—-རྔ་བ་རྒྱལ་ཁམས་པ།
ཀ་དག་གནས་ལུགས་རྟོགས་པའི་གདེང་ཐོབ་སྟེ།།
ཁ་ལྗོངས་བསྟན་ལ་སྲི་ཞུ་མཛད་པ་ལ།།
ག་ནས་བལྟས་ཀྱང་འགྲན་གྱི་དོ་མེད་པ།།
ང་ཡི་བླ་མ་བློ་བཟང་གྲགས་པ་རེད།།
ཅ་ལག་བཟའ་བཏུང་ཆས་གོས་ངན་ངོན་བཅས།།
ཆ་མེད་རྒྱང་རིང་འགྲིམས་ཏེ་ཆོས་ཀྱི་དོན།།
ཇ་ཡུན་དུས་ཚོད་འཕྲོ་བརླག་མ་བཏངས་བར།།
ཉ་རྒྱས་ཟླ་ལྟར་ཤེས་རིག་ཡོན་ཏན་སྦྱངས།།
ཏ་ཐཱ་ག་ཏའི་བསྟན་རྩ་བསླབ་པ་གསུམ།།
ཐ་མལ་སྣང་ཞེན་སྤྲོས་བྲལ་ངང་ནས་སྒོམ།།
ད་གདོད་ཐུབ་པའི་དགོངས་པ་རྨ་མེད་པ།།
ན་ཟླ་ཆོས་པའི་ཁྲོད་ནས་ཁྱོད་ཀྱིས་ལོན།།
པ་ཊུ་བོད་ཀྱི་མཁས་གྲུབ་ཕལ་ཆེར་གྱི།།
ཕ་ཆོས་སྙིང་བོ་ལས་འཁྲུངས་ཙོང་ཁའི་བུ།།
བ་ཡན་ཧ་རིའི་རྒྱུད་དུ་འཁྲུངས་པ་ནི།
མ་ལུས་འགྲོ་བའི་སྤྱི་མཐུན་བསོད་ནམས་རེད།
ཙ་རིའི་གནས་ལྟར་བྱིན་རླབས་ཚན་ཁ་ཆེ།།
ཚ་དབལ་འབར་བའི་ཤེས་རབ་གློག་ལྟར་མྱུར།།
ཛ་དྲག་ལྟ་བ་ལུང་རིགས་གནད་ལ་གཏུགས།།
ཝ་ལེ་དགེ་ལྡན་ལུགས་བཟང་ཁྱོད་ཀྱིས་བཙུགས།།
ཞྭ་སེར་བསྟན་པའི་མཛེས་རྒྱན་མ་སྤྲས་ན།།
ཟ་གྲི་རྣོ་རྟུལ་ལྟ་བུའི་བོད་ཀྱི་ལུགས།།
འ་འུར་ཆོས་ཀྱི་སྐད་སྒྲ་ཆེ་ན་ཡང་།།
ཡ་མཚན་ཚན་རིག་དོ་ཟླར་ཇི་ལྟར་འགྲོ།།
ར་རིའི་སྲིད་དོན་ཅན་གྱི་རྒྱ་དཔོན་ཚོར།།
ལ་རྒྱས་རང་དོན་མ་བསྐུར་བོད་ཡུལ་ལ།།
ཤ་ཞེན་སྤོབས་པའི་སྙིང་སྟོབས་དགེ་བ་ཅན།།
ས་ལྰའི་སྨན་ལྗོངས་མཛེས་པའི་གཙུག་རྒྱན་ཉིད།།
ཧ་ཅང་གཏིང་ཟབ་གསང་གསུམ་རྣམ་ཐར་ནི།།
ཧ་ལམ་ཙམ་ཡང་བདག་གིས་བརྗོད་མི་ཤེས།།
ཨ་གསར་མ་ཡིན་དད་པ་དག་སྣང་གིས།།
ཨ་རིའི་ཡུལ་ནས་སྐད་ཅིག་ཡུན་ལ་བྲིས།།
12/5/2015
ཞྭ་ཟེར་བསྟན་པའི་གཙུག་གི་རྒྱན། །
ཟ་ཧོར་ཆོས་རྒྱལ་གདུང་ཚབ་རྗེ། །
འ་འུབ་མ་བསྡུས་དུས་སུ་བྱོན། །
ཡ་མཚན་སྤྲུལ་སྐུའི་མཚན་སྙན་རྒྱས། །
རྣམ་ཐར་མདོར་བསྡུས།
ཞྭ་སེར་བསྟན་པའི་གཙུག་གི་རྒྱན། །
ཟ་ཧོར་ཆོས་རྒྱལ་གདུང་ཚབ་རྗེ། །
འ་འུབ་མ་བསྡུས་དུས་སུ་བྱོན། །
ཡ་མཚན་སྤྲུལ་སྐུའི་མཚན་སྙན་རྒྱས། །
“ཨ་རིའི་ཡུལ་ནས་སྐད་ཅིག་ཡུན་ལ་བྲིས།།”
སྐད་ཅིག་གི་ཡུན་ཏེ་དུས་ལ་འདི་ལྟར་འབྲི་་ཐུབ་པ་ནི་ངོ་མཚར་ཆེ་སྟེ། རྗེས་སུ་ཡི་རང་གིས་བདག་ཀྱང་། མ་འོངས་པ་ན་ཁྱེད་ལྟ་བུར་རྩོམ་རྩལ་ཅན་དུ་གྱུར་ཅིག་ཅེས་སྨོན་དགོས་པ་ཞིག་གོ །
ཏ་ཐྰ་ག་ཏའི་འདུལ་བའི་བསྟན་རྩ་བཙུགས། །
ཐ་མལ་འགྲོ་ལ་བྱང་སེམས་བག་ཆགས་འཇགས། །
དག་པའི་སྣང་བར་རྡོ་རྗེ་འཆང་བར་བསྟན། །
ན་ཚོད་ཆུང་ནས་བསྟན་འཛིན་སྐྱེས་བུ་གྱུར། །
འགྲན་གྱི་དོ་མེད་ཙོང་ཁ་པ་ལ་ཕྱག་འཚལ་ལོ། བོད་ཀྱི་བླ་མ་ཐམས་ཅད་ནང་ནས་རྗེས་འབྲངས་མང་ཤོས་ཏེ་ཙོང་ཁ་པ་དང་ཀློང་ཆེན་རབ་འབྱམས་པ་གཉིས་ལགས། ཡིན་ཡང་རྗེས་འབྲངས་མང་བ་ཙམ་གྱིས་ཁོང་གཉིས་ལས་ལྷག་གཅིག་བོད་གངས་ཅན་དུ་སྔར་བྱོན་མྱོང་མེད་ཟེར་ན་མི་འཐད་དོ། རྗེ་བཙུན་མི་ལ་སོགས་ལུང་རྟོགས་གཉིས་ལྡན་གྱི་བླ་མ་གཞན་ཡང་མང་ངོ་། འཛམ་གླིང་ཆོས་ལུགས་གྲལ་ནས་རྗེས་འབྲངས་མང་ཤོས་ཏེ་ཡི་ཤུ་དང་མོ་ཧ་མད་གཉིས་རེད། སྟོན་པ་ཡི་ཤུའི་རྗེས་འབྲངས་འཛམ་གླིང་མི་དམངས་ཀྱི་བརྒྱ་ཆ་སོ་གཅིག་ཟིན་པ་རེད། མོ་ཧ་མད་ཀྱི་རྗེས་འབྲངས་ལ་འཛམ་གླིང་མི་དམངས་བརྒྱ་ཆ་༢༣ ཟིན་ཡོད་པ་རེད། སྟོན་པ་ཤཀྱ་ཐུབ་པའི་རྗེས་འབྲངས་ལ་བརྒྱ་ཆ་བཅོ་བརྒྱད་ཟིན་པ་རེད། བོན་སྟོན་གཤེན་རབས་ཀྱི་རྗེས་འབྲངས་ཅི་ཙམ་ཡོད་དམ། ས་ཡ་གཅིག་ཟིན་ནམ། ཆོས་ལུགས་འདི་ཚང་མའི་ནང་ནས་སྡུག་ཤོས་ཏེ་མོ་ཧ་མད་ཀྱི་རྗེས་འབྲངས་ཚོ་ལགས་སོ། ཁོང་ཚོས་ཕན་ཚུན་ལ་དགྲར་ལངས་ནས་གསོད་རེས་བྱེད་ཀྱིན་པ་ད་ལྟ་ང་ཚོས་མཐོང་བཞིན་པ་འདིའོ། །
རྗེས་འཇུག་མང་ཉུང་གི་ཁྱད་པར་དེ་ཙམ་མི་ཆེ། བོན་གྱི་སྟོན་པ་གཤེན་རབ་མཆོག་ནི་བོད་གངས་རིའི་ལྗོངས་ཀྱི་བདེ་སྡུག་ལ་ཁ་ཡོད་ལག་ཡོད་ཀྱི་ཐུགས་ཁུར་གནང་མྱངས་མཁན་གྱི་འཛམ་གླིང་འདིའི་སྟོན་པ་གཅིག་པུ་དེ་རེད། གཞན་སྟོན་པ་སྐད་གྲགས་ཅན་དེ་ཚོ་ཡག་པོ་ད་ལོས་ཡིན། ཡིན་ནའང་། ཕྱྭ་རྗེ་ཡབ་བླ་བདལ་དྲུག་གི་འདུལ་ཞིང་བོད་ཀ་ཡག་དྲུག་གངས་རེའི་ལྗོངས་ཀྱི་བདེ་སྡུག་ལ་ཐུགས་ཁུར་གནང་མཁན་དེ་འདྲ་བྱུང་མྱངས་ཨ་ཡོད་ན། །
་་་་་་་་ཕྱྭ་རྗེ་ཡབ་བླ་བདལ་དྲུག་གི་འདུལ་ཞིང་བོད་ཀ་ཡག་དྲུག་གངས་རེའི་ལྗོངས་་་་་་་་་