རྔ་བ་རྒྱལ་ཁམས་པ།
ལི་པའེ།
འོད་དཀར་ཅན་ནི་གནམ་གྱི་རི་བོ༼༢༽ལས།།
སྤྲིན་གྱི་རྒྱ་མཚོའི་གསེབ་ཏུ་འཕྱོ་ཞིང་ཉུལ།།
ལེ་དབར་ཁྲི་ཕྲག་བསྐྱོད་པའི་དྲིའི་ཤིང་རྟ༼༣༽།།
ཡུས་མོན་༼༤༽འགག་ཏུ་གཡུགས་ཤིང་བརྒལ་བར་གྱུར།།
ཧན་རྒྱལ༼༥༽པའེ་ཏིང་རི་བོའི་ལམ་དུ་བབ།།
བོད་མིས་ཁྲི་ཤོར་རྒྱལ་མོར༼༦༽བྱ་ར་བྱེད།།
འདི་ཀོ་སྔར་ནས་འཐབ་པའི་གཡུལ་ས་སྟེ།།
གསོན་པོར་ཕྱིར་དུ་ལོག་པ་མཐོང་མ་བྱུང་།།
མཐའ་སྲུང་བ་ཡིས་བས་མཐར་བལྟ་བཞིན་དུ།།
ཕ་ཡུལ་དྲན་ཏེ་སྨིན་མ་ཀུན་གྱིས་བསྡུས།།
དགའ་མ་གདུང་བས་མཚན་འདིར་ཐོག་ཁང་དུ།།
སྐྱོ་བའི་ཤུགས་རིང་ནར་ནར་ཡང་ཡང་འབྱིན།།
༼༡ འགག་རིའི་ཟླ་བ། ཡུའེ་ཧྥུ་ཡི་གཞས་ཤིག་གི་མིང་།
༼༢ གནམ་གྱི་རི་བོ། མཚོ་སྔོན་གྱི་ཆི་ལེན་རི་བོའི་མིང་ངོ་།། ༼༣ དྲིའི་ཤིང་རྟ། རླུང་གི་མིང་།
༼༤ ཡུས་མོན། ཀན་སུའུ་ཏུན་ཧོང་རྫོང་གི་ཤར་ཕྱོགས་སུ་ཡོད།
༼༥ ཧན་རྒྱལ། ཧན་རྒྱལ་པོ་ཧན་ཀའོ་ཙུང་གིས་ཧྲན་ཞི་ཞིང་ཆེན་ཏུ་ཐུང་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་རི་བོ་པའེ་ཏིང་དུ་དམག་དྲངས་པའི་དོན།
༼༦ཁྲི་ཤོར་རྒྱལ་མོ། མཚོ་སྔོན་པོའི་མིང་གཞན།
ཟུར་མཆན། ཐང་གི་སྙན་ངག་འདི་ནི་མགོ་ལོག་རྣམ་རྒྱལ་གྱིས་བསྒྱུར་བའི༼༄།། ཐང་རྒྱལ་རབས་ཀྱི་སྙན་ངག་སུམ་བརྒྱ་བ།༽ཞེས་པ་ལས་དྲངས།
ཨ་རོགས། ལི་ལའེ་ཟེར་ནི་མ་རེད། ལི་བྷེ་ཟེར་ནི་རེད། ཁོང་གི་སྙན་ངག་ཡག་ཤོས་ཀྱི་ཡ་གྱལ༼བདུད་རྩི།༽ནི་འདི་ལྟར།
རྨ་ཆུ་རིང་མོ་གནམ་ནས་བབས་སྟེ་ཕྱིར་མི་ལྡོག་པར་ཕྱི་ཡི་རྒྱ་མཚོ་ནང་དུ་ཞུགས་པ་དམ་པ་ཉིད་ཀྱིས་མཐོང་ལེགས་སམ།
ཁང་ཆེན་རྒྱ་ཕུབས་མེ་ལོང་ནང་ན་ཞོགས་པར་གཡག་རྩིད་འདྲ་ཞིང་མཚན་མོར་དུང་ལྟར་དཀར་པའི་སྐྲ་ལོའི་འཕོ་འགྱུར་དམ་པ་ཉིད་ཀྱིས་མཐོང་ལེགས།
ཡ་ད་འདི་ཙམ་བྱོས།
ད་ལྟ་རྒྱ་ནག་གི་གནའ་རིག་གནའ་རྫས་བརྟག་མཁན་ཚོས་ལི་བྷེ་བོད་རིགས་ཡིན་པ་སྒྲུབ་བཞིན་པ་ཞིག་གོ་སོང་།
ལི་བྷེ་མ་རེད། ཀླུ་སྦས་རེད། ཁོང་བོད་རིགས་རེད། བོད་རིགས་དམག་མི་རྒྱས་བཟུང་སོང་བ་ཞིག་གི་བུ་རེད།
༼༽ཁུག་ཤད་འདིས་ཡེ་གེ་ཟོར་ཡངས་པ་མི་བྱེད་པས། མཐོང་སྣང་ལ་ཡང་མཛེས་པ་ཞིག་མི་འདུག སྤྱིར་བཏང་ཡི་གེའི་འགྲོ་སྟངས་སོགས་གང་སྤྱི་ལ་སྟབས་བདེ་བཀོལ་དགོས་པར་བཤད་པས། () འདིའམ་[]འདི་གཉིས་གོང་གི་ཁུག་ཤད་དེ་ལས། སྟབས་བདེ་བར་མཐོང་། ༼༽ཁུག་ཤད་འདི་བཟོ་བ་ནི། རང་རེ་གའུ་དང་། ལྡེའུ་ལྷ་ཁང་ཞེས་པའི་མཆོད་བཤམས་དག་ལ་དབྱིབས་འདི་ཡོད་པས། དེ་རྣམས་དང་མཐུན་པར་བཟོ་ན་མཛེས་པར་འགྱུར་བའི་ཆ་ནས་འདི་འདྲ་བཟོས་པར་བསམ། ༼༽དབྱིབས་འདི་དང་པོ་རྒྱ་གར་ལ་མེད་པ་ནི་རྡོ་རྗེ་གདན་སོགས་སྔོན་གྱི་བཟོ་བའི་ལྷ་སྐུ་བཞུགས་ས་རྣམས་མཐོང་བས་ཤེས་རྟོགས་སུ་འགྱུར་ངེས། ༼༽རྟགས་འདི་རྒྱ་གར་དང་བོད་སོགས་ལ་ཇི་ལྟར་དར་བ་ནི། དང་པོ་རྟགས་འདི་མུ་སུལ་མན་གྱི་ཏཇ་མ་ཧལ་སོགས་མུ་སུལ་མན་གྱི་ཁང་བཟང་སོགས་ཀྱི་སྒོ་དབྱིབས་མཛེས་པར་བྱེད་ཕྱིར་དར་ཁྱབ་བྱུང་། དེ་ནས་བལ་ཡུལ་དང་། རིམ་པས་བོད་དང་སོག་ཡུལ་དུ་ཡང་དར་སྲོལ་བྱུང་། རྒྱ་ནག་ཏུ་མུ་སུལ་མན་གྱི་ལྷ་ཁང་རྣམས་ལ་རྟགས་འདི་ཡོད་ངེས་བསམ། དེ་མིན་རྒྱ་ནག་གི་སྔར་གྱི་ཁང་བཟང་སོགས་ན་༼༽རྟགས་འདི་ཡོད་མེད་མི་ཤེས། དེས་ན་ཁུག་ཤད་རྒྱབ་དགོས་ན། ཡི་གེ་ཟོར་ཡངས་པའི་ཕྱིར་དུ་། () འདིའམ་[] འདི་དག་བདག་ཅག་གིས་བཀོལ་ལོ།།
ཁྱེད་ཀྱིས་སྙན་ངག་བསྒྱུར་བ་ལེགས། འོན་ཀྱང་ཚེག་སྦྱོར་མི་མཛེས།
ཧ་་་ཧཧ་་་་་་་་་་་་་་ངས་ཀུ་རེ་ཡིན། ངས་ཁྱེད་ཀྱིས་སྙན་ངག་བཀླག་པར་བརྩམས་ཡང་དོན་མ་གོ་ཐལ།
ཧ་ཧ་དེ་འགྲོ་བོ་ཞིག་ལབ་སོང་།
ལོ་ཙྭ་བ་རྣམས་ཀྱིས་བསྒྱུར་བའི་སྙན་ངག་དེ་སྙན་བྱུང་ལ། ཁ་བརྡ་ཚང་གི་ཞུ་དག་པ་དེ་ཡང་ཡག་སོང་། རྗེས་སུ་ཡི་རང་དང་ཡི་མ་རང་མཁན་ཚོ་ཡང་དེ་འདྲ་རེད།