བསྟན་འཛིན་རང་གྲོལ།
ངྷ་ས་ན་སྲིད་སྐྱོང་ལགས་ནས་ཞི་མོལ་ཚོགས་འདུ་བསྡུས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ནི་ཚེས ༡༥ དང ༡༦ གཉིས་ཚོགས་རྒྱུ་ཡིན་སྐད། ངས་རྣམ་རྟོག་བསླང་བ་མིན་ཏེ། བློ་བཟང་སེང་གེས་སྲིད་སྐྱོང་གནང་བའི་དུས་ཡུན་རིང་བོད་མི་ཚོས་འབྲེལ་མོལ་ལ་རེ་བ་མ་གནང་ན་ཡག་གི་རེད། ཡང་ན་འབྲེལ་མོལ་གྱི་ལམ་ཁ་གཞན་ཞིག་བཙལ་ན་ཡག་གི་རེད། ཧུའུ་ཅིན་ཐའོ་ལས་ཞིས་ཅིན་ཕིན་གྱི་སྲིད་འཛིན་དུས་སྐབས་ལ་འབྲེལ་མོལ་ཡོང་དགོས་པའི་རེ་བ་ཕྱོགས་མང་པོ་ནས་མཐོང་རྒྱུ་ཡོད། གནད་དོན་ཆེ་ཁག་གི་སྐབས་བོད་ཀྱི་གནད་དོན་སོགས་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་སོགས་ལ་གོ་རྒྱུ་ཡོད་པའི་བརྡ་ལན་མང་པོ་བཏང་ཡོད་ཀྱང་། བཀའ་ཤག་སྐབས་གོང་མས་དབུ་ནག་ཁུང་དུ་བཏང་ནས་བཞུགས་པ་ཡིན་ནམ་གོ་སྐབས་གཅིག་ཀྱང་ལེན་ཐུབ་མེད་ཁར། དུས་བསྟུན་གྱི་ཆབ་སྲིད་བསྒྲགས་གཏམ་ཚད་ལྡན་ཞིག་ཀྱང་སྤེལ་ཐུབ་མེད། འོན་ཀྱང་སྐབས་དེ་དུས་སྐལ་བ་ཡག་པོ་རེད། གང་ཡིན་ཞེ་ན། ང་ཚོའི་སྲིད་སྐྱོང་གི་རྒྱབ་ཏུ་མི་མང་གི་ཡིད་ཆེས་ཚད་ལྡན་སྤུངས་བརྩེགས་སུ་གནས་ཡོད།
http://lhasadhasa.com/?p=253
ད་ལྟ་གནས་སྟངས་མང་པོ་ཞིག་ལ་རང་བཞིན་གྱིས་འགྱུར་བ་ཐེབས་ཟིན། ཐེབས་པ་དེ་ཡང་ཡོངས་གྲགས་ཆགས་ཟིན་པས་རྒྱ་ནག་གཞུང་གིས་མི་གོ་བ་ཅི་ལ་སྲིད། རྒྱ་ནག་གཞུང་གིས་ཕྱིའི་བརྒྱུད་ལམ་ཁག་ཏུ་ཅི་ཞིག་བཤད་ཀྱི་ཡོད་མེད་ལ་མ་ལྟོས་པར། དེ་སྔ་འབྲེལ་མོལ་ཐེངས་དགུ་གནང་བའི་སྐབས་སུ་བོད་མི་རིགས་ཀྱི་རྩ་དོན་ཐད་བགྲོ་གླེང་ནན་པོ་གནང་ཡོད་ལ། ༧གོང་ས་མཆོག་དང་སྐབས་དེའི་བཀའ་བློན་ཁྲི་པའི་རྒྱ་བོད་མི་རིགས་གཉིས་ཀྱི་མདུན་ལམ་ཐད་བཅངས་པའི་ལྷག་བསམ་དང་། དབུ་ཁྲིད་ཀྱི་མཁས་མཛངས་ལ་ཡིད་ཆེས་བྱས་ཡོད་ལ། ད་ལྟའང་ཡིད་སྨོན་གྱི་གནས་སུ་ཡོད་པ་ཏང་གི་ཆེས་མཐོའི་དབུ་ཁྲིད་རེ་འགའི་ས་གནས་ཚུལ་ཁུངས་དག་ཡོང་གི་ཡོད་པ་འབའ་བ་ཕུན་དབང་སོགས་ཀྱིས་གསུངས་ཡོད། དེའི་རྐྱེན་རྒྱ་ནག་གི་མགོ་ཁྲིད་ཚོར་བོད་རྒྱའི་དཀའ་རྙོག་སེལ་བའི་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོ་ཞིག་མེད་ཀྱང་། ངྷ་རམ་ས་ལའི་ཕྱོགས་ཀྱི་དབུ་ཁྲིད་དང་སྒྲིག་འཛུགས་ཀྱི་ནུས་སྟོབས། རྒྱལ་སྤྱིའི་གནོན་ཤུགས་སོགས་ལ་ཡ་ལན་མི་བྱེད་རང་བྱེད་ཆགས་ཀྱི་ཡོད།
དེང་སང་གོང་དུ་ཞུས་པ་བཞིན། བློ་བཟང་སེང་གེའི་གནས་སྟངས་གསལ་རྗེན་སྤྱི་ཚོགས་ནང་ཡོངས་གྲགས་ཆགས་ཤིང་། ༧གོང་ས་ཏཱ་ལའི་བླ་མ་ཚུན་གྱིས་ཁོང་ལ་ཡིད་ཆེས་གནང་མི་ཐུབ་པའི་རྒྱུ་རྐྱེན་ཡང་འཕྲོ་རིམ་འཕྲོར་བརྡོལ་བ་མ་ཟད། བཙན་བྱོལ་ནང་ཙམ་མ་ཟད། བོད་ནང་གི་དོ་སྣང་ཅན་གྱི་ཤེས་ཡོན་པ་མང་པོ་ཞིག་ཀྱང་ཁོང་ལ་ཡིད་ཆེས་བརླག་ཡོད་པ་ནི་ཧ་ལས་པའི་གནད་དོན་ཚབས་ཆེན་དེ་རེད། སྤེན་པ་ཚེ་རིང་གིས་འོས་ཤོག་ལས་མི་མང་གི་ཡིད་ཆེས་འགུགས་ཐབས་བྱས་ཤིང་། བློ་བཟང་སེང་གེས་ཡིད་ཆེས་ལས་འོས་ཤོག་སྟེང་གཅིག་ཏུ་བརྩོན་པ་བྱས། དེའི་མཐའ་འབྲས་བློ་བཟང་སེང་གེ་ལགས་ཀྱི་ལས་ཡུན་གཉིས་པའི་སྐབས་སྨིན་བཞིན་པ་མཐོང་གསལ་རེད་ལ། མི་རབས་གསར་པའི་གྲོས་ཚོགས་འཐུས་མི་ཞིག་གིས་བློ་བཟང་སེང་གེ་ལགས་ཀྱི་དབུ་མའི་ལམ་གྱི་ཆོད་སེམས་བརྟན་པོ་མིན་པ་དང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞིབ་ཚགས་མི་མཁྱེན་པ། བཙན་བྱོལ་མི་མང་ནང་མང་གཙོ་དང་ཁྲིམས་སྒྲིག་གི་ལམ་སྟོན་ཚད་ལྡན་ཐུབ་ཀྱི་མེད་པའི་གནས་སྟངས་བཅས་གྲོས་ཚོགས་ནང་གསལ་བཤད་ཞུས་པ་ནི་དེང་སང་གྲགས་ཆེ་བའི་བཀའ་མོལ་ཞིག་རེད་ལ། སྨྱུག་འཛིན་པས་ཀྱང་བསམ་ཚུལ་དེར་རྒྱབ་སྐྱོར་མི་བྱེད་ཀ་མེད་རེད།
རྒྱ་ནག་གིས་བོད་མི་ཚོའི་དབུ་མའི་ལམ་ལ་བཅངས་པའི་ཡིད་ཆེས་ཀྱི་ཚད་གཞི་དང་། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་གཉིས་ཀྱི་སྐོར་དོ་སྣང་དངོས་ཤུགས་བརྒྱུད་གསུམ་དུ་བྱེད་བཞིན་པ་ཤེས་གསལ་ལྟར། སྒྲིག་གཞི་དང་འཆར་གཞི། དམིགས་ཚད་ལྡན་པའི་ཉུལ་ཞིབ་དེ་དག་མཐར་གཏུག་ན་བོད་རྒྱ་འབྲེལ་མོལ་ཅི་ལྟར་གནང་དགོས་མིན་གྱི་གཞི་རྩར་ཡང་ལྟ་གི་ཡོད་པ་གསལ་བོ་རེད། དེའི་ཆ་ནས་རྒྱ་ནག་གཞུང་གིས་སྲིད་སྐྱོང་བློ་བཟང་སེང་གེས་དབུ་ཁྲིད་པའི་ལས་ཡུན་གཉིས་པའི་སྐབས་དེ་བས་ཀྱང་འབྲེལ་མོལ་མི་གནང་བ་གཏན་འཁེལ། རྒྱ་ནག་གཞུང་གིས་བོད་མི་ཚོར་སྲིད་སྐྱོང་ལ་ཡིད་ཆེས་བརླག་ཡོད་པའི་གོ་སྐབས་གཅིག་པོ་འཇུ་རྒྱུ་ཙམ་མིན་པར། ཁོང་གིས་བཀའ་ཤག་ནང་རང་བཙན་གྱི་ལྟ་བ་ཡོད་མཁན་གྱི་གང་ཟག་དམིགས་འཛུགས་བྱས་ཤིང་། གྲོས་ཚོགས་ཀྱི་འཐུས་མི་ཤོག་ཁའི་ཁེ་ཕན་གཉེར་མཁན་ཚོར་ལྐོག་འབྲེལ་གྱིས་བཀའ་ཤག་ཁྱད་མཚར་ཞིག་བཟོས་པ་ནི། རྒྱ་ནག་གཞུང་གི་ལག་ཆ་ཙམ་མ་ཟད། བཙན་བྱོལ་འོས་འཕེན་མི་མང་གི་དགོངས་གཞིར་ཁྱད་གསོད་བྱས་པ་ཞིག་ཡིན་པ་ཞུ་མ་དགོས་པས། བོད་མིའི་སྤྱི་ཚོགས་ནང་གནམ་མཁའ་གཡའ་དག ས་གཞི་རྡུལ་དག་ཏུ་འགྲོ་རྒྱུར་དཀའ་ལས་ཁག་པོ་ཆགས་ཡོད་པ་མ་ཟད། ལྷ་སྲུང་ཁྲོས་པའི་གནས་ཚུལ་ཡང་ད་དུང་སྡུག་ཏུ་འགྲོ་ངེས་པ་མ་རེད་དམ།
ལོ་ངན་སྒང་ལ་ཟླ་ལྷག་ཟེར་བ་ལྟར། གྲ་མི་འགྲིག་པའི་གནད་དོན་རུ་འཛིང་ནས་ཡོད་པ་དེའི་སྟེང་། ཉེ་སྔོན་གྲོས་ཚོགས་ནང་བཀའ་བློན་འོས་མི་གཅིག་གི་ལོ་ཚད་ལོངས་མེད་བཞིན་དུ། གྲོས་ཚོགས་དང་ཁྲིམས་དཔོན་ལ་དབུ་བསྐོར་གྱིས། དམ་བཅའ་ཚུན་ཕུལ་སྟེ་བཀའ་བློན་དུ་བསྐོས་པ་དེ་དེ་བས་ཀྱང་མི་མང་གི་ཡིད་ཆེས་བརླག་གཞིར་གྱུར་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གནས་ཚུལ་དེ་གསན་མ་ཐག དམ་བཅའ་བླངས་ཏེ་ཁྲིམས་དཔོན་ལ་དབུ་བསྐོར་ཞུས་པའི་གནས་ཚུལ་དེ་བཅའ་ཁྲིམས་དང་འགལ་བར་ཐུགས་ཐག་བཅད་དེ། ལམ་སེང་བཀའ་ཁྱབ་བཏང་སྟེ་དམ་བཅའ་རྩིས་མེད་བཏང་འདུག གནད་དོན་འདི་དག་ལ་ལྟ་སྐབས། ལས་བྱས་པ་དང་ཆུད་མི་ཟ་བ། མ་བྱས་པ་དང་མི་འཕྲད་པ། ཟེར་བའི་རྡོ་རྗེའི་གཏན་ཚིགས་ལྟར། ཐོག་མ་ནས་བཀྲ་ཤིས་པའི་རྟགས་མཚན་ཉུང་བ་ནི་སེམས་སྐྱོ་དགོས་པ་ཞིག་ཡིན་པས།
མདོ་དོན། ཞི་མོལ་ཚོགས་འདུ་ཐེངས་ ༢༨ ་པ་ཚོགས་སོང་ཞེས་ཅི་ཙམ་བསྒྲགས་ཀྱང་། ཁོར་ཡུག་གི་མཐུན་རྐྱེན་ཕལ་མོ་ཆེ་སྲིད་སྐྱོང་རང་ངོས་ནས་ནག་བསུབ་བཏང་ཡོད་པས། ཞི་མོལ་ཚོགས་ཆུང་གི་ཚོགས་འདུ་ཚོགས་འདུག་ཨེ། འགྲོ་སོང་འཕྲོ་བརླག་མ་རེད་དམ་ཞེས་མི་བཤད་མཁན་དང་ཐུགས་ཁྲལ་མི་གནང་མཁན་ཡོད་སྲིད་དམ།
༢༠༡༦། ༧། ༡༦། ཉིན།།
་་་་་་ ཧུའུ་ཅིན་ཐའོ་ལས་ཞིས་ཅིན་ཕིན་གྱི་སྲིད་འཛིན་དུས་སྐབས་ལ་འབྲེལ་མོལ་ཡོང་དགོས་པའི་རེ་བ་ཕྱོགས་མང་པོ་ནས་མཐོང་རྒྱུ་ཡོད། ་་་་་
་་་་་་་་བློ་བཟང་སེང་གེ་ལགས་ཀྱི་དབུ་མའི་ལམ་གྱི་ཆོད་སེམས་བརྟན་པོ་མིན་པ་དང་། ་་་་་་་་
་་་་་་་་རྒྱ་ནག་གཞུང་གིས་སྲིད་སྐྱོང་བློ་བཟང་སེང་གེས་དབུ་ཁྲིད་པའི་ལས་ཡུན་གཉིས་པའི་སྐབས་དེ་བས་ཀྱང་འབྲེལ་མོལ་མི་གནང་བ་གཏན་འཁེལ། ་་་་་་་་ ཟེར།
བོད་མི་མང་གིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཡིད་ཆེས་བརླགས་པ་ཟེར་བ་དེ་ག་རེ་ཤོད་ཀྱི་ཡོད་དམ། སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་སྐབས་༧རྒྱལ་བའི་མཚན་ཡང་ཆབ་སྲིད་ཀྱི་དགོས་མཁོར་འཁྱེར་བ་སོགས་ཐབས་ཤེས་ཡོད་རྒུ་རྩལ་དཀྲུགས་ཀྱིས་སྲིད་སྐྱོང་བློ་སེང་མཆོག་འབུར་འཇོམས་གཏོང་རྩིས་བྱས་སོང་ཡང་མང་ཚོགས་ཀྱིས་ཁོང་ལ་ཡིད་ཆེས་བློས་འགེལ་གྱིས་སླར་ཡང་མང་མོས་འོས་འདེམས་བྱས་པ་མ་རེད་པས། ང་རང་ཡང་བློ་སེང་མཆོག་ལ་འོས་འཕེན་མཁན་ཞིག་ཡིན་ཙང་དྲི་བ་འདི་གཏོང་དགོས་བྱུང་།
བློ་བཟང་སེང་གེས་སྐབས་དང་པོ་ལོ་ལྔ་ཡི་རིང་དེར་འཐུས་ཤོར་མང་པོ་ཞིག་བཏང་བ་བདེན་པ་རེད། དེའི་ཆ་ནས་ཁོང་ལ་ད་ཆ་ཡིད་ཆེས་བརྒྱ་ཆ་བརྒྱ་བྱེད་ཁག་པོ་འདུག ཡིན་ནའང་། ད་ནི་སྐྱོན་བརྗོད་བྱེད་པ་དང་མང་ཚོགས་ནང་ལ་དཀྲོགས་གཏམ་འདྲ་པོ་སྤེལ་ན་ཡག་པོ་མི་འདུག བོད་རྒྱ་ཞི་མོལ་ལམ་སང་ཡོང་དཀའ་ནའང་། དེ་གྲ་སྒྲིག་བྱེད་དགོས་རེད། གྲ་སྒྲིག་བྱེད་པ་ལ་གོ་བསྡུར་གལ་ཆེ་བ་རེད། དེ་ཚོ་ཤེས་ན་རེད།
ཡར་རྒྱས་དང་འཐུན་ཤོར་ནོར་། དགྲ་དང་གཉེན་ནོར་།ཕྱི་དང་ནང་ནོར་ ཧཧཧ་
ཞི་མོལ་ཚོགས་འདུ་འཚོགས་ནས། །
འགྲོ་སོང་འཕྲོ་བརླག་ཡིན་ན། །
ཞི་མོལ་ཚོགས་འདུའི་ཚབ་ལ། །
ཉལ་ནས་བསྡད་ན་བཟང་ངམ་། །
་
དྲ་གྲོགས་རང་གྲོལ་རང་ལ། །
ཀརྡོས་ཀུ་རེ་ཡིན་ནོ། །
་
སྤྱི་ལ་བསམས་ནས་བཤད་ཚད། །
དགེ་བ་དཔག་མེད་ཡོད་ངེས། །
རེད་རེད། ད་ཡང་དྲྭ་འབུ་ཁྱེད་ཅག་གིས་དགྲ་བོའི་ལག་ཆ་ཡག་པོ་སྐྲུན་ཤོག་ཨ། ལྟ་ངས་ངན། ད་དུང་མཁས་མདོག་དང་འཇོན་མདོག་ཡོད།
ཧཧཧཧཧ་་་་་་་སྲིད་སྐྱོང་བློ་སེང་ལས་ཨ་མདོའི་ཤར་ཁུག་བསམ་འཇོན་ཆེ་བ་མཐོང་འདུག་གདའ་་་་་་ངོ་མ་བགད་མོལ་རྐུབ་ནས་ཤོར་ཀི་་་་་་
༅༅། བསྟན་འཛིན་རང་གྲོལ་ནས། བློ་བཟང་སེང་གེ་སྲིད་སྐྱོང་སྐབས་གཉིས་པའི་སྐབས་སུ་ཞི་མོལ་
ཡོང་ཐབས་མེད་ཅེས་པ་་་རྒྱུ་མཚན་འདི་དང་འདི་ཞེས་རྒྱུ་མཚན་ཡང་དག་བཀོད་དང།
དགའ་མི་དགའ་མདོག་གི་སྐད་ཆ་བཤད་ན་ཆོ་མི་འདུག་ མི་མང་གི་འོས་བླུགས་ནས་རྒྱལ་བ་རེད།
རྒྱ་གར་གྱི་ལབ་སྲོལ་ཞིག་ཡོད། ལབ་ན་ལབ་སོང་ལབ་ཀྱི་འདུག་ མ་ལབ་ན་མ་ལབ་སོང་ལབ་ཀྱི་འདུག་
ཞེས་པ་ལྟར་རེད། ང་སྒུག་ནས་བསྡད་ཀྱི་ཡིན། རྒྱུ་མཚན་བཀོད་རོགས་ སྐྱོན་བརྗོད་མ་བྱེད།
དབུ་མའི་ལམ་གྱི་གོ་རྟོག་སྤེལ་བར་སྔོན་རྩིས་མ་དངུལ་མང་པོ་གཏོང་གིན་ཡོད་པ་བཞིན་དུ་ ད་རང་བཙན་གྱི་གོ་རྟོག་སྤེལ་བར་མ་དངུལ་གཏང་དགོས་ཀྱིན་འདུག ང་ཚོ་ངོ་མ་དམངས་གཙོ་ཡིན་ན་མི་མང་གི་རེ་བ་ལ་ཉན་འཇོག་བྱེད་དགོས་པ་རེད།
སྲིད་སྐྱོང་བློ་སེང་ལ་མི་མང་གིྈཡིད་ཆེས་མ་རླགས་ནས་སླར་སྲིདསྐྱོང་ཐོབ་པ་རེད་།
བོད་རྒྱ་འབྲེལ་ལམ་ཡོང་ཐུབ་མ་ཐུབ་དེ་རྒྱ་མིའི་
ལག་ཏུ་ཡོད་པ་ལས་ང་ཚོ་ལ་ཡོད་པ་ཤེས་མ་སོང་།
གལ་སྲིད་ང་ཚོའི་ལག་ཏུ་ཡོད་ན་མི་ལོ་
56ཙམ་གང་ལ་མགོ་འཁོར་ནས་མི་ཡུལ་དུ་ཉི་མ་བསྐྱལ་ནས་
བསྡད་པ་རེད་གསུང་དང་།
ཤར་གླིང་ཟླ་སྒྲོན་གྱི་ལོ་ལ་ཞིབ་འཇུག་གནང་ཐུབ་མེད་ན་དེའི་འགན་དེ་སྤྱི་འཐུས་ལ་ཡོད་པ་ནི་བཀའ་བློན་ལ་འགྲོ་ཐུབ་མ་ཐུབ་དེ་སྤྱི་འཐུས་གྲོས་ཚོགས་ནས་དག་མཆན་ཐོབ་དགོས་པ་ནས་གསལ་པོ་ཤེས་ཐུབ་།
འགན་འཁུར་མེད་པའི་འཆལ་རྩོམ་དང་འདོད་གཏམ་རྗེན་པ་ཞིག་རེད། འདི་ཚོའི་རིགས་ལ་དོ་དབྱིངས་དང་གླེང་བརྗོད་གནང་རིན་ཡོད་ནི་མ་རེད། མི་དམངས་ཀྱི་ཡིད་ཆེས་དང་རེ་བ་ནི་མི་དམངས་ཀྱི་ལགས་སུ་ཡོད་པ་ལས་སྐབས་འཚོལ་བ་རེ་འགའི་ཁ་འོག་ལག་འོག་ཏུ་འགྲོ་ཡི་མེད་པར་ནི་ད་ལམ་སྲིད་སྐྱོང་གི་འོས་སྡུའི་ལས་རིམས་ནས་གསལ་སོང་བ་རེད།
ཞི་ཅིན་ཕིན་སྲིད་འཛིན་ལས་ཡུན་གཉིས་པར་བོད་དོན་སེལ་དགོས་ངེས་ཆགས་ཡོད།
http://tibettimes.net/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%9E%E0%BD%B2%E0%BC%8B%E0%BD%98%E0%BD%BC%E0%BD%A3%E0%BC%8B%E0%BD%A3%E0%BD%A6%E0%BC%8B%E0%BD%91%E0%BD%BC%E0%BD%93-10/
༅༅། བྱས་ན་བྱས་སོང་ཟེར། མ་བྱེད་ན་བྱེད་མ་སོང་ཟེར་། ད་གང་བྱེད་དགོས་རེད།
བྱེད་ཐུབ་མཁན་འདྲ་ཡོད་ན་ཐང་ལ་འདོན་ནས་ལག་པ་རྐྱོངས་དང།
ག་རེ་བྱས་སོང
ཀོ་ལེ་སྒལ་གྱི་མི་རྒན་མངའ་རིས་པ་ཚེ་དབང་བསོད་ནམས་ལགས། ད་གང་མགྱོགས་མ་བཤད་བློ་སེང་གིས་མངའ་རིས་མི་དམངས་ལ་མགོ་བསྐོར་བཏང་བཏང་སུ་ལའང་བཏང་མེད། གཞུང་པ་གཞུང་གཅུང་ལགས་དང་རྣམ་པ་གཉིས་བློ་སེང་ལ་སྤྲེལ་ལད་འཁྲབ་འཁྲབ་སུ་ཡང་འཁྲབ་མེད། གྲགས་པ་རྣམ་རྒྱལ་གྱི་སྤུན་མཆེད་ཨེ་ཡིན་ནམ་བསམ་བསམ་ཞིག་འདུག
གཞུང་པས་དྲང་གཏམ་གཅེར་བུ་བཤད་།
མིང་རྫུན་དྲ་འབུ་ངུ་་སྐད་ཤོར་།
གཞུང་པས་བཅའ་སྒྲིག་འགན་འཁུར་བླངས་།
མིང་རྫུན་དྲ་འབུ་སྡུག་སྐད་ཤོར་།
མང་གཙོའི་རང་དབང་ཁྲིམས་ཀྱི་ལྕགས་རིའི་ནང་།
རང་རང་བསམ་ཚུལ་གླེང་ན་དངོས་མིང་བཀོད་།
མིང་རྫུན་འོག་གི་མཆན་ལ་བལྟ་ཀློག་དཀོན་།
བལྟ་ཀློག་དཀོན་པའི་མཆན་ལ་བདེན་ཆ་མེད་།
༧གོང་ས་མཆོག་གིས་སྲིད་སྐྱོང་ལས་ཡུན་གཉིས་པ་དབུ་འབྱེད་མཛད་སྒོའི་གསུང་བཤད་སྐབས་བཀའ་བསྐྱོན་ནང་ལས་སྡོམ་བསྐྱོར་རྒྱུའི་ཆེད་དུ་ལས་ཀ་མ་བྱས་གསུངས།
གཞུང་པའི་ཐུགས་སྲས་བློ་སངས་རྣ་བ་འོན་པས་ཡང་བསྐྱར་ལས་སྡོམ་དང་གྲངས་ཀ་གསོག་ཆེད་ཞི་མོལ་ཚོགས་འདུ་ཐེངས་༢༨ པ་ཚོགས་པ་བསྒྲགས། མི་དེ་ཁྱིའི་མཇུག་མ་འདྲ་བ་དེ་འདྲའི་འཁྱོག་འཁྱོག་ཅིག་ཨ།
ཞི་མོལ་ཚོགས་འདུ་ཚོགས་པར་ཁྱེད་རང་ཇུས་གཏོགས་མེད་རེད་།
སྐྱག་ཁར་སྒོ་ལྕགས་བརྒྱབས་ནས་དོན་མེད་སྐྱོན་བརྗོད་མ་བྱེད།
རང་ལ་འཇོན་ཐང་ཡོད་ན་སྲིད་སྐྱོང་བྱེད་དགོས་རེད་པ།
སྨྲ་བརྗོད་རང་དབང་ཡོད་ཀྱང་དཀྲོགས་གཏམ་རང་དབང་མེད་དོ།
༅༅། རེད་རེད།་་་་རང་གི་མི་བྱོན་རྐུབ་ཚ། གཞན་གྱི་བྱེད་ན་མིག་རྩ་་ཞེས་པ་ལྟར་རེད་དོ།
བྱོན་ཡ་ཁབ་ཀྱི་རྕེ་མོ་ཙམ་མེད་པར་སྟོང་བཤད་ཤ་སྟག་བཤད་པ་འུ་སྡུག་པ།