རྔ་བ་རྒྱལ་ཁམས་པ།
མཁན་སློབ་ཆོས་གསུམ་ནི། བོད་བརྒྱུད་ནང་བསྟན་ཤེས་རིག་ནང་། མཛད་རྗེས་དང་བཀའ་དྲིན་གཞན་ལས་ཁྱད་པར་དུ་འཕགས་པའི་མི་སྣ་གསུམ་སྟེ། མཁན་པོའི་བཀའ་དྲིན་ལས་བོད་དུ་རབ་བྱུང་གི་སྡེ་ཐོག་མར་དར། ཆོས་རྒྱལ་ཁྲི་ལྡེའི་བཀའ་དྲིན་ལས། བོད་དུ་ཤེས་རིག་སྣ་མང་འཛིན་སྐྱོང་དར་སྤེལ་གྱི་སྡེ་གསར་དུ་ཚུགས། སློབ་དཔོན་གྱི་བཀའ་དྲིན་ལས། བོད་ཀྱི་སྣོད་བཅུད་གཉིས་མདོ་སྔགས་ཀྱི་འདུལ་ཞིང་དུ་བྱིན་གྱིས་རླབས་པ་ཡིན། ཁྱད་པར་དུ་སློབ་དཔོན་པདྨ་འབྱུང་གནས་ནི། དུས་གསུམ་སངས་རྒྱས་ཀུན་ཀྱི་ཐུགས་རང་བཞིན་རྫོགས་པ་ཆེན་པོའི་ཡེ་ཤེས། འཇའ་ལུས་འཕོ་ཆེན་གྱི་སྐུར་བཞེངས་ནས་བསྟན་འགྲོ་སྤྱི་དང་། ཡང་དགོས་ཁ་བ་གངས་ཅན་པ་རྣམས་ལ་ཐུགས་རྗེའི་གཟིགས་པ་ལྷག་པར་ཉེ་བ་ནི།
བཀའ་བསྡུས་ལས། ནང་རེ་དགོང་རེ་བོད་ཀྱི་དོན་ལ་འོང་།། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད།། ཞེས་དང་། བོད་འབངས་ཐམས་ཅད་བདེ་ལ་བཀོད་ནས་འགྲོ།། ཞེས་དང་། བསམ་ལྷུན་ལས། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ།། ནང་རེ་དགོང་རེར་བོད་ཀྱི་དོན་ལ་འབྱོན།། ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་འབྱོན།། ཡར་ངོས་ཚེས་བཅུའི་དུས་སུ་དངོས་སུ་འབྱོན།། ཞེས་སོགས་རྡོ་རྗེའི་ཚིག་གིས་ཡང་ཡང་བརྗོད་པ་ལས་དཔོགས་ནུས། ཉེ་བའི་ཆར་ནོས་ཡོག་གྲོང་ཁྱེར་དུ། དཔལ༧ས་སྐྱ་རིག་འཛིན་གྱིས་གུ་རུའི་བཀའ་དབང་གནང་རྒྱུ་ཡིན་པ་མ་ཟད། ཁོང་འབུམ་ཚོགས་ཀྱི་ཚོགས་དབུར་ཕེབས་ཀྱི་ཡོད་པའི་གཏམ་ཞིག་ཐོས།
ང་ལ་མཚོན་ན་ངས་བཀའ་ཆོས་ཞུ་ཡུལ་གྱི་བླ་མ་མཛད་བྲེལ་གྱིས་ཕྱོགས་འདིར་ཟླ་ཤས་ལས་བཞུགས་ཀྱི་མེད་སྟབས། དིང་སང་གི་དུས་ཚོད་འདི་ཤིན་ཏུ་རིན་ཐང་ཆེ་ཞིང་ཁོམ་ལོང་མེད་པའི་སྐབས་ཤིག་ཡིན་མོད། བླ་མ་ས་སྐྱ་པ་ལས་སློབ་དཔོན་ཐུགས་རྗེ་ཅན་གྱི་བཀའ་དབང་ཞིག་ཐོབ་རྒྱུ་ཉིན་སྐར་ལྟ་བུ་ཡིན་པ་དང་། སྟོབས་ལྡན་གྱི་རྒྱལ་ཁབ་འདི་འདྲ་ཞིག་ནས་སློབ་དཔོན་གྱི་བཀའ་དབང་ཞུ་རྒྱུ་བྱུང་ན། རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ཞིག་ཀྱང་ཡོད་པར་བསམས་ཏེ། རེ་ཞིག་རྒྱུན་ལྡན་གྱི་བཀའ་ཆོས་ཞུ་སྒོ་ཁག་ཅམ་འཇོག་གིས་དཔལ་ས་སྐྱའི་བཀའ་ཆོས་སུ་ཡོང་བ་ཡིན།
ཉིན་དེར་གནམ་གཤིས་དྲོད་གྲང་སྙོམ་པོ་ལྟ་བུར་སྣང་ཡང་། སྐབས་རེར་གྲང་རེག་ཆེ་བའི་རླུང་ཡན་ཡང་ཁ་ཕྱོགས་ངེས་མེད་དུ་ལྡང་། ང་ཚོ་བཀའ་དབང་གནང་ཡུལ་ཚོམས་ཆེན་གྱི་ཕྱི་ནས་གྲལ་གཉིས་སུ་བཤར་ཏེ་ནང་དུ་ཕྱིན། ཡར་ཐོན་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་ནས་འཚར་ལོངས་འབྱུང་བཞིན་པའི་བོད་པའི་བྱིས་པ་ཚོ་ནི། གཡུ་སྦྲང་སྔོན་མོ་སྐྱེད་ཚལ་དུ་འཕུར་བ་ལྟར། སྣང་བ་ཡན་གར་བའི་ཀློང་ན་རྩེད་མོ་སྣ་ཚོགས་རྩེད་ཀྱིན་བྱིས་དུས་ཀྱི་དགའ་སྟོན་ལ་རོལ། དེ་དག་གི་ཕ་མས་གཙོས་རང་རིགས་བོད་པ་འབོར་ཆེན་ཞིག་འཛོམས་པ་རྣམས་ཀྱང་། ཟོ་མདོག་བདེ་ཞིང་ཁ་ངོ་གཙང་མ། ཐོན་གསར་གྱི་བོད་ཆས་དང་། སྤྱི་གོས་ཁམས་གཙང་ཡིད་དུ་འོངས་པ་རེ་གོན་ནས་བཀའ་ཆོས་ཞུ་བར་སླེབས།
ང་ས་མཐའི་སྡོམ་པོ་ཞིག་ལ་ལྟོས་ན། གནས་ཚུལ་དེ་དག་མཐོང་དུས་ས་མཐའི་འཚོ་བ་ལའང་རང་ཉིད་ཡིད་མགུ་བའི་སྣང་བ་ཞིག་ཤར་ཞིང་། མ་འོངས་པའི་བོད་ཀྱི་གནས་བབ་ལ་རེ་བ་དང་ཡིད་ཆེས་ཀྱིས་གཏམས་པར་གྱུར། དེ་ལྟ་ནའང་། ང་ཚོ་ཚོགས་གྲལ་དུ་འཁོད་ནས་རིང་བོར་མ་ལོན་པར་ངའི་ད་ལྟའི་སྤོབས་པ་དང་། སྤྲོ་སེམས་ཕལ་ཆེར་སེམས་གཏིང་ནས་ཡལ་བར་གྱུར། ང་སེམས་ཕམ་པ་ཞིག་ནི། ང་ཚོ་ནུབ་ཕྱོགས་ཀྱི་ཡར་ཐོན་སྤྱི་ཚོགས་ཤིག་ཏུ་གནས་ཀྱང་། བྱ་སྤྱོད་ཀྱི་རྣམ་འགྱུར་ནང་ད་དུང་རྗེས་ལུས་ཀྱི་རྣམ་པ་ཤུགས་ཆེན་པོ་མངོན་བཞིན་པ་དེ་རེད། སྐབས་རེར་ང་ཚོ་ལུག་ཁྱུ་ར་བར་བཙུད་པ་དང་། སྐབས་རེར་ང་ཚོ་བྱེའུ་དམག་ཚེར་སྟེང་དུ་བབ་པ་ལྟ་བུ་རེད། ང་ཚོས་ད་དུང་ཡར་ཐོན་སྤྱི་ཚོགས་ཀྱི་བཟང་ཆ་ཅིའང་ལོན་མེད་པའི་ཚོར་སྣང་སྐྱེས། ང་ཚོ་གྲལ་དུ་འཁོད་ཚེ་འཛིན་བྱང་གི་རིན་ཐང་ལྟར་གྲལ་དུ་མི་འཁོད།
ང་ཚོས་ད་དུང་ཆོས་ཞུ་བའི་ཀུན་སྤྱོད་དང་། ཐུགས་སྤྲོ་གཏོང་བའི་ཁྱད་པར་ཙམ་ལའང་དོ་སྣང་མ་བྱས། ང་ཚོས་ད་དུང་རང་དབང་དང་ཚད་བཀག་གི་སྒྲིག་ཁྲིམས་ཀྱང་མི་བརྩི། ང་ཚོས་ད་དུང་གཞན་གྱི་བདེ་སྡུག་དང་སེམས་ཚོར་ལ་བརྩི་འཇོག་མི་ཤེས། ཉིན་དེར་༧ས་སྐྱ་གོང་མ་རིན་པོ་ཆེ་ཐུགས་ཕམ་ཡོད་པ་ཐག་གིས་ཆོད། ཉིན་དེའི་ཆོས་ཀྱི་ར་བ་ནི་ཅི་འདྲའི་ཡིད་དུ་འོངས་པ་ཞིག་ཡིན་ནའང་། ཆོས་ཞུ་མཁན་རེ་ཟུང་གིས་རང་གི་ཀུན་སྤྱོད་ལ་བདག་པོ་མི་རྒྱག་པར་ངོ་ཚ་ཁྲེལ་མེད་ཀྱི་ལས་མང་བོ་བྱེད་ཀྱིན་འདུག
ཉིན་དེའི་གནས་སྟངས་དངོས་ནི། ཆོས་ཟབ་མོ་ཞིག་དང་། དབང་བྱིན་ལྡན་ཞིག བླ་མ་རྩ་ཆེན་ཞིག་ཕེབས་ཡོད་པའི་རྣམ་པ་ལྟ་བུ་མ་རེད། སྒྲིག་ཁྲིམས་མེད་པའི་འདུ་ལོང་གི་ཁྲོམ་ར་ཞིག་དང་ཏག་ཏག་འདྲ་བོ་འདུག མི་ཚོགས་ཀྱི་སྐད་མགོ་མཐོ་ཞིང་། ཐོལ་བྱུང་གི་རྒོད་འཚངས་ཆེ་བ། དོན་མེད་ཀྱི་ལབ་བརྡོལ་མང་བ་སོགས། ༧ས་སྐྱ་བདག་ཆེན་གྱི་གསུང་སྐད་གསལ་བོ་ཞིག་གོ་མི་ཐུབ།
ང་ཚོའི་གྲལ་གྱི་རྒྱབ་ལོགས་ན་བོད་པའི་བུད་མེད་ཁྱུ་གཅིག་གིས། སྐད་ཅོར་བོང་བུ་ལས་ཆེ་ཞིང་། ལབ་རྡོལ་ནེ་ཙོ་ལས་ཀྱང་མང་སྟབས། ཕྱི་གླིང་བ་ཁག་ཅིག་གིས། སྐུ་མཁྱེན་ཁྱེད་ཚོས་ཅུང་ཟད་སྐད་ཆ་ཤོད་རྒྱུ་མཚམས་འཇོག་གནང་ན་འགྲིགས་སམ། ཞེས་དྲིས་པར། བོད་པའི་བུད་མེད་ལོ་གཞོན་ཞིག་གིས། ང་ཚོ་བོད་པ་ཡིན། ང་ཚོས་ག་རེ་བྱེད་དགོས་མིན་ང་ཚོས་་ཧ་གོ་གི་ཡོད། ཁྱེད་ཁ་ཚུམས། རང་ཉིད་བདག་པོ་རྒྱོབས། ཞེས་སྨྲས་པར། ཕྱི་རྒྱལ་བ་དེས་འཁྲིས་ཀྱི་ཕྱི་རྒྱལ་གཞན་པ་ཚོར་བལྟས་ནས། མགོ་གཡུག་གཡུག་ཐེངས་འགའ་བྱས་ཏེ་ཅི་ཞིག་ལབ་ཀྱིན་འདུག་ཀྱང་། ངས་གསལ་བོ་ཞིག་གོ་ཐུབ་མ་སོང་། ངའི་སེམས་པ་གྲང་ཤུམ་ཤུམ་བྱེད་ཅིང་། ངོ་ཚ་ཞིང་ཡི་མུག་སྟེ་མགོ་བོའང་ཡར་འཇོག་མི་ཕོད་པའི་ཚོད་དུ་བསྐྱལ། དེ་བཞིན་འཛུལ་བྱང་མེད་པར་ནང་དུ་འཚང་མཁན་དང་། རྐུབ་སྟེགས་རྩོད་མཁན། གྲལ་རིམ་མི་བརྩི་མཁན་དེ་འདྲའང་མང་བོ་ཡོད་ཚོད་རེད། བཀོད་སྒྲིག་དང་བདེ་འཇགས་མི་སྣས་ལས་འཁན་ཁྱེར་སྟངས་ཀྱང་། ཕྱི་རྒྱལ་གྱི་མཛད་སྒོ་ཚོགས་ལུགས་ཤིག་དང་བསྡུར་ན་ཚགས་ཚུད་ཅིག་མ་རེད།
གནས་ཚུལ་དེ་དག་ལ་དམིགས་ཏེ་བསམ་བློ་ཞིག་བཏང་ན། ང་ཚོ་བོད་པས་གཞན་གྱི་ཀུན་སྤྱོད་བཟང་བོ་ལས་ལེགས་ཆ་ལེན་མ་ཐུབ་ཅིང་། རང་གི་སྲོལ་ལུགས་བཟང་བོ་དག་ཀྱང་ཉམ་དམས་སུ་འགྲོ་བཞིན་པ་ངང་གིས་ཚོར། གཞན་ཕར་ཞོགས། ང་ཚོ་ཀླ་ཀློའི་ངང་ཚུལ་ཅན་དུ་འབོད་བཞིན་པའི་རྒྱ་མིའི་ཀུན་སྤྱོད་ལའང་མི་དོ། ལོ་འདིར་ང་བོད་ཀྱི་བླ་ཆེན་དག་གི་ཆོས་ཀྱི་འདུ་ར་ཁ་ཤས་ལ་ཕྱིན་པ་ཡིན། བཀའ་ཆོས་དེ་དག་ཏུ་བཅར་མཁན་ཕལ་ཆེར་རྒྱ་རིགས་དད་ལྡན་ཚོ་རེད། ལྷག་པར་རྒྱ་ནག་སྐམ་ས་ཆེན་པོ་ནས་སླེབས་པ་མང་བོ་རེད། ཁོང་ཚོའི་ཀུན་སྤྱོད་དང་རྣམ་འགྱུར་ང་ཚོ་ལས་ལེགས་ཤིང་། ཡར་ཐོན་སྤྱི་ཚོགས་ཀྱི་རྒྱུན་ཤེས་ཐད་ཡར་རྒྱས་ཆེན་པོར་ཕྱིན་འདུག ང་ཚོར་འཛམ་གླིང་ཡར་ཐོན་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་། དངུལ་རྐྱང་བ་ལས་ཡ་རབས་བཟང་སྤྱོད་ཅིའང་ལེན་རྒྱུ་མེད་སོང་བ་ཨེ་རེད། བོད་པ་ཚོ། ང་ཚོས་ད་དུང་དཀའ་སྡུག་རྒྱུན་རིང་མྱོང་ངེས་རེད་ཡ།
ནད་དྲག་པའི་སྨན་ལ་ཞིམ་པོ་མེད། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། བདེན་པ་རེད་དེ་ཉན་འཇོག་བྱེད་མཁན་དཀོན་པོ་རེད།
མཁན་སློབ་ཆོས་གསུམ་གྱི་བོད་ལ་མཛད་རྗེས་ཆེ་བ་ཞིག་གང་ན་ཡོད། བོད་ཀྱི་རྒྱལ་བློན་འབངས་གསུམ་བར་ཁྲག་གི་འཁོར་
ལོ་བསྐོར། ནང་འགལ་བསུབ་ཏུ་མེད་པ་ཞིག་བཟོས་ནས་ཕྱི་དགྲ་བཞི་འདུལ་བའི་སྟོབས་ཤུགས་ཉམས། ནང་ཕུ་ནུས་བར་
ལ་རྨེ་འཁྲུགས་སློངས། དེ་རྗེས་བོད་ཁམས་སིལ་བུར་འཐོར་ནས་མཐར་འདི་འདྲ་ཞིག་ཆགས་སོང་བ་དེ་མཁན་སློབ་ཆོས་
གསུམ་གྱི་བཀའ་དྲིན་རེད། དེ་དག་ཚང་མའི་སྐྱེན་རྩ་ཁོང་རྣམ་གསུམ་ལ་ཐུག་ཡོད་གི་ཡ།
་་་་་་་་་་་་ ལོ་འདིར་ང་བོད་ཀྱི་བླ་ཆེན་དག་གི་ཆོས་ཀྱི་འདུ་ར་ཁ་ཤས་ལ་ཕྱིན་པ་ཡིན། བཀའ་ཆོས་དེ་དག་ཏུ་བཅར་མཁན་ཕལ་ཆེར་རྒྱ་རིགས་དད་ལྡན་ཚོ་རེད། ལྷག་པར་རྒྱ་ནག་སྐམ་ས་ཆེན་པོ་ནས་སླེབས་པ་མང་བོ་རེད། ཁོང་ཚོའི་ཀུན་སྤྱོད་དང་རྣམ་འགྱུར་ང་ཚོ་ལས་ལེགས་ཤིང་།
ཡར་ཐོན་སྤྱི་ཚོགས་ཀྱི་རྒྱུན་ཤེས་ཐད་ཡར་རྒྱས་ཆེན་པོར་ཕྱིན་འདུག ང་ཚོར་འཛམ་གླིང་ཡར་ཐོན་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་། དངུལ་རྐྱང་བ་ལས་ཡ་རབས་བཟང་སྤྱོད་ཅིའང་ལེན་རྒྱུ་མེད་སོང་བ་ཨེ་རེད། བོད་པ་ཚོ། ང་ཚོས་ད་དུང་དཀའ་སྡུག་རྒྱུན་རིང་མྱོང་ངེས་རེད་ཡ། ་་་་་་་་་་་་་་་་་
བཀའ་བསྡུས་ལས། ནང་རེ་དགོང་རེ་བོད་ཀྱི་དོན་ལ་འོང་།། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད།། ཞེས་དང་། བོད་འབངས་ཐམས་ཅད་བདེ་ལ་བཀོད་ནས་འགྲོ།། ཞེས་དང་། བསམ་ལྷུན་ལས། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ།། ནང་རེ་དགོང་རེར་བོད་ཀྱི་དོན་ལ་འབྱོན།། ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་འབྱོན།། ཡར་ངོས་ཚེས་བཅུའི་དུས་སུ་དངོས་སུ་འབྱོན།།་་་་་་་་་་་
ཧཧཧཧཧཧཧ་། འདི་འདྲ་ཟེར་རྒྱུ་ངོ་མི་ཚ་དགོས་པ་ཞིག་རེད། དེ་འདྲིས་བོད་ལ་མགོན་སྐྱབས་ཞིག་བྱེད་ཀྱི་ཡོད་ན་ད་སྐབས་
བོད་འདི་འདྲ་ཞིག་ཆག་འགྲོ་བ་ག་རེ་རེད། ཆོས་སྲིད་ཟུང་འབྲེལ་གྱི་སྐད་ཆ་ནི་འདི་འདྲ་ཞིག་ལོས་ཡིན་ཡ་ཧཧཧཧཧཧཧ།
སྤྱི་ཚོགས་འདི་འདྲའི་ནང་དུ་དབང་བསྐུར་བ་ནི་དམ་ཉམས་ཁྱབ་སྤེལ་གཏོང་བ་ཁོ་ནའོ།
ནད་དྲག་པའི་སྨན་ལ་ཞིམ་པོ་མེད་ཟེར་ན་མི་འཐད་དོ། ང་ཚོའི་ཁ་ཟས་ཀྱི་མཆོག་ཏུ་གྱུར་བ་མང་བོ་ཞིག་ལུས་གསོ་བྱེད་ཀྱི་སྨན་ཀྱང་རེད་འདུག དཔེར་ན་ཚ་དང་ཤ། སྒོག་རིགས། ལྒ་སྐྱ། སྔོ་ཚོད་ཀྱི་རིགས།
ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཤ་ཚ་བའི་གཏམ་ལ་སྙན་པོ་མེད་ཟེར་བ་ཞིག་གོ་མྱོང་། །
རྔ་བ་རྒྱལ་ཁམས་པར་ཕེབས་བསུ་ཞུ། ད་ཐེངས་སྐུ་ཉིད་ཀྱིས་རང་རིགས་ལ་ཤ་ཚའི་གཏམ་ཞིག་སྨྲས་འདུག་ཀྱང་། གོ་ཤེས་ཉན་ཤེས་གནང་མཁན་དཀོན་ཙམ་གདའ། སྤྱིར་ནུབ་གླིང་བ་རྣམས་ཁྲིམས་ལ་གཙིགས་ཆེན་འཛིན་པས། མི་ཀུན་དང་མཐུན་པའི་སྤྱོད་པར་བསྟེན་རྒྱུ་ན་ཆུང་བྱིས་དུས་ནས་ལྷན་སྐྱེས་སུ་མངའ་ཟེར། ཤར་གླིང་བ་རྣམས་ཁྲིམས་ལས་གང་ཟག་གཙོ་ཆེར་བྱས་པས། ཡོངས་དང་མཐུན་པའི་སྤྱོད་པ་ཞན་ཞིང་། རང་སྣང་གང་དྲན་བྱེད་ཤུགས་ཆེ་ཙམ་ལྡན་ཟེར། ཤར་གླིང་ཁོངས་གནས་བོད་པ་ཚང་གི་ཀུན་སྤྱོད་ལ་ངེས་པར་ཟབ་དགོས་ཏེ། ༸གོང་ས་མཆོག་གི་མཚན་སྙན་གྱི་བ་དན་གོ་ལ་ཧྲིལ་བོར་གྲགས་ཤིང་། ཁོང་གི་ཞལ་ལས། ༼བོད་མི་རྣམས་ཡ་རབས་ཡིན་ལུགས༽ ས་ཕྱོགས་གང་ལ་ཕེབས་ནའང་། མི་སུ་ལ་མཇལ་ནའང་ཐུགས་སྤོབས་ཆེན་པོས་གསུང་བཞིན་ཡོད་པ་བརྗེད་མི་ཉན། དེ་མིན་ཁོང་གི་ཞབས་འདྲེན་མཁན་དུ་འགྱུར།
ཨྱོན་རིན་པོ་ཆེས། བོད་ལ་དྲིན་ཆེར་བྱེད་ཀྱང་དྲིན་མི་གོ།
༔ རྡོ་གྲུབ་ལུང་བསྟན། ༔
༄༅།།ཀ་དག་ལྟ་བའི་ཀློང་ལསཿབསྟན་པ་སྤྱིའི་ལུང་བསྟན་ཞེས་བྱ་བ་བཞུགས་སོ།།
༄༅།།ན་མོ་གུ་རུ་བྷྱེ༔དཔལ་དུས་གསུམ་ཀུན་མཁྱེན་པད་འབྱུང་དང༔དོན་དབྱེར་མེད་རིག་འཛིན་མཁྱེན་པའི་ཞབས༔འབངས་བདག་གི་གཙུག་ཏུ་བཀོད་ནས་སུ༔དུས་འབྱུང་འགྱུར་གྱི་ལུང་བསྟན་ཆོམ་མེད་སྒྲོག༔དབྱིངས་ཀུན་རྟོག་འཁྲུལ་བྲལ་ཨ་དརྴའི༔གཟུགས་མ་འདྲེས་རྟེན་འབྲེལ་ལེགས་ཤར་བ༔སྤྱིར་འཛམ་གླིང་ཡོངས་ཀྱི་ལེགས་ཉེས་དང༔སྒོས་སྨྲར་ཁམས་ཡུལ་གྱི་བདེ་སྡུག་འཆད༔ཡུལ་སྨྲར་སྟོད་ཀྱི་རྐྱང་འབྲོང་ཕྱོགས་ཕྱོགས་འབྲོས༔སྨྲར་སྐེད་དུ་མ་མོའི་རལ་བ་བསིག༔སྨྲར་སྨད་དུ་རྒྱ་མི་ནག་པོས་གང༔བར་སྐབས་རེར་སྤྲིན་བར་ཉི་མ་འཆར༔མཐའ་ནམ་ཡངས་ས་མཁར་སྐྱ་བོས་གང༔རྒྱ་བོད་ཀྱིས་ཕྱི་ནང་རྩོད་པའི་བརྡར༔ཀུན་ཐེ་ཚོམ་གྱིས་བསུར་བས་ངེས་མེད་འགྱུར༔སྨྲར་སྟོད་དུ་མཐའ་མི་མང་པོ་འཚོགས༔ཐམས་ཅད་ཀྱིས་ཕན་ཚུན་ཐེ་ཚོམ་ཟ༔ལྷ་སྡེ་དང་མི་སྡེ་འདར་ཤིག་ཤིག༔སྔར་མེད་པར་གནས་གཞི་བཅག་ལ་ཁད༔བར་སྐབས་ཤིག་རང་བྱས་ལས་ཀྱིས་ཕུངས༔དར་ཐང་དང་ཡུལ་དེའི་དགོན་ཕལ་མོ༔མི་སྣ་ནི་འབྲུ་ཚོགས་བསྲེ་བ་བཞིན༔གྲོས་མི་མཐུན་ནི་བྱ་ཚོགས་ཀུ་ཅོ་འདོན༔དུས་ནམ་ཞིག་ནི་ལྷ་ཡིས་མགོན་སྐྱབས་བྱེད༔ལྷ་འཇམ་དབྱངས་སྤྲུལ་དང་ཕྱག་རྡོར་སྤྲུལ༔དགོན་དེ་རུ་ནམ་ཡང་རྒྱུན་ཆད་མེད༔དགོན་དེ་ཡི་བྱང་ཕྱོགས་རི་ཐང་འཚམས༔དཔལ་བདུད་འདུལ་མཆོད་རྟེན་ཚད་གྲུབ་ན༔ས་དེ་རུ་བསྟན་འཛིན་བསྟན་པ་རྒྱས༔སྨྲར་སེ་ལེ་ཐང་ལ་དམག་སྒར་འཆའ༔དམག་ནག་པོའི་དལ་ཁ་ཕུར་བས་བཤོལ༔ཡར་ཐང་གི་བསྟན་པ་ཡ་མ་ཟུང༔རེ་ཞིག་ནི་རྨ་བྱ་ཚང་ལ་ཞུགས༔ཐ་མ་ཡང་གོས་དཀར་བ་མོ་ཅན༔གསང་སྔགས་ཀྱི་སྒྲུབ་སྡེ་འཐོར་ལ་ལྟོས༔བར་མ་རྣམས་ཡ་མ་ཟུང་དུ་གནས༔ཡོ་སྟག་དང་ཁྱེ་མདར་རྒྱ་གྲོང་ཆགས༔ཁ་མི་འཆམ་འབྲོག་པའི་ཁྱུ་ཚོགས་འདྲ༔བར་སྐབས་ཤིག་དགོན་གནས་བརྒྱ་ཕྲག་འབྱུང༔གསང་སྔགས་ཀྱི་བསྟན་ལ་བྱ་ར་བྱེད༔རྡོ་སྟོད་ཀྱི་ཡུལ་སྡེ་རྐྱང་འབྲོང་འདྲེས༔ཐམས་ཅད་ཀུན་བདེ་སྡུག་སྣ་ཚོགས་ངོམ༔སྔར་བྱས་ཀྱི་འབྲས་བུ་སྨིན་ལ་ལྟོས༔ཆོས་དཀོན་མཆོག་གི་བདེན་པ་མང་བརྗོད་ན༔མཐའ་མ་ཡང་ལེགས་པའི་ལྟས་བཟང་འཆར༔རྡོ་སྐེད་དུ་གསེར་གྱི་ཉི་ཟླ་ཟུང༔སྔ་དགོང་གཉིས་རེས་མོས་འཆར་བ་མཚར༔དགོན་ཕྲ་མོའི་གྲགས་པས་ས་སྟེང་ཁྱབ༔དཔལ་ཨོ་རྒྱན་གྱི་སྤྲུལ་བ་རྒྱུན་ཆད་མེད༔གསར་རྙིང་གི་བསྟན་ལ་བྱ་ར་བྱེད༔ང་རྒྱལ་གྱི་རི་བོ་མ་མཐོ་ན༔མདོ་སྨད་ཀུན་ཉི་ཟླའི་འོད་ཀྱིས་ཁྱབ༔དོན་དེ་ཕྱིར་ན་བླངས་དོར་ཞིབ་མོར་མཛོད༔གནས་ཤུགས་འབྱུང་གི་དགོན་དང་ལྷ་ཡི་ལམ༔དཔལ་སངས་རྒྱས་ཀྱི་སྤྲུལ་བ་བར་བར་འབྱུང༔ཆོས་སྔར་དར་ལ་བཟོ་བཅོས་མང་བྱས་ན༔བཀའ་བསྟན་སྲུང་གི་ཕྲག་དོག་བྱས་པའི་སྐྱོན༔དགོན་དེ་ལ་ནི་ནང་འཁྲུགས་དམག་སྣ་ཞུགས༔ལས་མཐོ་དམན་དུ་གྱུར་བ་ཕྱང་མོ་ཉུག༔གནས་དེ་ལ་ནི་དད་གུས་བསྒྲུབས་པའི་ཚེ༔དུས་ནམ་ཡང་ནི་བདེ་སྐྱིད་ལེགས་ཚོགས་འཕེལ༔མཐར་ནམ་ཞིག་ཚེ་ཟངས་མདོག་དཔལ་གྱི་རིར༔དེར་ཐེ་ཚོམ་མེད་དོ་ཨོ་རྒྱན་བཀའ༔དཔལ་བཀའ་བརྒྱུད་པའི་སྒྲུབ་གནས་རྣམ་རྒྱལ་དགོན༔ཁོང་བསྟན་འཛིན་གྱི་སྐྱེས་བུ་བར་བར་འབྱུང༔དགོན་དེ་ལ་ནི་སྦས་པའི་རྣལ་འབྱོར་གཅིག༔དཔལ་ནཱ་རོའི་སྤྲུལ་བས་འགྲོ་དོན་བྱ༔མགོན་བེར་ནག་གིས་བསྟན་ལ་བྱ་ར་བྱེད༔དགོན་དེ་ལ་ནི་འཕོ་འགྱུར་ག་ལ་འབྱུང༔ཡུལ་རྡོ་སྨད་ཀུན་རྩི་སྐུད་རྩེ་བྲེག་འདྲ༔ལྷ་སྡེ་དང་མི་སྡེ་ཐམས་ཅད་ཀྱིས༔འདི་སྣང་གི་ལས་ལ་འབད་དང་ལྟོས༔མཐའ་མ་ཡང་ཅི་འགྱུར་ཆ་མ་མཆིས༔གསེར་ལྷ་ཚེས་དགོན་རྒྱུ་མའི་འཁྲུལ་འཁོར་འབྱུང༔ཡུལ་དེ་ཕྱོགས་སུ་སྐྱེས་ཆེན་ཡང་ཡང་འདེགས༔དགོན་ཕལ་ཆེར་ཞིག་བྱ་ཁྱུ་རྡོ་དཀྲོགས་བཞིན༔ལས་ཅི་བྱ་དང་འདི་བྱ་མེད་ལ་ཐུག༔ལྷ་དཀོན་མཆོག་ལ་རྒྱུན་དུ་གསོལ་འདེབས་ན༔དེ་ནམ་ཞིག་ཚེ་སྔར་དཔེ་ལྡན་ལ་ཁྱད༔ལྷ་དེ་ཕྱོགས་ཀྱི་གསར་རྙིང་དགོན་སྣ་ཚོགས༔བདེ་སྡུག་གི་བླངས་དོར་མང་པོ་འབྱུང༔མཐའ་མི་ཡི་ཉུལ་མའི་བར་བར་བྲེལ༔མཐའ་མ་ཡང་དོན་མེད་མི་ཚོགས་ལ༔བཀུར་སྟི་དང་ཞེ་ས་བྱེད་དགོས་སྡུག༔ཡུལ་སུ་ཝ་ཎའི་སྡེ་དཔོན་མཆོག་དམན་ཀུན༔དུས་རེ་ཞིག་ནི་ཡུལ་ལྷའི་བྱ་ར་བྱེད༔དེ་མི་བརྟན་ནི་ཡ་མ་བླ་རུ་འགྱུར༔ལྷ་ཨོ་རྒྱན་གྱི་བྱིན་ཐེབ་པུཎྱེའི་མཚན༔དཔལ་རྒོད་མ་ཡི་ཐང་གི་ས་མིག་དེར༔སྔར་མེད་ཀྱི་བྱིན་རྟེན་རྣམ་པར་རྒྱལ༔མཐུ་དེ་ལ་ནི་བརྟེན་ནས་ཡུལ་ཁམས་བདེ༔དེ་ལོ་རེ་བཞིན་བརྟེན་བཞུགས་ཞིག་གསོས་དང༔རྟེན་ཆ་བརྒྱད་དང་རྡོ་བརྐོས་ཇོ་དར་སོགས༔ལས་དཀའ་ཚོགས་ཡང་མེད་པར་མང་བསྒྲུབ་ན༔ལས་དེར་གཏོགས་ཀྱི་མི་སྡེ་ལྷ་སྡེ་རྣམས༔དུས་ནམ་ཞིག་ནི་བདེ་སྐྱིད་དཔལ་ལ་སྤྱོད༔ཚ་ཁྲོ་སྐྱབས་གཉིས་མ་བུ་ཟུང་འབྲེལ་དང༔བར་སྐབས་རེར་མི་བདེའི་ནང་སྡུག་འབྱུང༔སྟོད་སྨད་ཀུན་དམག་གི་ལས་ལ་འབད༔བདེ་སྡུག་གཉིས་སོས་ཀའི་ཉིན་མོ་བཞིན༔ཐམས་ཅད་ཀྱིས་བསམ་པ་གཅིག་དྲིལ་དུ༔ལྷ་སྤྱན་གཟིགས་ཀྱི་སྣང་བརྙན་ཁྱད་འཕགས་མདུན༔ལས་དགེ་སྒྲུབ་ཀྱི་བསྙེན་གནས་སྨྱུང་གནས་དང༔ཇོ་དར་དང་མར་མེ་ཁྲི་འབུམ་སོགས༔རྟེན་བཞུགས་དང་ཚོགས་མཆོད་གྲངས་མེད་དང༔ཁྱད་པར་དུ་ཕྱི་བསྐོར་ནང་བསྐོར་བཞིན༔མ་ཎི་དང་སིདྡྷིའི་སྒྲ་དབྱངས་ལ༔ལོ་དུས་བཞིན་ཀུན་གྱི་འབད་གྱུར་ན༔གནས་སྐབས་སུ་བསྐལ་བ་རྫོགས་ལྡན་བཞིན༔མཐར་ཐུག་ནི་བདེ་ཆེན་ས་ལ་འཕོ༔ཡུལ་འཛི་སྟོད་དུ་རང་བྱས་རང་ལ་སྨིན༔ལས་འབྲས་ཀྱི་ལྟས་ངན་རང་གིས་བསྒྲུབས༔རང་ཉིད་ལ་འབྱུང་བའི་སྔ་ལྟས་སུ༔སྔར་མེད་པར་ཆུ་ཤིང་སོལ་མདོག་དང༔བར་སྐབས་རེར་རེ་ནག་སྦྲ་བས་གང༔ཆོས་དགེ་སྒྲུབ་དང་སྡིག་སྤོང་ལས་ལ་འབད༔ལས་འབྲས་ལ་ཞིབ་མོ་ནན་བསྐྱེད་ན༔གནས་སྐབས་རེར་བདེ་བའི་ཁྲི་གདུག་གསལ༔ཡུལ་ཛམ་བྷ་ལའི་ཐང་ཡང་ཁྲ་བོར་འགྱུར༔དཔལ་ཀཱ་ལ་ཙཀྲའི་རྣལ་འབྱོར་བ༔དེ་སྦས་པའི་ཚུལ་བཟུང་བསྟན་པ་གསོ༔ཆོས་ཕྱོགས་རིས་བྲལ་བའི་བསྟན་འཛིན་འབྱུང༔ལྷ་ཨོ་རྒྱན་གྱི་སྣང་བརྙན་ང་འདྲ་དང༔མགོན་བསྟན་པའི་བདག་པོའི་གཟུགས་སྐུ་གཉིས༔འདི་མཐོང་ཐོས་ཀུན་བདེ་ཆེན་ས་ལ་རེགས༔དུས་རྒྱུན་དུ་ཚོགས་མཆོད་བརྟན་བཞུགས་གལ༔བར་སྐབས་རེར་སྐུ་ལ་བསེར་བུ་འབྱུང༔འཛི་སྐེད་གཉིས་དཔུང་ཚོགས་འདྲན་བཞིན་དུ༔རང་གཞན་གཉིས་གཅིག་སེམས་གཅིག་གིས་དཀྲུགས༔དགྲ་ཟིན་གྱི་བྱ་ར་རེས་མོས་བྱེད༔བལ་ཤུལ་དང་ཨ་སྐྱོང་གཉིས་པོ་གཏུགས༔སྡེ་གཉིས་དེ་ཡ་མ་བླ་རུ་འགྱུར༔འཛི་སྨད་དུ་དགེ་བའི་ལྟས་བཟང་འཆར༔ཤི་འདྲེ་ཡིས་སྣ་འདྲེན་དར་རྒུད་འབྱུང༔བར་སྐབས་ཤིག་སངས་རྒྱས་སྤྲུལ་བ་འབྱུང༔ཁྱད་པར་དུ་འཕགས་པའི་རྗེས་བཟུང་བ༔ཉི་ཕུག་གི་སྤྲུལ་བའི་སྐྱེས་བུ་ཞིག༔དེ་ཀ་རུ་བཞུགས་ནས་འགྲོ་ཚོགས་འདུལ༔ཡུལ་གཞན་འགར་ཐར་བའི་ལམ་ལ་བཀོད༔སྔར་མེད་ཀྱི་གནས་སོགས་གནས་ཆེན་ལ༔རྟེན་བཞེངས་ནས་དེར་འབྲེལ་སེམས་ཅན་ཀུན༔བདེ་ཆེན་གྱི་ས་ལ་འགོད་ངེས་སོ༔བན་གཟུགས་དང་བུད་མེད་གཉིས་འཚོགས་ནས༔དགེ་བ་ལ་བར་ཆད་མ་བརྩམས་ན༔རྡོར་སེམས་དང་འཕགས་པའི་སྒྲུབ་བཙུགས་ནས༔དེར་འབྲེལ་ཀུན་ཐར་བའི་ལམ་ལ་བསྙེགས༔ཡུལ་སྨྲར་རྒྱུད་དུ་མུན་པའི་ས་ཆ་ལ༔ཆོས་དགེ་སྡིག་གཉིས་ཡ་མ་ཟུང་དུ་འགྲོ༔ཡུལ་དེར་གནས་ཀྱི་མི་ཆེན་དབང་མཐོ་རྣམས༔ལྷ་ཨོ་རྒྱན་གྱི་གསོལ་འདེབས་ཁྲི་འབུམ་དང༔མ་ཎི་དང་ཇོ་དར་གྲངས་མེད་ཀྱིས༔རི་ལུང་ཀུན་འགེངས་དང་སྡིག་སྤངས་རེམ༔ཁྱད་པར་དུ་སེམས་ཅན་སྲོག་བླུ་དང༔དོན་མེད་ཀྱི་རི་དྭགས་བྱ་གཅན་སོགས༔སྲོག་སྐྱོབས་དང་ཚེ་ཐར་མང་བྱས་ན༔འདི་ཕྱི་གཉིས་བདེ་སྐྱིད་ཉི་མ་འཆར༔བར་སྐབས་ཀྱི་སྡུག་བསྔལ་དེ་ཡིས་སེལ༔ ༈ རྔ་སྟོད་ཀུན་དྲི་ཟའི་གྲོང་ཁྱེར་འདྲ༔རྔ་སྐེད་རྣམས་ཡ་མ་བླ་རུ་འགྲོ༔རྔ་སྨད་ཀྱི་ཤ་བ་རྒྱལ་བོ་དེ༔ཤ་བ་དེ་རྐྱང་ལ་འགྱུར་ཉེན་ཆེ༔རྐྱང་བུ་དེ་འབྲོང་གིས་མ་བསད་ན༔རེ་ཞིག་ནི་ཡུལ་དེའི་བདག་པོར་འགྱུར༔ཐ་མ་ནི་བྱིང་གི་ཀླུང་དུ་འཕོ༔ཡུལ་སྡེ་གཞན་རབ་ཁའི་ཁྱི་རྒན་འདྲ༔དེར་གནས་ཀྱི་དགོན་སྡེ་ཕལ་མོ་ཆེ༔ཆོས་བཤད་སྒྲུབ་ཀྱི་གྲུབ་མཐའི་རི་འཛིང་ངོམ༔དགོན་ལ་ལ་ཞིག་སྟོང་བའི་མཁའ་ལ་ཡལ༔ལ་ལ་ཞིག་དམག་གི་ལས་ལ་རྒྱུག༔ལ་ལ་ཞིག་ཅི་བྱ་གཏོལ་མེད་གྱུར༔ རྔ་བཀྲ་ཤིས་སྒོ་མང་རྣར་སྙན་ཡང༔ དུས་ད་ནས་བཟུང་ཀུན་གྱི་རྩོད་གཞིར་འགྱུར༔སྡེ་གཉིས་གྱེས་རྒན་མོས་ཆོས་རྗེ་བྱེད༔ འདྲེས་བརླམ་པའི་མངོན་ཤེས་ལབ་རྡོལ་སྨྲ༔ དེར་བསྟི་བའི་མཆོག་དམན་ཕལ་མོ་ཆེས༔ཆོས་ཐོས་བསམ་ལ་ཁག་བཞག་རང་གཞན་ཕུང༔ར་རྒྱ་དགོན་མི་ནག་འོ་དོད་འབོད༔མེ་རླུང་བར་མཐའ་འདྲེས་སོ་སྒྲ་སྒོགས༔རྐྱེན་མང་ཡང་མ་རྒྱུད་བསྟན་པ་གནས༔གསེར་ཁང་དང་ཆུ་བཟང་དུང་སྐད་སྙན༔བྱ་ཁྱུང་གཙོས་ཆུ་དཀྱིལ་ཕ་བོང་བཞིན༔སྐུ་འབུམ་དང་ཅོ་ནེ་དགོང་ལ་རེག༔སྟག་ཚང་དང་ལྷ་མོར་དབྱར་རྔ་ལྡིར༔རྒྱལ་ཚ་ཁག་རྣེལ་མ་མགོ་བྲེག་འདྲ༔ཟེད་ཟེད་དུ་གྱུར་ནས་ཐ་མ་འཐོར༔༈ཙི་ན་ཡི་རྒྱལ་ཁབ་དམར་མོས་བཟུང༔ཡུལ་གྲུབ་འགར་དེ་ཡི་དབང་དུ་འགྲོ༔དེ་སོགས་ཀྱི་ལེགས་ཉེས་མང་འཆར་ཡང༔དུས་རེ་ཞིག་བཞག་ལ་ནམ་ཞིག་འཆད༔ ༈ སྒྱུ་འཕྲུལ་མེ་ལོང་སྐབས།ཡུལ་དང་དུས་ལ་ཕན་བྱེད་པའི༔གང་ཟག་བཟང་ངན་འབྱོར་ཚུལ་རྣམས༔རེ་ཞིག་གབ་ལ་སླར་འཆད་ཚུལ༔སྣང་མཐའི་སྤྲུལ་བ་པན་ཆེན་ནི༔ཙི་ནའི་ཡུལ་བྱོན་ཆོས་ལ་བཙུད༔བདུད་སྤྲུལ་ཁྱི་ཡི་མིང་ཅན་གྱིས༔ཡུལ་སྡེ་ལ་ལར་ཕུངས་སུ་བཅུག༔སྤྱན་གཟིགས་སྤྲུལ་བས་ལྷ་ལྡན་གྱི༔འགྲོ་བློ་ཆོས་ལ་བསྒྱུར་ནས་ཀྱང༔མཐའ་ཡི་དམག་ཚོགས་རིམ་བཞིན་བཟློག༔ཙི་ནའི་དམག་ཚོགས་ལོ་རེ་བཞིན༔འུར་ཞིང་ཡུལ་འགར་འཕོ་སྐྱེལ་བྱེད༔དགོན་ཚོགས་མང་བཅོམ་བསྟན་འཛིན་གསོད༔ནད་མཚོན་མུ་གེའི་སྣ་ཡང་འདྲེན༔ཆོམ་རྐུན་སྣ་ཚོགས་རླུང་ལྟར་འཚུབས༔ལངས་གྲོ་བ་དང་གྲུབ་ཆེན་སཱ་ར་ཧའི༔རྣམ་སྤྲུལ་ལྕགས་ཁམས་རྡོ་རྗེ་གྲོ་བོ་ལོད༔དེར་འབྲེལ་ཕྱིར་མི་ལྡོག་པའི་ས་ལ་རེག༔སངས་རྒྱས་སྤྲུལ་བ་མང་བྱོན་འགྲོ་ཁམས་འདྲེན༔མཆོག་དབྱངས་སྤྲུལ་བ་ཉག་གི་ཕྱོགས་ནས་འབྱུང༔ཆོས་འབྲེལ་ཐོབ་དང་དེ་ལ་དད་བྱས་ན༔ཨོ་རྒྱན་པདྨ་མཇལ་དང་ཁྱད་པར་མེད༔གང་ཟག་ལས་རབ་དེ་ལ་ཕྲད་པར་ངེས༔འཇམ་དབྱངས་སྤྲུལ་བ་སྨྲར་གྱི་སྟོད་ནས་འབྱུང༔གསང་སྔགས་ཆོས་ཀྱི་བསྟན་པའི་སྒྲོན་མེ་སྦར༔ཕྱག་རྡོར་སྤྲུལ་བ་གར་གྱི་མིང་ཅན་གྱིས༔རེ་ཞིག་བར་དུ་མཐའ་ཡི་དམག་སྣ་བཟོག༔འཇམ་དཔལ་སྤྲུལ་བ་བྱང་གི་ཕྱོགས་ནས་འབྱོན༔འབྲེལ་བ་ཐོབ་ཚད་དཀར་པོའི་ཆོས་ལ་བསྒྱུར༔མཐོ་ཁམས་སྟོད་ནས་པདྨའི་མིང་ཅན་གྱིས༔སྔར་མེད་གནས་སུ་རྟེན་བཞེངས་འགྲོ་བ་འདྲེན༔རྒྱ་འདྲེ་མ་རུང་འཚོགས་པའི་མགོ་བོ་མནན༔ཡུལ་ཁམས་དེ་རུ་བདེ་སྐྱིད་རེ་ཞིག་འབྱུང༔ལྷོ་ཡུལ་བྱང་ཆུབ་སེམས་དཔའི་སྤྲུལ་བ་གཅིག༔བར་སྐབས་རེར་འབྱུང་ཐམས་ཅད་ཆོས་ལ་བསྒྱུར༔ལྷོ་ཁམས་བྲག་ནས་སྤྱན་གཅིག་སྤྲུལ་བ་འབྱུང༔འབྲེལ་བ་ཐོབ་ཚད་དཀར་པོའི་ལམ་ལ་འཁྲིད༔བུད་མེད་བདུད་སྤྲུའི་དེ་ཡིས་གྲོགས་བྱས་ནས༔རྡོ་འཛི་སྨྲར་གསུམ་བདེ་ཆེན་ས་ལ་བཀོད༔བྱང་སེམས་སྤྱན་རས་གཟིགས་ཀྱི་སྤྲུལ་བ་གཅིག༔གསེར་གྱི་ཡུལ་ནས་པུཎྱེ་ས་ཁམས་པ༔སྐྱེས་བུ་དེ་ཡིས་སྔར་མེད་རྟེན་བཞེངས་ནས༔ཨ་ཡི་ཕྱོགས་ནས་པདྨ་དངོས་གྲུབ་མཚན༔དེ་དང་འབྲེལ་ཚད་ངན་སོང་དོང་ནས་སྤྲུགས༔ཐམས་ཅད་ཀུན་གྱིས་བླ་མར་འཛིན་པར་བྱེད༔ཕྱག་རྡོར་སྤྲུལ་བ་རྡོ་ཡི་ཡུལ་ནུས་བྱོན༔གསང་སྔགས་བསྟན་པ་ཉིན་མོ་བཞིན་དུ་རྒྱས༔བཻ་རོའི་སྤྲུལ་བ་སྨྲར་ཁམས་ཕྱོགས་ནས་འབྱུང༔ཡུལ་ཁམས་སྤྱི་ལ་དགེ་བའི་ལྟས་བཟང་འཆར༔གཡུ་སྒྲའི་སྤྲུལ་བ་མདོ་ཁམས་སྨད་ནས་འབྱུང༔ཆོས་ཀྱི་མིང་ཅན་རྫོགས་ཆེན་རྣལ་འབྱོར་བ༔གསང་སྔགས་བསྟན་པའི་བདག་པོའི་ཁྱད་པར་འཕགས༔རེ་ཞིག་བར་དུ་རྒྱ་འདྲེ་བཟློག་པར་བྱེད༔མཚོ་རྒྱལ་སྤྲུལ་བ་བདེ་བའི་རྡོ་རྗེའི་མཚན༔དེར་འབྲེལ་དད་ལྡན་ཕོ་མོ་བདེ་ལ་བཀོད༔འཕགས་པའི་རྣམ་སྤྲུལ་འཛི་ཀའི་ཡུལ་དུ་འབྱུང༔རྟེན་བཞེངས་འབྲེལ་ཐོག་ཐར་བའི་ལམ་ལ་འགྲོ༔ཚ་ཡི་ཕྱོགས་ནས་པདྨའི་མིང་ཅན་ཞིག༔སྔར་མེད་གནས་སུ་རྟེན་བཞེངས་འགྲོ་ལ་སྨན༔རྔ་ཡི་ཕྱོགས་ནས་བློ་ཡི་མིང་ཅན་གྱིས༔སྒྲུབ་སྡེ་གསར་བཞེངས་བསྟན་པའི་བདག་པོར་འགྱུར༔བདུད་སྤྲུལ་སྤྱོད་པ་ཡ་མ་ཟུང་ཅན་ཞིག༔ཡུལ་གྲུ་སོ་སོར་ཆོས་ལུགས་མི་འདྲ་སྟོན༔དེ་དང་འབྲེལ་ཚད་ངན་སོང་གནས་སུ་ལྷུང༔དེ་ཡི་རྟགས་སུ་ཧ་ལའི་ཚིང་དུ་འོང༔དེ་སོགས་བཟང་ངན་མང་སྣང་རེ་ཞིག་བཞག༔ཡང་གཅིག་ནི་སྤྱི་དང་བྱེ་བྲག་གིས༔མཆོག་དམན་ཀུན་བསམ་པ་གཅིག་དྲིལ་དུ༔སོ་སོ་ཡིས་དགེ་སྒྲུབ་སྡིག་སྤོང་རེམས༔ནམ་ཞིག་ཡང་བདེ་བའི་ལྟས་བཟང་འཆར༔ ༈ ཀཿརྫོགས་དང་དཔལ་ཡུལ་བསྟན་འཛིན་རྣམས༔ཐུགས་མཐུན་བཞིན་གཅིག་གྲོགས་གཅིག་བྱས་ནས༔རྙིང་བསྟན་འདི་བླ་ནས་བླ་རུ་འཕགས༔སངས་རྒྱས་ཀྱི་བསྟན་པའི་སྲོག་ཤིང་ཡིན༔ས་བསྟན་འདི་ཡོས་ལ་ཉི་ཤར་བཞིན༔འཛམ་གླིང་གི་འགྲོ་ལ་ལྷག་པར་སྨན༔དགེ་ལུགས་ཀྱི་བསྟན་པ་རིན་ཆེན་འདི༔ཡུལ་ཕྱོགས་ཀུན་དབྱར་རྔ་བཞིན་དུ་གྲགས༔ཁྱད་པར་དུ་བྱང་གི་ཕྱོགས་སུ་རྒྱས༔ཐ་མ་ཡང་རྙིང་མའི་ཁུངས་སུ་ཐིམ༔ཇོ་ནང་གི་བསྟན་པ་བྱིན་ཆེ་ཡང༔གསར་རྙིང་ནི་གང་ལ་མ་གཏོགས་པས༔གྲུབ་མཐའ་འདི་བཞི་ལྔའི་ཕྱོགས་རྩོད་ནས༔ཐ་མ་ཡང་གཞན་གྱི་ཁོངས་སུ་ཐིམ༔བཀའ་བརྒྱུད་ཀྱི་བསྟན་པ་འཛིན་མའི་སྤོར༔ཁྲི་གདུགས་ཀྱིས་སྐོར་བ་བྱེད་བཞིན་རྒྱས༔བཀའ་གདམ་གྱི་བསྟན་པ་འཕེལ་འགྲིབ་མེད༔ཞི་གཅོད་གཉིས་གངྒའི་རྒྱུན་བཞིན་རིགས༔གྲུབ་མཐའ་གཞན་དུས་ཀྱི་འཕོ་འགྱུར་མཚུངས༔ ༈ དོན་དེ་ཕྱིར་ན་མཆོག་དམན་འགྲོ་ཚོགས་ཀུན༔ཆོས་དགེ་བསྒྲུབ་དང་སྡིག་སྤངས་མ་བྱས་ན༔དུས་ལྔ་བདོ་ཡི་སྙིགས་མའི་མར་གཤམ་ལགས༔ལས་ཅི་འགྱུར་རེ་མི་ཤེས་ཨ་རེ་སྡུག༔བྱ་དགེ་དང་མི་དགེའི་སེར་གཟུགས་འགས༔ཀུན་ལ་ལ་ཙམ་ལ་ལ་ཕལ་མོ་ཆེར༔ཁྲ་གླག་དང་འཕར་སྤྱང་བརྟུལ་ཞུགས་འཛིན༔ཡང་ལ་ལ་ཞིག་བྱི་བའི་བསམ་སྦྱོར་ངོམ༔གཞན་འགའ་ཞིག་རང་མཐོང་ང་རྒྱལ་གྱིས༔སྦོས་ཆེ་བས་ཁ་ནས་སྦྲེགས་པ་དང༔དེ་བཞིན་དུ་རྐུབ་ནས་དྲི་ངན་གཏོང༔དགེ་འདུན་པའི་གཟུགས་བརྙན་བན་འགོང་འགས༔རྩ་བ་བཞིའི་ཁྲིམས་དང་དབང་བཞི་ཡི༔དམ་ཚིག་གི་རིམ་པ་ཆུ་ནང་དུ༔རྡོ་འཕང་བཞིན་བསྐུར་ནས་འཁྲུགས་སློང་སྤེལ༔སྤྱི་བྱེ་བྲག་གི་སེར་གཟུགས་ལྟོ་འགྲོ་ཡི༔སེམས་ཇི་ལྟ་བ་འཕོས་པས་དམར་སེར་གྱིས༔ཕག་གཡར་ནས་ཧ་ལའི་བཟའ་བའི་བཅུད༔དེས་སྙིང་བོར་བཅིང་ནས་ཆེ་རྒུ་འགར༔གཡོ་ཟོལ་གྱི་མགོ་བསྐོར་རྫུན་ལ་རངས༔དེ་བཞིན་དུ་མཚོན་ཆའི་ཕུག་ནོར་གསོག༔ལུགས་ཟུང་གཉིས་ཤར་རིའི་ཉི་གྲིབ་བཞིན༔ཆེར་མི་འགྱང་མཚན་མོ་འགྲོ་འདི་སྐྱོད༔ ༈ སྤྱིར་དུས་ཀྱི་རྒུད་པ་ཕལ་མོ་ཆེ༔ཟློག་ཐབས་ནི་ཡོད་དེ་སྒྲུབ་མཁན་དཀོན༔ཡིད་ཆེས་པའི་མཆོག་དམན་འགྲོ་བ་ཀུན༔སྐྱབས་དཀོན་མཆོག་གསུམ་ལ་དད་པ་དང༔ལར་མ་ལུས་འགྲོ་ལ་སྙིང་རྗེ་དང༔ཆོས་རྟེན་བཞེངས་འབྲེལ་གྱི་བདེན་པ་འདི་ལྟར་སྒྲུབས༔ལྷ་དཀར་ཕྱོགས་ལ་གཏང་རེག་བཟང་བོ་དང༔ནག་ཕྱོགས་ལ་སྦྱིན་པ་གྲངས་མང་སྒྲུབས༔ཁྱད་པར་དུ་གུ་རུའི་རྣམ་ཐར་དང༔ལེའུ་བདུན་དང་བསམ་ལྷུན་ཁྲི་འབུམ་སྒྲུབས༔ཞི་དྲག་གི་སྦྱིན་སྲེག་གྲངས་མང་པོ༔གུ་དྲག་དང་རྟ་ཕྱག་ཁྱུང་གསུམ་གྱི༔སྒྲུབ་བསྙེན་དང་བཀའ་བརྒྱད་གཤིན་རྗེ་ཕུར༔འཁྲུགས་བསྐང་དང་སྡེ་བརྒྱད་ཁེངས་ལོག་མདོས༔འཁྲུགས་བཅོས་སོགས་བུམ་གཏེར་གྲངས་མང་སྦ༔སྤྱིར་དམ་སྲི་འདུལ་ཕྱིར་གུ་རུའི་སྐུ༔རང་རང་གི་ཡི་དམ་སྒོས་སྲུང་མཆོད༔གལ་ཆེ་བ་དམ་ཚིག་མཐུན་པ་གནད༔དེས་བསྟན་པ་གསོ་ཞིང་ཆོས་བྱ་འཕེལ༔ཁྱད་པར་དུ་མ་ཎི་སིདྷི་དང༔སྒྲོལ་མ་ཡི་ཇོ་དར་རྡོ་བརྐོས་གནད༔དེ་ཕྱིར་ན་བཟླས་བརྗོད་རེམ་ལ་གྱིས༔དེས་རང་གཞན་དོན་གཉིས་ལྷུན་འགྲུབ་འགྱུར༔དོན་དེ་ཕྱིར་གྱི་ལུང་བསྟན་ཟོལ་མ་འདི༔མ་མདོ་ཁམས་ནི་སྨད་དུ་སྐྱེས་པའི་མི༔མིང་བྱང་ཆུབ་རྡོ་རྗེར་འབོད་པ་འདིས༔ཡིད་སྣང་ངོར་གང་ཤར་ལྷུག་པར་བྲིས༔དབྱིངས་ཆོས་ཉིད་འགྱུར་མེད་བདེན་པ་དང༔ཆོས་བསླུ་མེད་རྟེན་འབྲེལ་འབྱུང་བའི་མཐུས༔མ་འགྲོ་བའི་སྡུག་བསྔལ་རྒྱུ་རྐྱེན་འབྲས༔ཡོངས་ཟད་ནས་བདེ་ཆེན་འགྱུར་མེད་སྨོན༔ ༔ཞེས་ཆོས་འབྱུང་ལུང་བསྟན་ཐོལ་བྱུང་ཐོགས་མེད་དུ་སྤེལ་བ་འདི་ནི་ཟབ་མོ་གཅོད་ཀྱི་རྣལ་འབྱོར་བ་འཇིགས་མེད་གཞན་ཕན་མཐའ་ཡས་དང་སྔགས་ཀྱི་རྣལ་འབྱོར་བ་བླ་མ་རྒྱལ་བ་མཆོག་དབྱངས་གཉིས་ཀྱིས་བསྐུལ་ངོར་བྱ་བྲལ་བ་རྡོ་བླས་བྲིས་པས་རིས་མེད་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིགདགེའོ།།རྡོ་གྲུབ་ཀུན་བཟང་གཞན་ཕན་ནམ་གྲུབ་དབང་བྱང་ཆུབ་རྡོ་རྗེའི་བསྟན་པ་སྤྱི་ལུང་པོད་ཆེན་གཅིག་ཨ་རིག་ར་རྒྱ་དགོན་དུ་བཞུགས་པ་ལས། རྔ་བླ་རྒྱལ་བ་མཆོག་དབྱངས་ཀྱིས་རྔ་བ་སོགས་ཀྱི་ལུང་བསྟན་ཁོལ་བུར་ཕྱུང་བའོ།།མངྒ་ལམ༎
མཁྱེན་དཔྱོད་མཚུངས་མེད་དྲི་མེད་ལྷག་བསམ་ལགས། ཨ་རིག་ར་རྒྱ་དགོན་དུ་བཞུགས་པའི་ལུང་བསྟན་པོད་གཅིག་ཡོད་པ་དེ་དེང་སང་ལྟ་ཀློག་ཐུབ་གི་ཨེ་ཡོད་ན། ངས་དེང་སང་ཤར་ཕྱོགས་ཀྱི་གསང་བ་ངོ་མཚར་དང་ཤ་མན་ལུགས་ཀྱི་ཆོ་ག་སོགས་ལ་སྟ་ཞིབ་བྱེད་ཀྱིན་ཡོད། དཔེ་ཆ་དེ་རྙེད་ན་ཧ་ཅང་དགོས་མཁོ་ཆེན་པོ་འདུག་ལགས།
དཔྱོད་ལྡན་སྤོབས་པ་མཐའ་ཡས་ལགས་ལ་ཞུ་རྒྱུ། རྩད་གཅོད་མང་པོ་བྱས་ཏེ་ལག་ཏུ་མ་ཐོབ། ཡུལ་དེའི་མི་ཕལ་མོ་ཆེའི་ཁ་ན་དུམ་བུ་རེ་འདུག གོ་ཐོས་ལ་མགོན་ཁང་ནང་དུ་ཡོད་པ་མེས་འཇིག་ཟེར། དར་ཐང་སྤྲུལ་སྐུའི་ཕ་ཡུལ་དུ་བྲིས་མ་ཡིག་རྙིང་ཞིག་ཡོད་ལུགས་གོ་བས། རྩད་གཅོད་ཐུབ་ན་ཞུས་ཡོང་། སྐུ་ཚེ་རིང་། །
དྲི་མེད་ལྷག་བསམ་ལགས། ཐུགས་རྗེ་ཆེ། ས་ཆོག་དང་རབ་གནས་སོགས་རྟེན་གསུམ་དགོན་པ་ལྷ་ཁང་སོགས་བཞེངས་པའི་སྔ་གཞུག་བར་གསུམ་གྱི་ཆོ་ག་དང་དེ་དག་གི་ནང་དོན་སྐོར་རྒྱས་པར་བཤད་ཡོད་པའི་ཡིག་ཆ་བཀའ་དང་བསྟན་བཅོས་གང་འདྲ་ཡོད་པ་རེད། དེ་ལུགས་གསལ་བཤད་རེ་གནང་ཐུབ་ན་རེད། དཔེ་ཆ་ངོ་སྤྲོད་རེ་ཐུབ་ན་མཛད་རོགས། དཔེ་ཆ་གཅིག་མིན་ན་ཡང་ཐེག་པ་སོ་སོའི་ཕྱག་ལེན་དང་། ཆོས་བརྒྱུད་ས་ོསོའི་ཕྱག་བཞེས། བླ་མ་སོ་སོའི་ཕྱག་བཞེས་སོགས་ལ་དོ་སྣང་རེ་གནང་ནས་ང་ལ་གསུང་ཐུབ་ན་ཕན་ཐོགས་འདུག བྲེལ་བ་དེ་འདྲ་གང་ཡང་མེད།
་་་་་་་་༈ཙི་ན་ཡི་རྒྱལ་ཁབ་དམར་མོས་བཟུང༔ཡུལ་གྲུབ་འགར་དེ་ཡི་དབང་དུ་འགྲོ༔དེ་སོགས་ཀྱི་ལེགས་ཉེས་མང་འཆར་ཡང༔དུས་རེ་ཞིག་བཞག་ལ་ནམ་ཞིག་འཆད༔ ་་་་་་་་་་་་
་་་་་་་་་་ ཡོངས་ཟད་ནས་བདེ་ཆེན་འགྱུར་མེད་སྨོན༔ ༔ཞེས་ཆོས་འབྱུང་ལུང་བསྟན་ཐོལ་བྱུང་ཐོགས་མེད་དུ་སྤེལ་བ་འདི་ནི་ཟབ་མོ་གཅོད་ཀྱི་རྣལ་འབྱོར་བ་འཇིགས་མེད་གཞན་ཕན་མཐའ་ཡས་དང་སྔགས་ཀྱི་རྣལ་འབྱོར་བ་བླ་མ་རྒྱལ་བ་མཆོག་དབྱངས་གཉིས་ཀྱིས་བསྐུལ་ངོར་བྱ་བྲལ་བ་རྡོ་བླས་བྲིས་པས་རིས་མེད་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིགདགེའོ།།རྡོ་གྲུབ་ཀུན་བཟང་གཞན་ཕན་ནམ་གྲུབ་དབང་བྱང་ཆུབ་རྡོ་རྗེའི་བསྟན་པ་སྤྱི་ལུང་པོད་ཆེན་གཅིག་ཨ་རིག་ར་རྒྱ་དགོན་དུ་བཞུགས་པ་ལས། རྔ་བླ་རྒྱལ་བ་མཆོག་དབྱངས་ཀྱིས་རྔ་བ་སོགས་ཀྱི་ལུང་བསྟན་ཁོལ་བུར་ཕྱུང་བའོ།།མངྒ་ལམ༎ ་་་་་་་་་་་
རྡོ་གྲུབ་ཚང་གི་མ་འོང་ལུང་བསྟན་རྙིང་མ་བས་བདག་པོ་རྒྱག་མ་ཐུབ་པར་རྭ་རྒྱའི་དགོན་པ་བཞུགས་པར་གྲགས་ཟེར། བདེན་པ་ཡིན་མིན་གང་ལྟར་ཀྱང་མ་འོང་ལུང་བསྟན་དོན་ཐོག་འཁྱོལ་ན་ལེགས་སོ། རྒྱལ་བ་རིན་པོ་ཆེ་གཙོ་བྱས་བོད་པ་འབུམ་ཕྲག་ཙམ་ཞིག་རྒྱལ་གར་དུ་སྐྱབས་བཅོལ་དུ་འབྱོར་ནས་ནང་བསྟན་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་བརྡལ་དུ་ཕྱིན་པའི་ལུང་བསྟན་རེ་ཨེ་ཡོད་ན། ཡོད་ན་གསུངས་རོགས་ཞུ།།
ད་བར་རྡོ་གྲུབ་ལུང་བསྟན་དོན་ཐོག་དུ་མ་འཁྱོལ་བ་མེད་པར་གྲགས། ར་རྒྱ་དགོན་སྤྱིར་དགེ་ལུགས་པའི་གདན་ས་ཆེན་པོ་ཡིན་པ་ལ། ཕྱོགས་རིས་ཆེན་པོ་མེད་པ་གྲུབ་མཐའ་རིས་མེད་ལྟ་བུ་ཡིན་པ་དང་། ཁྱད་པར་རྡོ་གྲུབ་ཆེན་གྱི་སློབ་མ་མང་པས། བླ་མའི་གསུང་ལ་སློབ་མས་བདག་པོ་རྒྱག་པ་ནི་འོས་ཤིང་འཚམ་པ་ཞིག་མིན་ནམ།
དཔྱོད་ལྡན་སྤོབས་པ་མཐའ་ཡས་ལེགས། ས་ཆོག རྟེན་བཞེངས། རབ་གནས་སྐོར་ཆ་ཚང་བ་རྒྱས་པར་དཔེ་ཆ་གཅིག་བཞུགས་པའི་གཞུང་ནི་མ་མཇལ། དེ་ལྟར་གནང་དགོས་ན་པོད་ཆེན་དུ་འགྱུར་བས་འདོན་བྱ་ལ་སྒྲིབ་ཤིང་སྟབས་བདེ་མེད་པས་གཞན་དུ་ཁ་འཕངབའམ། ཆོག་ཁྲིགས་ལ་ལྟོས་དགོས་པས་སོ། ། ཆོས་རྒྱུན་ཕལ་མོ་ཆེར་ས་ཆོག་སྐོར་རྒྱས་པ་ཡོད་པ་ལ། རྟེན་བཞེངས་ཚུལ་དང་རབ་གནས་ཀྱི་ཆོ་ག་གཞན་དུ་ཡོད། ཆོ་ག་བསྡུས་པ་ཀརྨ་ཆགས་མེད་དང་། ཀ་ཐོག་རིག་འཛིན་ཆེན་པོའི་གསུང་སོགས་སུ་བཞུགས། ས་དཔྱད་སློངསྐོར་མང་ཆེ་བ་དབང་ཆོག་རྒྱས་པ་དག་གི་དབུ་འམ་སྔོན་འགྲོ་རྡུལ་ཚོན་གྱི་སྐབས་སུ་བཞུགས། རྙིང་ཕྱོགས་ལ། གུ་རུའི་ཡང་དག་གསང་འགྲེལ། མདོ་དབང་ཆེན་མོའི་ཆོ་གའི་དབུ། སྨན་ལུང་པ་བློ་མཆོག་རྡོ་རྗེའི་བཀའ་བརྒྱད་བཤད་རྣམ་བཤད་གུ་རུའི་དགོངས་བརྒྱན། །རིག་འཛིན་པད་འའཕྲིན་རྗེའི་བཀའ་བརྒྱད་རྣམ་བཤད་ཉི་ཟེར།དགེ་རྩེའི་གསང་སྔགས་ལམ་རིམ་འགྲེལ། གསང་སྙིང་གི་འགྲེལ་རྙིང་ཁག་སོགས་སུ་རྒྱས་ཙམ་ཡོད། རབ་གནས་སྐོར་ལ། བྱང་གཏེར་བསེ་སྒྲོམ་མ། རབ་གནས་རྒྱུད་དོན་རྒྱ་མཚོ། དགེ་ལེགས་ཆར་འབེབ་སོགས་རྒྱས་པའི་ལུགས་སོ། དགེ་ལུགས་ཕྱོགས་ལ། རྗེའི་སྔགས་རིམ་ཆེན་མོ། བཻ་དཀར་གྱི་ས་དཔྱད་མཇུག། ལྷ་མོའི་ཚུལ་ཁྲིམས་ཀྱི་ས་དཔྱད། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་བུམ་གཏེར་བཅའ་ཚུལ། རབ་གནས་དགེ་ལེགས་བྱིན་འབེབ། ཐུའུ་བཀྭན་གྱི་རྟ་མགྲིན་བུམ་གཏེར། རབ་གནས། ཡེ་ཤེས་རྒྱལ་མཚན་གྱི་དབང་བརྒྱ་ནོར་ཕྲེག་གི་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ས་ཆོག སོགས་མང་དུ་བཞུགས། དཔལ་ས་སྐྱ་པ་ལ། ཀྱེ་རྡོ་རྗེ་དང་བདེ་མཆོག་ལུགས་གསུམ་གྱི་དབང་ཆོག་སོ་སོའི་དབུ། དུས་འཁོར་བུ་ལུགས་དབང་ཆེན་གྱི་ཆོ་ཀའི་ས་ཆོག དཔལ་ཀྱེ་རྡོ་རྗེའི་རབ་གནས་དཔལ་འབྱོར་གྱ་མཚོ་སོགས་བཞུགས། །བཀའ་བརྒྱུད་རྟོགས་ལྡན་རྣམས་དང་རྙིང་མའི་གཏེར་སྟོན་རྣམས་ཀྱི་གསུང་ནི་རྒྱ་ཆེ་བས་རེ་རེ་ནས་ཞུ་ཐུབ་མ་སོང་ཀྱང་གོང་གི་ནང་དུ་མ་འདུས་པ་ཆེར་མེད་སྙམ༎ ཐུགས་པན་ཡོང་བར་སྨོན། །
སྤུ་གྲི་རེག་གཅོད་ལགས། མཁན་སློབ་ཆོས་གསུམ་ནི་བོད་ཀྱི་ལོ་རྒྱུས་ཀྱིས་ངོས་ལེན་བྱས་ཟིན་པའི་སྐྱེས་བུ་ཆེན་པོ་གསུམ་རེད། འདིའི་ཐད་རྩོད་གླེང་བྱས་བསྡད་ན་ཕན་ཐོགས་ཅིའང་ཡོད་པ་མ་རེད། མི་བཅུའི་སེམས་ལ་ངར་ཤུགས་ཤིག་སློང་ཐུབ་སྲིད་ཀྱང་། མི་སྟོང་གི་དད་འདུན་ལ་ཕོག་ཐུག་འགྲོ་གི་རེད། ཆོས་ལུགས་ཀྱི་འཐབ་རྩོད་དང་། ཆས་སྲིད་ཀྱི་འཐབ་རྩོད་གཉིས་མི་འདྲ། སྔ་མ་ནི་སངས་མ་རྒྱས་ཀྱི་བར་དུ་འཁྱེར་བཞིན་པའི་ཀུན་སྤྱོད་ཅིག་དང་། ཕྱི་མ་ནི་འཕྲལ་ཡུན་གང་དུའང་འགྱུར་ཆོག་པ་ཞིག་རེད། དེའི་སྐོར་ནས་གླེང་འདོད་མེད། དེ་བས་ད་ལྟ་ང་ཚོ་བོད་པའི་སྲོལ་རྒྱུན་གྱི་བཟང་སྤྱོད་ཉམ་དམས་སུ་འགྲོ་བཞིན་པ་དང་། དེང་རབས་སྤྱི་ཚོགས་ཀྱི་ལེགས་ཆའང་དེ་ཙམ་ལེན་ཐུབ་ཀྱི་མེད་པའི་སྐོར་ནས་བསམ་ཚུལ་རེ་གསུངས་ཐུབ་ན་ཕན་ཆ་ཆེ་ལ་ཉན་འདོད་ཀྱང་ཡོད།
དྲི་མེད་ལྷག་བསམ་ལགས། རྡོ་གྲུབ་རྒན་གྱི་ལུང་བསྟན་ཆེན་མོ་ལས། བསྟན་པ་སྤྱིའི་ལུང་བསྟན་མཆན་དུ་བཀོད་པར་བཀའ་དྲིན་ཆེ་ཞུ། རྔ་སྟོད་ཀུན་དྲི་ཟའི་གྲོང་ཁྱེར་འདྲ༔རྔ་སྐེད་རྣམས་ཡ་མ་བླ་རུ་འགྲོ༔རྔ་སྨད་ཀྱི་ཤ་བ་རྒྱལ་བོ་དེ༔ཤ་བ་དེ་རྐྱང་ལ་འགྱུར་ཉེན་ཆེ༔རྐྱང་བུ་དེ་འབྲོང་གིས་མ་བསད་ན༔རེ་ཞིག་ནི་ཡུལ་དེའི་བདག་པོར་འགྱུར༔ཐ་མ་ནི་བྱིང་གི་ཀླུང་དུ་འཕོ༔ ཞེས་དང་། དགེ་ལུགས་ཀྱི་བསྟན་པ་རིན་ཆེན་འདི༔ཡུལ་ཕྱོགས་ཀུན་དབྱར་རྔ་བཞིན་དུ་གྲགས༔ཁྱད་པར་དུ་བྱང་གི་ཕྱོགས་སུ་རྒྱས༔ཐ་མ་ཡང་རྙིང་མའི་ཁུངས་སུ་ཐིམ༔ ཞེས་པ་དང་། ཇོ་ནང་གི་བསྟན་པ་བྱིན་ཆེ་ཡང༔གསར་རྙིང་ནི་གང་ལ་མ་གཏོགས་པས༔གྲུབ་མཐའ་འདི་བཞི་ལྔའི་ཕྱོགས་རྩོད་ནས༔ཐ་མ་ཡང་གཞན་གྱི་ཁོངས་སུ་ཐིམ༔བཀའ་བརྒྱུད་ཀྱི་བསྟན་པ་འཛིན་མའི་སྤོར༔ཁྲི་གདུགས་ཀྱིས་སྐོར་བ་བྱེད་བཞིན་རྒྱས༔ཞེས་དང་། རྔ་བཀྲ་ཤིས་སྒོ་མང་རྣར་སྙན་ཡང༔ དུས་ད་ནས་བཟུང་ཀུན་གྱི་རྩོད་གཞིར་འགྱུར༔སྡེ་གཉིས་གྱེས་རྒན་མོས་ཆོས་རྗེ་བྱེད༔ཞེས་པར་འགྲེལ་བཤད་ཅིག་གནང་ཐུབ་བབ། རྔ་ཡི་ཕྱོགས་ནས་བློ་ཡི་མིང་ཅན་གྱིས༔སྒྲུབ་སྡེ་གསར་བཞེངས་བསྟན་པའི་བདག་པོར་འགྱུར༔ ཞེས་པ་འདི་ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་རྔ་ཡུལ་ཀིརྟིའི་དགོན་ཕྱག་འདེབས་མཛད་སྐོར་ཡིན་པ་གོ་མྱོང་། ངོ་མཚར་བ་ཞིག་ལ། ཉེ་ཆར་ངས་ཀ་ཐོག་རིག་འཛིན་ཆེན་མོའི་ལུང་བསྟན་ཁ་ཤས་ཤིག་མཇལ་བ་ཡིན། གནད་ཐོག་ཏུ་འཁེལ་བ་མང་བོ་ཞིག་འདུག་ཀྱང་འདིར་ཞུས་ན་མི་འདོད།
རྔ་བླ་རྒྱལ་བ་མཆོག་དབྱངས་ཞེས་པ་དེ་སུ་རེད། རྔ་བ་ན་རྡོ་གྲུབ་རྒན་གྱི་དངོས་སློབ་ཏུ་གྲགས་པ། བདུད་འདུལ་གྲུབ་ཆེན་ཞེས་པ་ཞིག་བཞུགས། ཁོང་གི་སྤྲུལ་སྐུ་ཨ་ལགས་བདུད་འདུལ་འཇིགས་མེད་ཚང་། རྔ་བ་ ཀིརྟིའི་དགོན་ཁོངས་ཀྱི་བླ་མ་ཞིག་རེད།
དགེ་ལུགས་ཀྱི་བསྟན་པ་རིན་ཆེན་འདི༔ཡུལ་ཕྱོགས་ཀུན་དབྱར་རྔ་བཞིན་དུ་གྲགས༔ཁྱད་པར་དུ་བྱང་གི་ཕྱོགས་སུ་རྒྱས༔ཐ་མ་ཡང་རྙིང་མའི་ཁུངས་སུ་ཐིམ༔
དགེ་ལུགས་པའི་ཆོས་བརྒྱུད་འདི་རྙིང་མའི་ཁོངས་སུ་ཐིམ་རྒྱུ་ཡིན་ནམ། དགོན་པ་ཐམས་ཅད་སྟོང་རྒྱུའི་ཉེན་ཁའི་རྟགས་ད་ལྟ་ནས་གསལ་པོ་རེད། །
དགེ་ལུགས་པ་ཚང་མ་གྲྭ་བཙུན་མེད་པར་ཆགས་དུས། དེ་ནས་རྙིང་མའི་ཁུངས་སུ་ཐིམ་པ་བརྩི་བ་འདྲ། ཧ་དགོས་པའི་ལུང་བསྟན་ནི་མི་འདུག མི་ཤེས། ཤེས་དགོས་ཡ་ཡང་མི་འདུག
རྔ་བ་རྒྱལ་ཁམས་པ་ལེགས། ལུང་བསྟན་དེའི་སྐོར་ལ་གླེང་རྒྱུ་མང་མོད། རེ་ཞིག་དུས་ཚོད་མི་འདུག རྔ་སྟོད་ལ་མུ་གེ་ཡོང་བ། རྔ་སྐེད་དུ་རྒྱ་བོད་འདྲེས་པ། རྔ་སྨད་རྨེའུ་རྒྱལ་པོ་བཀྲོང་བ། དགེ་ལྡན་པའི་བླ་ཆེན་རྣམས་རྙིང་མའི་སྔགས་པའི་སྤྱོད་པ་གནང་བ་སོགས་རེད་ཟེར།
རྙིང་མ་ལ་གྲྭ་བཙུན་མེད་པ་ག་ལ་ཡིན། ཆགས་སྡང་རྨོངས་གསུམ་གྱི་སྐད་ཆ་འདྲ་བཤད་པ་ལས། ས་ཡོམ་གྱི་གོད་ཆགས་བྱུང་བ་འདི་འདྲའི་སྐབས་ལ་དཀོན་མཆོག་གསུམ་ལ་སྙིང་ནས་གསོལ་བ་འདེབས་རྒྱུ་དེ་གལ་མི་ཆེའམ།
རྙིང་མ་ལ་གྲ་བཙུན་ཡོད་མེད་མི་ཤེས་རྒྱོ་རྒན་འགའ་ཞིག་ཡོད་རེད་དེ་ཧ་གོ་ཡི་ཡོད། རྙིང་རྒན་འགའ་འཁྲུལ་བསྡད་འདུག།
དགེ་ལུགས་རྙིང་མ་ལ་ཐིམ་འགྲོ་གཞན་ཧ་མི་གོ། རྙིང་མ་ཉུང་ཤས་ཙམ་ལས་ཚང་མ་དགེ་ལུགས་ནང་ཐིམ་ཚར་རེད། ད་ལྷག་
འཕྲོ་དེ་དག་མྱུར་ནས་མྱུར་དུ་དགེ་ལུགས་ནང་ཐིམ་ངེས་རེད་དོ།
བོད་དུ་ས་ཡོམ་བྱུང་ཚུལ་འདི་ལ་གཟིགས། http://www.youtube.com/watch?v=NS25wpk5pJM
རྙིང་མ་ལ་གྲྭ་བཙུན་ཡོད་མེད་མི་ཤེས་ཨེ། མི་ཤེས་ན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་ཆོས་སྒར་ལ་གཅིག་སོང་ནས་བལྟོས་དང་ཤེས་ཡོང། དམོད་ཚིག་དེ་ཚོ་ལ་ཡ་བྱེད་འདོད་མིན་འདུག་སྟེ། ངན་པ་ལང་ཤོར་ལ་འགྲོ་ཉན་འདུག་པས་ཚིག་གཅིག་བརྗོད་པར་བྱ། ཁྱོད་སུ་ཡིན་མི་ཤེས་སྟེ་རྙིང་མ་པ་ལ་དགྲ་མཐོང་མཐོང་བྱེད་མཁན་གཅིག་ནི་རེད་འདུག། གཞན་མང་པོ་མི་ཤེས་སྟེ་ཁྱོད་ཀྱི་ཕ་རྒྱོ་རྒན་དེས་ཁྱོད་ཀྱི་མ་དེ་ལ་རྒྱོ་ནས་ལྟས་ངན་ཁྱོད་སྐྱེ་བ་ཧ་གོ་གིས་ཡོད། རྔ་བརྡུང་ལ་བལྟས་ནས་འཆམ་ལུགས་ཡོད་ད།
གྲྭ་བཙུན་ཆོས་རྒྱུན་ཀུན་ལ་ཡོད་པས་རྩོད་དོན་མི་འདུག་སྙམ། བསྟན་པ་ཡས་རིམ་དུ་བསྡུས་ནས་མཐར་ཚང་མབོན་དབྱིངས་སུ་ཐིམ་པའི་རྟེན་འབྲེལ་མིན་ནམ། །
མཆན་14་པ། རྟ་བདུན་དབང་པོ་ལགས། བོད་བྲོས་བྱོལ་དུ་འགྲོ་ཚུལ་ཚང་མ་ལ་ལུང་བསྟན་འདུག རྒྱལ་ཁབ་གཞན་དང་མཚོ་གླིང་སོགས་སུ་བོད་ཀྱི་ནང་བསྟན་དར་རྒྱས་འབྱུང་ཚུལ་དང་། མ་ཟད་མཐར་བོད་ཀྱི་ས་གང་ཞིག་འཛིན་དགོས་ཡང་གསུངས་འདུག
རྙིང་མའི་བླ་མ་དེ་ཚོ་ནག་མོ་དང་བྲལ་མེད་རེད། རྒྱ་ནག་རྒྱ་གར་གང་ས་གང་དུ་རྙིང་བླ་དེ་ཚོའི་འཛག་བརྒྱག་དགོས་ན་
སྐད་གྲགས་རེད། ཁྱེད་ཚོ་ལ་གཅིག་ཡོད་པ་དེ་གསེར་རྟའི་ཆོས་སྒར་གཅིག་པུ་རེད། གཞན་སེ་འབྲས་དགའ་གསུམ་
གཙོས་ག་འདྲ་འདུག་། འདུས་སྡེ་རྒྱལ་མཚོ་འཁྱིལ་འདྲ་ཐུབ་བསྟན་ཉི་མ་ཤར་འདྲ། ལྷད་མེད་དངས་གཙང་གངས་ཆབ།
རྙིང་མ་པ་དེ་ཚོ་ཐུབ་པའི་རིང་ལུགས་བར྄ར་དུས་བོན་པོ་ལ་འདྲིས་། བོན་པོའི་རིང་ལུགས་བརྡར་དུས་བན་ལ་འདྲིས།
དེ་ག་རེ་ཡིན་པའི་ཁུས་རེད། བླ་མ་ཡོད་ན་རྒྱོ་རྒན་གྲ་པ་ཡོད་ན་འཛག་རྒན། ད་དེ་འདྲ་བྱེད་མ་འདུག་ཐུབ་བསྟན་གངས་
ཆབ་གཙམ་མ་དགེ་ལུགས་པ་ནང་བཞིན་བྱས་ན་ཡག་པོ་འདུག་བ། ངའི་སྐྱེ་ས་སྐྱེ་ཁུང་གཙོ་བོ་མ་རེད་གཙོ་བོའི་ཐུབ་པའི་
རིང་ལུགས་ལ་ལྷད་མེད་གཙང་མ་འཛིན་དགོས་རྒྱུ་རེད།
གཏམ་འཆལ་དེ་ཚོ་ལ་ཁ་ཡ་བྱེད་ནས་དུས་ཚོད་འཕྲོ་རླགས་གཏོང་འདོད་མིན་འདུག། ཡིན་ཀྱང་ཁྱོད་ཀྱི་སྐྱོན་ཐེར་འདོན་དུ་བྱས་པ་ལ་ཚིག་གཅིག་གི་ཆོག། དགེ་ལུགས་ཡིན་མདོག་བྱས་ནས་རྙིང་མ་དང་དགེ་ལུགས་བར་དཀྲུགས་ཤིང་སློང་རྒྱུ་དེ་ཁྱོད་ཀྱི་དམིགས་ཡུལ་གཙོ་བོ་དེ་རེད་འདུག་ག།
སྤུ་གྲི་རེག་གཅོད་ལགས། བོད་གངས་ཅན་གྱི་ཆོས་དང་རིག་གཞུང་གི་གཞི་མ་བོན་དང་རྙིང་མ་རེད། སྔགས་རྙིང་མའི་ཕྱིས་སུ་བྱུང་བའི་ཆོས་བརྒྱུད་ཁག་ནི་དེ་དག་གི་ཡན་ལག་ལྟ་བུ་རེད། སྔགས་རྙིང་མ་ཡག་པོ་ཞིག་མིན་ཚེ། སྔགས་གསར་མའང་ཡག་པོ་ཞིག་ཡིན་མི་སྲིད། ཉིད་ཀྱི་སྐད་ཆ་དེ་དག་བུས་ཕ་མགོ་རྡུང་བ་ལྟ་བུ་རེད། སྔགས་གསར་རྙིང་གི་གཞི་ལམ་འབྲས་གསུམ་ལ་སློབ་སྦྱོང་ཡག་པོ་གནང་ཐུབ་ན། དེ་གཉིས་ཀའི་འབབ་ས་གཅིག་ཏུ་འགྲོ་བ་མ་ཟད། སྔགས་རྙིང་མའི་ལྟ་དགོངས་དེ་ཀུན་ཀྱི་རྩེ་མོར་བུད་ཡོད་པའི་བསམ་བློ་ཞིག་ངང་གིས་སྐྱེ་རྒྱུ་ཡོད།། འདས་པའི་ལོ་རྒྱུས་ལ་བལྟས་ན་སྔགས་རྙིང་མ་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད། ད་ལྟའི་གནས་བབ་ལ་བལྟས་ཀྱང་སྔགས་རྙིང་མ་བོད་ལ་བཀའ་དྲིན་ཆེན་པོ་རེད། གསེར་རྟ་བླ་རུང་གི་ཆོས་སྡེས་བོད་ཀྱི་བསྟན་པ་ལ་སྲི་ཞུ་ཇི་ལྟར་སྒྲུབ་ཀྱིན་ཡོད་མེད་ལྟོས་དང་ཤེས། བླ་རུང་གི་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་། མ་རྟོགས་ལོག་རྟོག་སྒྲོ་སྐུར་གྱི་རྒོལ་ངན་མང་བོའི་གཡང་ས་ལས་སྐྱོབ་བཞིན་ཡོད། དེ་མིན་ན་ང་ཚོ་བོད་བརྒྱུད་ནང་བསྟན་ལ་དཀའ་ངལ་ཆེན་པོ་འཕྲད་ངེས་རེད་ལགས། བློ་དྲང་མོར་གནས་པའི་སྐད་ཆ་ཡིན། བུད་མེད་བསྟེན་མཁན་སྔགས་རྙིང་མ་ལ་ཡོད་པ་རེད་ལ། སྔགས་གསར་མ་ལའང་ཡོད་པ་རེད། དགེ་ལུགས་ལའང་མང་བོ་ཡོད་པ་རེད།
རྔ་བ་་ལགས་བོད་ལ་བོན་པོ་དང་རྙིང་མ་གཉིས་དྲིན་ཆེ་མིན་མི་ཤེས་ལ་དེ་དག་གི་རྗེས་ནས་བྱུང་བ་རྣམ་རྙིང་མས་ཡན་ལག་
ཡིན་པ་ཁས་མི་ལན། རྙིང་མ་གང་གི་ཡན་ལག་རེད། བོན་པོ་ཕུད་པའི་གཞན་ཆོས་རྒྱུད་བཞི་ཤཀྱའི་ཆོས་རྒྱུད་རེད།
གཙོ་བོ་སྟོན་པའི་བཀའ་དངོས་མ་ལུང་རིག་ཚད་མ་དང་མཐུན་པ་ཞིག་གང་ཡིན་མིན་དེ་རེད། གསེར་རྟ་ཆོས་སྒར་གྱི་བོད་
དོན་ལ་ཕན་པ་ཡག་པོ་སྒྲུབ་ཀྱི་ཡོད་ཚོད་འདུག་། མ་གཞི་ཁྱིད་ཀྱི་ཡག་པོ་གསུང་འདུག་ཐུགས་ཆེ་ཞུ།
ཁྱོད་ཚོ་ཁ་ཅིག་གིས་རྙིང་མ་བ་ཚོས་བུད་མེད་བསྟེན་གྱི་འདུག་ཟེར། ལྐོག་ནས་རྒྱོ་བ་ལས་དངོས་སུ་བུད་མེད་བསྟེན་ན་ལེགས་པོ་རེད། མདོར་ན་དབང་བོ་སྐྱོན་ཅན་མ་ཡིན་པའི་མི་སུ་ཞིག་ཡིན་ན་ཆགས་སྤྱོད་ལ་མི་དགའ་མཁན་ཡོད་པ་མ་རེད། དྲྭ་གྲོགས་ཚོ་དེ་མཁྱེན་པར་མཛོད། །
དྲི་མེད་ལྷག་བསམ་ལགས། བོད་པ་ཚོ་རྒྱ་གར་དུ་འབྱོར་ནས་ནང་བསྟན་འཛམ་གླིང་དུ་ཁྱབ་བརྡལ་སོགས་བྱས་པའི་མ་འོང་ལུང་བསྟན་གྱི་སྐོར་འདིར་འགོད་ཐུབ་ན་བཀའ་དྲིན་ཆེ་ཞུ། ཐུགས་རྗེ་ཆེ་ལགས། །
རྟ་བདུན་དབང་པོ་ལེགས། ༡༽ཐོག་མར་བོད་བྲོས་བྱོལ་བ་ཁྲིད་ནས་འགྲོ་ཚུལ། 1337་ལོར་འཁྲུངས་པའི་རིག་འཛིན་རྒོད་ལལྡེམ་པའི་གཏེར་བྱོན་སྦས་ལུང་བསྟན་དུ། །ལྔ་བརྒྱ་སྙིགས་མའི་དུས་འགྱུར་ན་བཅུ་འགྱུར་ངན་དུ་འགྲོ། རྒྱལ་པོ་མེད་པས་མགོ་མེད་ཀྱི་ཡན་ལག་འདྲ། ཡུལ་རེ་ན་རྒྱལ་ཕྲན་རེ། རྒྱལ་ཕྲན་ཤན་པ་གླང་སྙིང་རེ། གྲོས་འགོ་ཁ་ཆེར་གཡོགས་པོས་བྱེད། གནས་དགོན་རེ་ན་མཁན་སློབ་རེ། མཁན་སློབ་སྐྱེ་བོས་གོས་སེར་གྱོན། གྲོས་འགོ་ཉེ་གནས་སྐྱེས་འགོས་བྱེད། ཇག་པ་ཉེ་བས་ཁྱིམས་མཚེས་འཇོམས། གཤེ་སྐུར་ཆོས་བྱེད་གྲོགས་ལ་གཏོང་། ལོག་ལྟ་བྱམས་སེམས་ཅན་ལ་བྱེད། སྤང་བྱ་དམ་པའི་ཆོས་ལ་བྱེད། དེ་ལྟ་བུས་བསམ་བྱ་ངན་པས་བོད་ཁམས་ཁེངས། བོད་ཕལ་ཆེར་ཕུང་ཞིང་བརླག་པར་འགྱུར། རྒྱལ་པོ་ཐུགས་ཁྲལ་མ་མཛད། དེ་ལྟའི་དུས་ངན་སོང་གསུམ་དུ་ཁ་ལ་བཟོད་བགླགས་མེད་དེ། ལས་མ་དག་པ་ལ་ཐུགས་ཁྲལ་བྱས་པས་ཕན་པ་མེད། དུས་ཐ་མའི་བདུད་དམག་དེ་ཡང་སེསམ་ཅན་ལས་ངན་ཅན་སྙིགས་མའི་ལུས་ལེན་པ་དེའི་གཤེད་མ་བྱེད་པ་ཡིན། བོད་འདིར་ང་དང་རྒྱལ་པོའི་སྨོན་ལམ་གྱིས། བྱང་ཆུབ་སེམས་དཔའི་རིགས་ཅན་བདུན་གྱི་སྣ་དྲངས་ནས། ལྷོ་འབྲས་མོ་གཤོང་དུ་སུམ་བརྒྱ་ཐར། བལ་བོ་མཚམས་སུ་ཉིས་བརྒྱ་ཐར། བྲིན་ཁུམ་བུའི་མཚམས་ནས་བཞི་བརྒྱ་ཐར། བུད་ཀྱི་རོང་དུ་ལྔ་བུ་ཐར། སྤ་གྲོ་བུམ་ཐང་མཚམས་སུ་བཞི་བརྒྱ་ཐར། གཞན་ཡང་ལྷོ་རོང་ཐག་ཉེ་བ་རྣམས་སུ་འགྲོ་སྟེ། ལ་ལ་སྲོག་ཐར། ལ་ལ་ལྷོ་རོང་གིས་ངན་འབྱུང་སྟེ་གསོད། ལ་ལ་ནག་རོང་དང་། གངས་རོང་ཆུ་རྒོད་ལ་འཆི། ལ་ལ་བོད་ནང་འཁྲུགས་སྟེ་གྲི་རུ་འཆི། ལ་ལ་བདུད་དམག་ལས་ཐར་ཀྱང་རྐྱེན་ངན་གྱི་འཆི། ལ་ལ་ལྷོའི་དུག་ཕོག་སྟེ་འཆི། ལ་ལ་ལྟོགས་ཏེ་འཆི། རྒྱལ་པོ་དེའི་དུས་སུ་སེམས་ལ་ཅི་ལྟར་བྱས་ཀྱང་སྐྱིད་མེད་དེ་དམྱལ་བའི་གནས་དང་འདྲ། །༢༽བསྟན་པ་གནས་པའི་ཡུལ། ལུང་བསྟན་ལས། རྒྱ་གར་དང་། ཨུ་རྒྱན་དང་། ཁ་ཆེ་དང་། སེངྒ་ལ་དང་། ཚ་ལ་དང་། ལིའི་ཡུལ་དང་། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་གནས་ཐམས་ཅད་དང་། ལྷོ་ནུབ་རྒྱ་མཚོའི་གླིང་དུ་སོང་ཞིག དེར་ཡང་རིགས་གསུམ་མགོན་པོས་ལུང་སྟོན་པ་ལྔ་བརྒྱ་བོད་ནས་མཐའ་ནགས་ཀྱི་རོང་ལ་བྲོས་ཤིག ཅེས་ལུང་སྟོན་ཅིག །ཤོད་ཅིག ཅེས་སོ། ། ༧གོང་ས་མཆོག་རིགས་གསུམ་མགོན་པོ་ལས་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡོངས་གྲགས་སོ། །༣༽གུ་རུའི་ལུང་བསྟན་རྣམས་མདོར་བསྡུས་ནས་བཤད་ན། དང་པོ་བོད་སྲུང་ཐབས། ས་བཅོས། སྐུ་རིམ། ཞལ་མཐུན་པ་དགོས་ཚུལ། ཧོར་དང་། ཏུ་རུ་ཀ། རྒྱ་ནག་སོགས་ལ་ཡིད་ཆེས་མི་རུང་བར་བཙན་རྫོང་འཛིན་པའི་ཐབས། དེ་དག་མ་འགྲུབ་དུས། མངའ་རི་དང་། ཡོལ་མོ། ལ་དྭགས། པདྨ་བཀོད། མོན་ཡུལ་སོགས་སུ་རྒྱལ་སྲིད་འཕོས་ཏེ་འཛིན་ཚུལ། དེ་ཡང་ཞལ་མི་མཐུན། ལུང་བསྟན་ལ་ཡིད་མི་ཆེས། རྩོད་པ་བྱུང་་ནས་མ་འགྲུབ་ན། ཐ་མ་བྲོས་བྱོལ་དུ་འགྲོ་བའི་ལམ་ཁ། གནས་གང་དུ་གཞི་ཆགས་དགོས། བསྟན་པ་ཇི་ལྟར་སྤེལ་ཚུལ་བཅས་གསལ་བོར་གསུང་ཡོད་། རྒྱལ་དབང་ལྔ་བས་སྐུ་རིམ་རྣམས་སྒྲུབ། སྡེ་སྲིད་ཀྱི་དམག་དཔུང་སོགས་བསྒྲིགས་པའི་ལོ་རྒྱུས་མཁྱེན་གསལ་ལྟར་མོད། ལུང་བསྟན་དུ་བྱུང་བ་ལྟར་བོད་པ་ནང་མི་འཆམ་པར་ཁོང་རྣམ་གཉིས་ཀྱི་ལམ་ཁ་དེ་མེད་པ་བཏང་འདུག ། རྒྱལ་དབང་ལྔ་བས་ས་མཚམས་སུ་མཐའ་དམག་བཟློག་པའི་མཆོད་རྟེན་སོགས་ལྷ་བཟང་སྐབས་བོད་ཀྱི་བླ་ཆེན་ཞིག་གིས་ལམ་སྟོན་ལྟར་ཚང་མ་གཏོར། དེར་མ་ཟད་ཤེལ་བྲག་གི་གུ་རུ་ང་འདྲ་མ་འི་སྐུ་སྨད་ཡང་ཆུ་་ལ་གཡུག་ཚུལ་སླེ་ལུང་རྣམ་ཐར་དུ་གསལ། ། ༴ ལུང་བསྟན་ཕྱོགས་གཅིག་ཏུ་བཀོད་ན་ལེགས་ཀྱང་འཇོག་ཚུལ་མ་ཤེས། ལུང་བསྟན་དུ་ཆེན་མོ་མང་ཞིག་འདྲེ་ཡིན་ཚུལ་མང་། དཔེར་ན་བོད་འགྲོ་དགོས་ཚུལ་པདྨ་བཀོད་ལམ་ཡིག་ཏུ་བྱུང་བར་རྡོ་སྦས་དགེ་བཤེས་ཤེས་རབ་རྒྱ་མཚོས་དགག་པ་གནང་། སྤེལ་བ་པོ་འགའ་ཞིག་ཁྲིམས་ལ་བཙུད་པ་བཞིན་ནོ། །འགའ་ཞིག་ལ་གསང་རྒྱ་དགོས། ཁྱབ་སྤེལ་ཆེ་ན་ཆག་སྒོ་འབྱུང་བ་བདེན་པ་རེད། ཧ་ཅང་འཚུབ་ཆ་ཆེ་བས་འགའ་ཞིག་འགོད་མ་ཕོད་དོ། །
བྱ་བྲལ་རིན་པོ་ཆེ།
https://www.facebook.com/photo.php?fbid=967977649909767&set=a.143087612398779.16948.100000926225263&type=1&theater
མཁས་དབང་དྲི་མེད་ལྷག་བསམ་ལགས། མ་འོང་ལུང་བསྟན་གྱི་སྐོར་ངེད་ཀྱི་རེ་འདོད་བཞིན་འདི་གར་མཁོ་སྤྲོད་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། །
མཁན་སློབ་ཆོས་གསུམ་ལ་སྐུར་འདེབས་བྱེད་འདུག་མཁན་དེ་ཚོ་ནི་འཚེ་བ་ཆོས་སུ་སྨྲ་བ་དང་། དམར་མཆོད་གཏོང་བའི་ལུགས་སྲོལ་འཛིན་མཁན་ཤུལ་ལུས་རེ་ཟུང་རེ་ཡོད་པ་དེ་ཚོ་རེད།
བོད་ནང་ཁུལ་དུ་རྩོད་པ་བྱེད་མཁན་ཚོས་གོང་གི་ལུང་བསྟན་ལ་གཟིགས། ༼ཞལ་མི་མཐུན་ན༽ ཞེས་པས་བོད་ནང་ཁུལ་དུ་རྩོད་པ་རྒྱུན་ཆད་མེད་པར་བྱུང་ནས་༼བོད་ཀྱི་མི་རྣམ་མགོ་མེད་ཇ་སུག་འདྲ༔ བོད་ཀྱི་བདེ་སྐྱིད་སྤྲིན་བར་ཉི་མ་འདྲ༔ ཆེ་བཙན་དམངས་སུ་འབེབས་ཅིང་ཕན་ཚུན་རྩོད༔ ༽ཞེས་པའི་དུས་ལ་ཁེལ་མེད་དམ།