—-རྔ་བ་རྒྱལ་ཁམས་པ།
བྱ་བྲལ་རིན་པོ་ཆེ་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས། ཐུགས་ཀ་དག་སྤྲོས་བྲལ་ཆེན་པོའི་དབྱིངས་སུ་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུས།
བྱ་བྲལ་རིན་པོ་ཆེ་མཁྱེན། ང་ལ་མཚོན་ན་རང་གི་བླ་ན་མེད་པའི་དད་གུས་ཞུ་ཡུལ་གྱི་བླ་མ་གསུམ་ཡོད་པ་ལས། གཅིག་ནི་བྱ་བྲལ་ཚང་ཡིན། བྱ་བྲལ་སངས་རྒྱས་རྡོ་རྗེ། མཚན་བྱ་བྲལ་ཡིན་པ་བཞིན་དུ་དོན་ཡང་བྱ་བྲལ་རེད། སྐྱབས་སུ་མཆི། མཚན་སངས་རྒྱས་ཡིན་པ་བཞིན་དུ་ཐུགས་ཀྱང་སངས་རྒྱས་རེད། སྐྱབས་སུ་མཆི། མཚན་རྡོ་རྗེ་ཡིན་པ་བཞིན་དུ་དོན་ཡང་རྡོ་རྗེའི་གནས་ལུགས་ལ་འོ་ཆུ་བཞིན་དུ་འདྲིས་ཡོད་པ་ཞིག་རེད། སྐྱབས་སུ་མཆི། ངེས་པ་དོན་གྱི་བྱ་བྲལ་དང་། ངེས་པ་དོན་གྱི་བླ་མ། ངེས་པ་དོན་གྱི་རྡོ་རྗེ་འཆང་ཞེས་པ་ཁོང་ལྟ་བུ་ཞིག་ཡིན་རྒྱུ་རེད། ཁོང་གི་རྣམ་ཐར་མང་བོ་ངས་མི་ཤེས། གོ་ཐོས་ཤིག་ལ་ཐེག་པ་ཆེ་ཆུང་མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་མཁས་པ་ཆེན་པོ་ཡིན་འདུག རྙིང་མའི་ལོ་རྒྱུས་ནང་སྙིང་ཐིག་སྔོན་འགྲོ་ཚར་བཅུ་བཞི་སོང་བ་ཞིག བླ་མ་ཁོང་མ་གཏོགས་ཕལ་ཆེར་ཡོད་ས་མ་རེད། མཁན་པོ་ངག་ཆུང་གིས་སྔོན་འགྲོ་ཚར་བཅུ་གཅིག་བཏང་གནང་འདུག བླ་སློབ་ཁོང་རྣམ་གཉིས་ཀྱི་ལྟ་དགོངས་རྒྱ་ཆེ་ཆུང་སུས་ཀྱང་ཤེས་དཀའ་མོད། དཀའ་སྤྱད་སྒྲིབ་སྦྱོང་གནང་བ་ལ་ནི། བྱ་བྲལ་ཚང་འགྲན་ཟླ་བྲལ་བ་ཞིག་རེད། བླ་མ་ཁོང་གིས་ཡང་ནས་ཡང་དུ་སློབ་མ་དག་ལ། སྒྲིབ་པ་སྦྱངས་ན་གནས་ལུགས་ངང་གིས་རྟོགས་ཐུབ་པའི་ཞལ་གདམ་གནང་བ་དེ་ནི། ང་ལ་མཚོན་ན་ཆོས་ཉམས་ལེན་གྱི་གཞི་རྩ་གཙོ་བོར་གྱུར་ཡོད། བླ་མ་ཕེབས་སོང་། མ་དག་འཁོར་བའི་སྣང་ཞེན་མཐའ་དག དག་པ་ཡེ་ཤེས་ཀྱི་དབྱིངས་སུ་སྡུད་བཞིན་བླ་མ་ཕེབས་སོང་། བླ་མ་ཁྱེད་ཕེབས་སོང་། འཇིག་རྟེན་འདིར་དོ་ཟླ་མེད་པའི་མཛད་རྗེས་དཀར་པོ་ཤིག་དང་། འཇིག་རྟེན་ལས་འདས་པར་ཕུལ་དུ་བྱུང་བའི་མཛེས་རྒྱན་སྨུག་པོ་ཞིག་སྒྲོན་བཞིན་བླ་མ་ཕེབས་སོང་། གོ་སྐབས་འདི་བརྒྱུད། བླ་མ་ཁོང་གི་ཤུལ་བཞུགས་ནང་མི་རྣམས་དང་། རྗེས་འཇུག་སློབ་མ་དག་ལ་ཐུགས་གསོའི་འཚམ་འདྲི་དང་། གདུང་སེམས་མཉམ་བསྐྱེད་ཞུ་བ་ཡིན།
རྔ་བ་རྒྱལ་ཁམས་པས་དོན་གྱི་རྣལ་འབྱོར་པ་ཆེན་པོ་བྱ་བྲལ་སངས་རྒྱས་ལ་བསྟོད་པ་འདི་དོན་དང་གནས་པ་ཞིག་རེད། ཁོང་ནི་བོད་ཀྱི་ཆོས་རྒྱུད་ཚང་མའི་མིག་དཔེར་ལྟ་འོས་པའི་རྒྱལ་མཚན་གྱི་ཏོག་ལྟར་ནམ་ཡང་མཛེས་པའི་རྒྱན་དུ་གྱུར་ཡོད། དེང་དུས་བླ་ཆེན་དུ་གྲགས་པ་ཡོད་དོ་ཅོག་གིས་བྱ་བྲལ་རིན་པོ་ཆེའི་རྣམ་ཐར་བདག་གིར་བཞེས་ན་ཅིས་ཀྱང་བསྟན་པ་མཛེས་པའི་རྒྱན་དུ་འགྱུར་རོ། དེ་མིན་བླ་མ་ཚོས་དཔལ་འབྱོར་འདུ་ཐབས་དང་། འཛམ་གླིང་གང་སར་ཆོས་ཚོགས་གསར་འཛུགས་བྱས་པའི་འབྲས་བུ་ནི་ནམ་མཁའི་མེ་ཏོག་གི་ཟླ་བོ་ལས་གཞན་ཅི་ཡོད། །
བྱ་བྲལ་རིན་པོ་ཆེ་དང་། གསང་ཡུམ་ཀ་མ་ལརྣམ་གཉིས་སྐོར། གཡང་ཡུམ་གྱིས།
https://www.youtube.com/watch?v=bVselnq6410
ཉི་སྟོང་བཞི་ཡི་ལོ་། བྱ་བྲལ་རིན་པོ་ཆེ་མཆོག་ལ་བརྟན་འབུལ་བའི་བཞུགས་སྐོར་ལ།
https://www.youtube.com/watch?v=Tsyvo4PZSIY
ཨོཾ་སྭ་སྟི།།
ཨོ་རྒྱན་རྗེ་འབངས་ཚོགས་ཀྱི་ཐུགས་རྗེ་དང་།།
སྨོན་ལམ་མཐུ་ལས་ལེགས་འཁྲུངས་དཔའ་བོ་ཆེ།།
སངས་རྒྱས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས།།
འགྲོ་འདུལ་རླབས་ཆེན་འཕྲིན་ལས་མཐར་རྒྱས་ཤོག།
བྱ་བྲལ་ཉིད་ཀྱི་ཞལ་གསུང་མའོ།།
ཨོཾ་སྭ་སྟི།།
ཨོ་རྒྱན་རྗེ་འབངས་ཚོགས་ཀྱི་ཐུགས་རྗེ་དང་།།
སྨོན་ལམ་མཐུ་ལས་ལེགས་འཁྲུངས་དཔའ་བོ་ཆེ།།
སངས་རྒྱས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས།།
འགྲོ་འདུལ་རླབས་ཆེན་འཕྲིན་ལས་མཐར་རྒྱས་ཤོག།
བྱ་བྲལ་ཉིད་ཀྱི་ཞལ་གསུང་མའོ།།
་
ལ།
་
ཨོཾ་སྭ་སྟི།།
ཨོ་རྒྱན་རྗེ་འབངས་ཉེར་ལྔའི་ཡ་རྒྱལ་གཅིག །
སྨོན་ལམ་མཐུ་ལས་ལེགས་འཁྲུངས་བྱ་བྲལ་ཉིད། །
སངས་རྒྱས་རྡོ་རྗེ་མཚན་འཆང་ལོ་བརྒྱ་དང་། །
གསུམ་བར་བཞུགས་ལ་གསོལ་འདེབས་བྱིན་གྱིས་རློབས། །
ཀརྡོས།
ཡིད་མ་ཆེས་ན་འདིར་གཟིགས
https://www.facebook.com/photo.php?fbid=1142983742409156&set=a.1142988945741969&type=3&theater
༄༅། །གྲུབ་པའི་དབང་ཕྱུག་བྱ་བྲལ་པ་སངས་རྒྱས་རྡོ་རྗེ་དགོངས་པ་ཆོས་དབྱིངས་སུ་གཞོལ་བར་སྐྱོ་གདུང་གིས་གསོལ་འདེབས་དང་། དམ་པ་མཆོག་གི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་མཆོད་འབུལ་སྨོན་ལམ་ཞུ། །རྗེས་ལུས་ཀུན་ལ་སྐྱིད་སྡུག་མཉམ་ཁུར་གྱིས་སེམས་གསོ་ཞུ་བ་དང་། གསུང་འབུམ་པོད་ལྔ་པོ་དང་རིམ་པར་གསུང་པའི་བཀའ་སློབ་སྒྲ་ཐག་རྣམས་ཀྱང་ཀུན་གྱི་ལོངས་སུ་སྤྱོད་ནུས་པའི་རེ་སྨོན་འཆའ། །
༄༅།།ཞལ་གདམས་བདེ་ཆེན་མཆོག་སྟེར།
བྱ་བྲལ་སངས་རྒྱས་རྡོ་རྗེས་མཛད།
༈ན་མོ་གུ་རུ་བྷྱ། །སྐྱབས་དྲིན་མཆོག་གཏེར་ཆེན་བླ་མ་རྗེར།།སྤྲང་སྐྱོ་གདུང་དྲག་པོས་གསོལ་བ་འདེབས།།གནས་མི་མངོན་ཟངས་མདོག་དཔལ་རི་ནས།།དབྱིངས་ཟག་བྲལ་མཁྱེན་པའི་སྤྱན་གྱིས་གཟིགས།།དུས་ད་ནི་སྣོད་བཅུད་གར་བལྟས་ཀྱང་།།ཡོངས་སྙིགས་མ་ལྔ་ཡི་རང་མཚང་ངོམས།།ས་གང་དུ་བསྡད་ཀྱང་བདེ་སྐྱིད་ཟད།།ཆོས་ཚུལ་བཞིན་བྱེད་པ་སྲིད་པ་ཙམ།།ལས་བྱ་བ་རང་འདོད་གཡོ་ཁྲམ་གྱིས།།གཞན་བསླུ་བའི་བསམ་སྤྱོད་ཁོ་ན་ལས།།ལས་རྒྱུ་འབྲས་བརྩི་བ་ལྟ་ཞོག་གི།ཚེ་ཕྱི་མ་དྲན་པའི་མི་རེ་དཀོན།།ལར་བསམ་ཞིང་སྙིང་རླུང་དབང་མེད་ལངས།།ཕ་དྲིན་ཅན་བླ་མ་དཔལ་རིར་གཤེགས།།བུ་ལས་ངན་འཁོར་ནག་གྲོང་དུ་ལུས།།ཡིད་འཆི་ལ་སྨོན་ཡང་འཆི་མ་ནུས།།གསོན་བསྡད་རྒྱུར་འདི་སྣང་སྐྱོ་ཆད་དེ།།སྡུག་རེ་དོགས་ལྐོག་ཟས་ཨ་ཙ་མ།།མིང་སྐམ་པོའི་བླ་ཆུང་གོ་ས་འདིས།།དགྲ་འཆི་བདག་སླེབས་ཉིན་མི་བསླུ་འམ།།གྲོང་ཡུལ་དང་འདུ་འཛིར་བྱོལ་ཁུལ་གྱིས།།རི་དབེན་པའི་ནགས་ཁྲོད་བརྟེན་མདོག་འདི།།རྒྱུད་ཞེན་ཆགས་ངན་གོམས་བག་ཆགས་ཀྱིས།།རྟག་འཛིན་དང་ཕྱི་ཆས་གྲབ་ཤོལ་འདིང་།།ལས་ཟིན་མེད་མང་པོས་ལུས་སེམས་བྲེལ།།མི་དགོས་རྒུ་དགོས་ལ་རྫོགས་དུས་མེད།།ཐུན་གཙང་མ་གཅིག་ཀྱང་ཆོད་དུས་དབེན།།ཁོང་འཇིག་རྟེན་ཞོ་ཤས་འཚོ་བ་ཡི།།རྐང་ལེབ་ལ་མངགས་གཞུག་ཁུར་ལྗིད་བཀལ།།གྱེན་ཐུར་དང་གཡང་ས་འཕྲང་རྩུབ་ལ།།ཁུར་མི་ཐེག་སྒྱིད་པ་འདར་སིག་སིག།ངག་ཧུ་ཁྱུ་དང་ཤུགས་རིང་བརྩེགས་མར་འདོན།།སྙིང་ཁ་རུ་འཐོན་འདྲའི་སྡུག་བསྔལ་དང་།།ལུས་རྔུལ་ནག་གི་ཐིགས་པ་ཤ་ར་ར།འདི་དཔོན་ཆེན་གྱིས་ཁྲལ་འུ་འདེད་པ་དང་།།སྒོ་ཀུན་ནས་མཚུངས་པ་མ་ལགས་སམ།།ལར་སྙིང་རྗེ་མེད་པའི་ཆོས་གཟུགས་ཀྱང་།།ཁྲམ་པ་ཡིས་རི་སྟོང་ཉུལ་བ་འདྲ།།གནས་རི་ཁྲོད་འཛིན་པའི་དོན་སྒོ་ནི།།དོན་བྱ་བ་ཞུང་ཞིང་དགེ་འཕེལ་དགོས།།མར་འཁོར་བའི་གནས་ན་ཇི་ཙམ་དུ།།ལུས་དཀའ་ཐུབ་གདུང་བས་ཚར་བཅད་ཀྱང་།།དུས་མཐའ་མེད་འཁོར་བའི་རྒྱུ་ལས་མེད།།བར་དགོན་སྡེ་གྲྭ་སའི་སྤྱི་རྒྱུག་ལམ།།མངོན་ལྐོག་དང་ཚུལ་འཆོས་འགྲན་སེམས་རྩོད།།ཀློག་ཕེར་ཙམ་ནས་གྲོང་ཆོག་ལ་མི་ཚེ་སྐྱེལ།།ཐོས་བསམ་དང་ཆོས་སྤྱོད་བསྐྱེད་རྫོགས་དོན།།སྙིང་པོ་དང་བྲལ་བའི་གཟུགས་བརྙན་ལ།།བདག་ཞེ་ནས་མགུ་བ་ཅང་མ་བྱུང་།།སྟེང་རི་ཁྲོད་བཟུང་བ་ལེགས་མོད་ཀྱང་།།ནང་ཉོན་མོངས་འདུལ་སྦྱོང་མི་ལྡན་ན།།བྱ་བྱིའུ་རི་དྭགས་གཅན་གཟན་མཚུངས།།མཚམས་ཁང་དུ་རྟེན་གསུམ་མཆོད་ཆའི་རིགས།།ཁྲ་ཁྲ་དང་ཤིག་ཤིག་སྟོང་བསགས་ཀྱང་།།བདག་འཛིན་དང་ངོམ་ཁྱེར་ཆོས་བརྒྱད་ཀྱི།།རྟོད་ཕུར་ལས་གཞན་དུ་ཨེ་འགྲོ་སོམས།།གཅིག་མཁོ་གཉིས་དགོས་ངང་འཆི་བདག་སླེབས།།ནོར་ཀུན་ལས་མཆོག་གྱུར་ཆོག་ཤེས་ལ།།བདག་སྤྲོད་མཁན་མེད་པ་མཚར་ཆེའོ།།གནས་དབེན་པ་བརྟེན་པའི་སྒོམ་ཕྲུག་ཚོ།།གཞི་ངེས་འབྱུང་སྐྱོ་ཤས་འཆི་ཆོས་དྲན།།མ་འགྲོ་ཀུན་དོན་དུ་བྱང་སེམས་བསྐྱེད།།དུས་རྟག་ཏུ་ཁ་འདོན་བཟླས་བརྗོད་དང་།།ལམ་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ལ།།ཁྲིགས་ཐུན་བཞི་ལས་བཞི་མ་ཆག་པར།།ན་དགའ་དང་འཆི་སྐྱིད་ལ་ཚད་བཙུགས་འཚལ།།འདི་ཁ་ཏ་ཁ་ཆེམས་གཅིག་ཆོག་ཡིན།།དུས་ད་ནི་གང་དང་ཅི་མནོ་ཡང་།།སེམས་སྐྱོ་བ་སྐྱེ་བའི་རང་བཞིན་ལས།།གཞན་ཅི་ཡང་མེད་འདི་ཀྱཻ་མ་ཧུད།།རྗེ་བླ་མ་ཞིང་ཁམས་གཞན་དུ་གཤེགས།།ཕྱོགས་ཐམས་ཅད་མྱ་ངན་མུན་པས་ཁྱབ།།ཡུལ་སྣོད་བཅུད་སྡིག་པའི་ཡོ་ལང་འཁྲུགས།།ཆོས་བྱེད་ལོ་རྣམས་འདི་སྣང་བསླུ་བྲིད་ལ།།མགོ་འཁོར་ནས་དོན་ཆེན་ཡལ་བར་བོར།།ཕྱོགས་ཀུན་ནས་དམག་འཁྲུགས་སྐད་ངན་སྦིར།།རྗེ་རྒྱལ་བསྟན་ནམ་ལངས་རྒྱུ་སྐར་འདྲ།།མི་རྒན་འཁོགས་བདག་ཀྱང་ལོ་ནས་གཏུགས།།ལུས་འབྱུང་བཞི་གོག་པོ་འདི་སྐྱུར་ན་སྙམ།།ཕ་རྗེ་བཙུན་གུ་རུའི་ཞབས་དྲུང་ལས།།སེམས་འདུན་པ་གཏད་ས་གཞན་དུ་མེད།།དུས་དེ་ཚེ་དཔའ་བོ་མཁའ་འགྲོ་མས།།མདུན་བསུས་ནས་ཞིང་དེར་དྲང་དུ་གསོལ།།གནས་དེ་རུ་ཕ་བུ་ལྷན་འཛོམ་སྟེ།།ཆོས་སྨིན་གྲོལ་ཐབས་མཁས་ལ་བརྟེན་ནས།།ཕྱིར་མི་ལྡོག་བདེ་ཆེན་མཆོག་ཐོབ་ཤོག།ཅེས་པའང་བྱ་བྲལ་སངས་རྒྱས་རྡོ་རྗེ་རྒན་བུས་ཡུལ་དུས་གང་ཟག་གི་གནས་ཚུལ་ལ་སྐྱོ་ཤས་ཀྱིས་ཁམས་འདུས་དྲག་པོ་བྱུང་བའི་རྐྱེན་གྱིས་སྦས་ཡུལ་ཡོལ་མོའི་ཡང་ཁྲོད་ཀུན་བཟང་ཆོས་གླིང་སྒར་དུ་ཡིད་ལ་གང་དྲན་བྱུང་རྒྱལ་དུ་སྨྲས་པའོ༎༎
དྲི་མེད་ལྷག་བསམ་ཚང་གིས༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་ཞལ་གདམས་བྱིན་ཅན་འདིར་བཀོད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་ལགས། སེམས་ལ་ཤིན་ཏུ་ཕན་པོ་ཞིག་བྱུང་། ངས་ཞལ་གདམས་དེ་བཞིན་ཡང་ཡང་ཀློག་ངེས། ༧སྐྱབས་རྗེ་ཁོང་གི་གསུང་འབུམ་དང་། མཛད་རྣམ། ཆོས་ཁྲིད་སོགས་མཇལ་ཐུབ་པ་བྱུང་ན་དེ་ལས་དགའ་བ་ཞིག་སྲིད་ན་མེད། བཀའ་དྲིན་ཐུགས་རྗེ་མ་ཆུང་། གཞན་དྲྭ་གྲོགས་ཚང་མས་དགོངས་འཆར་རེ་གསུངས་འདུག་པར་ཐུགས་རྗེ་ཆེ་ཞུ།
བྱ་བྲལ་རིན་པོ་ཆེ་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ། དྲ་གྲོགས་ཚོ་ད་སྔ་དྲ་ཐོག་ཏུ་་རྟགས་མཚན་གང་བྱུང་གི་སྐོར་གང་ཡང་བཀོད་མི་འདུག མཁྱེན་མཁན་ཡོད་ན་གསུང་རོགས་ཞུ། །
་
་
རྗེ་བླ་མ་ཞིང་ཁམས་གཞན་དུ་གཤེགས།།
ཕྱོགས་ཐམས་ཅད་མྱ་ངན་མུན་པས་ཁྱབ།།
ཡུལ་སྣོད་བཅུད་སྡིག་པའི་ཡོ་ལང་འཁྲུགས།།
ཆོས་བྱེད་ལོ་རྣམས་འདི་སྣང་བསླུ་བྲིད་ལ།།
མགོ་འཁོར་ནས་དོན་ཆེན་ཡལ་བར་བོར།།
ཕྱོགས་ཀུན་ནས་དམག་འཁྲུགས་སྐད་ངན་སྦིར།།
རྗེ་རྒྱལ་བསྟན་ནམ་ལངས་རྒྱུ་སྐར་འདྲ།།
མི་རྒན་འཁོགས་བདག་ཀྱང་ལོ་ནས་གཏུགས།།
ལུས་འབྱུང་བཞི་གོག་པོ་འདི་སྐྱུར་ན་སྙམ།།
ཕ་རྗེ་བཙུན་གུ་རུའི་ཞབས་དྲུང་ལས།།
སེམས་འདུན་པ་གཏད་ས་གཞན་དུ་མེད།།
དུས་དེ་ཚེ་དཔའ་བོ་མཁའ་འགྲོ་མས།།
མདུན་བསུས་ནས་ཞིང་དེར་དྲང་དུ་གསོལ།།
གནས་དེ་རུ་ཕ་བུ་ལྷན་འཛོམ་སྟེ།།
ཆོས་སྨིན་གྲོལ་ཐབས་མཁས་ལ་བརྟེན་ནས།།
ཕྱིར་མི་ལྡོག་བདེ་ཆེན་མཆོག་ཐོབ་ཤོག།ཅེས་པའང་བྱ་བྲལ་སངས་རྒྱས་རྡོ་རྗེ་རྒན་བུས་་་་་་་་
#8 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
January 6th, 2016 at 4:16 am
༄༅།།ཞལ་གདམས་བདེ་ཆེན་མཆོག་སྟེར།
བྱ་བྲལ་སངས་རྒྱས་རྡོ་རྗེས་མཛད།
༈ན་མོ་གུ་རུ་བྷྱ། །སྐྱབས་དྲིན་མཆོག་གཏེར་ཆེན་བླ་མ་རྗེར།།སྤྲང་སྐྱོ་གདུང་དྲག་པོས་གསོལ་བ་འདེབས།།གནས་མི་མངོན་ཟངས་མདོག་དཔལ་རི་ནས།།དབྱིངས་ཟག་བྲལ་མཁྱེན་པའི་སྤྱན་གྱིས་གཟིགས།།་་་་་་་་
འདི་ལོ་དུས་ག་དུས་བརྩམས་པ་ཡིན་ནམ། ལགས།
ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།
༄༅།།ཞལ་གདམས་བདེ་ཆེན་མཆོག་སྟེར། ལོ་ཤས་སྔོན་ནས་འདུག སྐུ་མཚམས་ལབཞུགས་པའི་སྐབས་རྒྱ་ཆེར་སྤེལ་སོང་།
༄༅། ཞལ་ཆེམས་གནང་པ་ནི། ངའི་དོན་དུ་ངུ་མི་དགོས། ཁྱོད་རང་ཚོའི་དོན་དུ་ངུས་པས་མི་ཕན། དེ་བས་བློ་ཆོས་ལ་གཏད། སྤྱོད་པ་གཞན་ལ་ཕན་པ་ཞིག་ཀྱིས། མཉམ་པར་ཞོག །ཅེས་གསུངས་འདུག །
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།།
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།།
ཅི་མཛད་ལེགས་པར་མཐོང་པའི་མོས་གུས་ཀྱིས།།
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།
དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་དང་།།
འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།།
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།།
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།
ཕ་མ་སེམས་ཅན་ཐམས་བདེ་དང་ལྡན་གྱུར་ཅིག།
ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་གྱུར་ཅིག།
བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ།།
དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག།
བླ་མ་བྱ་བྲལ་ཡིན་པས། དྲུང་ཡིག གཉེར་བ། སྐུ་སྲུང་སོགས་མེད་པས། ད་བར་སྐུ་གཤེགས་པའི་སྐོར་ཞིབ་ཕྲ་འཁོད་པ་ཞིག་མི་འདུག །རྒྱུས་ཡོད་ཀྱི་མི་མང་པོར་དྲིས་པར་གཅིག་མཚུངས་སུ། གསུངས་མ་གྲགས་པར་ཉི་མ་མང་པོ་འགོར་བ་དང་། གཤེགས་དུས་མཉམ་པར་བཞག་ཅིང་བལྟ་སྟངས་བཅས་གཤེགས་པ། ད་བར་སྐུ་ལུས་གྲུ་གང་ཙམ་དུ་གྱུར་པ། དེ་རིང་འབྲུག་རྒྱལ་པོ་སོགས་ཞལ་སློབ་གནད་ཡོད་མང་པོར་མཇལ་ཁ་གནང་འཆར་ཡིན་པ། གསང་རྒྱ་ཟླ་གཅིག་ཐུབ་ན་ལེགས་པར་གསུངས་ཀྱང་མ་བྱུང་བ། དགོངས་རྫོགས་ཀྱང་བླ་མ་བྱ་བྲལ་བའི་དགོངས་པ་གཏད་ཕྱོགས་དོན་ཉུང་བྱ་ཉུང་གི་སྒོ་ནས་སྒྲུབ་རྒྱུ་ཡིན་པ། ཡང་ལེ་ཤོད། བྱ་རུང་ཁ་ཤོར། རྒྱ་བོད་ཀྱི་གནས་ཆེན་ཁག་སོགས་སུ་ཡང་མཆོད་འབུལ་བྱེད་རྒྱུ་ཡིན་ཚུལ་སོགས་ཀྱི་གནས་ཚུལ་འདུག ཁྱོད་རྣམས་ཀྱི་གནས་ཚུལ་གསལ་བོ་རེ་གོ་ན་གསུངས་རོགས།
ང་ལ་ཟེར་གྱིན་ཡོད་ན་མ་གོ། རྡོག་རྡོག་བཤད་ན་ཁོང་ལ་ངག་ཆུང་སྙན་བརྒྱུད་ཟེར་བའི་གདམ་ངག་དེ་བུམ་པ་གང་བྱོས་ཀྱི་ཚུལ་དུ་ཡོད་རབས་གོ། རྫ་དཔལ་སྤྲུལ་གྱི་སློབ་མ་སྨྱོ་ཤུལ་ལུང་རྟོགས་རེད། རྫ་ཆུ་ཁ་བས་བཤད་རྒྱུན་ལ་སྨྱོ་ཤུལ་ལུང་རྟོགས་མེད་ན་དཔལ་དགེ་རབས་ཆད་རེད་ཟེར་གྱི་རེད། སྨྱོ་ཤུལ་ལུང་རྟོགས་ཀྱི་སློབ་མ་མཁན་པོ་ངག་ཆུང་རེད། ངག་ཆུང་སློབ་མ་བྱ་སངས་རེད་གདའ། རྒྱལ་པོ་རྭ་སྒྲེང་ལ་བཀའ་དབང་གནང་དུས་ཕལ་ཆེར་ཁོང་དགུང་ལོ་༣༥ཡིན་པ་ཡོད།
སྙིགས་དུས་ཀྱི་རྣལ་འབྱོར་པ་བྱ་བྲལ་སངས་རྒྱས་རྡོ་རྗེའི་སྐུ་ཚེ་མཐའ་མའི་དགོང་རྫོགས་ཀྱི་སྐོར་ད་དུང་དྲ་ཐོག་ཏུ་གསལ་ཁ་མི་འདུག མཁྱེན་མཁན་ཡོད་ན་དྲ་ཐོག་ཏུ་གསལ་པོ་ཞིག་འགོད་རོགས་ཞུ། མཆན་པ་ཁ་ཤས་ནས་ཡང་སྲིད་ཀྱི་སྐོར་གླེང་གི་ཡོད་པ་མཐོང་བྱུང་། དོན་གྱི་རྣལ་འབྱོར་པ་བླ་མ་འདི་ལྟ་བུ་ཞིག་གི་ཡང་སྲིད་དེང་དུས་ཀྱི་བླ་མ་ཕལ་མོ་ཆེ་དང་འདྲ་བར་འཁྲུངས་མི་སྲིད། གལ་ཏེ་འཁྲུངས་ནའང་འཇིག་རྟེན་ཆོས་བརྒྱད་དང་འདྲེས་པའི་ཡང་སྲིད་ཁྲིད་འདོན་ལུགས་ལ་གཏན་ནས་ཐུགས་དགྱེས་མི་སྲིད། །
ངེས་པ་དོན་གྱིས་རྣལ་འབྱོར་ཆེན་པོ་བྱ་བྲལ་སངས་རྒྱས་རྡོར་རྗེ་འདའ་ཁའི་ཞལ་ཆེམས་ཚིག་གཉིས་ལས་ དང་པོ ང་གྲོངས་པའི་རྗེས་སུ་ཡང་སྲིད་རྩད་གཅོད་མི་དགོས་་་་་གཉིས་པ་ ཁྱེད་རྣམས་སེམས་སྡུག་མ་བྱེད་གསུངས་་་་
་་་་་་་་་་་ གསུངས་མ་གྲགས་པར་ཉི་མ་མང་པོ་འགོར་བ་དང་། གཤེགས་དུས་མཉམ་པར་བཞག་ཅིང་བལྟ་སྟངས་བཅས་གཤེགས་པ། ད་བར་སྐུ་ལུས་གྲུ་གང་ཙམ་དུ་གྱུར་པ། ་་་་་་་་་་
རྣམ་ཐར་ཚིག་རྐང་བརྒྱད་མ།
འཇིག་རྟེན་བྱ་བ་བྲལ་ཡང་དཀར་ལས་དུད་འགྲོའི་སྲོག་སྐྱོབ་ལས་ལ་བྲེལ། །
འཇིག་རྟེན་བལ་པོར་ཕེབས་ཀྱང་བོད་ལུགས་རྙིང་ཆོས་གདམས་ངག་སྤེལ་བར་མཛད། །
འཇིག་རྟེན་ཆོས་བརྒྱད་སྤངས་ཀྱང་གསང་ཡུམ་བདག་བཟུང་སྲས་མོ་རྣམ་གཉིས་འཁྲུངས། །
འཇིག་རྟེན་ཕལ་པ་མིན་ཡང་ཀུན་མཚུངས་འདི་ནས་མྱ་ངན་འདས་ཚུལ་བསྟན། །
་
ཉི་སྟོང་དྲུག་ནས་ལོ་བརྒྱད་ཙམ་བར་ཞལ་མཇལ་མ་བསྟན་གཅིག་པུར་བཞུགས། །
འདས་ཁར་ཞལ་ཆེམས་ཚིག་གཉིས་གསུངས་པར་ཀུན་གྱིས་ཡིད་ལ་འཕྱང་མོ་ཉུག །
ཡང་སྲིད་སྲིད་ཀྱང་མེད་པར་གསུང་དོན་དགག་བྱ་དགོས་པ་གང་ཡིན་ནམ། །
འདས་པའི་རྗེས་ལ་བློ་ཕམ་མེད་པར་བློ་བདེར་སྡོད་དགོས་བཀའ་ཡང་སྩལ། །
ཀརྡོ་རབ་འབྱམས་པས།