༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༩ ཉིན་བཞུགས་སྒར་རྡ་སའི་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུའི་གསར་འགོད་གསལ་བསྒྲགས་གནང་ཡོད།
གནས་ཚུལ་རྒྱས་པ་སྦྲེལ་ཐག་འདི་ན་གསལ་ཡོད།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༩ ཉིན་བཞུགས་སྒར་རྡ་སའི་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུའི་གསར་འགོད་གསལ་བསྒྲགས་གནང་ཡོད།
གནས་ཚུལ་རྒྱས་པ་སྦྲེལ་ཐག་འདི་ན་གསལ་ཡོད།
རྒྱབ་སྐྱོར་གནང་བ་ལ་ཆེ་ཆུང་འདུག་ཟེར་སྲོལ་མེད་པས། ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རྒྱབ་སྐྱོར་བ་ཚོའི་ངོས་ནས་རང་ལུས་མེར་སྲེག་གནང་མཁན་ཚོའི་མངོན་འདོད་ལ་ནུས་བ་ཐོན་པའི་རྒྱབ་སྐྱོར་གནང་མི་ཐུབ་ན། དེའང་ཁ་གསལ་བོ་གནང་དགོས་པ་ཞིག་རེད། དེ་མིན་སྲིད་སྐྱོང་ལ་མགོ་སྐོར་ཐེབས། བོད་གཞིས་བྱེས་གཉིས་ལ་མགོ་སྐོར་ཐེབས་ན་གྱོང་བོད་ལ་རེག་གི་རེད། དེ་དོན་ཕྱི་དྲིལ་ལས་ཁུངས་ལ་འགན་འཁུར་ཡོད་པ་རེད།
ལག་ལེན་ལ་བསྟར་རྒྱུ་གལ་ཆེ། བསྒྲགས་གཏམ་བརྒྱ་སྟོང་སྤེལ་ཀྱང་ལག་ལེན་མེད་ཚེ་ཁ་སང་དེ་རིང་གནས་ཚུལ་བྱུང་བ་རེད།
དཀོན་མཆོག་མཁྱེན།
བསྒྲགས་གཏམ་འདི་ནི་རང་གི་མགོ་གཙོར་སྙན་སྒྲོན་ཞུས་པའི་རྣམ་པ་ཙམ་ལས། རང་གི་དགྲ་བོར་མཐའ་ཚིག་བསྒྲགས་པའི་རྣམ་པ་ཁྱོན་ནས་མི་འདུག དེ་ལས་ཀྱང་རྣོ་ངར་ཅན་གྱི་ཚིག་ནི་ཉིན་མོའི་སྐར་མ་རེད།
བདེན་དོན་སྲོག་ཏུ་བཟུང་བའི་རྒྱལ་སྤྱི་ཡི་རྒྱབ་སྐྱོར།།
མགོན་མེད་བོད་འབངས་སྐྱོབ་པའི་བརྩེ་བ་ཡི་ནོར་བུ།།
༈ རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ།
བཞུགས་སྒར་དྷརྨ་སཱ་ལཱ། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༦ ནས་ ༡༨ བར།
མཐའ་མའི་བསྒྲགས་གཏམ།
༄༅། །བོད་ནང་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པའི་དབང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༦ ནས་ ༡༨ བར་བཞུགས་སྒར་དྷརྨ་སཱ་ལཱར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་བསྐོང་ཚོགས་ཞུས་ཤིང༌། ཁྱོན་རྒྱལ་ཁབ་ཁག་ ༤༣ ནས་ཚོགས་བཅར་བ་ཉིས་བརྒྱར་ཉེ་བ་ཆེད་ཕེབས་གནང་ཡོད། ཚོགས་འདུ་འདི་བཞིན་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་འགྱུར་འོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་མའི་ཚོགས་ཆུང་གིས་བསྐོང་ཚོགས་གནང་བ་དང༌། ཚོགས་འདུའི་དམིགས་ཡུལ་ནི་བོད་ནང་ད་བར་བོད་མི་ ༧༥ ཡིས་རང་ལུས་མེར་བསྲེགས་བཏང་བའི་ཛ་དྲག་གི་གནས་སྟངས་གདོང་ལེན་བྱེད་ཕྱོགས་འཐབ་བྱུས་བཟོ་བཀོད་ཆེད་བསྐོང་ཚོགས་ཞུས་པ་རེད།
མིག་སྔའི་གནས་སྟངས་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ནང་ཆེས་གལ་འགངས་ཆེ་བའི་དུས་སྐབས་ཤིག་ཡིན། ཚབས་ཆེའི་དྲག་གནོན་ཡོད་མུས་ལ་མ་ལྟོས་པར་བོད་མི་ཚོས་རྒྱ་ནག་གི་བཙན་བཟུང་ལ་འགོག་རྒོལ་གྱི་ཚ་རླབས་གོང་མཐོར་འཕྱུར་བཞིན་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་གྱི་དབང་གིས་བོད་གཞུང་གི་སྒྲོམ་གཞིར་འགྱུར་བ་གལ་ཆེན་ཞིག་ཕྱིན་ཡོད། ཕྱོགས་གཞན་ནས་རྒྱ་ནག་དམར་ཤོག་ཚོགས་པས་ཀྱང་མི་ཐོགས་གསར་པའི་འགོ་ཁྲིད་བསྐོ་གཞག་བྱས་ཡོད། དེར་བརྟེན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ནུས་ཤུགས་བསྐྱར་འདོན་བྱེད་དགོས་པའི་གནས་སྐབས་ཤིག་ཡིན་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་ལེན་གནང་བ་ལྟར་བོད་མིར་རང་ཐག་རང་གཅོད་བྱེད་རྒྱུའི་འགྲོ་བ་མིའི་ཐོབ་ཐང་ཐོབ་ཆེད་འབད་རྩོལ་གོང་མཐོར་སྤེལ་རྒྱུ་ཡིན།
བོད་མི་ཚོས་འགྱུར་བ་མེད་པར་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང༌། རིག་གཞུང་སྲུང་སྐྱོབ་དང་ལྷག་དཀར་གྱི་ལས་འགུལ་ལྟ་བུས་མཚོན་པའི་ཐབས་ལམ་སྣ་ཚོགས་བརྒྱུད་འགོག་རྒོལ་བྱེད་བཞིན་པར་ཚོགས་བཅར་བ་ཡོངས་ནས་ཡི་རངས་བསྔགས་བརྗོད་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། མི་མང་པོ་སྡེབ་ལ་འཛིན་བཟུང་བྱས་པ་དང༌། ཞི་བའི་སྐད་འབོད་བྱེད་པ་ཙམ་ལའང་དྲག་པོའི་བཙན་གནོན་བྱེད་རྐྱང་བྱས་པ། དེ་མཚུངས་བྱབྱརྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་བྱབྱཟེར་བའི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པར་ལྟོས་མེད་ཀྱིས་བོད་མི་ཚོས་མུ་མཐུད་འགོག་རྒོལ་བྱེད་བཞིན་ཡོད།
བོད་མི་རྣམས་འུ་ཐུག་ཐབས་བཟད་ཀྱིས་རང་ལུས་མེར་བསྲེགས་མ་བཏང་མཐུ་མེད་བྱུང་བར་བློ་འཚབ་ཆེན་པོ་བྱུང༌། ང་ཚོས་བློ་ཐག་གཙང་བཅད་ཀྱིས་ཁོང་ཚོའི་མངོན་འདོད་ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང༌། བོད་མིར་རང་དབང་བསྐྱར་གསོ་ཡོང་ཐབས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། གནས་ཚུལ་འདི་དག་བྱུང་དགོས་པའི་རྒྱུ་མཚན་དང་དེའི་འགན་ཁུར་རྒྱ་ནག་གི་འགོ་ཁྲིད་དང༌། འདས་པའི་ལོ་དྲུག་ཅུ་ལྷག་རིང་ལག་བསྟར་བྱས་པའི་ནོར་འཁྲུལ་གྱི་སྲིད་བྱུས་ཁག་ལ་ཐུག་ཡོད་སྟབས། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་རྒྱུ་རྐྱེན་དེ་དག་སེལ་ཐབས་བྱེད་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན།
འབྲོག་སྡེ་མང་པོ་བཙན་དབང་གིས་མེད་པ་བཟོ་བཞིན་པར་བློ་འཚབ་ཆེན་པོ་ཡོང་གི་འདུག དེའི་རྐྱེན་གྱིས་ཕ་མེས་ཀྱི་གོམས་སྲོལ་རྩ་བརླག་དང༌། འཚོ་རྟེན་གཏོར་བཤིག་ཕྱིན་པའི་དབང་གིས་བོད་མི་མང་པོ་སྤྱི་ཚོགས་ནས་མཐའ་འབུད་འགྲོ་གི་ཡོད། སྤྱི་ཚོགས་དང་དཔལ་འབྱོར་ཀྱི་ཆ་ནས་མཐའ་འབུད་ཕྱིན་པའི་དབང་གིས་ཀྱང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད་པར་སེམས། དེར་བརྟེན་དཀའ་ངལ་དེ་དག་གང་མགྱོགས་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད།
ཞི་མོལ་གྱི་ལམ་ནས་བོད་དོན་ཐག་གཅོད་བྱེད་རྒྱུ་དེ་ཉིད་བོད་རྒྱ་མི་རིགས་གཉིས་ཀའི་ཁེ་ཕན་བཟང་ཤོས་ཡིན་པ་ངོས་འཛིན་དང་སྦྲགས། ང་ཚོས་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་དང་ཆབ་སྲིད་རྒྱུན་ལས་ཀྱི་ཚོགས་མི་གསར་པ་ཚོར་དཀའ་རྙོག་དེ་དག་སེལ་ཐབས་དང༌། བོད་མིའི་དངོས་ཡོད་དཀའ་སྡུག་ཁག་བསལ་ཐབས་ཆེད་གང་མྱུར་ལས་དོན་ལག་བསྟར་དགོས་པའི་དམིགས་བསལ་ཞུ་སྐུལ་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཡོང་སླད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་དང༌། གླིང་ཆེན་ནང་ཁུལ་གྱི་ས་གནས་སྒྲིག་འཛུགས་ཁག་བཅས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ཆེད་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་གཞུང་ཁག་ཕན་ཚུན་འབྲེལ་ལམ་ཐོག་ཛ་དྲག་གི་ལས་དོན་སྤེལ་དགོས་པའི་རེ་འདུན་བཏོན་གྱི་ཡོད།
ད་ལན་གྱི་ཚོགས་འདུའི་རིང་ཨེ་ཤི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་མཐུན་ཚོགས་ཤིག་གསར་འཛུགས་ཐུབ་པ་མ་ཟད། མཉམ་འབྲེལ་ཐོག་སྤེལ་རྒྱུའི་ལས་འཆར་ཞིག་ཀྱང་གཏན་འབེབས་བྱུང་བར་ཚོགས་བཅར་བ་ཡོངས་ནས་དགའ་བསུ་ཞུ་རྒྱུ་ཡིན། དེ་མཚུངས་ང་ཚོ་ཚོགས་བཅར་བ་ཡོངས་ནས་བོད་པའི་ཚོགས་པ་ཁག་དང༌། རྒྱ་ནག་གི་འགྲོ་བ་མྀའི་ཐོབ་ཐང་སྲུབ་སྐྱོབ་བྱེད་མཁན་གྱི་ཚོགས་པ་ཁག གཞན་ཡང་འཛམ་གླིང་གང་སར་གནས་པའི་འབྲེལ་ཡོད་ཚོགས་པ་ཁག་དང་མཉམ་འབྲེལ་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཞིར་བཟུང་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ལས་དོན་སྤེལ་རྒྱུའི་ཆོད་སེམས་བསྐྱར་ནན་བྱ་རྒྱུ་ཡིན།
སྤྱི་མོས་ཀྱིས་གཏན་ལ་ཕབ།
ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༨
བཞུགས་སྒར་དྷརྨ་སཱ་ལཱ།
་་་་་
བོད་མི་རྣམས་འུ་ཐུག་ཐབས་བཟད་ཀྱིས་རང་ལུས་མེར་བསྲེགས་མ་བཏང་མཐུ་མེད་བྱུང་བར་བློ་འཚབ་ཆེན་པོ་བྱུང༌། ང་ཚོས་བློ་ཐག་གཙང་བཅད་ཀྱིས་ཁོང་ཚོའི་མངོན་འདོད་ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང༌། བོད་མིར་རང་དབང་བསྐྱར་གསོ་ཡོང་ཐབས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ་་་་ཟེར།
རང་དབང་བསྐྱར་གསོ་དང་། རང་བཙན། རང་དབང་གསུམ་ལ་ཁྱད་པར་ཡོད་དམ་མེད། ལགས།
རང་དབང་ཞེས་པའི་ཚིག་འབྲུ་གཉིས་ཀྱི་ཁྱབ་ཚད་དང་གོ་དོན་མི་ཤེས་ན་སྲིད་དོན་ཚན་པས་ཁྱད་པར་མང་པོ་འབྱེད་རྒྱུ་རེད། ཧ་ཧ་ཧ།
མཆན་འགྲེལ།
རང་དབང་བསྐྱར་གསོ།
དེ་སྔོན་བཙན་བཟུང་མ་བྱེད་གོང་གི་རང་ཉིད་ལ་དབང་བའི་སྲིད་དབང་བསྐྱར་གསོ་བྱེད་པ།
རང་བཙན།
རྒྱལ་ཁབ་ཟུར་དུ་འཛུགས་པ།
རང་དབང་།
རང་ཉིད་དང་རང་མི་རིགས། རང་གི་ཚོ་ཁག་སོགས་ལ་དབང་བའི་ཐུན་མོང་གི་དབང་ཆ།
མཆན་འགྲེལ་ལ། ཐུགས་རྗེ་ཆེ་ཞེས་ཞུ་གསོལ་སྔོན་དུ་བཏང་ནས། རྟགས་ཚིག་གསུམ་པོ་འདི་དག་སྤྱད་གཞིར་བཀོད་ན།
༡༽བོད་རང་དབང་སླ་གསོ་མི་སྲིད་དེ། སྔོན་གྱི་ཆོས་ཅན་། བོད་མི་རྟག་ཏེ། བྱས་པའི་ཕྱིར།
༢༽རྒྱལ་ཁབ་ཤུར་དུ་འཛུགས་མི་ཐུབ་སྟེ། བོད་རང་གི་ཁ་གཏད་ལས་སྟོབས་ཤུགས་ཤིནད་ཏུ་ཆུང་བའི་ཕྱིར།
༣༽རང་དབང་ཙམ་ནི་ཐོབ་སྲིད་དེ། བོད་ལས་ལ་བརྩོན་པའི་ཕྱིར། ཐུ་རྒྱའི་མཆན་འགྲེལ་ལ་གཞིར་བཅས་པའོ། །
བསྟོད་ཚིག་གི་ཁ་གཡང་འདིས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡོད་ཚད་ཚར་གཅོད་ངེས་རེད།
ཀ་ཡེ་ཀ་རྡོ་གཉེར་ཕྱག་པ། །
ཁ་ནས་ཁ་ཚིག་མ་བརྟན་ན། །
ག་ས་ག་ནས་སྐྱོན་མཐོང་བས། །
ང་འདྲ་ང་ནི་དེ་ལྟ་མིན། །
ཀརྡོ་གཉེར་ཕྱག་པ།
བོད་རང་དབང་སླར་གསོ་མི་སྲིད་པ་མིན་ཏེ། གོ་ལ་ཧྲིལ་པོའི་ཡུལ་གྲུ་མང་པོ་ཆོས་ཅན། ཕར་ཤོར་ཚུར་ཐོབ་ཀྱི་མི་རྟག་ཏེ། ཁྱོད་ཀྱིས་མི་རྟག་པ་ཡིན་པ་ཁས་བླངས་པས་ཕྱིར། འོ་ན་ཁྱོད་ཀྱིས་མི་སྲིད་པ་དེ་རྟག་པ་ཡིན་པ་ཁས་བླངས་པ་ཨེ་རེད།
བོད་རྒྱལ་ཁབ་ཟུར་དུ་འཛུགས་མི་ཐུབ་པ་མིན་ཏེ། སྔོན་གྱི་ཨུ་རུ་སུ་སྟོབས་ཆེན་རྒྱལ་ཁབ་ཆོས་ཅན། སྲིད་འཛིན་ཟུར་པ་གྷོ་པ་ཇོ་ཡིས་ཡུ་རོབ་ཤར་མའི་ཡུལ་གྲུ་མང་པོ་རང་བཙན་སྤྲད་པའི་ཕྱིར། དེ་ཡང་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་རྟག་པ་མ་ཡིན་ཏེ། ཁྱོད་ཀྱིས་མི་རྟག་པ་ཡིན་པ་མཁས་བླངས་པའི་ཕྱིར། སྐབས་འདིར་མའོ་ཙེ་ཏུང་གིས། དཀར་ཤིང་གཙང་ལ་ནག་ཉེས་འགོས་པ་སླ། མཐོ་ཞིང་རིང་ལ་གས་ཆག་ཡོང་བ་སླ། ཞེས་བཤད།
རང་དབང་ཙམ་ཞེས་པ་དེ་ཚད་གཞི་ག་འདྲ་ཞིག་ལ་འཇོག་དགོས་སམ། ཐུ་རྒྱས་བཤད་པ་ལྟར་བྱས་ན་རང་དང་རང་མི་རིགས་ཚོ་ཁག་བཅས་ལ་དབང་བའི་མཐུན་མོང་གི་དབང་ཆ་ཟེར་ན་ད་ལྟའི་ཀྲུང་ཧཱ་མི་དམངས་སྤྱ྄ི་མཐུན་རྒྱལ་ཁབ་ཀྱིས་ལག་བསྟར་སྤུ་ཙམ་མེད་པའི་གྲངས་ཉུང་མི་རིགས་ཁག་ལ་མགོ་བསྐོར་ཆེད་སྤྲད་པའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་རང་སྐྱོང་ཐོབ་ཐང་དེ་ཟེར་གྱི་ཡོད་པ་ཨེ་རེད། དེ་ནི་རང་དབང་མ་ཡིན་ཏེ། ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་གཅིག་པུར་དབང་བའི་ཕྱིར། དེ་ནི་ད་ལྟ་གྲངས་ཉུང་མི་རིགས་ཁག་ལ་བསྟར་བྱེད་བཞིན་པའི་ཕྱིར།
དེས་ན་ངས་གོང་དུ་བཤད་པའི་རང་དབང་ཞེས་པའི་ཚིག་འབྲུ་གཉིས་ཀྱི་གོ་དོན་དང་ཁྱབ་ཚད་མ་ཤེས་ན་སྲིད་དོན་ཚན་པས་དབྱེ་འབྱེད་དང་འགྲེལ་བཤད་མང་པོ་རྒྱག་གི་རེད་ཟེར་བ་དེ་འདིར་འཐུག་ཡོད་པ་རེད།
གསེར་འབྲུག་ཁྱོད་བདེན་ན་ཡང་། ང་ནི་ལམ་དབུ་མ་པ་ཅིག་ཡིན་པས། ང་ལ་དེ་ཙམ་རེ་བ་མེད། འོནད་ཀྱང་དེང་སང་བོད་ནང་ཆོལ་ཁམ་གསུམ་ཀའི་མི་རིགས་ཆིག་སྒྲིལ་ཅིག་སླེབས་པ་འདིས་ལེགས་ཕྱོགས་ལ་འགྱུར་བ་ཞིག་འོང་ངེས་སོ་སྙམ་ལགས།