རྒྱའི་མཚན་ཉིད་པ་ཆེན་མོ་ཁུང་ཙི།
༼ཚན་པ་ཉེར་བཞི༽
༼༡ ཁུང་ཙི་ན་རེ། སྲིད་དོན་ཀུན་སྤྱོད་ཀྱིས་སྐྱོང་བ་ནི་སྐར་མ་ཨ་བརྟན་གནས་ངེས་མེད་ཅན་དུ་ཡོད་པ་ལ་སྐར་མའི་ཚོགས་ཀྱིས་བསྐོར་བ་བཞིན་བྱའོ།། ༼བསྡུས་དོན༽ དཔེ་སྐར་མ་ཨ་བརྟན་སྐར་མའི་ཚོགས་ཀྱིས་བསྐོར་བ་དེས་དཔེ་ཅན་རྒྱལ་སྲིད་ཀུན་སྤྱོད་ཀྱིས་སྐྱོང་དགོས་པར་བསྟན་ཏོ།།
༼༢ ཁུང་ཙི་ན་རེ། སྙན་ངག་གཞུང་དུ་སྙན་ངག་ཁག་སུམ་བརྒྱ་ཡོད་ལ། ཚིག་གཅིག་ཏུ་བསྡུས་ན། ལྷག་བསམ་ཟོལ་མེད་དང་། ལོག་རྟོགས་མེད་པ་ཞེས་པ་དེ་རེད། ༼བསྡུས་དོན༽ཁུང་ཙིས༼སྙན་ངག་གི་གཞུང༽ཞེས་པ་དེའི་བརྗོད་དོན་བསྡུས་ཏེ་གསུངས་སོ།།
༼༣ ཁུང་ཙི་ན་རེ། མི་རྣམས་སྲིད་ཁྲིམས་ཀྱིས་སྐྱོང་བ་དང་། ཉེས་ཁྲིམས་ཀྱིས་གཅུན་ན་དེ་རྣམས་ཁྲིམས་ལ་བྱོལ་ཆེད་ངོ་ཚ་མེད་པར་འགྱུར་རོ།། མི་རྣམས་ཀུན་སྤྱོད་ཀྱིས་སྐྱོང་ཞིང་། གུས་ལུགས་ཀྱིས་གཅུན་ཚེ་དེ་རྣམས་ངོ་ཚ་དང་ལྡན་པ་མ་ཟད། སེམས་བག་ལྷོད་ཅིང་དུལ་བར་འགྱུར་རོ།། ༼བསྡུས་དོན༽ཁུང་ཙིས་མངའ་འབངས་ཉེས་ཁྲིམས་ལ་བརྟེན་ནས་སྐྱོང་བ་ལས་ཀུན་སྤྱོད་དང་གུས་ལུགས་ལ་བརྟེན་ནས་སློབ་གསོ་གཏོང་བ་བཟང་ཞེས་པའི་དོན་བསྟན།
༼༤ བདག་བཅོ་ལྔའི་སྟེང་དུ་བསླབ་པ་བརྩམས། སུམ་ཅུའི་སྐབས་སུ་བརྟན་པོར་ཚུགས། བཞི་བཅུར་བྱ་བར་མགོ་མི་ཐོམ། ལྔ་བཅུར་ལས་ཀྱི་རང་བཞིན་རྟོགས། དྲུག་ཅུར་སྐད་ཆའི་བདེན་བརྫུན་ཤེས། བདུན་ཅུར་གང་བསྒྲུབ་མི་འགལ་བའོ།། ༼བསྡུས་དོན༽ འདིར་ཁུང་ཙིས་རང་ཉིད་ཀྱིས་སློབ་སྦྱོང་བྱས་ཚུལ་དང་གནས་ལུགས་རྟོགས་ཚུལ་གསུངས།
༼༥ མེང་དབྱི་ཙིས༼༡། སྲི་ཞུའི་དོན་དྲིས་པ་ལ། ཁུང་ཙི་ན་རེ། དེ་ནི་གུས་ལུགས་དང་མི་འགལ་བའོ།། ཧྥན་ཁྲིས༼༢ དེ་ལ་ཤིང་རྟ་འདེད་རོགས་བྱེད་སྐབས་ཁུང་ཙི་ན་རེ། མེང་སུན་གྱིས་བདག་ལ་སྲི་ཞུའི་དོན་དྲིས་ཤིང་ངས་དེ་ལ་གུས་ལུགས་དང་མི་འགལ་བའོ་ཞེས་སྨྲས་སོ།། ཧྥན་ཁྲི་ན་རེ། དེ་ཅི་ལྟར་བཤད། ཁུང་ཙི་ན་རེ། ཕ་མ་བཞུགས་སྐབས་གུས་ལུགས་ལྟར་བསྙེན་བཀུར་དང་འདས་རྗེས་སུ་གུས་ལུགས་ལྟར་དུར་འཇུག་པ་དང་གུས་ལུགས་ལྟར་འདས་མཆོད་སྒྲུབ་པ་ལའོ།། ༼ཚིག་འགྲེལ༽༼༡ མེང་དབྱི་ཙི། མེང་སུན། ལུའུ་རྒྱལ་ཁབ་ཀྱི་དཔོན་པོ་ཞིག ༼༢ ཧྥན་ཁྲི། ཁུང་ཙིའི་དངོས་སློབ་ཅིག ༼བསྡུས་དོན༽ འདིར་ཁུང་ཙིས་གུས་ལུགས་ཀྱི་རྩ་བའི་རྩ་དོན་གསུངས་སོ།།
༼༦ མེང་ཝུའུ་པའོས༼༡སྲི་ཞུ་ཞེས་པའི་དོན་དྲིས་པ་ལ། ཁུང་ཙི་ན་རེ། བུ་ཕྲུག་ལ་བྲོ་འཚལ༼༢ ཚེ་ཕ་མས་སེམས་ཁྲལ་བྱེད་པ་བཞིན་བུ་ཕྲུག་གིས་ཀྱང་ཕ་མར་སེམས་ཁུར་དགོས་སོ།། ༼ཚིག་འགྲེལ༽༼༡ མེང་ཝུའུ་པའོ། ལུའུ་རྒྱལ་གྱི་དཔོན་པོ་མེང་དབྱི་ཙིའི་བུ་ཕྲུག ༼༢ བྲོ་འཚལ། ནད་ཐེབས་པའི་དོན། ༼བསྡུས་དོན༽བུ་ཕྲུག་གིས་ཕ་མའི་བདེ་ཐང་ལ་ལྷག་པར་དོ་སྣང་བྱེད་དགོས་པའི་དོན།
༼༧ ཙི་ཡིའུ་ཡིས་སྲི་ཞུ་ཞེས་པའི་དོན་དྲིས་པར། ཁུང་ཙི་ན་རེ། ད་ལྟའི་སྲི་ཞུ་བས་ཕ་མ་གསོ་ཐུབ་ཙམ་གྱིས་ཆོག་པར་བཤད། དེ་ལྟ་ན་རྟ་ཁྱིའང་གསོ་དགོས་པས། བཀུར་བསྟི་མེད་ན་དེ་དང་དབྱེ་བ་ཅི་ལྟར་འབྱེད།༼བསྡུས་དོན༽ཁུང་ཙིས་ཕ་མར་སྲི་ཞུ་བྱེད་པ་དེ་ཟས་གོས་སྦྱིན་པ་ཙམ་ལ་མི་བྱ་བར་དགོངས།
༼༨ ཙི་ཞས༼༡ སྲི་ཞུ་ཞེས་པའི་དོན་དྲིས་པ་ལ། ཁུང་ཙི་ན་རེ། ཁོང་འཛུམ་སྤྲོ་དགས་སྲི་ཞུ་བྱེད་པ་དཀའ་འོ།། བུ་ཕྲུག་གིས་ཕ་མའི་ཚབ་ཏུ་ཐུགས་འདོན་པ་དང་ཨ་རག་དང་བཤོས༼༢ ཐོག་མར་ཕ་མར་དྲངས་པ་ཙམ་གྱིས་སྲི་ཞུར་འདོད་སྐད། ༼ཚིག་འགྲེལ༽ ༼༡ ཙི་ཞ། ཁུང་ཙིའི་དངོས་སློབ་ཅི། ༼༢ བཤོས། ཟས་ལ་འཇུག ༼བསྡུན་དོན༽ བཞིན་འཛུམ་དམུལ་ལེར་ཕ་མར་བཀུར་བསྟི་བྱེད་ཐུབ་པར་སྲི་ཞུ་མཁན་དུ་བརྩི་ཆོག་པར་གསུངས།
༼༩ ཁུང་ཙི་ན་རེ། བདག་གིས་ཡན་ཧུའེ༼༡ ལ་ཉིན་གང་བོར་ཁྲིད་ཀྱང་ཚུར་དགག་པའི་ལྟ་ཚུལ་གཅིག་ཀྱང་མེད་པས་གླེན་པ་དང་མཚུངས། ཁོ་ཕྱིར་ལོག་ནས་རྣམ་པར་དཔྱོད་པ་དང་སྤྱོད་ལམ་ལ་བརྟགས་ཚེ། བདག་གི་ལྟ་ཚུལ་ཇེ་རྒྱས་སུ་གཏོང་ཐུབ་པས་ཡན་ཧུའེ་གླེན་པ་མ་རེད་ཨང་། ༼ཚིག་འགྲེལ།༽ ༼༡ ཡན་ཧུའེ་ཁུང་ཙིའི་སློབ་མ་གཙོ་བོ་ཞིག མིང་གཞན་ལ་ཡན་ཡོན་ཟེར། ༼བསྡུས་དོན༽ཁུང་ཙིས་ཡན་ཧུའེ་ཡིས་སློབ་སྦྱོང་བྱེད་སྐབས་ཀྱི་ནན་ཏན་གྱི་སྤྱོད་པ་ལ་བསྔགས་པ་བརྗོད་པའོ།།
༼༡༠ ཁུང་ཙི་ན་རེ། ཐོག་མར་ལས་པའི་བྱ་བར་བལྟ། དེ་རྗེས་དེ་ཡི་ཀུན་སློང་བརྟག སླད་མར་གང་ལ་འཁྲིམས༼༡ པ་དཔྱད་ན། མི་དེས་ཅི་ལྟར་འཆབ། ཅི་ལྟར་སྦེད་ཐུབ། ༼ཚིག་འབྲེལ༽ ༼༡ འཁྲིམས། ཆགས་པ ཞེན་པ་ལའོ།། ༼བསྡུས་དོན༽ འདིར་མི་ལ་བརྟག་དཔྱད་བྱེད་ཐབས་གསུངས་སོ།།
༼༡༡ ཁུང་ཙི་ན་རེ། རྙིང་བ་བསྐྱར་བས་གསར་བ་རྟོགས་ཐུབ་པ་དེ་དགེ་རྒན་བྱས་ཀྱང་རུང་ངོ་།། ༼བསྡུས་དོན༽ ཡར་ཐོན་ཡོང་བ་ནི་རང་ཉིད་ཀྱིས་རྟག་ཏུ་སྦྱང་བ་ལ་རག་ལས་པར་གསུངས།
ཟུར་མཆན། རྒྱའི་མཚན་ཉིད་པ་ཆེན་མོ་ཁུང་ཙིའི་བསླབ་བྱ་འདི་ནི། མགོ་ལོག་རྣམ་རྒྱལ་གྱིས་བསྒྱུར་བའི༼ཁུང་ཙིའི་གསུང་སྒྲོས༽ཞེས་པ་ལས་ཟུར་བཀོད་ཞུས།
རྒྱ་ནག་གི་གནའ་བོའི་བསམ་བློ་པ་གྲགས་ཅན་ཁོང་ཙེ་དང་མེན་ཙེ།ལོ་ཙེ།པེ་ཆིས་ཡེ་ལྟ་བུ་དང་ཀྲོའུ་སྐབས་ཀྱི་ཅང་ཙི་ཡ་སོགས་མང་པོ་ཡོད་པ་དང་།དེ་བཞིན་ཡང་ཆིན་ཧྲི་ཧོང་དང་ཧན་ཝོས་ཏི་སོགས་ཀྱི་སྐོར་དང་དུས་ཕྱིས་ཀྱི་མོའོ་དང་ཅང་།ཆིང་སྐབས་ཀི་རྒྱ་མིའི་གནས་སྟངས་བཅས་བོད་མི་ཚོས་ངེས་པར་རྒྱུས་ཡོད་ཙམ་བྱེད་དགོས་འདུག་སྙམ།
དེང་སང་བོད་དོན་འཐབ་རྩོད་པ་རྣམས་དངོས་གནས་རྒྱ་ནག་སྐོར་མང་ཕྱོགས་ལ་ཧ་ལམ་རྒྱུན་ཤེས་ཙམ་ཡང་མི་འདུག་པ་བློ་ཕམ་གྱི་གནས་རེད།
དོན་མེད་པ་གང་མང་ཞིག་འདིར་དྲངས་འདུག
དྲ་ངོས་རྫད་པ་མ་རེད་དམ
བོད་པ་ཚོས་བོད་པའི་ནང་ཆོས་གྱིས། ཡང་ན་གཡུང་དྲུང་བོན་ལ་སློབས། དེ་མིན་རྒྱ་མིའི་མངའ་འོག་ཏུ་སྡོད་པ་ལས་ཆོས་མེད་དད་མེད་བོད་པ་ཡ་རབས་ཅིག་ཡོང་ཐབས་ལ་བརྩོན་ན་མི་འཐུས་པ་མེད་དོ། །
བསླང་བྱ་ཞིག་འདུག་ན་དགྲ་བོ་ཡིན་ཡང་ལེན་དགོས་པ་རེད་ལ། དོར་བྱ་ཞིག་ཡིན་ན་རང་ཕྱོགས་དང་གྲོགས་ཡིན་རུང་དོར་དགོས་པ་རེད།„ སྐབས་རེ་དགྲ་བོ་རང་གི་ཐབས་བྱུས་དེས་རང་ཉིད་མེད་པ་བཟོ་སྲིད་པ་རེད། དགྲ་ཡིན་ཡང་འདྲ་གྲོགས་ཡིན་ཡང་རུང་སྤྱི་སྒེར་སུ་ཞིག་ལ་ཕན་པའི་བློ་བསྐྱེད་ཅིག་འདུག་ན་ལེན་དགོས་སྤུན་ཟླ་ཚོ། ཕྱོགས་ལྷུང་ཁོ་ནས་དོན་ཅི་ཡང་འགྲུབ་པར་དཀའ།ཐབས་བརྒྱ་ཇུས་སྟོང་བྱེད་དགོས་པ་ལས། རྟག་ཏུ་ཨམ་གཙིགས་བསྡམས་ནས་བསྡད་ཀྱང་ཅི་ཕན།
རང་ལ་ཡོད་པ་དེ་མ་ཤེས་ཤིང་མ་འཚིམས། གཞན་གྱི་རྗེས་སུ་འབྲངས་ནས་གཞན་པ་ཞིག་ཆགས་པ་ལ་མི་རབས་ཁ་ཤས་དགསོ་པ་དེ་ཡང་མ་ཤེས། གསར་གཏོད་ཡིནཚད་ཧང་དགོས་ཀྱང་ག་ལ་ཡོད་དེ་མེད་པར་ཤེས་དགོས།
འབྲི་རུའི་བསམ་ཚུལ་ལ་བརྒྱོབ་སྐྱོར་ཡོད། དེ་དེ་བཞིན་ནོ།
ཁུང་ཙི་མྱི་གསོད་ལག་དམར་འདིས་ད་དུང་མི་ལ་བསླབ་བྱ་རྒྱག་ཁུལ་བྱས་འདུག རྒྱ་གཞུང་ལག་དམར་ཚང་གིས་ཀྱང་ཁོའི་མིང་ཐོག་ནས་ཞི་བདེའི་བྱ་དགའ་ཡིན་ན་ཅིག་སྤྲོད་ཀྱི་ཡིན་ཟེར། བསྐལ་པ་འཇིག་ན་འདོད་ཀི་ཁུ་པ།
རྒྱ་ཡི་མཚན་ཉིད་རིག་པ་སྨྲ་བ་ཁུང་ཙི་ཁྱོད། །
བོད་ཀྱི་བྱ་རོག་ཕུག་རོན་གྲལ་དུའང་ཚུད་དཀའ་བས། །
བོད་ཀྱི་ལེགས་གཞུང་ནང་ཆོས་མཐོང་དང་གོ་མ་ཐག །
ཁུ་ཙིས་ཙི་ཙིའི་ཙི་ཁུང་ནང་ལ་གབ་ནས་སྡོད། །
ཧ་ཧ་སྐུ་རྩེད་ཡིན་གདའ་འབྲི་རུའི་ཤེལ་དཀར་ལགས། །
༣༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༥ གི་ཆུ་ཚོད་ ༢༠ སྐར་མ་ ༡༩
བོད་པ་ཚོས་བོད་པའི་ནང་ཆོས་གྱིས། ཡང་ན་གཡུང་དྲུང་བོན་ལ་སློབས།?????????????????????????
ཐུགས་བསམ་བཞེས་ནས་གསུངས་དང་།
ཨ་ཁུ་ཁྲོ་ཐུང་ལགས། མི་སུ་དང་སུ་ཡིན་ན་ཡང་། རང་གི་ཕ་མ་དང་རྒན་གྲས་ཀྱི་གང་ཡག་པོ་བྱས་པ་དེ་ཉིད་དང་པོ་ཉིད་ནས་རང་གི་བློ་ལ་བབ་པ་དང་། མཐར་ལེགས་ཉེས་ཀྱི་ཐལ་ཆ་མེད་པའི་ཐོག་ནས་རང་གཞན་གཉིས་དང་། རང་གི་ཆོས་རིག་རྒྱུན་འཁྱོངས་སོགས་ལ་ཕན་ཆེ་བས་རེད།
འོན་ཀྱང་གཞན་གྱི་ཆོས་དང་རིག་ཞུང་ངམ་ལེགས་གཞུང་མ་སྦྱོངས་ཟེས་བའི་དོན་མ་ཡིན་པར། གཞན་གྱི་ལྟ་གྲུབ་སྦྱངས་ནས་རང་གི་བོད་ཆོས་ཉམས་ལེན་གོང་འཕེལ་གྱིས་འདི་ཕྱི་གཉིས་དང་རང་གཞན་གཉིས་ཀྱི་དོན་སྒྲུབ་ཐུབ་པ་དང་སྒྲུབ་དགོས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ལགས།