གནས་ཚུལ་མཁོ་གཏོང་པ་ས་གནས་གཞོན་ནུའི་ཚོགས་མི་ཨ་ཚོགས་དབང་གྲགས་འབུམ།
ཟླ་འདིའི་ཚེས་28ཉིན་མོམ་བྷེའ་(Mumbia)ཉིན་རེའི་ཚགས་ཤོག་(Mid-Day)སྟེང་(John Walsh )ཟེར་བ་ཞིག་གིས་འགོ་བརྗོད་ལ་ཏྰ་བླ་མ་ནི་མི་སྡུག་ཅག་ཞིག་རེད་དམ(Is the dalai lama a bad guy?)་ཞེས་བའི་རྕོམ་ཡིག་བཀོད་
པས་ང་ཚོ་སློབ་མ་མང་པོ་ཞིག་གིས་རྩོམ་ཡིག་བཀོད་པ་དེ་དྲ་ཚུགས་དང་ཚགས་ཤོག་ཁག་་ནས་རྩོམ་ཡིག་དེ་མཐོང་བ་དང་ཚེས་30ཉིན་འདི་གའི་ས་གནས་གཞོན་ནུ་ལྷན་ཚོགས་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་གཉིས་ཀྱི་བཀོད་སྒྲིག་འོག་བོད་པ་དང་བོད་དོན་རྒྱབ་སྐྱོར་བའི་རྒྱ་གར་མཐོ་སློབ་པ་ཆ་ཚང་ཚང་འཛོམས་ཐོག་རྩོམ་ཡིག་དེ་འགྲེམས་སྤེལ་དང་ཀློག་འདོན། གྲོས་བསྡུར། ཇི་ལྟར་དྲ་ལམ་འདྲ་མིན་བརྒྱུད་འདི་འདྲའི་དྲང་བདེན་མ་ཡིན་པའི་རྩོམ་ཡིག་འབྲི་བ་དང་ཚགས་ཤོག་གསར་འགོད་པས་སོ་སོའི་ཐོབ་ཐང་བེད་སྤྱོད་གཏོང་སྟངས་ནོར་བའི་རིགས་ལ་དགག་ལན་དང་རང་སྐྱོན་ངོས་ལན་བྱེད་དགོས་པའི་ལས་འགུལ་སྤེལ་འགོ་ཚུགས་པ་ཡིན།ཉིན་དེར་སློབ་ཕྲུག་ཆ་ཚང་གིས་སོ་སོའི་ངོས་དེབ་དང་(yahoomail,gmai
སོགས་ནས་ཚགས་ཤོག་རྩོམ་སྒྲིག་པ་དང་རྩོམ་འབྲི་བ་ལ་དྲང་བདེན་མ་ཡིན་པའི་གནས་ཚུལ་བཀོད་པ་ལ་སྐྱོན་བརྗོད་བྱ་བའི་གློག་འཕྲིན་གཏོང་བ་དང་མང་པོ་ཞིག་གིས་ཁ་ཐུག་དུ་ཚགས་ཤོག་རྩོམ་སྒྲིག་ཁང་ལ་ཞལ་པར་ཐེངས་མང་བསྐྱོན་ནས་དེ་དོན་སྐད་ཆ་དྲིས་དུས་རྩོམ་སྒྲིག་ཁང་གིས་ཁོང་ཚོ་ད་ལྟ་ལས་དོན་ལ་བྲེལ་འཚུབ་ཧ་ཅང་ཆེ་བ་སོགས་ལ་ཁ་གཡར་ནས་དྲི་བ་མང་པོ་ཞིག་ལ་ཡ་ལན་གནང་མ་སོང་
སྤྱི་ཟླ་12པའི་ཚེས་1་ཉིན་གྱི་ཞོགས་པའི་ཆོུད
10བའི་སྟེང་བོད་པའི་སློབ་ཕྲུག་ཡོངས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆ་ཚང་M.S.Universityཡི་S.P
ཚོགས་ཁང་དུ་ས་གནས་གཞོན་ནུ་དང་བོད་རང་དབང་སློབ་ཕྲུགཚོགས་པ་གཉིས་ཀྱི་བཀོད་སྒྲིག་འོག་གསར་འགོད་གསར་བསྒྲགས་ཤིག་བསྐོངས་ཚོགས་གནང་ནས་བོད་པ་དང་རྒྱ་གར་སློབ་མ་ལྔ་ཙམ་གྱིས་གོང་བཀོད་རྩོམ་འབྲི་བ་དང་ལྷག་པར་དུ་ཚགས་ཤོག་རྩོམ་སྒྲིག་ཁང་གིས་འགན་མ་ཁུར་པའི་རྩོམ་ཡིག་དེར་སྐྱོན་བརྗོད་གནང་།
དང་པོ་ས་གནས་གཞོན་ནུ་ཚོགས་གཙོ་བསམ་གྲུབ་རྡོ་རྗེ་ཡིས་གསུངས་བཤད་གནང་དོན་
བོད་མི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་འཛམ་གླིང་ཞི་བདེ་དེད་དཔོན་ལ་དྲང་བདེན་དང་དངོས་ཡོད་གནས་ཚུལ་རྩ་བ་ནས་མ་ཡིན་པའི་ཟུར་ཟ་དང་སྐྱོན་བརྗོད་ཀྱི་རྩོམ་ཡིག་འདི་ཞིབ་འཇུག་ཅི་ཡང་མེད་པར་ཚགས་ཤོག་སྟེང་བཀོད་པར་འགན་ཁུར་ཐུབ་དགོས་ཚུལ་དང་དྲང་བདེན་རྩ་བ་ནས་མ་ཡིན་པའི་རྩོམ་ཡིག་དེ་འདྲ་ཡང་ཚགས་ཤོག་སྟེང་བཀོད་པ་དེར་ང་ཚོ་བོད་པའི་སློབ་ཕྲུག་དང་རྒྱ་གར་བོད་ཀྱི་གྲོགས་པོ་རྣམས།དེ་བཞིན་ཞི་བདེ་དང་དྲང་བདེན་ལ་དགའ་ཞིང་རྒྱལ་སྤྱིའི་སྟེང་གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་ཡོད་པའི་རྗེས་འཇུག་པ་ས་ཡ་མང་པོ་ཧང་སང་དང་བློ་ཕམ་སྐྱེས་བ་སོགས་ཀྱི་སྐོར་གསུངས་བཤད་གནང་བ་དང་དེ་བཞིན་བོད་རང་དབང་སློབ་ཕྲུག་ཚོགས་པའི་འཐུས་ཚབ Vevik Partap sighn་གིས་རྩོམ་འབྲི་བ་John Walsh དང་Mid-Daགསར་འགོད་པས་ཅི་ཕྱིར་རྒྱ་དམར་གྱིས་ད་ལྟ་ཡིན་ན་ཡང་བོད་ནང་བོད་མི་རྣམས་དམར་གསོད་དང་གཏོར་བཅོམ།བཙོན་འཇུག་ཡང་ང་བ་བྱེད་བཞིན་པར་མཐོང་གི་མེད་དམ་
རྩོམ་ཡིག་འབྲི་ན་དངོས་ཡོད་དང་དྲང་བདེན་ཀྱི་རྩོམ་ཡིག་དེ་རུ་འབྲི་རྒྱུ་འདུག
གསར་འགྱུར་དགོས་ན་དྲང་བདེན་དང་དངོས་ཡོད་ཀྱི་གནས་ཚུལ་དེ་རུ་ཡོད་པ་ཅི་ཕྱིར་མ་མཐོང་བ་རེད་དམ།ཁོས་མུ་མཐུད་དུ་བརྗོད་དོན་རྒྱ་གར་གསར་འགོད་པ་རྣམས་ཀྱིས་1962་ལོ་བརྗེད་པ་རེད་དམ་ རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྙོག་དྲ་མི་མཐོང་ངམ།ད་དུང་ཨ་རུའུ་ན་ཅལ་དང་ཆུ་རགས་ཀྱི་རྙོག་དྲའི་སྐོར་དོ་སྣང་བྱ་རྒྱུ་ལྷག་འདུག་
ད་རེས་རྩོམ་ཡིག་འདི་རྒྱ་གར་གྱི་ཚགས་པར་ཞིག་གི་སྟེང་བཀོད་པར་བོད་མི་ཙམ་མ་ཡིན་པར་ང་ཚོ་རྒྱ་གར་བ་ཡང་བློ་ཕམ་བྱུང་སོང་ཞེས་གཏམ་བཤད་གནང་བ་དང་མཇུག་དུ་གསར་འགོད་པས་བོད་དོན་སྤྱིའི་སྐོར་དྲི་བ་དྲི་ལན་འགོ་འཛུགས་གནང་བ་དང་དྲི་ལན་མང་པོ་ཞིག་གི་བརྒྱུད་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་ད་ལྟའི་བོད་ཀྱི་ཆབ་སྲིད་གནས་བབ་ཐད་གསར་འགོད་པ་རྣམས་ཀྱིས་དོ་སྣང་བྱ་དགོས་པ་ནི་རྒྱ་གར་གྱི་ཁེ་ཕན་ཆེན་པོ་ཡིན་པ་སོགས་ཀྱི་དྲི་ལན་བསྐྱོན་ནས་ཆུ་ཚོད་གཉིས་ཙམ་གྱི་གསར་འགོད་གསར་བསྒྲགས་གྲུབ་འབྲས་ལྡན་པའི་སྒོ་ནས་མཇུག་སྐྱོང་གནང་སོང་༎
་
ཨ་ཚོགས་དབང་གྲགས་ལགས། ཁྱེད་ཚོས་ལས་འགུལ་ལ་རྗེས་སུ་ཡི་རང་ཡོད།
དེང་སང་༸གོང་ས་མཆོག་ལ་ཁ་གཏོང་ནི་ཇེ་མང་རེད། དེ་ཡང་གཞན་པ་མ་རེད། མང་ཤོས་ཤིག་རྒྱ་གཞུང་གི་ཇུས་འགོད་དང་འབྲེལ་བ་ཡོད་པ་རེད། སྐྱོན་བརྗོད་བྱེད་མཁན་དེ་ལ་རིགས་གསུམ་འདུག བོད་པའི་ནང་ཁུལ་ན་དོལ་རྒྱལ་ཚོགས་པ་དང་། གཞན་ཡང་ཁག་ཅིག་ཡོད་པ་རེད། རྒྱ་གར་གྱི་ཚགས་པར་ཁག་ཏུ་ཡུལ་མི་ཚོས་བྲིས་རྩོམ་མང་པོ་ཞིག་ཐོན་གྱིན་འདུག་ དེ་བཞིན་རྒྱ་གཞུང་བཤད་མ་དགོས་པ་རེད།
ད་ནི་ང་ཚོས་ཀྱང་ནུས་པ་གཅིག་བསྒྲིལ་གྱིས་༸གོང་ས་མཆོག་དང་། ཁོང་གི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་ཁ་གཏད་དུ་ལངས་མཁན་ཚོར་འགན་རང་འཁུར་གྱིས་ཁ་གཏད་ཅིག་བཅག་དགོས་པར་བསམ་གྱིན་འདུག
དེ་མིན་ང་ཚོས་ཁེ་བཟང་ཐམས་ཅད་གཞན་ལ་བྱིན། གྱོང་གུད་ཐམས་ཅད་རང་གིས་ལེན་པ་བྱས་ན་ང་ཚོའི་གཉའ་རུ་ཞོན་མཁན་ཇེ་མང་རེད།
ད་ངོ་མ་འདུག་གི་མི་འཇུག་གི
ཏཱ་ལའི་བླ་མ་ནི་མི་སྡུག་ཅག་ཅིག་རེད་དམ་ཞེས་རྩོམ་འབྲི་བྱེད་མཁན་གསར་འགོད་པ་འདིར་རྒྱ་མིའི་ཁེ་ཕན་ཞིག་རག་གི་ཡོད་པ་ཏན་ཏན་རེད།
ཡིན་ནའང་གོང་དུ་གནས་ཚུལ་སྤེལ་མཁན་འདིས། ས་མཚམས་སྐོར་ཞེས་པ་འདི།
ས་མཚམས་ཀྱི་གནད་དོན་འདི་ནི་བོད་རྒྱ་གཉིས་ཀྱི་ས་མཚམས་ལས། རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་གནད་དོན་ཞིག་མ་རེད།
ཡང་སྙིང་ས་ཁུལ་འདིའི་བདག་དབང་སུ་ལ་ཡོད་དམ།
༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནས། རྒྱ་ནག་གི་སྲིད་འཛིན་ཀྲའོ་ཙེ་དབྱང་ལ། ང་ཚོའི་ས་ཆ་རྒྱལ་ཁབ་གཞན་ལ་ཅི་ཕྱིར་སྤྲོད་ཀྱི་ཡོད། རྒྱལ་འཚོང་པ་ང་ཚོ་མ་ཡིན་པར། ཁྱོད་ཚོ་རེད་དམ་གསུངས་པ། ཨཀྱཱ་རིན་པོ་ཆེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་གྱི་བཅའ་འདྲི་དང་ལེན་གནང་སྐབས་གསུངས་སོང༌།
ཏཱ་ལའི་བླ་མ་ནི་མི་སྡུག་ཅག་ཅིག་མ་ཡིན་པར། འབྲི་མཁན་ཁོང་རང་འོན་པ་ཞར་བ་སྡུག་ཅག་ཅིག་ཡིན་པར་ངེས་སོ།། །།
དེ་མ་རེད། ང་ཡིས་བཤད་རྒྱུ་ཏྰ་ལའི་སྡུག་ཅག་ལྟ་ཅི་སྡིག་ཅན་ཡང་མ་རེད་ཤྰཀྱའི་དགེ་སློང་ཚད་ལྡན་ཞིག་རེད་ཅེས་ལན་བཏབ་ན་འགྲིག་གི་ཡོད། དེ་མིན་ཟེར་ཚད་ལ་ཉན་ན་རྙོག་དྲ་ཇེ་ཆེ་ལས་ཅི་ཡང་ཡོད་མ་རེད། །དྲ་སྟེང་འདི་ཚོར་བལྟས་ན་གོ་རིག་ལོག་པ་མང་གི་ཡ། སྤྱིར་ལྷ་མི་ཡ་རབས་ཀྱིས་འདྲེ་གདོན་མི་ངན་ལ་སྙིང་རྗེ་བ་ལས་གཞན་དུ་བལྟ་བ་ཅི་ཡོད་མ་རེད། འདྲེ་གདོན་མི་ངན་གྱིས་དམ་པ་གོང་མ་ལ་མི་ངན་དང་སྡུག་ཅག་ལས་མཐོང་གི་མ་རེད། གཙོ་བོ་ང་ཚོ་བོད་མི་དམ་ཆོས་སྨྲ་བ་ཚོས་ཏྰ་ལའི་བླ་མ་བེད་སྤྱོད་ལོག་པར་མི་གཏོང་རྒྱུ་དེ་ཤིན་ཏུ་གལ་ཆེན་རེད། བོད་གཞི་བྱེས་གཉིས་ཀྱི་སྡིག་སྡུག་གཏམ་ངན་ཐམས་ཅད་༧གོང་ས་མཆོག་གི་ཕྲག་ལ་བཞག་ན་དཔེ་ཐབས་སྐྱོ་བོ་ཞིག་ཏུ་མཐོང་གི་འདུག དགེ་བཤེས་དང་མཁན་སྤྲུལ་མིང་འཛིན་འགའ་རེས་ཏྰའི་བླ་མ་ལ་ཚོང་ལས་སུ་ག་འདྲ་བེད་སྤྱོད་བྱས་ཡོདམེད་ང་ཚོས་ཧ་གོ་རྒྱུ་དེ་རེད། དེས་ཁ་གོས་གྲིབ་མ་དང་ལུས་གོས་ལན་ཆགས་དེ་རྒྱལ་བ་མཆོག་གི་དབུ་ལ་བཞག་ན། བཟང་སྤྱོད་དང་ངན་སྤྱད། ཁ་ཟས་དང་རེག་དུག་གོ་ནོར་ཟེར་བ་དེ་རེད།
གྲོགས་པོ་ལགས་ཚགས་ཤོག་དེའི་མགོ་བརྗོད་ལས་གཞན་ནང་དོན་གང་དང་གང་བྲིས་ཡོད་མེད་སོགས་གསལ་ཁ་བཟོས་ན་དེ་དག་ལ་དགག་ལན་ཞིག་བྲིས་ན་ཡང་བྲི་གོ་ཆོད་པ་ཞིག་ཡོང་རྒྱུ་རེད་ཡ། མ་ཚད་གསར་འགོད་པ་དེའི་རྒྱབ་ལྗོངས་ལ་ཡང་ཞིབ་འཇུག་ཐེང་ཞིག་ངེས་པར་བྱེད་དགོས་ཀྱི་འདུག་པས་ཞིབ་འཇུག་བྱེད་པར་རྒྱུ་ཆ་དེ་དག་མེད་དུ་མི་རུང་བ་ཞིག་དུ་མཐོང། ང་ཚོས་ངེས་པ་དུ་གསར་འགོད་པ་དེའི་རིགས་ལ་དགག་པ་རྒྱབ་དགོས་ཀྱི་འདུག་གསར་འགོད་པ་དེ་དག་ཀྱི་ལས་དོན་ཆུང་ངུ་ཞིག་ལམ་སློང་བྱུང་ན་ཡང་མ་འོངས་པར་གོམ་པ་འདུན་སྐྱོད་བྱེད་པའི་ཆོད་སེམས་ཆེ་རུ་འགྲོ་བའི་ཆ་བཅན་དུ་བ་ངེས་པས་སོ། དེས་ན་བོད་ཀྱི་ཁ་དཔེ་ལ།
དགྲ་མེ་ལྟག་གཉིས་པོ་ཆུང་དུས་ནས་གཏོར་དགོས་ཞེས་པ་དེ་རེད།
༄། །ཚྭ་སྒང་ཕོ་ཉ་ལགས་ནས་གསུངས་པ་བཞིན་མགོ་བརྗོད་ཀྱི་དྲི་བ་དེ་ལ་ལན་ག་རེ་རྒྱབ་དང་སྙིང་དོན་ག་རེ་བྲིས་མ་བྲིས་གསལ་པོ་ཞིག་ཤེས་དགོས་པ་ཧ་ཅང་གལ་ཆེ། སྙིང་དོན་ལ་གཞིར་བཞག་གི་ལན་དང་འགག་པ་ག་རེ་རྒྱབ་དགོས་མེད་བསམ་བཞེས་གནང་དགོས་ཀྱི་རེད། ཐུགས་རྗེ་ཆེ།
Is the Dalai Lama a bad guy?
By: John Walsh Date: 2010-11-28 Place: Mumbai
Last week, the Dalai Lama announced his intention to retire next year as head of the Tibetan government in exile. China has stated it intends to have the final say on any reincarnation. The Lama has appeared in adverts, charmed celebrities and gained a million followers on Twitter. To many in the West, he’s a sneaky diplomatic strategist. To Rupert Murdoch, he’s a political old monk, shuffling about in Gucci shoes.
Here’s a look at the modern monk’s vices and virtues He is, without any doubt, the only incarnation of the Buddha who has ever guest-edited Vogue Paris. He’s the only spiritual leader of millions who has ever flogged a 1966 Land Rover on eBay and appeared in an advertisement for Apple. He is probably the only Nobel Prize winner on the planet who has Sharon Stone and Richard Gere on speed-dial.
He must be the only “simple Buddhist monk” (his description) who sends daily bromides to a million followers on Twitter. Nobody in the world so bizarrely conjoins the spiritual and the material, the sublime and the ridiculous, dangerous politics and trivial celebrity, as the 14th Dalai Lama.
To almost all Tibetans, even those who criticise his stance over China, he is an object of reverence. But to many in the West he is a sneaky diplomatic strategist, a star-struck terrestrial and a turncoat Buddhist. To Rupert Murdoch, he could be “a very political old monk, shuffling about in Gucci shoes”.
As we shall see, there’s a considerable list of complaints levelled against him. But after 60 years as a human bridge between the East and West, do his virtues outweigh his shortcomings?
He grabbed the toys, and shouted, ‘That’s mine!’
He was born Lhamo Dondrub in 1935, to a farmer and horse trader called Choekyong Tsering in the Chinese village of Taktser. When he was two, he was discovered, by a method that may not impress the skeptical, to be the incarnation of the 13th Dalai Lama.
A search party was sent out, headed by a Tibetan “regent” or senior holy man. All they had to go on was the fact that the head of the recently-embalmed Dalai had mysteriously turned north-east, so that’s where they went. At a sacred lake, Lhamo La-tso, the regent had a vision of a one-storey house with distinctive tiling and guttering in the district of Amdo.
They found the mud-and-stone house, and the child inside it. To settle any doubt about his identity, they’d brought some of the 13th Dalai Lama’s old toys, and some toys that had no connection with him. Young Lhamo confidently picked out all the Lama’s belongings, shouting: “That’s mine!”
He was brought to the Potala Palace in Lhasa, allowed to wander anywhere in its 1,000 rooms and perched on a golden throne. As a child, he was keen on war films — he watched them on his predecessor’s movie projector — and driving. In the early 1940s, there were only three cars in Tibet and he drove (and crashed) them all.
From an early age, he knew trouble was brewing between small, isolated Tibet and its large neighbours. He taught himself to write by copying out the 13th Dalai Lama’s will — a prophetic document, written in 1932, when civil war was raging in China. Warning against “barbaric red Communists”, it warned that: “Our spiritual and cultural traditions will be completely eradicated.
Even the names of the Panchen and Dalai Lamas will be erased. The Monasteries will be looted and destroyed, and the monks and nuns killed or chased away… We will become like slaves to our conquerors… and the days and nights will pass slowly and with great suffering and terror.”
The real power in Tibet then lay in the hands of a corrupt sect of monks who lived off the taxes of peasants. When he was 11, the Dalai Lama-elect watched through a telescope as monks opened fire on the army, following the arrest of one of their own.
And when in 1950, aged 15, he officially took on the mantle of Dalai Lama, it coincided with the Chinese People’s Liberation Army invading east Tibet. Nine years later, he was forced into exile. He and scores of thousands of Tibetans fled to the Himalayan city of Dharamsala.
For 51 of his 60 years as spiritual leader to six million people, he has been an emblem of dispossession. He has travelled the world speaking passionately for the return of Tibetan independence — but since 1988, he’s scaled down his demands to wanting “autonomy” for Tibet within China, arguing that Tibet could, realistically, grow as a modern nation only if it stays a part of China. He has consistently urged that only non-violent means should be used. Many of his countrymen wish he would encourage a less supine response to his country’s colonisers.
Nuggets of Buddhism on Twitter
Things came to a head in March 2008, when riots broke out in Lhasa, directed at Chinese civilians by Tibetan mobs. Across Europe and America there were outbreaks of protest in favour of Tibet, and 18 Chinese embassies and consulates were attacked. The Chinese claimed that the riots were orchestrated by the Dalai Lama.
In fact, they were probably the result of years of social discrimination against Tibetans, unequal pay, and the rumour that several Tibetan monks had been arrested and killed. The Dalai Lama denied having anything to do with the uprising, but agreed to talk to the Chinese authorities — who said they would communicate only if he agreed to renounce Tibetan independence altogether and recognised that Tibet was an inalienable part of Chinese territory.
Many Tibetans must have felt that a call to arms from their spiritual leader would have had a galvanising impact, both in Lhasa and around the world. Instead, he threatened to resign as the head of the government-in-exile in the Himalayas if Tibetans continued with acts of violence against the Chinese.
He has always spoken out against economic boycotts of Chinese food or of hunger strikes, and insisted that their relations with China should be “neighbourly”. Is he too weak to stand up to China? Or is he a realist, who remembers what it was like when the monastic elite were in charge of Tibet, when he watched outbreaks of gunfire through a telescope, and when he discovered that the 9th, 10th, 11th and 12th Dalai Lamas had all died young, probably poisoned?
If he is regarded as politically ineffectual, his role as a religious leader has also been called into question. Although he possesses a Geshe degree, the equivalent of a doctorate in Buddhist philosophy, he has gone out of his way to simplify and secularise Buddhism for a modern audience.
His teachings and sayings (especially those on Twitter) have the profundity of fortune cookies: “The greater the level of calmness of our mind, the greater our peace of mind, the greater our ability to enjoy a happy and joyful life” was Thursday’s post. He steers clear of the word “Nirvana” — meaning nowhere, freedom from the great wheel of being and reincarnation — preferring to speak of “global ethics”. He downplays his own role, casts doubt on his ancestry as an avatar of the Buddha of Compassion, and assures people he is not a “living Buddha”.
He says that if modern science disproves Buddhist teachings, they must be abandoned. He even advises Western audiences not to embrace Buddhism.
When asked for his views, he employs a curious mix of ancient wisdom and modern liberal pragmatism. He takes the view, universally held in Tibet, that abortion is an act of killing — but goes on to qualify it with, “except if the unborn child will be retarded or if the birth will create serious problems for the parent”.
Asked by a Seattle schoolgirl if it’s ever right to fire a gun at anyone — a question that few Buddhists have ever answered in the affirmative — he replied that yes, it’s permissible, if the person is trying to kill you (but you shouldn’t shoot to kill them). His views on sex have startled many people.
He told Out magazine that homosexuality was OK, but oral, anal or manual sex weren’t permissible. His moral relativity has annoyed some of his co-religionists. “The sins of the Dalai Lama and his followers seriously violate the basic teachings and precepts of Buddhism and seriously damage traditional Tibetan Buddhism’s normal order and good reputation,” was the judgement of Dorje Phagmo, the only leading female Buddhist priest.
He has also incurred the wrath of Christopher Hitchens for accepting money from the leader of the Aum Shinrikyo cult, which was later to release lethal sarin nerve gas in the Tokyo subway system. But the Dalai Lama has always criticised himself for endorsing the man and his organisation — even saying that it showed he wasn’t infallible or divine after all.
Separatist, beloved leader or Hollywood serenader?
All of which must make us ask: is the Dalai Lama a bad guy? Or is he merely a disappointment to many people who wish he were something he isn’t? Pico Iyer, in his 2008 biography, The Open Road: The Global Journey of the Fourteenth Dalai Lama, writes that his subject is the victim of Western preconceptions about Tibet as the heavenly Shangri-La depicted in James Hilton’s 1930s novel Lost Horizon.
The West would like Tibet to remain a prelapsarian, pre-modern place of innocent happiness, and the Dalai Lama to be the kind of divine princeling depicted in the films Kundun and Seven Years in Tibet. They would rather not hear the princeling criticise the barbaric feudal system in which he grew up, or listen to his conviction that a modern Tibet needs to be grafted to a modern China to become a strong economic unit, rather than a Black Narcissus fantasy.
To the Chinese he is a “separatist”, a “splitter”, a troublesome demagogue to whom Mao Tse-tung once bluntly said: “Religion is a poison”. To the Tibetans he is a beloved leader, but one who sucks up to the West and is seen as weak by the Chinese. To Buddhists, he is a bringer of confusion rather than enlightenment, and an intimate of Hollywood nincompoops such as Steven Seagal. To conspiracy theorists, he is a shady customer, a Marxist sympathiser, a recipient of CIA dollars.
But there is something entirely heartening about the way he moves through this cacophony of disapproval with Zen-like calm, recommending mutual understanding, global unity, decent compromise. He’s the boy from the Tibetan backwoods who found himself sitting on a golden throne, only to lose it for exile in the mountains and a life of fame and celebrity in the West — a man from an elderly fairytale, losing his home, finding a new one on the other side of the world, and refusing to wallow in the past.
“In Tibet,” writes Pico Iyer, “the Dalai Lama was an embodiment of an old culture that, cut off from the world, spoke for an ancient, even lost, traditionalism. Now, in exile, he is an avatar of the new, as if, having travelled eight centuries in five decades, he is increasingly, with characteristic directness, leaning in, toward tomorrow.”
The Interview People
“…. they’d brought some of the 13th Dalai Lama’s old toys, and ” ཞེས་པ་ལ་གཟིགས་དང་། John Walsh ལགས། ཧཧཧཧཧཧཧཧཧཧཧཧཧཧཧཧཧ !!!!!!!!!!!!!!! ????????????????????
ད་ལོ་ཙཱ་བ་ཞིག་གིས་རྩོམ་ཡིག་འདི་བོད་སྒྱུར་གནང་རོགས།
ལྷ་ཡི་རྒྱལ་བོས་ཆར་ཕབས་ཀྱང་།།
ས་བོན་མི་རུང་མི་འཀྲུངས་ལྟར།།
སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་།།
སྐལ་བ་མེད་པས་བཟང་མི་མྱོང་།།
༤༽ དཔལ་དགྱེས་པ་རྡོ་རྗེ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢ གི་ཆུ་ཚོད་ ༦ སྐར་མ་ ༡༤
དེ་མ་རེད། ང་ཡིས་བཤད་རྒྱུ་ཏྰ་ལའི་སྡུག་ཅག་ལྟ་ཅི་སྡིག་ཅན་ཡང་མ་རེད་ཤྰཀྱའི་དགེ་སློང་ཚད་ལྡན་ཞིག་རེད་ཅེས་ལན་བཏབ་ན་འགྲིག་གི་ཡོད། དེ་མིན་ཟེར་ཚད་ལ་ཉན་ན་རྙོག་དྲ་ཇེ་ཆེ་ལས་ཅི་ཡང་ཡོད་མ་རེད། ་་་་གསུངས་པ་ལྟར་བདེན་པ་འདུག རྩོམ་ཡིག་འདི་ནི། མགོ་མ་འཚོས་གོང་ལ་ཀླད་པ་བལྡགས་ཞེས་པའི་གཏམ་དཔེ་ཙམ་ལས་མ་འདས་པས། ༸རྒྱལ་བའི་སྐུ་གསུང་ཐུགས་གསུམ་སྲུང་སྐྱོབས་དགོས་ཀྱང་། ཚང་མར་སྤྲད་ན་ཕན་ལས་གནོད་ཆེ་སྲིད། ༸རྒྱལ་བར་ལ་རྒྱ་སྟོན་པ་ལ་རྗེས་སུ་ཡི་རང་ཞུའོ།། །།
སྤྱིར་ཁོ་བོས་ཀྱང་ Mid Day ཞེས་པའི་དྲ་ཚིགས་དེ་བལྟ་ཀློག་བྱེད་པ་ཡིན། ཡིན་ན་ཡང་མཆན་འདེབས་པ་རྣམས་ལ་དོགས་པ་དང་དྲི་བ་ཞིག་མ་སླེབས་པ་ནི། འོ་ན་རྩོམ་པ་པོ་ John Walsh ཞེས་པ་དེ་སུ་ཡིན་ནམ། ཁོ་བོས་དྲ་རྒྱ་བརྒྱུད་རྩད་གཞིབ་བྱེད་སྐབས། གལ་སྲིད་ངས་ནོར་མེད་ན། ཁོང་ནི་ཨ་རིའི་ནང་གི་བརྙན་འཕྲིན་གྲགས་ཅན་ཞིག་གི་གནས་ཚུལ་བཤད་མཁན་ཞིག་ཡིན་པ་ཟད། སྐད་གྲགས་ཀྱང་ཆེན་པོ་ཞིག་རེད་འདུག བྱས་ཙང་། ངས་རེ་བ་ལ་སློབ་ཕྲུག་ཚོགས་པ་དང་ས་གནས་དེའི་གཞོན་ནུ་ཚོགས་མི་རྣམས་ཀྱིས་བསམ་འཆར་དང་ལན་འདེབས་སྐབས་ཚིག་རྩུབ་པོ་མ་ཡིན་པ་དང་། སྐད་ཆ་རྒྱུ་མཚན་ལྡན་པའི་སྒོ་ནས་གསལ་བཤད་བྱེད་རྒྱུ་དེ་གནད་འགག་ཆེན་པོ་རེད་འདུག་སྙམ། ཇྷོན་ཝལཤི་ John Walsh ཁོང་ནི་ཨ་རི་ནང་དུ་མི་བསད་ཁྲག་སྦྱོར་དང་ཕྲུ་གུ་བཙན་ཁྲིད་བྱུང་བའི་སྐོར་དང། ཕྲུ་གུའི་ཐོབ་ཐང་སྐོར་དང་འབྲེལ་བའི་ཐོག་ཉམས་ཞིབ་བགྱིད་ནས་བྙན་འཕྲིན་ཐོག་འཆད་མཁན་ཞིག་རེད་འདུག དེར་མ་ཟད། ཁོང་ནི་ཨ་རིའི་གཞུང་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད་འདུག
འདི་ནི་གསལ་བཤད་ཙམ་ཡིན།