རྔ་བ་རྒྱལ་ཁམས་པ།
ང་ཚོའི་གནས་སྟངས་དེ་བཞིན་ཐུགས་སྤྲོ་དེར་དང་བླངས་ཞབས་ཞུའི་ལས་ཀ་བྱེད་མཁན་ཚོས་ཀྱང་ཤེས་ཡོད་པ་འདྲ། བུད་མེད་ཅིག་ཡོང་སྟེ་བུ་ལ་འཚམས་འདྲི་དང་སྦྲགས། ངེད་གཉིས་ཀར་གནས་ཚུལ་མང་བོ་ཞིག་དྲིས་སོང་། བུད་མེད་དེ་ནི་ཆོས་ལ་ཡིད་ཆེས་བྱེད་མཁན་ཞིག་རེད། ངས་བུ་འདི་ནད་གཞི་ལས་དྲག་བསྐྱེད་ཐུབ་པར་ཆོས་ལུགས་སྤྱི་དང་། ལྷག་པར་བོད་བརྒྱུད་ནང་ཆོས་ཀྱིས་ནུས་ཤུགས་ཆེན་པོ་བཏོན་ཡོད་པའི་ཚོར་སྣང་སྐྱེ་བཞིན་འདུག ཞེས་ཞུས་པར་མོས་ཀྱང་དེ་ལ་ཡིད་ཆེས་བྱས། ང་ཚོ་ཐུགས་སྤྲོར་ཅུང་སྡོད་རྒྱུན་རིང་དྲགས་པས། བུ་ཐང་ཆད་ནས་གཉིད་ཡོར་བྱེད་བཞིན་པ་མཐོང་། འཕྲལ་མར་ཕྱིར་ཉལ་ཁང་དུ་ལོག་སྟེ་གཉིད་དུ་བཅུགས། ཆུ་ཚོད་གཅིག་དང་ཕྱེད་ཀའི་རྗེས་ཁོ་གཉིད་ལས་སད། མིག་ཕྱེ་མ་བཙུམ་གྱི་ངང་རྒྱང་བཀོལ་ཡོ་ཆས་བཙལ་ནས་བརྙན་འཕྲིན་ལ་བལྟ་བའི་མགོ་བརྩམས། བརྙན་འཕྲིན་ནི་བུའི་ཉལ་ཁྲིའི་རྟིང་བའི་རྩིག་པ་དང་། ཐོག་ཁེབ་སྤྲེལ་མཚམས་སུ་བཀལ་ཡོད་པ་དང་། ཁོ་སྔར་དང་མི་འདྲ་བར་སྔས་མགོ་ཡར་མཐོན་པོར་བསླངས་ཏེ་བལྟ་སྙིང་འདོད་པས། བརྙན་འཕྲིན་ལ་བལྟ་རྒྱུ་སྟབས་མ་བདེ་བ་ཞིག་རེད། ངས་བརྙན་འཕྲིན་དེར་ཡར་མར་སྤོར་ཆོག་པའི་བེད་སྤྱོད་ཡོད་མེད་བལྟས། དེ་ནི་གཏན་འཇགས་རྩིག་ངོས་སུ་བཀལ་ཡོད་པས་བྱ་ཐབས་བྲལ། བུས་རང་ཉིད་ཀྱི་ཉལ་ཁྲི་ཡར་མར་འདེགས་འཇོག་གི་འཕྲུལ་ཐབས་བེད་སྤྱད་ནས། རྒྱུན་ལྡན་གྱི་མཐོ་དམན་ལས་ལྡབ་འགྱུར་གྱིས་མཐོ་བའི་བར་སྣང་ནས་བརྙན་འཕྲིན་ལ་བལྟས། བལྟ་ཚར་སྐབས་གློག་སྐས་ཤིག་མར་གཏོང་བ་ལྟར། རང་ཉིད་ཀྱིས་ཉལ་ཁྲི་མར་སྔར་གནས་སུ་གཏོང་། རེ་ཞིག་ནས་དྲྭ་རྒྱའི་ཆེད་ལས་པ་མི་ནག་ཅིག་ཕེབས་ནས་དྲྭ་ལམ་ནས་རྩེད་མོ་རྩེད་ཐུབ་པའི་གོ་སྐབས་བསྐྲུན། བུས་ཧེ་ལོ་ཨང་གྲངས་བཞི་ཅན་གྱི་དྲག་སྤྱོད་ཀྱི་རྩེད་མོ་དེ་དང་། དེང་སང་ཕྲུ་གུ་ཚོར་རྒྱུག་ཆེ་བའི(ངའི་བཟོ་རྩལmycraft)ཞེས་པའི་རྩེད་མོ་གཉིས་ཡང་ཡང་བརྩེས། སྐབས་རེར་ཨ་ཡེ་ཕོ་ཁྲ་ཆས་བརྒྱུད་གྲོགས་པོ་ཚོ་དང་མཉམ་པོར་ཁ་བརྡ་བྱེད་ཅིང་། ལུས་ཐོག་ཡོད་པའི་རྨ་ཁ་དང་། སྐུད་ཐག སྨན་གཏོང་འཕྲུལ་ཆས་སོགས། ཁོང་ཚོར་བསྟན་ནས་རིམ་པས་འགྲེལ་བཤད་རེའང་རྒྱག
སྨན་གཡོག་ལྗེན་ཞེས་པའི་བུ་མོ་ཞིག་ཕེབས་པ། དེ་ལ་ཁོ་རང་ཉིད་ཀྱིས་དྲི་སྐོར་བྱས་ཏེ་དཔལ་འབྱོར་རིག་པའི་ཆར་གཏོགས་ཀྱི་རྩེད་མོ། (monopoly)ཞེས་འབོད་པའི་ཤོག་དཔེ་རྩེད་རྒྱུའི་རེ་སྐུལ་བྱས། བུ་མོ་དེས་ཀྱང་ངོས་ལེན་གནང་སྟེ་རྩེ་ཆས་ཤོག་སྒམ་གཅིག་བསྣམས་ནས་ཕེབས། མོས་སློབ་སྟོན་འོག་ང་ཚོས་བསྟུན་མར་ཐེངས་ཤས་བརྩེས་ཀྱང་སུ་ཕམ་སུ་རྒྱལ་གྱི་མཐའ་ཐག་མ་ཆོད། དེ་ནུབ་སྨན་གཡོག་བུ་མོ་གཞན་པ་ཞིག་སླེབས། མོས་ང་ཚོས་ཡང་ཡང་བུའི་གཟུགས་པོར་འཕུར་གནོན་གཏོང་བཞིན་པར་གཟིགས་ནས། ལག་ཐབས་དེའི་སྐོར་དྲི་བ་གཏོང་གིན་འདུག མོས་བཤད་ན་མོ་རང་གི་མགོ་གཡོན་ཕྱོགས་གཅུ་ཐུབ་ཀྱི་མི་འདུག མགོ་གཡོན་དུ་འཁོར་ཚེ་ཕྲག་པ་གཡས་མ་དང་སོག་འདབ་ཅི་ཞིག་གིས་བཟུང་ནས་ན་ཟུག་ཆེན་པོ་སྐྱེ་གིན་འདུག ན་ནས་ཟླ་བ་ལྔ་དྲུག་ཅིག་སོང་ཟིན། སྨན་པ་མང་བོར་བསྟན་རུང་ཕན་ཐོགས་ཀྱི་མི་འདུག་ཅེས་ཟེར། དེ་ནས་ངས་མོ་ལ་ནད་བཅོས་ལག་ཐབས་འདིས་ཕན་སྲིད། ལག་བསྟར་གཏོང་འདོད་དམ་མི་འདོད་ཅེས་དྲིས། མོས་ངོས་ལེན་དང་ཆོག་མཆན་ཐོབ་པ་ལྟར། ངས་བུ་མོ་དེའི་མཆན་ཁུང་གཡས་མ་དང་སོག་པའི་བར་གྱི་རྩ་གནད་ཐོག་འཕུར་གནོད་སྐར་མ་གསུམ་རིང་བྱས་པ་ཡིན། དེ་ནས་ངས་མོ་ལ་ཁྱེད་ཀྱི་མགོ་བོ་གཡས་གཡོན་དུ་འཁོད་སྐྱོད་ཀྱིས། ཞེས་བཤད་པས་མོས་མགོ་བོ་ཕར་འཁོར་ཚུར་ཐེངས་འགའ་བྱས་ནས། ད་ན་གི་མི་འདུག ཡ་མཚར་བོ་ཞིག་རེད། ཐུགས་རྗེ་ཆེ་ཞེས་ཟེར། མོའི་དཀའ་ངལ་དེ་དེ་ནས་གྲོལ་ཐུབ་པ་བྱུང་ཞིང་། དེ་ནས་བཟུང་མོ་རང་ངའི་བུ་ལ་ལྟ་སྐོར་དུ་ཡང་ཡང་ཡོང་གི་ཡོད། སྨན་ཁང་འདིར་སྤོས་པ་ནས་གྲོགས་པོ་དང་། ནང་མི་ཚོར་བཟའ་བཏུང་རིགས་གཏན་ནས་འཁྱེར་ཡོང་མི་དགོས་ཞེས་ལབ་པ་ཡིན། སྨན་ཁང་འདི་ནི་སྨན་ཁང་གཞན་པ་དེ་དང་མི་འདྲ་བར་བྲོ་ལྡན་གྱི་བཟའ་བཏུང་རིགས་གང་འདོད་འདེམས་ཆོག་པ་མ་ཟད། ཟས་རིན་ཀྱང་རང་ངོས་ནས་སྤྲོད་མི་དགོས། དེ་ལྟ་ནའང་ནད་བདག་བསྡོད་ཆོག་པའི་ཁང་མིག་ལོགས་སུ་མེད། སྨན་ཁང་གཞན་པ་དེར་ཁང་མིག་གི་མཐུན་རྐྱེན་ཡོད་ཀྱང་། བཟའ་བཏུང་གི་རིན་པ་རང་ངོས་ནས་སྤྲོད་དགོས་ཁར། བཟའ་བཏུང་ཕལ་ཆེར་ཞིག་ང་ཚོ་དེ་ཙམ་མི་དགའ་སའི་བྲོ་བ་ཅན་གྱི་རིགས་རེད། གང་ལྟར་ཡང་། སྐྲན་ནད་སྨན་ཁང་འདིར་ཉིན་གྲངས་གསུམ་བསྡད་རྗེས། སྨན་པ་ཚོ་ཕེབས་ནས་བརྟག་དཔྱད་ཅིག་བྱས། ཉེ་བར་མཁོ་བའི་སྨན་དང་། གཙང་སྤྲ་འཕྲོད་བསྟེན་སྐོར་གྱི་དངོས་དངོས་རྫས་སྣ་ཚོགས་ཤིག་སྤྲད། ཕལ་ཆེར་སྨན་ཁང་ནས་བུད་ན་འགྲིགས་པའི་ཆོག་མཆན་བསྩལ། གནས་ཚུལ་དེ་ཐོས་པས་ང་ཚོའི་སེམས་པ་ཤིན་ཏུ་དགའ། ཁ་པར་བཏང་བ་ལྟར། ཆུང་མའི་གཅེན་རྒན་པ་དང་ཁོང་གི་བུ་མོ་སི་རེ་ན་གཉིས་ང་ཚོ་བསུ་བར་སླེབས་ཀྱང་། ང་ཚོ་སྨན་ཁང་ནས་འབུད་རྒྱུའི་མཐའ་མའི་ཐག་ཆོད་ད་དུང་མ་བསླེབས། གཅེན་རྒན་གྱི་བུ་མོ་སི་རེ་ན་ཉིན་དེའི་དགོང་མོར་རང་གི་གྲོགས་པོ་ཚོ་དང་མཉམ་དུ་འཛོམས་རྒྱུའི་དུས་བཏབ་ཡོད་སྟབས། ཕར་རང་ཁྱིམ་དུ་སྔ་བོར་ལོག་དགོས་པར་བཤད། གྲོས་མོལ་གྱིས་བུ་མོ་མེ་འཁོར་བརྒྱུད་ཕར་རང་ཁྱིམ་དུ་སྔ་བོར་འགྲོ་རྒྱུའི་ཐག་གཅོད་བྱས། གཅེན་རྒན་གྱིས་རླངས་འཁོར་བསྐོར་ཏེ་བུ་མོ་མེ་འཁོར་འབབ་ཚུགས་ཕྱོགས་སུ་བསྐྱལ་རུང་། ལམ་ནོར་ཐེབས་ཏེ་མེ་འཁོར་འབབ་ཚུགས་སུ་འགྲོ་མ་ཐུབ། རང་གི་སྤུན་ཟླ་ཆུང་ངུར་ཁ་པར་བཏང་སྟེ། བུ་མོ་ཕར་ལེན་དུ་ཡོང་དགོས་པའི་བཀོད་མངགས་བྱས་པ་ལྟར། སྤུན་ཆུང་ལམ་བར་དེར་ཕེབས་ནས་བུ་མོ་ཕར་བསུས། རེ་ཞིག་ནས་གཅེན་རྒན་གྱིས་ཁ་པར་ཞིག་སླེབས། ཁོ་སྨན་ཁང་གི་འཛུལ་སྒོའི་ལམ་ཆེན་གྱི་འཁྲིས་སུ་སྐར་མ་བཅུ་ཡས་མས་ཤིག་ནས་སླེབས་ངེས་ཡིན། ཁྱེད་ཚོས་གྲ་སྒྲིག་ཨང་སར་གྱིས་ཞེས་ལབ་སོང་། མ་གཞི་ནད་པ་འདི་འདྲའི་ཚབས་ཆེན་རིགས་གློག་སྐས་བརྒྱུད་འོག་ཤོད་ཀྱི་མགྲོན་པོའི་རླངས་འཁོར་འཇོག་ཚུགས་ནས། ཕྱི་ལ་སོང་ན་སྟབས་བདེ་ཞིང་ཉེན
་ཁའང་ཆུང་མོད། སྐབས་རེར་གཅེན་རྒན་ནི་འགྲོ་གྲོན་ཆུང་ངུ་རེའི་ཐོག་ལའང་། སེར་སྣ་བྱེད་མཁན་ཞིག་ཡིན་པས་ཐབས་ཅི་ཡོད། ངས་ང་ཚོར་དབང་བའི་དངོས་པོ་ཚང་མ་བསྡུ་གསོག་ཡག་པོ་བརྒྱབ་རྗེས། གློག་སྐས་བརྒྱུད་སྨན་ཁང་གི་འཛུལ་སྒོའི་ནང་ལོགས་ན་ཡོད་པའི་སྐུ་མགྲོན་འདུག་སྟེགས་ཀྱི་འཁྲིས་སུ་བཅའ་ལག་ཆ་ཚང་འོར་འདྲེན་གྱིས་ཕྱི་ལ་སྤོར་ཆོག་ཆོག་བྱས། ཇེ་ཞིག་ནས་གཅེན་རྒན་སླེབས། བཅའ་དངོས་ཚང་མ་རླངས་འཁོར་ནང་དབོར་འཕྲལ། སླར་ཐོག་རྩེག་དགུ་བའི་སྟེང་སོང་སྟེ། བུ་ལ་གོན་པ་སྟུག་པོ་ནང་ཚངས་ཅན་དེ་དང་། ཞྭ་དྲོན་མོ་ཞིག མཆུ་དཀྲིས་བཅས་བཀབ་ནས། གྲ་སྒྲིག་ཟིན་པའི་འཁོར་ལྡན་འཕོང་སྟེགས་སྟབས་བདེ་དེའི་ཐོག་བཞག བྱིས་ནད་སྡེ་ཚན་གྱི་འགྲེལ་ཡོད་དག་ལ་ཐུགས་རྗེ་ཆེ་ཞེས་གྱེས་བརྡ་བཏང་སྟེ། གློག་སྐས་བརྒྱུད་འོག་ཤོད་དུ་བབ། འཁོར་སྟེགས་དེ་ཕྱི་ལོགས་ཀྱི་རླངས་འཁོར་བར་དེད། མྱུར་སྟབས་ཀྱིས་བུའི་མཆན་ཞབས་ནས་ཡར་བཀྱགས་ཏེ། རླངས་འཁོར་ནང་བཞག་རྗེས་ལམ་དུ་ཆས།
འོ་ད་ཡག་པོ་བྱུང་སོང་།
ཡག་པོ་རེད་བཀྲ་ཤེས་ ད་ཞེས་ལག་དང་ཀུན་སྐྱོད་གཟབ་གཟབ་གནང་གལ་ཆེ་།
ད་གཏམ་བཟང་དུ་བཟང་དུ་ཐོས་པར་དགའ་བ་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་ཀྱི་བུ་འདི
ནི་ངོ་མ་འདས་ལོག་བྱུང་བ་རེད། ཡ་མཚན་ཅན་གྱི་བུ་རེད། ཁྱེད་ཀྱི་ཁྱིམ་ཚང་འདིར། མ་འཕྲད། བུ་འཕྲད་དེ་བདེ་སྐྱིད་ཀྱི་དྲོད་ཁོལ་བྱུང་བ་སླར་ཡང་བཀྲ་ཤིས་བདེ་ལེགས་ཡོད་ད། ད་བདེ་མོ། ཟས་དང་སྤྱོད་ལམ་སོགས་གང་ཅིའི་ཐད་ལ་ད་དུང་དོ་སྣང་ཆེར་བསྐྱེད་གཟབ་དགོས།
ལགས་སོ་་་་་་ད་ཡག་པོ་རེད་ཤག
གནས་ཚུལ་བཟང་དུ་འགྲོ་ཡི་འདུག
རེ་བསྐུལ་ཞིག་ཞུ་འདོད་པ་་ནི་་་་་་་་གལ་ཏེ་རང་གིས་གལ་མ་དགོངས་ན་་་་་བུའི་མ་ཚབ་ཁོང་གི་པར་རིས་ཤིག་མཐོང་བར་འདོད་་་་་ཁོང་ནི་དངོས་གནས་བྱམས་སེམས་ཅན་གྱི་བསྐྱེད་མ་གཞན་དང་མ་འདྲ་བ་ཞིག་དང་། བློ་རྒྱ་ཆེ་ཞིང་སེམས་ཁོག་ཡངས་པའི་གཞོན་ནུ་ཞིག་ཀྱང་རེད།
སྐྱེ་བ་སྐྱེ་བར་བདག་ཉིད་ནི།།
ནད་པའི་སྨན་དང་སྨན་པར་ཤོག།
་་་་་ མིག་ཕྱེ་མ་བཙུམ་གྱི་ངང་༼རྒྱང་བཀོལ་ཡོ་ཆས་༽བཙལ་ནས་བརྙན་འཕྲིན་ལ་བལྟ་བའི་མགོ་བརྩམས། ་་་་་མ་གཞི་ནད་པ་འདི་འདྲའི་ཚབས་ཆེན་རིགས་༼གློག་སྐས་༽བརྒྱུད་འོག་ཤོད་ཀྱི་མགྲོན་པོའི་རླངས་འཁོར་འཇོག་ཚུགས་ནས། ཕྱི་ལ་སོང་ན་སྟབས་བདེ་ཞིང་ཉེན་ཁའང་ཆུང་མོད། ་་་་་ཟེར།
རྫུ་འཕྲུལ་གྱི་བུ་ལགས་ཁྱེད་དྲག་བསྐྱེད་བྱུང་བ་ཐུགས་རྗེ་ཆེ་ཁྱེད་ཀྱི་ཕ་མ་ཟུང་སྨས་པ་མ་དགོས་པ་རེད་ཐ་ན་དྲྭ་ལམ་འདི་ནའང་ཁྱེད་ཀྱི་དོ་དུ་ཐུགས་ཁུར་གནང་མཁན་གྲངས་མེད་ཅིག་འདུག ཡག་བྱུང་སྨན་ཁང་ནས་ཕྱིར་བུད་པར་རྟེན་འབྲེལ་ཞུ།།
བཀྲིས་བདེ་ལེགས་དང་མ་འོངས་པར་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ།རྗེས་ཕྱོགས་ཀྱི་གནས་ཚུལ་དྲ་གྲོགས་ཚོ་ལ་མུ་མཐུད་དུ་སྐུར་རོགས་གནང་།
བཀྲིས་བདེ་ལེགས་དང་མ་འོངས་པར་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ།རྗེས་ཕྱོགས་ཀྱི་གནས་ཚུལ་དྲ་གྲོགས་ཚོ་ལ་མུ་མཐུད་དུ་སྐུར་རོགས་གནང་།
བཀྲིས་བདེ་ལེགས་དང་མ་འོངས་པར་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ།རྗེས་ཕྱོགས་ཀྱི་གནས་ཚུལ་དྲ་གྲོགས་ཚོ་ལ་མུ་མཐུད་དུ་སྐུར་རོགས་གནང་།
བཀྲ་ཤིས་བདེ་ལེགས་ཡོད།
ཨོ་ཡ། ད་བཟང་གི། བཟང་གི། ཁྱེད་ཆོས་ཅིག་དཀའ་བཞག་ཐལ་ཨ། བླ་མ་དཀོན་མཆོག་མཁྱེན། ད་ཅིག་དྲག་སོང་ནོ་སྐུ་རིམ་གིས་ཁྱོགས་སོང་ནི་རེད། སྨན་པ་ཚོ་ངར་བཞག་ནི་རེད། སྨན་ཐབས་ནི་ཡག་བཞག་ནི་རེད། ད་སྲལ་འི་སྲལ་འི།
ད་ད་དུང་། བོད་སྨན་ངེས་པར་དུ་བསྟེན་རོགས། ཐུགས་རྗེས་གཟིགས།
འོ་བཀྲིན་ཆེ་ད་གཏམ་བཟང་རེད་དགའ་ནས་ཡོད།