།ཟུངས་ཁྲག་དེ་ཁ་བའི་རི་ལ་བསྒོས།
།ལས་རླུང་གི་ཤིང་རྟས་ཉེར་དྲངས་ཏེ།
།འཛམ་གླིང་གི་འཁོར་ཡུག་བསྐོར་པ་བྱས།
།མྱོང་ཚོར་དང་སྐྱོ་བའི་གླུ་ཞིག་ལེན།
།ཡར་ཐོན་གྱི་རྒྱལ་ཁབ་གཞན་མ་རུ།
།སླེབས་པ་ཡི་དགའ་ཚོར་མེད་པའི་སྟེང༌།
།རང་ཡུལ་གྱི་བོད་པའི་འཚོ་བ་དེ།
།ཡིད་ངོ་རུ་འཆར་ཚེ་སྐྱོ་བས་ཁེངས།
།གངས་ཅན་གྱི་རྒན་པོའི་རྨི་ལམ་གྱི།
།འཁྲུལ་སྣང་དུ་འཆར་བ་མ་མྱོང་པའི།
།ཐོན་རྫས་ནི་གསར་པས་འཇིག་རྟེན་གང༌།
།སེམས་ཁོངས་ཀྱི་ཁུར་པོ་ཇེ་ཆེར་གྱུར།
།གྲོང་ཁྱེར་གྱི་བཀོད་པས་སུམ་རྩེན་གྱི།
།ལྷ་ཡུལ་གྱི་ཞིང་ལ་ཅོ་འདྲི་ཞིང༌།
།གདོང་དབྱིབས་དང་པགས་པ་བཅོས་མ་ཅན།
།ཕོ་མོ་ཡིས་ལྷ་མོའི་གཟི་ཟིལ་ཕྲོགས།
།བར་བསྐལ་དང་བསྐལ་ཆེན་མང་པོའི་བར།
།ཕོ་ཉ་བས་འཕྲིན་པ་མི་འཕྲོད་སར།
།ཁྱིམ་གཅིག་ལ་གནས་པའི་གྲོགས་བཞིན་དུ།
།གློག་རྐུད་ཀྱི་བརྒྱུད་ནས་བཀའ་མོལ་ཐུབ།
།ཚེ་གཅིག་དང་ལོ་ལ་བགྲོད་དགོས་སར།
།ཡུད་ཙམ་དང་ཉིན་གྱིས་འཁོར་བར་གྱུར།
།གྲི་མདུང་ནི་སྟོང་གིས་མི་ཕིགས་པར།
།རྡུལ་ཕྲན་གྱི་མཚོན་གྱིས་ཐལ་བར་བསྒྱུར།
།ཉི་མ་ཡི་འོད་ཀྱིས་འཛམ་གླིང་ཁྱབ།
།བྱང་བལྟས་ཀྱི་ཕུག་པ་ནག་ཁུང་གྱུར།
།ཡར་རྒྱས་ཀྱིས་འཇིག་རྟེན་འགྱུར་ལྡོག་བྱས།
།གངས་ཅན་གྱི་བོད་ཡུལ་རྗེས་ལུས་ཐེབས།
རིག་པའི་རལ་གྲིས་སོ
མ་ངུ་
ངུས་ངུས། སྐད་ཆེན་པོས་ངུས་ཤིག
ང་ལ་ངུས་ཤིག་མ་ཟེར་ཅིག།།
ཁྱོད་རང་ངུ་སར་འགྲོ་རན་ཤག།
ངུ་དགོས་པ་ཤེས་ན་ངུ་རན་འདུག།
རན་པས་མ་ཚད་ཕྱི་ནས་འདུག།
ཕྱི་རྒྱ་ཡིས་དོན་མེད་མནར་གཅོད་བྱེད།།
ནང་ཀླད་སྟོང་བོད་མིས་ནང་འཁྲུགས་བྱེད།།
ངུ་དགོས་པ་ཤེས་ན་ངུ་རན་འདུག།།
རན་པས་མ་ཚད་ཕྱི་ནས་འདུག།
གསར་རྙིང་ཆོས་གཙང་དམ་བཟང་ལ།།
ཚུལ་འཆལ་བོད་མིས་ཕྱོགས་སུ་གཅོད།།
ངུ་དགོས་པ་ཤེས་ན་ངུ་རན་འདུག།
རན་པས་མི་ཚད་ཕྱི་ནས་འདུག།
ཨོ་རྒྱན་གུ་རུའི་རྣམ་འཕྲུལ་ལུགས།།
འདྲེ་ལུགས་ཡིན་པ་སྒྲོགས་འདིར་ལྟོས།།
ངུ་དགོས་པ་ཤེས་ན་ངུ་རན་འདུག།
རན་པས་མ་ཚད་ཕྱི་ནས་འདུག།
རྒྱལ་བས་གསུང་པ་བདེན་གྱུར་ན།།
སྡོམ་གསུམ་འགལ་བའི་ཚུལ་འཆལ་ཁྱོད།།
ངུ་དགོས་པ་ཤེས་ན་ངུ་རན་འདུག།
རན་པས་མ་ཚད་ཕྱི་ནས་འདུག།
འཆི་ནད་ཐེབས་པའི་ཕྲུག་གུ་ལ།།
བུ་གཅིག་མ་རྒན་བརྩེ་བ་ལྟར།།
སྡོམ་གསུམ་འགལ་བའི་མི་ཁྱོད་འདྲར།།
བསམ་ཤེས་བོད་མིའི་སྙིང་བརྩེ་འབར།།
གཟའ་གྱོན་ཤེས་ཀྱང་མིག་དང་བྲལ།།
དབང་ལག་ལྡན་ཀྱང་སེམས་དང་བྲལ།།
ཀླད་མེད་དཀྲུགས་ཤིང་མཐོ་གང་ཁྱོད།།
ངེད་ས་དགེ་དཀར་རྙིང་གྲས་ནས་བུད།།
ངུ་དགོས་པ་ཤེས་ན་ངུ་རན་འདུག།།
རན་པས་མ་ཚད་ཕྱི་ནས་འདུག།།
ཨ་ཁ་ཁ་ཁ ཁ ཁ ཁ སྙིང་རྗེ
ངུས་ཤིག་ངུས་ཤིག་རིག་པའི་རལ་གྲི་ངུས།།
ཁྱོད་ཀྱི་བླ་མ་བདག་ཁྲི་རྡོ་རྗེ་འཆང་།།
གཅིན་གྱི་རྒྱུད་པ་རེད་ཅེས་སྒྲོག་ན་ཡང་།།
ད་དུང་ངོ་དགའ་སྤྲེལ་ལད་འཁྲབ་པས་ངུས།།
ངུས་ཤིག་ངུས་ཤིག་རིག་པའི་རལ་གྲི་ངུས།།
འདྲེ་གྲྭ་སྟོང་གིས་ཉིན་མཚན་བར་མེད་དུ།།
བོད་འབངས་ཕུང་ལ་སྦྱར་བ་མི་ཤེས་པར།།
ད་དུང་གྲོགས་ཀྱི་ལག་ལྡང་སྦྲེལ་བས་ངུས།།
ངུས་ཤིག་ངུས་ཤིག་རིག་པའི་རལ་གྲི་ངུས།།
མི་སྙིང་དྲོན་མོ་བཟུང་བའི་དགེ་སློང་ཞིག།
བློ་བཟང་བླ་མའི་མདུན་དུ་སླེབས་པ་ལ།།
རྒྱང་ཕུད་མ་ཐུབ་སྐྱབས་སུ་བརྟེན་པས་ངུས།།
ངུས་ཤིག་ངུས་ཤིག་རིག་པའི་རལ་གྲི་ངུས།།
གོ་ཤཱཀ་སྟག་སོགས་རང་གི་ཡབ་མེས་ཀྱི།།
རིག་ལམ་མ་གོ་གྲུབ་མཐའ་མ་འཁྱོལ་བར།།
སྔ་རྒོལ་ཆད་ལྟའི་ནང་དུ་འཛུལ་བས་ངུས།།
ངུས་ཤིག་ངུས་ཤིག་རིག་པའི་རལ་གྲི་ངུས།།
མི་ངོ་མ་ལོན་རོགས་ཟླ་མ་ཆོད་པར།།
ས་དགེ་གང་དུ་ཡང་མ་ཆུད་རང་ཉེས་ཀྱིས།།
བར་མ་དོ་རུ་གླུད་བཞིན་ལུས་པས་ངུས།།
ངུས་ཤིག་ངུས་ཤིག་རིག་པའི་རལ་གྲི་ངུས།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༠༠༠།༠༠
ངེད་ཀྱི་བླ་མ་དམ་པ་ཡིས།།
སྔ་འགྱུར་རྙིང་མ་སྦོ་བོ་དང་།།
ཆོས་རྗེ་བཀའ་བརྒྱུད་མཚེ་མའི་སྤུན།།
རི་བོ་དགེ་ལྡན་ཚ་བོར་གསུངས།།
ཆུ་མགོ་གངས་ལ་ཐུག་པ་ལྟར།།
ཐམས་ཅད་ཐུབ་པ་གངས་ལ་ཐུག།
བབས་པའི་བླ་བརྒྱུད་ལུག་གུ་བརྒྱུད།།
ཐམས་ཅད་ཆོས་ལུགས་གཅིག་པར་གསུངས།།