དཀར་མཛེས་ཡུལ་དགོན་གཉིས་ཀྱིས་ཡུལ་ཤུལ་ལ་རོགས་རམ་གྱི་ཆ་ཤས་ཤིག
བེ་རི་འཇིགས་མེད།
འབྲེལ་ཡོད་བརྒྱུད་ནས་ཁུངས་ལྡན་གནས་ཚུལ་གོ་གསལ། ཁམས་ཡུལ་ཤུལ་ཁུལ་གྱི་ས་གཡོའི་རྐྱེན་པས་མི་ཤི་ཁྱིམ་སྟོང་དང་རྐྱེན་ངན་གོད་ཆགས་བྱུང་བར༌། ཏྲེ་ཧོར་དཀར་མཛེས་ཁུལ་དཀར་མཛེས་དགོན་པ་ནས་རྒྱ་སྒོར་ ༨༠༠༠༠ དང༌། ཁང་སར་ྋསྐྱབས་མགོན་ནས་རྒྱ་སྒོར་ ༢༠༠༠༠ དཀར་མཛེས་དགོན་པའི་གྲྭ་པ་ཚོས་རྒྱ་སྒོར་ ༣༠༠༠༠ བསྡོམ་པས་རྒྱ་སྒོར་ ༡༣༠༠༠༠ དང༌། ལྷ་སར་ཡོད་པའི་དཀར་མཛེས་པའི་ཚོང་པ་ཁག་གཅིག་ནས་རྒྱ་སྒོར་ ༨༠༠༠༠ བཅས་བསྡོམས་པས་སྒོར་ ༢༡༠༠༠༠ བྱུང་འདུག་ལ། ད་དུང་ཚོང་པ་ཁག་གཅིག་ནས་བསྡུ་རྒྱུ་ལུས་བསྡད་ཡོད་པས་དེ་དག་ཀྱང་གི་མཐུད་ནས་བསྡུ་རུག་གིས་འབུལ་ལམ་ཞུ་རྒྱུ་ཡིན་ལུགས་བཤད་བྱུང༌། དཀར་མཛེས་གྲོང་བརྡལ་གྱི་བོད་རིགས་མི་མང་ཤང་གཉིས་ནས། གྲོ་ནས་སྲན་གསུམ་དང་རྩམ་པ་སོགས་ཟས་རིགས་རྒྱ་མ་ ༡༤༠༠༠༠ ལྷག་དང༌། གོན་ཆས་སོགས་ཤར་རླུང་རྟགས་ཅན་གྱི་མོ་ཊ་གསུམ་བཏང་ཟིན་པ་དང༌། ད་དུང་མུ་མཐུད་ནས་བསྡུ་བཞིན་པར་མང་ཚོགས་ཀྱིས་འཚང་ཁའི་ངང་ཞལ་འདེབས་འབུལ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དཀར་མཛེས་ཡུལ་དགོན་གཉིས་ནི་ཏྲེ་ཧོར་ཁུལ་གྱི་རྫོང་ཁག་ལྔ་ཡོད་པའི་ནང་ནས་དཀར་མཛེས་རྫོང་གི་ཁོངས་ནས་ཤང་ཁག ༢༤ ཡོད་པའི་ནང་ནས་ཤང་ཁག་བཅུའི་ཁོངས་ཡིན། དེ་བཞིན་བོད་རིགས་བསྡུད་བསྡད་ས་གནས་གང་ས་ནས་མི་རྒྱུ་ཟོག་གསུམ་གྱིས་རོགས་རམ་རྒྱ་ཆེར་གནང་དང་གནང་བཞིན་པ་རེད་འདུག། དེ་དག་ལས་རྒྱ་གཞུང་གི་གོ་སྒྲིག་འོག་ཡོད་པ་རྣམས་གསར་འགྱུར་དང་རླུང་འཕྲིན་བརྙན་འཕྲིན་ཁག་བཅས་ལ་བསྟན་བཞིན་ཡོད་པ་ལས་དགོན་པ་ཁག་དང་མི་མང་དྭངས་བླངས་ཀྱིས་རོགས་སྐྱོབ་གནང་མཁན་རྣམས་གསར་འགྱུར་དང་རླུང་འཕྲིན་བརྙན་འཕྲིན་བཅས་སུ་དེ་ཙམ་ཐོན་གྱི་མེད་པ་མ་ཟད། རྐྱེན་ངན་འཕྲོད་པའི་ཕུང་པོ་བཏོན་པ་དང་རྨས་མ་སྐྱོབ་པའི་རིགས་ལ་ཁ་ཞཻ་གཉིས་མེད་ཀྱིས་གདོང་མཆོང་བྱེད་མཁན་མང་ཆེ་བ་ནི་གྲྭ་པ་དང་མི་མང་ཚོ་ཡྀན་ནའང༌། ཉེན་ཁ་ལས་བཏོན་ཚར་བ་དང་འདོན་མཁན་ཚོར་ཟུར་དུ་ཕུད་ནས། རྒྱ་རིགས་དམག་མི་ཚོ་དཀྱིལ་ལ་འཚང་ནས་འདྲ་པར་དང་བརྙན་འཕྲིན་བླངས་ནས་གང་སར་ཁྱབ་བསྒྲགས་བྱེད་བཞིན་ཡོད་འདུག
བེ་རི་ལགས་ཐུགས་རྗེ་ཆེ། གཞན་ཡང་གསེར་རྟ་བླ་རུང་ནས་རྒྱ་ནག་སྒོར་མོ་ཁྲི་སུམ་བརྒྱ་ལྷག་དང་ཟས་རིག་མོ་ཊ་སུམ་ཅུ་ཙམ་གནང་ཡོད་ཚུལ་གོ་སོང་། ཚང་མས་གདུང་སེམས་མཉམ་བསྐྱེད་རེད།
ཆོལ་གསུམ་གྱི་སྤུན་ཟླ་རྣམས་བཀའ་དྲིན་ཆེ།།
བེ་རི་འཇིགས་མེད་ལགས་ཀྱིས། ་་་ཤང་ཁག ༢༤ དང་། ཤང་ཁག་བཅུའི་ཁོངས་ཡིན།་་་་ ཤང་ཤང་གི་ཚིག་འདི་རྒྱ་སྐད་ཡིན་པ་ཐག་ཆོད་པས། འདིའི་རིགས་ལ་བོད་སྐད་གང་ཉེ་སྐད་དོད་ཅིག་མཉམ་འབྲི་ཡོང་བའི་རེ་བསྐུལ་ཞུ།
རྒྱ་ནག་གི་མྱུར་སྐྱོབ་བྱེད་པའི་བརྙན་འཕྲིན་ཁག་ཏུ་གྲྭ་བ་ཡོད་པ་གཅིག་ཀྱང་མི་འདུག ཚང་མ་མེད་པ་བྱས་འདུག ད་ལྟ་ཐད་གཏོང་བྱེད་བཞིན་པའི་རོགས་དངུལ་བསྡུ་བའི་མཛད་སྒོ་ལ་ལྟོས་དང་ཤེས་ཐུབ། ནམ་ཡིན་ཡང་འདྲ་མཉམ་མིན་པའི་གུང་ཁྲན་ཏང་།
རྒྱ་ནག་སྐད་དུ་ཤང་ཁག་གམ་ཞང་ཟེར་བ། ཡུལ་ཚོ་ཞེས་བསྒྱུར་བ་མཐོང་བས་དེ་ལེགས་པར་མངོན། ཡུལ་དེའི་ཚོ་བའམ་གྲོང་པ་ཁག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྟེ་གནས་ལྟ་བུར་གོ་དགོས།
རྒྱ་ནག་སྐད་དུ་ཤང་ཁག་གམ་ཞང་ཟེར་བ། ཡུལ་ཚོའམ། གྲོང་ཚོའི་བསྟི་གནས་ཤིག་ལ་གོ་སོང་བས། ལྷག་བསམ་རྒྱ་མཚོའི་ལྷག་བསམ་ལ་ཐུགས་རྗེ་ཆེ།