནག་གི་བོན་ཆོས་ཞེས་བརྗོད་ཀྱིན་ཡོད། ང་ལ་ཆོས་ལུགས་དེ་ཉམས་སུ་ལེན་མཁན་གྱི་ངོ་ཤེས་མང་བོ་ཞིག་ཡོད། ཁོང་ཚོས་དེ་བོན་ཆོས་ཡིན་པར་བཤད་ཀྱིན་འདུག༽་་་་་་་གསུངས་འདུག་པས་ངོས་ནས་ཀྱང་མ་འོངས་པར་ཁོང་ཚོ་ལ་ཁུངས་ལུང་རྒྱུ་མཚན་སོགས་སྐད་ཆ་འདྲི་ས་རགས་ན་གཏན་གཏན་འདྲི་གི་ཡེིན། དོ་སྣང་ཆེན་པོ་ཡོད། ཁྱེད་ཀྱི་དགོངས་པ་ཡངས་ཤིང་རྒྱ་ཆེར་གནས་པ་ལ་རྗེས་སུ་ཡིད་རང་དང། བཀྲ་ཤིས་བདེ་ལེགས་ཞུ། །
མཁས་དབང་ཟམ་གདོང་རིན་པོ་ཆེས། བོད་མི་རྒྱ་ཆ༩༩ལ་བྱང་ཆུབ་སེམས་ཐོབ་ན། དེའི་ཉིན་མོ་ནས་རྩིས་བའི་ཉིན་གྲང་བདུན་གྱི་ནང་ཚུད། བོད་རང་བཙན་ཐོབ་ཀྱི་རེད་ཅེས་གསུང་འདུག ལྐུགས་པ་ངས་བལྟ་ན། བོད་རང་བཙན་ཐོབ་པའི་དུས་ཞིག་ཤར་སྲིད་ཡང་། བོད་མི་རྒྱ་ཆ༩༩ལ་བྱང་ཆུབ་སེམས་ཐོབ་པའི་དུས་ཞིག་ནམ་ཡང་ཤར་མི་སྲིད་བསམ། གལ་སྲིད་མཁྱེན་པའི་བདག་པོ་མཁས་དབང་ཁོང་གིས་གསུང་པ་བཞིན། བོད་མི་རྒྱ་ཆ༩༩ལ་བྱང་ཆུབ་སེམས་ཐོབ་པ་ཡིན་ན། དེ་ནས་བོད་རང་བཙན་གྱི་ག་རེ་བྱེད་དགོས་རས།།
རྒྱ་ཡི་འོག་ཏུ་འདུག་སྐབས་མའོ་དང་ཏང་མ་གཏོགས་གཞན་ཡིད་ས་མེད་པ་གསར་བརྫེ་པ་ཡང་དག་པ་སྒེར་གྱི་ངོས་ནས་འཁོན་འཛིན་སོགས་གང་ཡང་མེད་པའི་མི་འགའ་ཤས་ཀྱིས་འདིར་སླེབས་པའི་སྐབས་མའོ་སོགས་ལ་སྐྱོན་ངོ་མ་མཐོང་ནས་སྐྱོན་བརྗོད་ན་ཡག་པོ་རེད་དེ་རྒྱུ་མཚན་ལྟར་སྣང་མང་པོ་ལ་བརྟེན་ནས་འདྲ་མི་འདྲ་བཤད་པ་ཚོ་ལ་ཁེ་མཚར་པོ་མཐོང་གི་ཡོད། ད་སྐབས་ཚེ་བརྟན་སྒྲོལ་མའི་སྐོར་དེ་མི་སུ་དང་སུས་བཤད་གསལ་པོ་བཤད་རྒྱུ་ཡོད་ན། མའོ་གསང་བ་བཤད་མཁན་དེ་དངོས་ཆབ་སྲིད་ཀྱི་རྒྱབ་ལྗོངས་གཞན་པ་མེད་པའི་ཐོག་ནས་མའོ་གནས་ཚུལ་དྲང་པོ་བཤད་མཁན་ཞིག་ཡིན་པའི་ངེས་པ་གང་རྙེད་རྒྱུ་རེད།
ཚེ་བརྟན་སྒྲོལ་མ་ལ་མའོ་ཙེ་ཏུང་གིས་ལོང་སྤྱོད་བྱས་མི་ཡོང་རྒྱུ་མཚན་ནི་ཚེ་སྒྲོལ་སྐད་ཡག་པོ་ཙམ་ལས་རྣམ་པ་རྩ་བ་ནས་ཡོད་པ་མ་རེད་དཀོན་མཆོག་དཔང་དུ་བཙུགས།།
མའོ་ཙེ་ཏུང་ནད་ཀྱིས་ཟིན་སྐབས། སྨན་པའི་ངག་ལ་ཆེར་མི་ཉན་ལ། སྨན་དང་སྨན་ཁབ་མང་བོ་བེད་སྤྱོད་ཀྱང་མི་བྱེད། སྲོལ་རྒྱུན་སྨན་ལ་ནི་དེ་བས་ཡིད་ཆེས་མི་བྱེད་མཁན་ཞིག་རེད། ཁོས་ནམ་རྒྱུན་ལུས་རྩལ་ལ་བརྟེན་ནས་ནད་གསོ་ཐུབ་པར་འདོད་ཅིང་། ནད་ཚབས་ཆེན་དེ་འདྲ་ཕོག་སྐབས་ཀྱང་། ཆུ་རྐྱལ་བྱེད་མཁན་ཞིག་རེད། རིག་གསར་གྱི་མགོ་ཚུགས་པ་ནས། ཁོའི་གཟུགས་གཞི་ནམ་ཡང་བདེ་ཐང་བྱུང་མེད་པར་སྣང་ཞིང་། གཉིད་ཡག་པོ་མ་ཁུག་རྐྱེན་གཉིད་སྨན་ནི་མ་འཐུང་རང་འཐུང་ལྟ་བུས་ཤིན་ཏུ་མང་བོ་ཞིག་ཟ་དགོས་བྱུང་ཞིང་། གཉིད་ཡོང་ཐེངས་རེར་ཉིན་མཚན་བཞི་ནས་དྲུག་ཡས་མས་སུ་སད་ཐུབ་ཀི་མེད་ཚོད་རེད། ནད་གཞི་ལྕི་མོས་ཟིན་སྐབས། སྨན་པ་འབོད་འགུགས་ཀྱིས་ཐབས་ཤེས་ཡོད་མེད་འདྲི་ཞིང་། སྨན་པས་ཁྱོད་ཀྱིས་སྨན་པའི་ངག་ལ་ཉན་ན་རེ་བ་ཡོད་པར་ལབ་ཚེ། རྩ་ཆུ་ཁྲག་བརྟག་པ་སོགས་གཟུགས་པོ་བརྟག་དཔྱད་ཆ་ཚང་རེ་བྱེད་འཇུག་པ་ཞིག་རེད། གོང་དུ་ཞུས་པ་ལྟར་རིག་གསར་གྱི་སྐབས་ཤིག་ནད་གཞི་ཆུང་ཚེགས་ཤིག་གིས་ཟིན་ཅིང་། ལུས་ཀྱི་ཚུགས་ཤོར་ཞིང་དབང་བོའི་བྱེད་ལས་ཀྱང་རིམ་པས་ཉམས་དམུས་སུ་ཕྱིན་ནས། ཟས་དང་སྨན་མི་འཇུ་ཞིང་ཟས་སྨན་བླུད་སྐབས། མཚམས་མཚམས་བརྣངས་ནས་བརྒྱལ་བས་དུས་ཡུན་རིང་བོའི་བར་བརྒྱལ་སང་མ་ཐུབ་པས། སྨན་པ་སྨན་གཡོག་ཚོའང་ཅི་བྱ་གཏོལ་མེད་འཇིགས་རྔམ་ཆེན་པོའི་ངང་གནས་འདུག ཁོ་མ་ཤི་སྔོན་གྱི་བདུན་ཕྲག་གཅིག་ཡས་མས་ཀྱི་མཚན་མོ་ཞིག་ཏུ་ས་འགུལ་ཤིན་ཏུ་ཆེན་པོ་བརྒྱབ་འདུག སྐབས་དེར་མི་ཚང་མ་ཕྱི་ལ་བྲོས་ཀྱང་། སྒེར་སྨན་དཀའ་ཚེགས་ལྟ་བུས་ཡར་ལངས་མ་འདོད་པ་ན། རོགས་པ་ཚོས་ཨུ་ཚུགས་ཀྱི་ཡར་བསླངས་འདུག་ཅིང་། ཁོང་ཕྱི་ལ་ཐོན་ནས་ནམ་མཁར་ལྟ་སྐབས། ནམ་མཁའི་མདོག་ནི་ཁྲག་ལྟ་དམར་པོ་གྱུང་ཅིང་། ས་འགུལ་གྱི་ཤུགས་ཀྱིས་སག་ཙེག་གི་སྒྲ་ཞིག་ཀྱང་གོ་བར་བཤད། དེ་ནས་ཁོང་ཚོས་མའོ་ཉལ་ཁྲི་ཁང་བ་བརྟན་པོ་གཞན་པ་ཞིག་གི་ནང་སྤོས་ཤིང་། མའོས་སྒེར་སྨན་ལ་ད་ང་ལ་དྲག་བསྐྱེད་ཀྱི་རེ་བ་ཡོད་དམ་ཞེས་པར། སྒེན་སྨན་གྱིས། རེ་བ་ཡོད་ཅེས་སེམས་གསོ་ཅི་ཤེས་བཏངས་འདུག གོང་དུ་བཤད་པ་ལྟར། ཀྲོས་ཨེན་ལེ་ཤི་རྗེས་དེའི་ཚབ་ཏུ་ཏིང་ཤོ་ཕེན་བསྐོ་བརྩིས་བྱས་ཀྱང་། ཅང་ཆིན་སོགས་ཀྱིས་ངོ་རྒོལ་ལ་བརྟེན་ནས་ལམ་ལྷོང་བྱུང་མི་འདུག ཅང་ཆིན་གྱིས་མའོ་ཤི་མ་ཐག་རྒྱ་ནག་གི་སྲིད་དབང་ལ་དབང་བསྒྱུང་བྱ་རྒྱུའི་གྲ་སྒྲིག་ཨང་སར་བྱས་འདུག་པར་མངོན། དེ་ལྟ་ནའང་མའོའི་ཚེ་སྲོག་གི་ཐ་མ་འགགས་ལ་ཉེ་སྐབས། རང་གི་གྲོགས་པོ་ཧ་གོ་ཧྥོང་ཞེས་པར་སྲིད་དབང་རྩིས་སྤྲོད་བྱས་རྗེས་ཆེར་མ་འགོར་བར་ཚེ་ལས་འདས་འདུག
དེ་ནས་རིང་བོར་མ་ལོན་པར་མའོའི་ཉེན་སྲུང་མགོ་གཙོ་བང་ཏུང་ཤན་དང་ཧ་གོ་ཧྥོང་གཉིས་ལྐོག་འབྲེལ་ཐོག དམར་ཤོག་ཆེས་མཐོའི་མགོ་ཁྲིད་མི་སྣ་ཚོགས་འདུར་སྐོང་ཚོགས་ཀྱི་གཡོ་འཕྲུལ་འོག མི་བཞི་ཤོག་ཁག་འཛིན་བཟུང་རྩ་རྫོགས་བྱས་འདུག མའོའི་སྒེར་སྨན་ལྟར་ན། མའོའི་བཟའ་ཟླ་ཆང་ཆིན་ནི་ཤེས་ཡོན་ཅིའང་མེད་པ། མའོས་ལས་དཀའ་ལ་བཀོལ་དྭོགས་ལས་གཡོལ་ཆེད། དུས་རྟག་པར་ན་གཡོ་རྒྱག་མཁན། དོན་དག་ཆུང་ངུ་རེའི་ཆེད་དུའང་འཁོར་གཡོག་ཚོར་སུན་གཙེར་དང་གཤེ་གཤེ་ཆེན་པོ་གཏོང་མཁན། འཚོ་ཐབས་རྒྱས་སྤྲོས་ཆེ་ཞིང་གོན་པའང་དུས་ལ་ལྟོས་པའི་རྩེ་ཕུད་ཕྱི་གླིང་གི་ཆས་གོས་ལ་ལྷག་པར་ཡང་དགའ་མོས་ཆེ་བ། པར་ཡག་པོ་རྒྱག་ཤེས་ལ། ཉིན་མཚན་ཕལ་ཆེར་ཧོང་ཁོང་ནས་ནང་འདྲེན་བྱས་པའི་ཕྱི་ནང་གི་གློག་བརྙན་དག་ལ་ལྟ་སྤྲོ་བ་ཞིག་རེད་འདུག མའོ་ཤི་མ་ཐག་གནས་ཚུལ་དེ་བཞིན་ཧ་གོ་ཧྥོང་སོགས་ཏང་གི་ཆེས་མཐོའི་མི་སྣ་ཁག་ཅིག་མ་གཏོགས་ཡོངས་ཁྱབ་གསལ་བསྒྲགས་ཕྱིར་འགྱངས་བྱས་ཏེ། ཏང་གི་ཛ་དྲག་ཚོགས་ཆུང་ཞིག་སྐོང་ཚོགས་ཐོག་མང་མོས་ཐོག མའོའི་གཟུགས་པོ་དེ་གསོན་པོ་ནང་བཞིན་གཏན་ཉལ་དགོས་སྐོར་མངགས་བཀོད་བྱས་པ་མ་ཟད། ལས་གྲ་དེའི་ཁུར་ཚང་མ་སྒེར་སྨན་གྱིས་ལེན་དགོས་པའི་ཐག་གཅོད་བྱས་འདུག དེ་ནས་ལས་ཀྱི་སྣེ་མོར་གཏོགས་ཚད་ཀྱིས་དེ་སྐོར་ཅི་དགོས་གྲོས་བསྡུར་བྱས་པར། མ་གྲོས་གཅིག་མཐུན་རྒྱ་ནག་གི་ཚན་རིག་གི་ཆུ་ཚད་ད་དུང་ཚད་དེར་སླེབས་མེད་པ་དང་། ཨུ་རུ་སུའི་ལེ་ཉིན་གྱི་སྣ་རུལ་ནས་ནང་ལྡིབ་པས་སྣ་རྫུན་བཟོས་ཡོད་པ་དང་། སི་ཏྲ་ལིན་གྱི་ཁ་སྤུ་ཕྱིད་སོང་བས་སྤུ་རྫུན་འགེབས་དགོས་བྱུང་ཡོད་སྟབས། རྒྱ་ནག་ལས་ལྡབ་འགྱུར་གྱིས་ཚན་རིག་ལག་རྩལ་ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་དེ་ལྟ་བུས་ཀྱང་། ཕུང་བོ་ཡག་པོ་ཞིག་བདག་ཉར་མ་ཐུབ་ན། ང་ཚོས་ཇི་ལྟར་ཐུབ་ཅེས་སེམས་ཁྲལ་བྱེད་མུར། དམག་དཔོན་ཡེ་ཅིན་ཡིན་གློ་བུར་དུ་ཕེབས་སོང་བ་དང་། གནས་ཚུལ་དེ་བཞིན་ཁོང་བར་བསམ་ཚུལ་དྲི་སྐོར་ཞུས་པར། ཡེ་ནས་ཁྱེད་ཚོས༼ལག་བཟོ་དང་སྒྱུ་རྩལ་སློབ་གཉེར་ཁང༽ལ་འབྲེལ་ལམ་བྱས་ནས། འདྲ་གཟུགས་རྫུན་མ་ཞིག་བཟོས་ཤོགས། གལ་སྲིད་དགོས་མཁོ་བྱུང་ན་དེ་བེད་སྤྱོད་བཏང་ཀྱང་མ་འགྲིགས་པ་ཅི་ཡོད། ཅེས་ལམ་སྟོན་བྱས་པས་རྒྱབ་ཁུར་རི་བོ་ལྟ་བུ་ཞིག་ཇེ་ཡང་བཏངས་པར་བཤད། དེ་ནས་ཁོང་ཚོས་དཔེ་མཛོད་དང་སློབ་གཉེར་ཁང་ཁག་ཅིག་བརྒྱུད། དམར་གདོང་ཉར་ཚགས་ཀྱི་དཔྱད་གཞིའི་ཡིག་ཆ་འགའ་ཞིག་རྙེད་སོན་བྱུང་བ་ལྟར།
སྨན་གྱི་ཚན་རིག་སློབ་གཉེར་ཁང་གི་བྱང་ཐིག་རིག་པ་བ་ཡག་ཤོས་ཤིག་དང་། པེ་ཅིན་སྨན་ཁང་གི་ནད་བརྟག་མཁས་པ་རྩེ་ཕུད་གཅིག་བཅས་མཁས་པ་གཉིས་ཆེད་ཕེབས་ཐོག སྨན་ཁབ་ཉི་ཤུ་རྩ་གཉིས་བསྟུན་མར་བརྒྱབ་ནས་ཞོགས་ཀ་ཆུ་ཚོད་བཅུ་བའི་སྟེང་ལས་མཇུག་བསྒྲིལ། འོན་ཏེ་བསམ་ཡུལ་ལས་འདས་པ་ཞིག་ལ། མའོའི་ངོ་གདོང་སྦོས་ནས་པོ་ལོ་འདྲ་བོ་ཞིག་ཏུ་ཆགས་པ་དང་། སྐེ་ཞེང་མགོ་ཚད་དང་མཉམ་པ། རྣ་ནང་དུ་ལྡིབ་པ་སོགས། ཆེས་ཡིད་དུ་མི་འོང་བ་ཞིག་ཏུ་གྱུར་འདུག སྨན་པ་ཚོ་འཚུབ་སྣང་དང་དངངས་སྐྲག་བཅས། མགོ་ལུས་ཚང་མ་ཕུར་ཕུར་བཏང་སྟེ་སྐྲང་དེད་བྱས་པས། མའོའི་བྲང་འདབ་ཀྱི་སྒལ་ཚིགས་གཅིག་ཀྱང་བཅགས་འདུག ཐབས་ཤེས་སྣ་ཚོགས་བྱས་མཐར་ལུས་སྔ་མུས་ལྟ་བུར་ཆགས་ཐུབ་པ་བྱུང་ནས། རྒྱ་ནག་གི་མྱ་ངན་ཚོགས་ཆེན་གྱི་ཐོག་བེད་སྤྱོད་བྱེད་ཐུབ་པ་ཙམ་བྱུང་འདུག མྱ་ངན་ཚོགས་ཆེན་འཚོགས་ཟིན་པ་དང་ཆབས་ཅིག མའོའི་གདུང་གསང་ལམ་བརྒྱུད་པེ་ཅིན་གྱི༣༠༥རྟགས་ཅན་གྱི་སྨན་ཁང་གི་འོག་ཤོད་དུ་ཁྱེར་འདུག་ལ། སྨན་ཁང་དེ་ནི་མའོའི་གཟུགས་པོར་གདུང་བཅོས་བྱ་སའི་གསང་བའི་ས་གནས་ངོ་མ་དེ་ཡིན་པར་བཤད། སྨན་ཁང་དེ་ནས་མའོའི་ཀླད་པ་མ་གཏོགས་ལུས་ཀྱི་དོན་ལྔ་སྣོད་དྲུག་སོགས། གཙང་མར་བཤུངས་རྗེས་ཤེལ་དམ་ཆེན་པོ་སྨན་རྫས་ཅན་རེ་རེའི་ནང་བཅུགས་ཤིང་། མུད་ཐག་ནང་དུ་འགྱིག་སྦུག་ཅིག་དྲི་ཞིམ་གྱི་སྨན་ཆུ་སྡུད་སར་བཞག་པ་མ་གཏོགས། ལུས་ཁོག་ཧྲིལ་བོར་སྦྲིན་བལ་བརྫངས་ཏེ་སྐམ་པོ་ལྟ་བུར་བཟོས་འདུག་པ་དེ་དང་། ལག་བཟོ་དང་སྒྱུ་རྩལ་སློབ་གཉེར་ཁང་ཞེས་པའི་མི་གཉིས་ཀྱིས་བཟོས་པའི་མའོ་དང་ཤིན་མཚུངས་པའི་འདྲ་གཟུགས་ཤིག་ཡོད་པ་དེའང་སྨན་ཁང་དེར་སླེབས་འདུག་ལ། སྒེར་སྨན་གྱི་གནམ་བདེ་སྒོ་མོ་ཆེའི་མའོའི་དྲན་གསོ་ཁང་མ་འགྲུབ་པར་དུ་ལོ་གཅིག་རིང་། བདུན་རེའི་མཚམས་དེ་དག་ལ་བརྟག་དཔྱད་བྱེད་པར་ཡང་ཡང་ཕེབས་འདུག སྒེར་སྨན་ལྟར་ན། སྨན་ཁང་དེའི་སྒོ་སྲུང་དམག་མི་སོགས་ལས་བྱེད་ཕལ་ཆེར་གྱིས་སྨན་ཁང་འོག་ཤོད་དུ་ཡང་སྙིང་ལས་ཀ་ཅི་ཞིག་བྱ་བཞིན་ཡོད་མེད་ཧ་གོ་གི་མེད་པར་བཤད། སྤྱི་ལོ༡༩༧༧ལོར་མའོའི་དྲན་གསོ་ཁང་ལེགས་པར་གྲུབ་ཅིང་། མའོའི་གཟུགས་ཕུང་ལ་གོང་གི་འདྲ་གཟུགས་ཀྱིས་ལེགས་པར་གཡོགས་པ། ཆུ་ཤེལ་གྱི་སྒམ་ཞིག་གི་ནང་རུལ་སྐྱོབ་ཡང་རླུང་དང་མཉམ་པོར་བཅུགས་ནས། མི་མང་ལ་ཡོངས་ཁྱབ་བཤམས་སྟོན་བྱས་ཡོད་པ་དང་། མའོའི་དོན་ལྔ་སྣོད་དྲུག་སོགས་ནང་ཁྲོལ་རྣམས། མི་མང་ཚོགས་ཁང་ཆེན་མོའི་འོག ཀློག་སྐས་ལྡན་པའི་ཟླུམ་སྣོད་ཅིག་གི་ནང་བཞག་ནས་སྦས་ཡོད་པར་བཤད་དོ།། འདི་ནས་མའོའི་ལོ་རྒྱུས་བཀླགས་པའི་ཟིན་ཐོ་ཡོངས་རྫོགས་བྲིས་ཟིན་པའི་ཁུལ་ཡིན་ཡང་། དཔེ་ཆ་གཞན་ལ་སྤྲོད་དགོས་བྱུང་རྐྱེན་ཚང་མ་གསལ་བོ་ཞིག་ཟིན་བྲིས་སུ་འདེབས་མ་ཐུབ་པས། དགོངས་དག་ཞུ་བ་ཡིན་ལ། ཚིག་དོན་གྱི་ཆར་སྐྱོན་ཡོད་སྲིད་པས། གཟུར་གནས་དོ་སྣང་ཅན་དག་གིས་ལེགས་བཅོས་ལ་དགའ་བསུ་ཡོད། བཀྲ་ཤིས་བདེ་ལེགས།