རིག་པའི་རལ་གྲིས།
གངས་ལྗོངས་རིས་མེད་བསྟན་པའི་མངའ་བདག་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སྔ་ནས། སྲིད་པ་གསུམ་ན་ངོ་མཚར་ཟླ་མེད་པའི། །ཨུ་དུམ་ཝཱ་ར་ལྟར་འཕགས་ཐམས་ཅད་མཁྱེན། །འཛམ་གླིང་བསྟན་པའི་བདག་པོར་མངའ་གསོལ་པའི། །རྒྱལ་མཆོག་ཕྱག་ན་པདྨོ་ཞབས་བརྟན་གསོལ་ཞེས་གསོལ་བ་འདེབས་པའི་ཡུལ་དམ་པ།
ལྷ་བཅས་འགྲོ་བའི་འདྲེན་མཆོག་༧ གོང་ས་སྐྱབས་རྒྱལ་བའི་དབང་པོ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག ངེས་པ་དོན་གྱི་དབང་དུ་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པད་མོ་དང་གཉིས་སུ་མེད་པས། རིང་ནས་མངོན་པར་རྫོགས་པར་སངས་རྒྱས་ཟིན་ནའང་། དུས་ངན་གཉན་འཕྲང་ཅན་གྱི་སྐབས་འདིར། རང་གི་གདུལ་བྱའི་ཚོགས་རྣམས་བརྩེ་ཆེན་ཡེ་ཤེས་ཀློང་ནས་སྐད་ཅིག་ཙམ་ཡང་ཡར་བ་མི་འདོར་བའི་གཡར་དམ་བརྟན་པོས། ༡༩༣༨།༦།༧ ལ་བོད་ཆོས་ལྡན་གྱི་ཞིང་མདོ་སྨད་སྟག་རྩེ་ལ། རྒྱལ་ཡབ་ཆོས་སྐྱོང་ཚེ་རིང་དང་། རྒྱལ་ཡུམ་བསོད་ནམས་མཚོ་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་སྐུ་བལྟམས། ལྷ་མོ་བླ་མཚོའི་གཟིགས་སྣང་། བླ་ལྷའི་ལུང་བསྟན། ༧གོང་ས་མཆོག་གི་མཛད་སྤྱོད། བཅས་ཕྱོགས་གང་ཐད་ནས་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་ཡང་སྲིད་འཁྲུལ་བྲལ་དུ་སྐྱེ་བོ་ཀུན་གྱི་མངོན་དུ་གྱུར་།
དགུང་ལོ་དྲུག་ནས་བཟུང་བཅུ་ཕྲག་རིག་གནས་སྤྱི་དང་ཁྱད་པར་ནང་དོན་རིག་པ་ལ་གསན་བསམ་མཐར་ཕྱིན་མཛད། དགུང་ལོ་ཉེར་ལྔའི་ཐོག་ཏུ་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་རབ་འབྱམས་པའི་དམ་བཅའ་བཞག སྐུ་ན་གཞོན་ནུའི་དུས་ནས་འཛམ་གླིང་སྤྱི་དང་། བྱེ་བྲག་མཚན་རིག་སོགས་ལ་ཐུགས་སྣང་ཆེན་པོར་མཛད་ནས་ཕ་རོལ་ཏུ་སོན།
ར་སྒྲེང་རྡོ་རྗེ་འཆང་དང་། རྒྱལ་བའི་ཡོངས་འཛིན་རྣམ་གཉིས། ཁུ་ནུ་བླ་མ་བསྟན་འཛིན་རྒྱ་མཚོ། དེལ་མགོ་མཁྱེན་བརྩེ་རིན་པོ་ཆེ། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། མཁན་ཆེན་ཀུན་དགའ་དབང་ཕྱུག་རིན་པོ་ཆེ་སོགས་རིས་སུ་མ་ཆད་པའི་ཚད་ལྡན་བཤེས་གཉེན་དུ་མ་གཙུག་ཏུ་བསྟེན་ནས། ཕྱི་ནང་གི་རིག་གནས་རབ་འབྱམས་ཀུན་ལ་ནང་བྱན་ཆུད་པའི་མཁས་པའི་ཁྱུ་མཆོག་མ་ཧཱ་པཎྜི་ཏ། རིག་འཛིན་བྱེ་བའི་གཙུག་རྒྱན། ཟུང་འཇུག་གདམས་པའི་བང་མཛོད། ཁྱབ་བདག་འཁོར་ལོའི་མགོན་པོའི་གོ་འཕང་བརྙེས་ཤིང་། འཆད་པ་ལེགས་བཤད་ཉི་མའི་འོད་ཟེར་གྱིས་ཤེས་བྱ་རིག་པའི་གནས་ཤིན་ཏུ་ཕྲ་ཞིང་ཟབ་པ་རྣམས་ཀྱང་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་གསལ་བར་སྟོན་པ་དང་། རྩོད་པ་ལུང་རིག་གནམ་ལྕགས་རྡོ་རྗེས་ལོག་རྟོག་གི་རི་བོ་ཕྱེ་མར་འཐག་ཅིང་། རྩོམ་པ་སྙན་ཚིག་ཨུཏྤལའི་ཕྲེང་བ་མཚར་དུ་མངར་པས་ཕྱི་ནང་གི་མཁས་པ་ཀུན་གྱི་ཡིད་དབང་འཕྲོག་པར་མཛད་དེ། དེ་ཡང་ཇི་ཙམ་གྱིས་དཀའ་བའི་གནད་ལ་ཐུག་ན་དེ་ཙམ་གྱིས་སླ་བའི་ཚུལ་གྱིས། ཟབ་དོན་གྱི་རོ་བཅུད་ཕྱུང་ནས་། གཞུང་དོན་དཔྱིས་ཕྱིན་པ། གདུལ་བྱ་དབང་རྣོན་ཤེས་རབ་ཆེ་བ་རྣམ་ལ། ཚིག་བརླིང་ཞིང་སྦྲེལ་ལེགས་པ། དོན་ཟབ་ཅིང་རྒྱ་ཆེ་བ་དང་། དབང་པོ་རྟུལ་ཞིང་བློ་ཆུང་བ་རྣམས་ལ་ཚིག་བཟུང་སླ་ཞིང་གོ་བདེ་བ། དོན་རྟོགས་སླ་ཞིང་རྣར་སྙན་པ་བཤད་པའི་སྒོ་ནས། དུས་རབ་གསར་བའི་གདུལ་བྱའི་མོས་དབང་དང་བསྟུན་པའི་གསུང་ཚུལ་གནད་དུ་ཁེལ་བར་མཛད་ལ། མགོན་པོ་གང་གི་གོང་ན་གོང་མ་དང་། བླ་མ་སུ་གང་ཞིག་མེད་རུང་། འོག་ན་གནས་པའི་སྐྱེ་བོ་སུ་ཡང་མེད་པ་ལྟ་བུའི་དམན་སར་བཟུང་ནས། དར་ཟབ་འབོལ་གདན་རིན་པོ་ཆེའི་ཁྲི་འཕང་མཐོན་པོར་འགྱིང་བའི་དབང་ཐང་ཅན་རྣམས་ཀྱི་ཁེངས་དྲེགས་དང་སྦོམ་ཚུག་རང་སར་བསྙིལ་ཞིང་། བཅོས་མིན་བྱམས་བརྩེའི་ཉམས་དང་ལྡན་པའི་ཞལ་ཤོབ་ནང་མའི་རྣམ་འགྱུར་ལྷོད་པོས། སྐྱེ་བོ་ཤ་མདོག་དང་ལྟ་སྤྱོད་མི་གཅིག་པ་སུ་འདྲ་ཡིན་རུང་། དགྱེས་ཞལ་མིག་གི་བདུད་བརྩིར་མྱོང་པ་ཙམ་གྱིས། ཧ་ཀྱང་འབྲེལ་ཐག་ཉེ་བའི་རྣོ་ཞིང་ཟབ་བའི་ཚོར་བ་ཞིག་སྦྱིན་ནས། གུས་པ་དང་བཀུར་བ་མ་བསམ་ན་ཡང་དབང་མེད་དུ་གུས་བཀུར་ཤོར་བ་མཛད་པ་དང་།
མགོན་པོ་གང་གི་ཞལ་སྔ་ནས། ཐུབ་པའི་ཆོས་ཚུལ་འདི་ནི། དངོས་སྟོབས་ཀྱི་རིག་པས་དཔྱད་བཟོད་པ་ཞིག་ཡིན་པས། དགོང་པའི་དབང་གིས་གསུངས་པའི་བཀའ་བསྟན་ཁ་ཤས་སྒྲ་ཇི་བཞིན་དུ་ཁས་ལེན་མི་རུང་ཞིང་དེ་དག་ལ་ཀླད་རྙིང་མཁྲེགས་བཟུང་མི་འོས་པའི་ཚུལ་དང་། རྣམ་ པར་དག་པའི་ལུང་དང་རིག་པའི་ལམ་ནས་སྟོན་དང་བསྟན་པའི་གཟི་བརྗིད་རྗེན་པར་ངོམ་ པས་སྨྲ་བའི་དབང་ཕྱུག་གངས་ཅན་མགོན་ཉིད་ལྟ་བུ་ནི་འཛམ་གླིང་འདིའི་ཐོག་ཏུ། གསར་རྙིང་གི་རིག་པ་སྨྲ་བ་ཀུན་གྱི་ནང་དུ་ཟླ་མེད་པ་ཀུན་གྱིས་གླེང་།
ཁྱད་པར་དུ་སྔ་མའི་ལས་དང་འཕྲལ་ཕྱི་ནང་གི་རྐྱེན་དབང་གིས་གཞིས་བྱེས་གང་སར་མནར་བའི་བོད་རིགས། མི་འདོད་པའི་བཀོལ་སྤྱོད་འོག་ནས་འདོན་པའི་སླད་དུ། གྲུ་འཛིན་གཉིས་པའི་གཞལ་མེད་ཁང་གི་ལུགས་གཉིས་ཟུང་འབྲེལ་གྱི་ཁྲི་འཕང་མཐོར་པོར་འཁོད་ནས། ཐུགས་དམ་ཉམས་བཞེས་ཀྱི་ལྟ་གྲུབ། ལྟ་བ་རྟེན་ཅིང་འབྲེལ་འབྱུང་དང་། སྤྱོད་པ་འཚེ་བ་མེད་པའི་ལམ་སྟོན་དང་ཕྱག་ལས་དེ་འཛམ་གླིང་རིལ་པོར་ཆིབ་བསྒྱུར་བསྐྱངས་ཤིང་གནང་ནས། བཀའ་སློབ་ལམ་སྟོན་གྱི་གདམས་ངག་རྣམས་ཡིག་རིགས་མི་འདྲ་བ་བཅུ་ཕྲག་བརྒལ་བའི་ནང་དུ། དཔེ་དེབ་མི་འདྲ་བ་དྲུག་བཅུ་ལྷག་གཏོན་པས། ཀླ་ཀློའི་ཀུན་སློང་དང་བྱ་སྤྱོད་ཀྱིས་ཁེངས་པ་རྣམས་མི་བཟོད་པའི་ཟུང་ངུ་འབྱིན་པའི་ངུ་འབོད་ཐོས་པ་ཉུང་ངུ་མིན་ལ་དེ་དང་ལྷན་གཅིག་ཏུ། བདེན་པའི་ལམ་གྱི་གཟི་ཟིལ་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཁྱབ་མཐུས། ནོར་བྷིལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་པའི། རིན་ཐང་བྲལ་བའི་གཟེངས་རྟགས་ལྔ་བཅུ་ལྷག་ཙམ་བཞེས་གནང་མཛད་དེ། རྩམ་ཟན་བོད་རིགས་ཡོད་དོ་ཅོག་འཛམ་གླིང་སྐྱེ་བོའི་ཁྲོད་དུ་མགྲིན་པ་གཟེངས་སུ་བསྟོད་ནས། འཕྲིན་ ལས་རིན་ཆེན་གདུག་དཀར་གཅིག་གིས་ཡངས་པའི་འཛམ་གླིང་རིལ་པོར་ཁྱབ་པར་མཛད་པའི་ གངས་ཅན་མགོན་པོ་ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ནང་བཞིན་ཞིག་དེ་སྔོན་བོད་ཀྱི་ ལོ་རྒྱུས་ནང་ལ་བྱོན་མ་མྱོང་ལ། ད་དུང་ལ་འབྱོན་པར་མི་འགྱུར་བ་ཚིག་ཐག་ཆོད་པོས་བཤད་ཐུབ
འོ་ལེགས་སོ། མོས་མཐུན་ཡོད།
འཇམ་དཔལ་དབྱངས་དངོས་༸ས་སྐྱ་པཎ་ཆེན་གྱི་ཞལ་ནས། ཕྱོགས་རེ་འདྲ་བ་ཀུན་ལ་ཡོད། །
ཐམས་ཅད་འདྲ་བ་གང་ན་ཡང་མེད། །ཅེས་གསུངས་སོ།
རིག་པའི་རལ་གྲིས།
༼དེ་ཡང་ཇི་ཙམ་གྱིས་དཀའ་བའི་གནད་ལ་ཐུག་ན་དེ་ཙམ་གྱིས་སླ་བའི་ཚུལ་གྱིས། ཟབ་དོན་གྱི་རོ་བཅུད་ཕྱུང་ནས་། གཞུང་དོན་དཔྱིས་ཕྱིན་པ། གདུལ་བྱ་དབང་རྣོན་ཤེས་རབ་ཆེ་བ་རྣམ་ལ། ཚིག་བརླིང་ཞིང་སྦྲེལ་ལེགས་པ། དོན་ཟབ་ཅིང་རྒྱ་ཆེ་བ་དང་། དབང་པོ་རྟུལ་ཞིང་བློ་ཆུང་བ་རྣམས་ལ་ཚིག་བཟུང་སླ་ཞིང་གོ་བདེ་བ། དོན་རྟོགས་སླ་ཞིང་རྣར་སྙན་པ་བཤད་པའི་སྒོ་ནས། དུས་རབ་གསར་བའི་གདུལ་བྱའི་མོས་དབང་དང་བསྟུན་པའི་གསུང་ཚུལ་གནད་དུ་ཁེལ་བར་མཛད་ལ།༽ ཞེས་བཤད་པས་ཀྱང་བསྡུས་གྲྭ་ལྟ་བུའི་ཕྱིན་ཅི་ལོག་གི་རིག་པ་མི་དགོས་པ་གསལ་བོར་བཤད་འདུག
རྒྱལ་དབང་སྐུ་གོང་མ་ཞལ་བཞུགས་དུས་བོད་མི་ཚོས་འདི་འདྲ་བ་མང་པོ་བཤད་པ་རེད། སྐབས་དེ་དུས་དངོས་ནས་དེ་འདྲ་ཞིག་ཏུ་མཐོང་ཡོད་པ་རེད། ད་ལྟ་སྐུ་ཕྲེང་བཅུ་བཞི་བ་མཆོག་ལ་བོད་མི་ཚོས་འདི་ལྟར་ཆེ་བསྟོད་ཕུལ་བཞིན་པ་རེད། ཕྱོགས་ངོས་གཅིག་རང་གི་སྟེང་ནས་མཛད་རྗེས་ཁག་དམིགས་སུ་བཟུང་ན་རྒྱལ་དབང་སྐུ་ཕྲེང་གཉིས་ཀ་ནང་བཞིན་ད་བར་བྱོན་མྱོང་མེད་ལ། ཕྱིས་སུ་ཡང་འབྱོན་མི་ཐུབ་པ་གསལ་བོ་རེད། ཡང་ཕྱོགས་ངོས་གཞན་ནས་བཤད་ན་དེ་སྔ་མ་བྱོན་ཀྱང་འབྱུང་འགྱུར་མི་འབྱོན་པའི་ངེས་པ་གང་ཡང་མེད།
རྒྱལ་དབང་སྐུ་གོང་མས་སྐུ་ལས་མང་པོ་སྐྱོན་མཐར་བོད་རང་བཙན་གསལ་བསྒྲགས་གནང་ཐུབ་པ་རེད། ངོ་མས་གཟི་བརྗིད་ཆེན་པོ་རེད། རྒྱལ་ཁབ་ཅིག་གི་དབུ་འཁྲིད་ཀྱི་ངོས་ནས་ཞུས་ན་འགན་འཁུར་བ་རེད་ལ། འགན་འགྲུབ་པའང་རེད། རྒྱལ་དབང་སྐུ་ཕྲེང་འདི་བའི་དབུ་འཁྲིད་ཀྱི་འགན་འགྲུབ་རྒྱུར་ད་དུང་ཁ་ཚོན་གཅོད་ཁག་པོ་རེད། འདི་གཙོ་བོ་རྒྱལ་ཁབ་ཀྱི་དབུ་འཁྲིད་ཀྱི་འགན་འཁྲིའི་ཆ་ནས་བཤད་པ་ཡིན། དྲ་གྲོགས་མི་ཕོག་པའི་རེ་བ་ཆེ།
ཤར་ཕྱོགས་ཙི་ནི་ཡུལ་དུ་དམར་པོའི་རིང་ལུང་ཚུགས་ནས་བཅུ་ཕྲག་དྲུག་འཁོར་བའི་དུས་སྟོན་གྱི་ཉིན་མོ་འདིར། ཇི་ཙམ་གྱི་སྨག་མུན་གཏིབས་ན་དེ་ཙམ་གྱི་རིན་ཆེན་སྒྲོན་མེའི་གཟི་ཟིལ་བཀྲ་མདངས་ཆེ་རུ་འགྲོ་བཞིན་པའི་ངོ་སྤྲོད་ཞིག་ཞུས་པ་ཡིན་པས། དྲྭ་གྲོགས་རྣམས་ཀྱིས་དེ་བཞིན་དགྱེས་གཟིགས་གནང་བར་ཞུ།
རྒྱལ་དབང་སྐུ་འཕྲེང་རིམ་བྱོན་ནང་ནས་ད་ལྟར་ཞལ་དངོས་སུ་བཞུགས་པ་ཕུད། གུས་བཀུར་ཆེ་ཤོས་ཞུ་ས་དེ་རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཡིན། འཁོར་ཡུག་གི་གནས་ཚུལ་ལ་དཔག་པའི་བྱས་རྗེས་ཀྱང་ཆེ་ཤོས་ཁོང་རེད་བསམ་གྱིན་ཡོད།
ལགས་སོ་ལགས་སོ། རིག་ཀྱིས་བུ་དེ་དེ་བཞིན་ནོ། རིག་ཀྱིས་བུ་དེ་དེ་བཞིན་ཏེ།
ཇི་ལྟར་ཁྱོད་ཀྱིས་གསུངས་བ་དེ་བཞིན་དུ་ལགས་སོ།
དེ་རིང་སྐུ་ཉིད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞུ་རྒྱུ་ཡིན་ལགས།
རིག་པའི་རལ་གྲི་འདི་ཡང་ཅོལ་ཆུང་བླུན་པོ་ཆུ་སྣ་གང་བསྒྱུར་ཆོག་པ་ཞིག་ཡིན་ཚོད་གདའ། སྤྱིར་༧གོང་ས་མཆོག་ལ་བསྟོད་པ་ཕུལ་བར་ཡི་རངས་ཀྱི་མེ་ཏོག་གཏོར་བཞིན་མངོན་པར་བསྟོད་ཆོག་མོད། བོད་ཀྱི་ལོ་རྒྱུས་ཐོག་ཏུ་འདི་འདྲ་བ་བྱོན་མ་མྱོང་ལ་འབྱོན་མི་སྲིད་པ་རེད་ཅེས་ཁ་ཚོན་བཅད་ནས་བཤད་པ་འདི་ཉིད་བླུན་པོའི་རང་ཚུགས་ལས་མ་འདས་པས་ཆོས་སྲིད་གཉིས་ཐད་ནས་ཁྱོད་ཀྱིས་ཐག་གཅོད་བྱེད་མི་ཐུབ། དང་པོ་ཆོས་ལུགས་ཀྱི་ཐོག་ནས་བཤད་ན་བསམ་གྱི་མི་ཁྱབ་པའི་རང་བཞིན་དུ་གྱུར་པའི་༧གོང་ས་མཆོག་གི་མཛད་འཕྲིན་ལ་འདི་ཞེས་ཁྱོད་ཀྱིས་ཐག་གཅོད་མི་ནུས་ཏེ་ཁྱོད་ལ་དེ་འཇལ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར།
བགྲང་ཡས་འགྲོ་བའི་བསོད་ནམས་བགོ་སྐལ་དཔྱིད།།
གང་གི་སྐྱེས་རབས་བརྒྱུད་མར་བྱོན་པའི་ཚུལ།།
རྒྱལ་བའི་ལྗགས་ཀྱིས་བརྗོད་པ་མི་ནུས་ན།།
བྱིས་བློས་འཇལ་བར་འདོད་འདི་གད་མོའི་གནས།།
་་་་་་་་ད་ཁྱོད་མ་རིག་པའི་རལ་གྲི་ཟེར་ན་འགྲིག།
དེ་བཞིན་སྲིད་ཐོག་ནས་ཀྱང་༧གོང་ས་སྐུ་འཕྲེང་བཅོ་ལྔ་པ་དང་བཅུ་བདུན་པ་སོགས་ས་ཆེན་པོའི་གོ་ལའི་ཁྱོན་ཀུན་ཆོས་སྲིད་ལུགས་གཉིས་ཀྱིས་མངའ་འོག་ཏུ་བསྡུ་བ་དང་ཆེན་པོ་རྒྱ་དམར་ཚང་གིས་ཀྱང་ཞབས་རྡུལ་སྤྱི་བོས་ལེན་ནས་རྒྱ་བོད་ལྷན་འདུས་ཀྱི་ཆོས་རྒྱལ་ཆེན་པོ་ཆགས་པ་སོགས་ཡོང་མི་སྲིད་པ་མ་ཡིན་ཏེ་ད་ལྟར་ཁོང་གིས་དགྲ་གཉེན་རིས་སུ་མ་བཅད་པའི་ཐུགས་བསྐྱེད་ཀྱིས་ཚོགས་ཟུང་རླབས་པོ་ཆེ་བསགས་པ་ལ་འབྲས་བུ་ཞིག་ཡོད་ངེས་པའི་ཕྱིར། ད་དུང་བོད་ཀྱི་ལོ་རྒྱུས་ཁྲོད་དུ་བུ་མཁས་པ་ལ་ས་སྐྱ་པན་ཆེན། ཕོ་རྒོད་པོ་ལ་མི་ལ་རས་པ། རྗེ་བཙུན་པ་ལ་བློ་བཟང་གྲགས་པ་སོགས་དང་ཆོས་སྲིད་ལུགས་གཉིས་ཀྱིས་མཛད་འཕྲིན་མངོན་པར་མཐོ་བའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ཡང་༧གོང་ས་མཆོག་དང་མི་མཚུངས་པ་ཅི་ཡོད། ངོ་བསྟོད་གཅིག་གིས་བརྒྱུད་ནས་རྐུབ་སྟེགས་ཤིག་རག་ཐབས་བྱེད་བཞིན་ཡོད་པ་པ་ཡིན་ན་མ་གཏོགས་བསྟོད་པ་ཕལ་ཆེར་སྨད་པའི་གཞི་མར་འགྲོ་ཟེར་བ་འདི་མ་བརྗེད་པར་གྱིས།
མིའུ་ཕྲུག་ལགས། རྒྱུ་མཚན་མེད་བཞིན་ཡིན་པར་སྨྲ་བའི་ལྐུག་པའི་ཨུ་ཚུགས་དང་། རྣམ་པར་དག་པའི་རིག་པས་སྲེག་བཅད་བརྡར་བའི་གསེར་བཞིན་ལེགས་པར་བརྟགས་ནས་རྒྱབ་བརྟེན་གྱི་ཚད་མ་དང་བཅས་སྨྲས་པའི་མཛངས་པའི་སྡོམ་ཚིག་གཉིས་མ་ནོར་བ་བྱོས་ཤིག
ཕྱོགས་ཞེན་གྱིས་ཆགས་སྲེད་དང་། དྭངས་འདོད་ཡིད་ཆེས་ཀྱི་དད་པ་གཉིས་མ་ནོར་བ་བྱོས་ཤིག རི་བོང་ཅལ་འབྲོས་དང་། བདེན་བ་བསྒྲགས་ནོར་བ་འདོར་བ་གཉིས་མ་ནོར་བ་བྱོས་ཤིག
སྐུ་འཕྲེང་བཅོ་ལྔ་པ་དང་བཅུ་བདུན་པ་ལ་༧ གོང་ས་མཆོག་ལས་ལྷག་པར་ཡོང་བའི་རེ་རྒྱོབ། ཡག་པོ་རེད། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རེ་བ་ནི་རེ་བའི་མཆོག་ཡིན་པ་ནང་བཞིན། དམིགས་ཡུལ་མཆོག་ཞིག་ཏུ་རེ་བ་རྒྱག་ཡ་དེ་ནོར་ཡོད་མ་རེད། ང་རང་ཚོས་རེ་བ་དང་ཤུག་བསྣོན་རྒྱག་དགོས་ངེས་རེད།
ལྐུག་པའི་ཨུ་ཚུགས་དང་མ་འདྲེས།།
ཕྱོགས་ཞེན་བཙན་དུག་གིས་མ་སླད།།
ཕུགས་ལྡན་སྡོམ་ཚིག་ལ་གཟིགས་ནས།།
སྐལ་བཟང་རང་ངོ་དེ་འཕྲོད་འགྲོ།།
རིག་པའི་རལ་གྲི་ལགས།
ཁྱེད་ཀྱིས་དྭངས་འདོད་ཡིད་ཆེས་སུམ་ལྡན་གྱིས་དད་པས་༧གོང་ས་མཆོག་ལ་བསྟོད་པ་གནང་བར་ངས་དགའ་བསུ་དང་ཡི་རངས་ཞུ་དགོས་ངེས་རེད། འོན་ཏེ་ང་ཚོ་བོད་མི་ཡོངས་ལ་ཡོད་པ་ནི་རེ་བ་དང་དད་པ་གཉིས་ཁོ་ནར་ངེས་པས་དེ་གཉིས་ཀྱི་གནས་ལུགས་མང་པོ་ཞིག་མངོན་གྱུར་བྱེད་པ་ལ་བཀག་རྡོའི་རང་བཞིན་དུ་གྱུར་ཡོད། རྒྱུ་མཚན་དེས་ང་ཚོའི་རྩོམ་ཡིག་ཡོངས་རྫོགས་བསྟོད་པ་དང་སྨོན་ལམ་གཉིས་ཀྱི་རྭ་བ་ལས་བརྒལ་ཐུབ་མེད། སྤྱིར་བསྟོད་པ་དང་སྨོན་ལམ་གཉིས་ལ་དགེ་མཚན་མེད་པ་མིན་ཡང་ང་ཚོ་བོད་ཀྱི་བསྟོད་སྨོན་གཉིས་པོ་གནས་ལུགས་དང་མི་མཐུན་ཞིང་མཐུན་སྣང་གི་ཚད་ལས་བརྒལ་བས་ཕྱི་རབས་པས་ཡིད་ཆེས་ཀྱི་བརྟེན་དུ་འགྱུར་ཐུབ་པར་དཀའ། མཁས་པ་ཞིག་གིས། སློབ་མས་བྲིས་པའི་རྣམ་ཐར་ཕལ་ཆེར་ནི།། བསྟོད་པ་དྲག་པས་བླ་མ་ཟོག་པོ་གཏོང་།། ཟེར་བ་ལྟར་འགྱུར་གྱིན་ཡོད་ལ་ཁྱེད་རང་གིས་གོང་དུ་བྲིས་པ་དེའི་ནང་དུ་ཡང་དེའི་ཆ་མང་དུ་ཡོད། དཔེར་ན་རྭ་སྒྲེང་རྡོ་རྗེ་འཆང་ཟེར་བ་ལྟར་རེད་རྭ་སྒྲེང་ལ་རྡོ་རྗེ་འཆང་གི་ཁྱད་ཆོས་ཡོད་པ་ཕར་ཞོག་བོད་མི་ལ་རྒྱ་ཅན་ཞིག་ཀྱང་མ་ཡིན་པ་ལོ་རྒྱུས་ཀྱི་དེབ་ཐེར་ལས་གསལ་བ་ལྟར་རེད། ད་དུང་ངས་གོང་དུ་བསྟོད་པ་ཕལ་ཆེར་སྨད་པའི་གཞི་མ་འགྲོ་ཟེར་བའི་རྒྱུ་མཚན་ཡང་ཁྱེད་རང་གི་བསྟོད་པ་དེའི་ནང་་་་་ཞལ་ཤོབ་ནང་མའི་རྣམ་འགྱུར་ལྷོད་པོས། ཟེར་བ་འདི་ལྟ་བུས་སྨད་པ་ཆགས་ཀྱིན་ཡོད་ཞལ་ཤོབ་ཀྱི་དོན་ནི་རྫུན་དང་འདྲེས་པའི་ཀུ་རེ་འམ་རང་བསྟོད་བྱེད་པ་ལ་ཟེར་གྱིན་ཡོད་པ་དག་ཡིག་མང་པོ་ལས་བཤད་ཡོད། དེ་ཉིད་ཞེ་ས་མ་བྱས་ན་ཁྱེད་རང་གི་ཕ་ཡུལ་ཁམས་པའི་སྐད་དུ་སྒུབ་རྒྱག་ཟེར་བ་དེ་རེད་ང་ཚོས་རྒྱུན་དུ་ལྟོག་སྒུབ་མུག་སྒུབ་མ་བཤད་ཅེས་ཟེར་བ་ཁྱེད་ཀྱིས་ཀྱང་ལོས་ཤེས། ད་བར་ངས་ནི་༧གོང་ས་མཆོག་སངས་རྒྱས་དང་རྡོ་རྗེ་འཆང་དངོས་སོགས་མཐོང་ཐུབ་མ་སོང་ཀྱང་ཞལ་ཤོབ་བཤད་ཀྱིན་ཡོད་པ་གོ་མ་མྱོང་ཁོང་ནི་དྲང་བདེན་ཅན་གྱི་སྐྱེས་བུ་དམ་པ་ཞིག་རེད་སྙམ། འོ་ཡ་ད་ང་ཉལ་དགོས་ལོ
སྒྲོ་འདོགས་དང་འཁྱོགས་བརྗོད་ཀྱི་སྒོ་ནས་སོ་སོའི་བླ་མར་བསྟོད་པ་བརྗོད་ན། ཉིད་ཀྱིས་ཟེར་བ་བཞིན་ཕན་གནོད་གང་ཆེ་མ་ཤེས་རུང་། ངས་ཞུས་པ་ནི་གོང་ས་མཆོག་གིའི་རང་བཞིན་ཇི་བརྗོད་པ་དེ་ཡིན། རིན་ཆེན་དང་པོའི་རང་བཞིན་བརྗོད་པ་དང་། ར་གན་ལ་གསེར་དུ་འདོགས་ནས་འཁྱོགས་བརྗོད་གཉིས་ལར་ནས་མི་འདྲ། ཡོན་ཏན་ཇི་བཞིན་བརྗོད་པ་དང་། སྐྱོན་ཇི་བཞིན་བརྗོད་པའི་སྒྱུ་རྩལ་གྱི་སྙན་ངག་ནི་སྒྱུ་རྩལ་གྱི་རྒྱལ་པོ་རུ་འདོད།
ར་སྒྲེང་རྡོ་རྗེ་འཆང་ཉིད་ཀྱི་རྣམ་ཐར་བཅོས་མིན་ཤེས་པར་འདོད་ན། ཁོང་གིའི་སློབ་དཔོན་དང་སློབ་མ་གཉིས་ཆར་ཡིན་ཞིང་། གསང་སྔགས་རྙིང་མ་པའི་དོན་གྱི་མཁས་གྲུབ་ཆེན་པོ་བྱ་བྲལ་སངས་རྒྱས་རྡོ་རྗེར་བཀའ་དྲི་ཞིག་གནང་དང་ཇི་བཞིན་ཤེས་པར་འགྱུར།
ཞལ་ཤོབ་ཡིད་དབང་འཕྲོག་ནུས་པ་ནི། དེང་དུས་ཀྱི་གསར་ཚར་རྣམས་ཀྱི་ཡིད་དབང་འཕྲོག་བྱེད་ཀྱི་ཐབས་ཤེས་གཙོ་བོ་ཞིག་ཡིན་པས་དུས་རབ་དང་མཚམ་པའི་དགེ་རྒན་རྣམ་ལ་མེད་དུ་མི་རུང་བ་ཞིག་གོ།
ཡོན་ཏན་ཇི་བཞིན་བརྗོད་པ་དང་། སྐྱོན་ཇི་བཞིན་བརྗོད་པའི་བདེན་དོན་ལས་རང་རེ་བོད་ནམ་ཡང་མི་འདའ་བའི་རེ་སྨོན་རྒྱག་གི་ཡིན།
ཀླད་རྙིང་དྲི་ངད་ཐུལ་པའི་རིག་རལ་དང་།།
སྒྱུ་རྩལ་གཏམ་གྱིས་སྤུད་པའི་མིའུ་ཕྲུག་གཉིས་།།
ཟུང་དུ་སྡེབ་ནས་ཁ་བརྡ་ཁུ་སིམ་འདི།།
དོན་སྙིང་ལྡན་པའི་འཁྲུགས་ཆ་ཅན་ཟིག་རེ།།
སྐྱོན་འདོགས་མེད་ན་ཡར་རྒྱས་མེད།།
བསྟོད་པ་མེད་ན་ང་རྒྱལ་མེད།།
རྭ་སྒྲེང་མེད་ན་རྒྱལ་མཆོག་མེད།།
སི་ཏུ་མེད་ན་རྒྱལ་དབང་མེད།།
མིག་རྒྱན་ངུར་སྨྲིག་ཞིག་ཀླུབས་ཏེ།།
ཁྲལ་འཇལ་འཚོགས་སྒྲིགས་ཙམ་སྲུངས་ནས།།
ལྐོག་ཏུ་རྭ་བ་ལས་ཐར་བའི།།
རྟགས་ཙམ་འཛིན་པ་ལ་འདུད་དོ།།
ཕྱོགས་ཞེན་དམ་པོ་ཡིས་གཅིང་ཞིང་།།
ལུང་ཤུན་འདྲེན་པ་ཙམ་ཤེས་ནས།།
མི་མགོ་སྐོར་མཁན་གྱི་ཆོམ་པོ།།
དུས་མཐའི་མཁས་པ་ལ་འདུད་དོ།།
རང་སྣང་ཞིམ་པོ་ཞིག་ངང་ལ།།
བྱིང་འཐིབས་སོས་དལ་ཞིག་བྱུང་ན།།
ཕྱག་རྒྱ་ཆེན་པོ་རུ་འཁྲུལ་བའི།།
དུས་མཐའི་སྒོམ་ཆེན་ལ་འདུད་དོ།།
སྐྱབས་ཡུལ་གང་ཡིན་ཙམ་མ་འཚལ།།
ཤི་བོའི་ལམ་སྟོན་ཀྱི་སྐྱེ་སྤྲུལ།།
དངུལ་དགའི་མཛེས་མ་ཡི་སྙིང་གྲོགས།།
དུས་ངན་དམ་པ་ལ་འདུད་དོ།།
ཆོས་འཕེལ་ཆོས་མེད་རང་མ་ཡིན།།
ཆོས་མིན་ཆོས་སུ་རང་འདོད་པའི།།
སྐྱེ་བོའི་ངང་ཚུལ་གྱིས་སྐྱོ་ནས།།
ཆོས་བྱེད་རྫུན་མལ་་སྡང་གི།།
བོད་ནང་དུ་ར་སྒྲེང་དང་སྟག་བྲག་གི་སྐོར་ལ་དཔེ་དེབ་གསར་བ་མང་པོ་འདོན་གྱི་འདུག ངས་ཀྱང་དེབ་མི་འདྲ་བ་གསུམ་ཙམ་ཀློག་མྱོང་། དེའི་རྩོམ་པ་པོ་དེ་ཚོ་ལ་གཞུང་ནས་དམིགས་བསལ་ཕོག་སྤྲད་ནས་དེབ་འབྲི་འཇུག་གི་འདུག དེབ་འདོན་སྐབས་ཀྱང་དམིགས་བསལ་གྱི་འགྲོ་སོང་གཏོང་གི་འདུག། བཙན་བྱོལ་དུ་འབྱོར་རྗེས་དེའི་སྐོར་ལ་གླེང་སློང་གང་ཡང་མི་འདུག དེ་ནས་ངའི་སེམས་ལ་བོད་ནང་དུ་གོང་རིམ་ནང་དུ་བསམ་བཟས་ནས་དེའི་སྐོར་གླེང་ནས་རྙོག་དྲ་ཅིག་བཟོ་གི་མེད་གྲོ་བསམ་པ་ཅིག་སྐྱེས་སོང་།
མ་གཞི་ར་སྒྲེང་གཅིག་བུ་མ་རེད། ངས་བསམ་ན་སྟག་བྲག་ཀྱང་བོད་དོན་ལ་བྱས་རྗེས་ཅན་ཞིག་རེད་བསམ། འོན་ཀྱང་ ༧གོང་ས་བཅུ་བཞི་བ་ཆེན་པོའི་སྐོར་ལ་ར་སྒྲེང་བྱས་རྗེས་ཆེ་ཤོས་རེད་བསམ།
གཞོན་ནུ་ཟླ་མེད་ལགས། གུས་པས་ར་སྒྲེང་སྐོར་ཀུན་བཏུས་ཞེས་པའི་གློག་བརྙན་ནང་དང་། གང་ས་མཆོག་གི་རྣམ་ཐར་ཁག་ལས་རོབ་ཙམ་མཇལ་བ་མ་གཏོགས་ཤེས་ཀྱི་མེད། ཁོང་བཀའ་དྲིན་ཆེན་པོ་རེད་བསམ་གྱིན་ཡོད། གོང་ས་མཆོག་ཁོང་མེད་ན་ངོས་འཛིན་ཐུབ་ཡོད་ན་བསམ་གྱིན་ཡོད། རེད་དམ་མ་རེད། མིའུ་ཕྲུག་གི་ཁ་ལ་བལྟ་ཡ་གང་ཡང་ཡོད་མ་རེད།
གཞོན་ནུ་ཟླ་མེད་ལགས། བོད་ནང་རྭ་སྒྲེང་དང་སྟག་བྲག་སྐོར་གྱི་དེབ་མང་པོ་འདོན་གྱི་འདུག་ཟེར་བ་དེ་ཉེ་ཆར་རེད་དམ། དེ་སྔོན་༼ བོད་ཀྱི་ལོ་རྒྱུས་རིག་གནས་རྒྱ་ཆ་འདེམས་བསྒྲིགས༽ཞེས་པའི་དེབ་ཕྲེང་དག་གི་ནང་རྭ་སྟག་སྐོར་མང་པོ་འདུག ཡང་མིན་ན་དེ་དག་ལ་ཟེར་གི་མེད་དམ། གལ་སྲིད་གསར་བ་ཞིག་བཤད་ཀི་ཡོད་ན་ཁྱེད་ཀྱིས་བཀླགས་པའི་དེབ་གསུམ་ཀའི་མིང་འདི་གར་འཇོག་རོགས་གནོངས། ང་ལ་དེ་དག་ཅུང་གལ་ཆེན་པོ་འདུག ཐུགས་རྗེ་ཆེ།
ལོ་རྒྱུས་ཀྱི་བྱུང་བ་ནི་སུས་ཀྱང་བཅོས་སུ་མེད་པའི་གནད་དོན་ཞིག་ཏེ་བཟང་ངན་གྱི་བྱ་བ་གང་ཞིག་བསྒྲུབས་ཡོད་མེད་
དེ་ཉིད་ཕྱིས་བྱུང་གི་སྐྱེས་བོས་བསྟོད་སྨད་ཀྱི་ཡུལ་དུ་འགྱུར་བ་ནི་ཆོས་ཉིད་ཅིག་ཡིན་སྟབས། འདས་ཟིན་པའི་རྭ་སྒྲེང་ལོ་རྒྱུས་ལ་ཕྱིར་བལྟས་བྱས་པ་ཡིན་ན་དགེ་མཚན་དང་ཉེས་སྐྱོན་གཉིས་ལྡན་ཞིག་ཡིན་པར་རྭ་སྟག་གི་དོན་སྐྱེན་དང་སྲིད་དོན་རྒྱལ་རབས་སོགས་ལས་གསལ་བོར་མཐོང་ཐུབ། ཁྱད་པར་དེང་དུས་རྒྱ་དམར་གྱིས་བོད་རྒྱ་ཁོངས་ཡིན་པའི་སྒྲུབ་བྱེད་ཁྱེར་བཞིན་པའི་རྭ་སྒྲེང་གིས་རྒྱ་ནག་ལ་བསྐུར་བའི་ཡི་གེ་དག་ལ་བལྟས་ཚེ་རང་གི་ཁ་ཕོར་དང་རྐུབ་སྟེགས་ཀྱི་ཆེད་དུ་བོད་སྤྱི་བའི་གནད་དོན་བློས་བཏང་བའི་ངང་ཚུལ་ཞིག་མཐོང་བས་རིག་པའི་རལ་གྲིས་དེར་བསྟོད་པ་བྱེད་ལུགས་ལ་བལྟས་ན་ཁོང་ཅག་རིགས་གཅིག་པའི་བདག་ཉིད་དེ་་་་་་སུ་ཞིག་ཡར་འདེགས་པའི་ཆེད་གང་ཞིག་ལ་བསྟོད་པ་བྱེད་པ་་་་་་་་་་་་་་་་་་འོ་ཡ་ད་མ་བྲིས་ན་བཟང་་་
ད་དུང་ཁྱེད་ཀྱིས་༧གོང་ས་མཆོག་གི་བླ་མའི་གྲལ་དུ་༧ཆོས་རྗེ་འཇིགས་མེད་ཕུན་ཚོགས། གཏེར་ཆེན་འོད་གསལ་རྡོ་རྗེ། སྒར་རྗེ་ཁམས་བྱུང་སྤྲུལ་སྐུ། གྲུབ་དབང་རྭ་སྟག་ཀ་ལུ། སོགས་མ་འདྲེན་པ་འདི་ལ་བསམ་བློ་ཞིག་བཏང་རྒྱུ་འདུག
རིག་པའི་རལ་གྲི། ཁྱེད་ཀྱི་གསུངས་པ་བདེན་པ་རེད། ༧ གོང་ས་མཆོག་ཐུག་ཐག་གཅོད་ཕྱོགས་ཐད་ནས་ར་སྒྲེང་རིན་པོ་ཆེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དེའི་སྐོར་ལ་ངས་ཁྱོད་ཀྱི་གསུངས་པ་ལ་མངོན་པར་བསྟོད་ཀྱི་ཡོད།
དེ་ནས་གསེར་བརྗེ་སྐྱབས་ལ་ཞུ་རྒྱུ་ཅིག་ལ་ར་སྟག་སྐོར་ལ་༼ བོད་ཀྱི་ལོ་རྒྱུས་རིག་གནས་རྒྱ་ཆ་འདེམས་བསྒྲིགས༽ སྐོར་དང་། ཡང་དམིགས་བསལ་གྱི༼ ར་སྟག་དོན་རྐྱེན་༽ ཟེར་བའི་དེབ་མཐུག་པོ་ཞིག་ཀྱང་ཐོན་འདུག དེ་མིན་གཞན་དེའི་མིང་དྲན་གྱི་མི་འདུག ར་སྟག་དོན་རྐྱེན་ཟེར་བ་འདི་ནི་ཀུན་བདེ་གླིང་ཇ་སག་གི་ལག་ནས་ངས་གཅིག་གཡར་བ་ཡིན།
རིག་པའི་རལ་གྲི་ལགས་ལ་ཡང་བསྐྱར་ཞུ་རྒྱུ། ཁྱེད་རང་གིས་ངན་པའི་ཕྱོགས་མ་མཁྱེན་པ་མ་རེད། ཡིན་ན་ཡང་བཟང་ཕྱོགས་རྐྱང་དང་། བོད་སྤྱི་ལ་ཕན་པ་རྐྱང་གླེང་ཡོང་གི་ཡོད་པ་ངས་ཐག་བཅད་ཡོད། འདིའི་མིའི་གཤིས་ཀ་དང་། རང་ཉིད་ལ་སློབ་སྦྱོང་ཇི་ཙམ་ཡོད་མེད་ཆ་ཚང་ཤེས་ཡོང་གི་རེད། དཔྱོད་ལྡན་ཚང་མས་ག་དུས་ཡིན་ན་ཡང་ཁྱེད་ལ་དགའ་བསུ་ཡོད་ཡོད་པ་རེད། ངས་དུས་ནམ་ཡང་རྗེས་སུ་ཡི་རངས་ཞུ་ས་ཁྱེད་རང་ཡིན།
མིའུ་ཕྲུག་ཟེར་བ་ནང་བཞིན་ཆོས་རྗེ་འཇིགས་མེད་ཕུན་ཚོགས་བསྣན་རྒྱུ་བརྗེད་འདུག་ལ། གཞན་རྣམས་ཀྱི་མིང་ཡང་ཐོས་མ་མྱོང་། ཉིད་ཀྱི་ངོ་སྤྲོད་དང་། དེ་དག་གི་མདུན་ནས་བཀའ་ཆོས་གང་དང་གང་གསན་ཡོད་མེད་ཀྱི་ངོ་སྤྲོད་ཞིག་གནང་རོག་དང་དེ་ནས་བརྟགས་དཔྱད་རེ་བྱས་ཞིག་རིམ་བཞིན་འགོད་ཆོག
རྭ་སྟག་གི་དོན་རྐྱེན་འདི་སྔོན་མ་ཞིག་ལ་མཚོན་ན་རྒྱ་མའི་བོད་ནང་ལ་དཀྲུགས་ཤིང་རྒྱག་བྱེད་ཀྱི་
ལག་ཆ་ལྟ་བུ་ཞིག་ཡིན་མོད། དེང་སང་དེའི་སྐོར་གླེང་བས་ཕན་གནོད་གང་ཡང་མེད་པ་ཞིག་ཏུ་གྱུར་
ཟིན་པ་རེད་སྙམ། རྭ་སྒྲེང་གི་སྐོར་ཞིག་ཁ་སྔོན་ཨ་རའི་གློག་འཕྲིན་ཁང་དུ་སྐུ་ངོ་རྒྱ་ལོ་དོན་འགྲུབ་ཀྱིས་བཅར་
འདྲི་དངས་ལེན་སྐབས་ཀྱི་གསུངས་བཤད་དེ་ཚོ་ལ་ཉན་ན་གོ་རྒྱུ་རེ་ཏན་ཏན་འདུག
རྭ་སྒྲེང་འདི་སྟག་བྲག་ལྟོས་ན་ལྟ་རྒྱ་མཐོང་རྒྱ་ཆེན་པོ་དང་ཆབ་སྲིད་ལ་མཁས་པའི་གནད་ཡོད་མི་སྣ་ཞིག་
མིན་འགྲོ་བསམ། གང་ལྟར་ཡང་རྭ་སྟག་གི་དོན་རྐྱེན་འདི་ང་ཚོ་ཚང་མ་བློ་ཕམ་སྐྱེ་གཞི་ཞིག་རེད་འདུག་ལ་
དགྲ་དགའ་གཉེན་སྡུག་གི་བྱ་བ་མང་པོ་ཞིག་ཀྱང་བྱུང་འདུག
ང་ལ་སྐུ་ངོ་རྒས་པོ་ཞིག་གི་བཤད་རྒྱུ་ལ་སྟག་བྲག་ནི་བླ་རྒན་རྒས་འཁོག་རོ་ནང་བཞིན་ཞིག་ལས་ཁོས་
ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མི་འདུག་ཟེར།
ཟམ་གདོང་བླ་མའི་བཀའ་སློབ་ཞིག་ཏུ་སྟག་བྲག་གི་འོག་གི་ལས་བྱེད་པ་དམར་ཆེན་རྒུར་གསུམ་ཟེར་བའི་
མགོ་མི་ཚོས་མཁན་གྱི་གཞུང་ཞབས་དེ་ཚོས་རང་ཁེ་འབའ་ཞིག་ལ་བསམ་མནོ་བཏང་སྟེ་བོད་དོན་འཐུས་ཤོར་
སོང་བའི་ཚུལ་གྱི་གསུང་བཤད་ཀྱང་འདུག རྒྱལ་སྤྱིའི་གནས་ཚུལ་དང་རྒྱ་དཀར་ནག་བར་གྱི་འབྲེལ་ལམ་
དེ་བཞིན་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་རྒྱ་གར་ལ་བོད་རང་བཙན་གཙང་མ་ཡིན་པའི་
ངོས་ལེན་བྱེད་འདོད་ཧ་ཅང་ཆེ་བའི་དུས་ཚོད་རྩ་ཆེན་རྣམས་ཆུད་ཟོས་སུ་བཏང་སྟེ་བོད་ཕུང་དུ་བཅུག་
པ་འདྲ་ཞིག་མཐོང་གི་ཡོད།
གཟུགས་ཅན་གྱི་དངོས་པོར་གྲུབ་ནས་ངོས་གཉིས་ཡོད་དགོས་པ་བཞིན། འཇིག་རྟེན་གྱི་ཆོས་ཀྱི་ལས་ཀ་ཞིག་ཡིན་ནས་བཟུང་བཟང་ངན་གཉིས་འབྱུང་གི་ཡོད་པ་དེ་ཆོས་ཉིད་རེད། ཉེ་ཆེར་ཨིན་ཌུ་ནི་ཤི་ཡུལ་དུ་ས་ཡོམས་ཀྱིས་མི་མང་གི་ཚེ་སྲོག་ཤོར་བའི་རྒྱུ་རྐྱེན་མང་པོ་ཞིག་ཡོད་ཀྱང་གཙོ་ཆེ་ཤོས་དེ། རང་བྱུང་གི་འབྱུང་བའི་དགྲ་དང་། ས་ཡོམས་ཡོང་སའི་ལམ་འགག་ཞིག་ཏུ་ཁེལ་བའི་རྒྱུ་མཚན་གྱིས་རེད། དཔེ་དེ་ནང་བཞིན་རང་རེའི་བོད་ས་རྒྱུ་ནོར་མི་བཅས་ཤོར་བའི་རྐྱེན་ལ་ནང་ཁུལ་གྱི་མིའི་བྱས་ཉེས་ཀྱང་ཡོད་སྲིད་ཀྱང་གཙོ་བོ་ནི། རྒྱ་མིར་ས་ཆ་དགོས་གལ་ཆེ་བས་རྐྱེན་བྱས། དམར་པོའི་སྟོབས་ཤུགས་ཀྱིས་འཕྲོག་པ་ཡིན་པ་གསལ་པོ་རེད། ལན་ཁག་དེ་དག་རང་རེའི་བོད་ཁོ་ནར་དཀྲིས་ན་གནས་ཚུལ་དང་མཐུན་པ་ཞིག་མ་མཐོང་། པན་ཆེན་རིན་པོ་ཆེ་ཞལ་སྔ་ནས། ནམ་མཁར་ཡར་འཆང་ན་མར་ཟག་རྒྱུ་ལས་མེད་པར་བཞིན། རྒྱ་གཞུང་ལ་འཁྲུགས་ན་བོད་ཕམ་རྒྱུ་ལས་ཡོད་མ་རེད་གསུང་པ་དེས་གསལ་པོ་བསྟན་མི་འདུག་པས།
ནུབ་ཕྱོགས་པའི་མིས་སོ་སོའི་ཕ་མ་དྲིན་ཆེ་བའི་རྒྱུ་མཚན་ཆེར་མེད། ཁོང་རྣམས་ཀྱིས་རང་རང་སོ་སོའི་ཆེད་དུ་ང་ཚོ་ཕྲུག་གུ་རྣམས་བཟོས་པ་མ་གཏོགས་རང་རེའི་ཆེད་དུ་གང་ཡང་མ་རེད། ཟེར་བ་དང་ཕྱོགས་མཚུངས། བོད་ཀྱི་ཁྱིམ་ཚང་ཁ་འཐོར་གྱིས་ཡིད་ལུས་གཏད་སའི་གོང་ས་མཆོག་ར་སྒྲེང་མེད་ན་ངོས་འཛིན་ཐོབ་ཡོད་པ་ཁག་པོ་ཡིན་པའི་རྒྱུ་མཚན་གྱིས། ངས་ནི་བཟང་ངན་གང་ལྟར་བོད་ཀྱི་ཁྱིམ་ཚང་གི་ཕ་མ་ནང་བཞིན་དུ་ཆགས་འདུག་བསམ་གྱིན་ཡོད།
ཁ་སེང་ཆོས་འཕེལ་ལགས་ཀྱིས
ར་སྒྲེང་མེད་ན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མེད་ཅེས་དང་།
སི་ཏུ་རིན་པོ་ཆེ་མེད་ན། བཅུ་བདུན་པ་ཆེན་པོ་མེད་ཟེར་བ་ཐུགས་མད་དོ།
མཁའ་རླུང་བསིལ་པོ་ཞིག་གི་རེག་བྱས་བ་སྤུའི་རྩ་བར་སིམ་པ་སྟེར་བ་དང་ལྷན། ཞལ་རླུང་རིང་ཞིང་སྒྲ་མེད་ཅིག་འཐེན་པས། བརྗོད་མི་ཤེས་པའི་མལ་གསོ་ཐོབ་པ་དང་མཉམ་དུ། མཛེས་ཤིང་གཙང་བའི་འཁོར་ཡུལ་ལ་རིམ་གྱིས་བལྟས། བྱང་ངོས་ཀྱི་གངས་རི་དེ་མིག་སྔར་འཚེར་ཞིང་བྱུང་པས། འཇིག་རྟེན་འདིས་ཐོག་ཏུ་ཐོག་མར་གོམ་པ་བོར་ས་དེ་ཡིད་ངོར་ལྷང་ལྷང་དུ་དྲན། ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ད་དུང་འབྲོག་པའི་ཤ་མར་ཞོ་འོ་སོགས་ཡིད་ཡུལ་དུ་འཆར་ནས། དཀྲེས་སྐོམ་གྱིས་མནར་བའི་རིག་པའི་རལ་གྲིའི་མིག་ཟུང་ལས་འབབ་པའི་གཞུར་རྒྱུན་ནི་ཁ་བརྡ་དྲྭ་ཐོག་དུ་ཁེར་རྐྱང་གི་ཚོར་བ་དང་ལྷན་དུ་འཁྱིལ། ད་དུང་ཀླད་རྙིང་ལས་དྲངས་པའི་དྲི་ངན་གྱིས་དུས་རབ་གསར་བར་འཆོང་བའི་གསར་ཚར་བ་བདག་འདྲ་ལ་སུན་པོ་ཚད་མེད་རེ་བཟོ་བཞིན་་་་་་་་་་་་་་་ཧ་ཧ་ཧ་ཧ་
མ་གཞི་ཁ་སྔོན་བོད་ནང་ནས་ང་ལ་མི་ཅིག་གིས་པར་གཉིས་བསྐུར་སོང་། དང་པོ་དེ་སྟག་འཚེར་ཉེ་འགྲམ་གྱི་ཞིང་ཁ་ཅིག་ན་མཆོད་རྟེན་ཅིག་འདུག དེ་ནི་༧གོང་ས་བཅུ་གསུམ་པ་ཆེན་པོ་དེའི་སྤང་ངོས་སུ་བཞུགས་ནས་༧གོང་ས་བཅུ་བཞི་བ་འཁྲུངས་ས་ལུང་བསྟན་སའི་ས་རེད་ཟེར། དེང་སང་དེ་ལ་མཆོད་རྟེན་བརྩིགས་འདུག གཞན་༧ གོང་ས་བཅུ་བཞི་བ་ཆེན་པོའི་འཁྲུངས་གཞི་རེད། དེ་ཡང་ཅུང་ཟད་ཞིག་གསོ་བྱས་ནས་རྒྱ་ཆེ་རུ་བཏང་འདུག
ཧ་ཧ་ཧ་ཧ་ཧ རིག་པའི་རལ་གྲིའི་ལུང་རིག་གི་གསུང་ཞིམ་དངར་མོ་ཐུལ་བས། རྭ་ཡིག་གཉིས་པ་གཞོན་ནུ་སོགས་རྩེ་དགས་རོལ་བཞིན། བསྟོད་དབྱངས་ཀྱི་མགྲིན་གླུ། ཡིད་ཀྱི་མཛངས་མ་དང་བྲལ་བའི་ཆོས་འཕེལ། བར་བརྒལ་གྱི་ལམ་དུ་སྐྱེས་པའི་ལྕང་མའི་གྲིབ་མར་ངལ་གསོ་བྱེད་བཞིན་པའི་རྣ་བའི་གཤེད་དུ་གྱུར་ནས། འཁྲུལ་སྣང་གི་གར་སྟེགས་ལས་ཀྱང་བྲོས་ལ་ཕྱོགས། མ་ཟད་མགྲིན་པ་གནང་པའི་ཚིར་སྒྲ་ཞིག་གིས། ཁོག་ཏུ་ཡོད་པའི་ནད་ངན་དེ་སྟོན་གྱིན་སྟོན་གྱིན་་་་་་་་་་་ མིའུ་ཕྲུག་གི་ལྷུམས་སུ་འཐིམས་་་་་
དུས་བབ་ཀྱི་མིའུ་ཕྲུག་གི་ཟིན་བྲིས་སུ་བལྟས་པས། མིའུ་ཕྲུག་ངུ་དགོས་པ་ཞིག་བཟོས་བཞག་འདུག ཨ་ཁ་ཨ་ཁ།
ལྗང་མདོག་གིས་འཚོས་པའི་ཀླད་རྙིང་ལས་ཞེན་ཆགས་ཀྱི་དྲི་བསུང་ཕྱོགས་ཀུན་འཐུལ་བས་བཟང་ངན་མི་ཤེས་པའི་དུག་སྦྲང་ཁ་ཤས་ལྡིང་སྐོར་བྱེད་པ་བདེན་ངེས་ཀྱང་། དུས་རབས་ཀྱི་ཁུགས་སོ་ནས་ཡར་རྒྱས་ཀྱི་འཕར་རྩ་སྙིང་ཁམས་སུ་བྲིས་ཏེ་ཤེས་ཡོན་གྱི་གོམས་སྟབས་ཟབ་མོས་མདུན་བསྐྱོད་ཀྱི་གར་ལ་རོལ་བའི་ཆོས་འཕེལ་ནི། རྣ་བ་སུན་པའི་དུག་སྦྲང་གི་སྐད་ངན་དང་རུལ་དུག་བྲོ་བའི་རིག་རལ་གྱི་བསེ་དྲི་ལ་རང་བཞིན་གྱིས་རྒྱང་བསྐྱེད་དགོས་པའི་གཏན་ཚིགས་ཟབ་མོ་ཞིག་ལོས་རྙེད། ད་དུང་ཁོང་གིས་ལྷག་བསམ་རྣམ་དག་ངང་ནས་རིག་རལ་གྱི་མཆན་འོག་ཏུ་སྦས་པའི་ཞེན་ཁོག་གི་བསེ་རགས་དེ་གཤའ་བཅོས་བྱེད་དགོས་པའི་གནས་ལུགས་ཇི་ལྟར་སྒྲོག་ཀྱང་མ་རིག་པའི་རལ་གྲི་འདིས་མགོ་བོ་ཐུར་དུ་སྒུར་ནས་མིག་ཟུང་རྡོག་སྣེ་ཁོ་ན་ལ་ཕྱོགས་བཞིན་འདུག།
རྭ་སྒྲེང་རིན་པོ་ཆེ་འདི་ཆོས་ལུགས་རིས་མེད་ལ་དད་པ་དག་སྣང་ཡོད་མཁན་ཞིག་དང་ཆབ་སྲིད་ཀྱི་མཐོང་རྒྱ་ཡང་མི་དམན་པ་ཞིག་ཡོད་ཅིང་བོད་ལ་ཕན་ངེས་པའི་རླབས་ཆེན་གྱི་མི་སྣ་ཞིག་ཏན་ཏན་རེད་འདུག
ཁོང་གིས་ཅང་ཅེ་ཧྲི་ལ་འབྲེལ་ལམ་འཛིན་པ་དེ་ཡང་ནོར་བ་ཞིག་རྩ་བ་ཉིད་ནས་མ་རེད། གཅིག་ན་ཅང་ཅེ་ཧྲི་འདི་ནང་པའི་རྒྱལ་པོ་ཞིག་ཡིན་པའི་ཆ་ནས་བསམ་ན་ཡང་ནང་པ་དམར་ཕྱོགས་པ་གཉིས་ལས་ནང་པ་འདམ་གྱི་རེད་ལ་ང་ལ་མཁས་པ་ཞིག་གིས་བཤད་རྒྱུར། སྐབས་དེ་དུས་རྒྱ་ནག་དམར་ཤོག་ཚོགས་པ་ལ་བོད་དང་གོ་མེན་ཏང་གཉིས་མཉམ་འབྲེལ་བྱེད་དམ་སྙམ་པའི་དོགས་པ་ཡོད་པ་རེད་ཟེར། གལ་ཏེ་དེ་འདྲ་ཡིན་ན་སྐབས་དེ་དུས་ང་ཚོས་གོ་མེན་ཏང་དང་མཉམ་འབྲེལ་གྱིས་དམར་ཤོག་ཚོགས་པ་ལ་རྒོལ་ལན་སློག་རྒྱུའི་གོ་སྐབས་ཤིག་ཏན་ཏན་ཡོད་པ་རེད། གནད་དོན་འདི་ནི་ཆོས་ལུགས་ཀྱི་ཆ་ནས་རྒྱ་བོད་གཉིས་ཀའི་ནང་པ་མཉམ་འབྲེལ་གྱིས་ཆོས་མེད་སྨྲ་བ་དམར་ཤོག་ཚོགས་པ་ལ་ཕར་རྒོལ་བྱེད་ཀྱི་དེ་དང་། ཆབ་སྲིད་ཀྱི་ཆ་ནས་རྒྱ་ནག་ནང་ཁུལ་ལ་དམར་ནག་གཉིས་འཁྲུག་བཅུག་ན་དེ་ལས་ལྷག་གི་ཆབ་སྲིད་གཏིང་ནག་ཅིག་མི་དགོས་པ་ལྟ་བུ་རེད་འདུག རྭ་སྒྲེང་ལུང་གིས་ལུང་བསྟན་པའི་ལུང་དོན་ཡང་ཕལ་ཆེར་དེ་ལྟར་འགྲེལ་དགོས་པ་རེད་གསུངས་མཁན་འདུག
འདི་ང་རང་གི་བསམ་ཆ་ཙམ་དྲྭ་གྲོགས་ཚོ་ལ་ཞུས་པ་ཡིན་པས་བཀའ་བཀྱོན་དྲག་ཏུ་མི་གནང་བར་ཞུ་ཞུ་ཞུ།
རིག་རལ་གྱིས་བཤད་པ་བདེན་པ་རེད། ཁྱེད་ཅག་གི་རུལ་སོང་དང་ཕྱོགས་ཞེན་ད་དུང་ཀླད་རྙིང་བཅས་ལ་ང་ངོ་མ་ངུ་ཤོར་གྱིན་འདུག།
གོང་དུ་བཤད་པའི་དོན་དེ་རྒྱ་ནག་གོ་མེན་ཏང་གི་དམག་མི་བོད་ཀྱི་ས་ཁུལ་དུ་སླེབས་ནས་ཕྱིར་རྒྱ་དམར་ལ་རྒོལ་ལན་ཞིག་སློག་ཚེ་བོད་ཀྱི་ས་བཙན་པའི་དབང་གིས་རྒྱ་དམར་བོད་དུ་སླེབས་པའི་གོ་སྐབས་རྩ་བ་ཉིད་ནས་མེད་པར་ཤོད་ཀྱིན་འདུག་པ་དཔེར་ན་ཐེ་ཝན་འདྲ་བོ་ཞིག་ལ་གོ་བ་ལེན་རྒྱུ་འདུག་ལགས།
མིའུ་ཕྲུག་གིས་བཀའ་བཀྱོན་གནང་བ་ལ་ཕྲན་གྱིས་ངོས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཀྱང་སྤྱིར་འཇིགས་རྟེན་གྱི་ལྟ་གྲུབ་མི་འདྲ་བ་འདི་ཚོ་ལ་རྒྱུ་མཚན་རེ་ཡོད་མི་སྲིད་པ་མ་རེད།
དུས་ནད་ཀྱིས་མེ་དྲོད་ཉམས་པའི་མིའུ་ཕྲུག་གི་གྲོད་པ་ཆུང་ཆུང་དེས། ཟབ་བརླིང་དྭང་མའི་བཅུད་ཆེན་གྱི་ཟས་རྣམས་མ་ཞུ་པའི་མི་འདོད་པའི་སྐད་ངན་འཚེར་བས། ལྷིང་འཇགས་ངང་དངར་ཞིང་ཕན་པའི་གསུང་ཞིམ་གཞིབ་པའི་རྐང་པ་དྲུག་ལྡན་རྣམས་གང་སར་བསྐྲད།
ངན་སྐྱུགས་ལ་དགའ་བའི་ཆོས་འཕེལ་སོགས་རྒྱུག་ཁྱི་རེ་ཟུང་ལས། ཁེར་རྐྱང་དུ་ལུས་པས། ཤེས་རབ་མར་རྫུས་པའི་རང་རྐུབ་དེ་བརྡོལ་བ་ནས་བཟུང་། གནོང་འགྱོད་ཀྱི་མུན་མཚམས་ཉིན་ཤས་སྡད་ནས། ད་དུང་ཁ་སྒྲོབ་གྱི་རྦུ་བ་ཞིག་ཁྱེར་ནས་་་་་་་་་་་་་ཧ་ཧ་ཧ་ཧ་ཧསླར་ཡང་ཐོན།
མ་རིག་པའི་མདངས་ཀྱིས་འཁྱུད་པའི་མིག་ཤེལ་སེར་པོ་ཞིག་གིས་དབང་བསྒྱུར་འོག་ཡོད་ཚད་ལས་དབང་དུ་སྒོམ་པའི་བསམ་གཞིག་ཆུང་ཆུང་དེས་རང་ཉིད་བཞུད་དགོས་པའི་འགྲོ་ལམ་གྱི་ཚེ་སྲོག་ལ་འཁྲེན་པས་མི་རྐང་གླིང་བུ་དེ་ད་དུང་ནན་གྱིས་འབུད་དགོས་སྙམ། འོན་ཏེ་ད་ལྟར་ཁྱེད་ཉིད་ཀྱི་སོ་སུམ་ཅུ་ཡོངས་རྫོགས་བུད་ཟིན་པས་དབུགས་སྐྱ་མོ་རྒྱུ་བ་ལས་སྐད་སྙན་མོ་ཞིག་འབྱིན་རྒྱུ་ནི་རྟག་ཏུ་ཁྱེད་ཅག་གིས་རྩོད་བཞིན་པའི་རི་བོང་རྭ་ཡི་མཆེད་པོ་རུ་གྱུར་ཚར། མི་ཡུལ་ནས་མིའི་གནས་ལུགས་ཀྱིས་འཚོ་དགོས་པས་མིའུ་ཕྲུག་ངས་མི་སྐད་ཀྱིས་བསླབ་བྱ་ཇི་ཙམ་བྱིན་ཀྱང་ཞེན་ཁོག་གི་སྦུག་ནས་ལྐོག་གྱུར་ལ་དུང་བའི་རིག་རལ་གྱི་ཀླད་པ་ཇི་སྙེད་རུལ་ནས་ལྗང་ཁུར་ཆགས་ཟིན་པས་ད་ནི་མ་ནི་ཡིག་དྲུག་གི་དབྱངས་རྟ་ཞིག་དང་ལྷན་དུར་ཁྲོད་དུ་བསྐྱེལ་རྒྱུ་ལས་ཐབས་ཤེས་ཅི་ཡོད། ཨོམ་མ་ནི་པདྨེ་ཧུམ་་་་་་་
གསེར་ཆོས་ལགས།
ཁྱེད་ཀྱིས་རྭ་སྒྲེང་གིས་༧གོང་ས་མཆོག་གསེར་ཁྲི་མངའ་གསོལ་དང་ངོས་འཛིན་ཕྱེད་ཕྱོགས་ལ་བྱས་རྗེས་ཆེན་པོ་གཞག་ཡོད་ཚུལ་བརྗོད་པ་དེ་བདེན་པ་རེད། འོན་ཏེ་ལས་འགན་དེ་དག་སྐབས་དེར་ཁོ་རང་གི་ཕྲག་ལ་བབ་པའི་ལས་དོན་སོང་ཙང་དེ་ཙམ་གྱི་ངོ་མཚར་རྒྱུ་མེད་ལ་མ་གཞི་རྭ་སྒྲེང་མེད་ཀྱང་༧གོང་ས་མཆོག་མེད་པ་ཆགས་མི་སྲིད་དེ་སྐུ་འཕྲེང་བཅུ་གསུམ་པ་ཡན་ཆད་ལ་རྭ་སྒྲེང་ཟེར་བ་མེད་ཀྱང་ཐམས་ཅད་མཁྱེན་པའི་སྔོན་སྨོན་ཐུགས་བསྐྱེད་ཀྱི་མཐུ་ཡིས་ནོར་འཁྲུལ་བྱུང་བའི་གོ་སྐབས་རྡུལ་ཕྲ་མོ་ཙམ་ཡང་དབེན། དེས་ན་རིག་རལ་སོགས་རྭ་སྒྲེང་མེད་ན་གོང་ས་མཆོག་མེད་ཟེར་མཁན་དག་གི་ཁ་ལ་ཐལ་བ་ཐོབ་ཟེར་རྒྱུ་ལས་ཅི་ཡོད། ད་དུང་ཁྱེད་ཀྱིས་རྭ་སྒྲེང་ནི་ཆབ་སྲིད་ཀྱི་མཐོང་རྒྱ་ཆེ་ཚུལ་བཤད་འདུག་དེ་ནི་དོན་དངོས་ལས་ཡོངས་སུ་འགལ་བའི་འཁྱོག་བརྗོད་ཅིག་ཡིན་ཏེ་ཁོ་ལ་ཆབ་སྲིད་ཀྱི་མཐོང་རྒྱ་མེད་པའི་རྒྱུ་མཚན་གྱིས་དང་པོ་རང་གི་སྲིད་དབང་སྟག་བྲག་གི་ལག་ཏུ་སྤྲད། བར་དུ་དེ་ལ་འཐབ་རྩོད་བྱས། ཐ་མ་རྒྱབ་དཔུང་རྒྱ་ལ་བཅོལ། བྱུང་རིམ་འདི་དག་གིས་ལོ་རྒྱུས་ཐོག་ཏུ་ཁོང་ནི་མི་ནག་ཉེས་ཅན་ཞིག་རེད་ལ་རང་གི་མངའ་ཐང་དང་བོད་ཀྱི་སྲིད་དབང་གཉིས་ལས་རང་གི་སྲིད་དབང་འདེམས་པའི་མི་གྱབ་ཆུང་ཞིག་ཀྱང་རེད། དེས་ན་ངའི་རེ་བར་ཁྱེད་ཀྱིས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་དེ་ཡག་པོ་ཞིག་གཟིགས་རོགས་ཞུ།
མིའུ་ཕྲུག སྲིད་དོན་རྒྱལ་རབས་ཀྱི་བརྒྱ་ཆའི་ཉི་ཤུ་རྫུན་མ་རེད། ལུང་དྲེན་རྣམསདཀྱོགས་ནས་བྲིས། དོན་ལོག་པར་བྲིས། བརྐུས་རྒྱུ་དང་རང་རྩོམ་གཉིས་བཟང་ངན་ཤོར་བས་མཐུད་མཚམས་རེ་རེ་ནས་རྐང་གྱོལ་ཞིག་གི་འགྲོ་སྟངས་མངོན། ་་་་་་་་་་་་ཆེས་མང་། ད་གཡུག་ཞོག དཀའ་ལས་ཁག་རོགས་རེད།
ལུང་འདྲེན་
ཡ་མྱིག་རྗོད་་་་་་་ཁྱོད་ནི་ངོ་མ་ཡ་མཚན་རེད། བོད་ལ་ཡོད་པའི་རྒྱལ་རབས་ལ་རྒྱུས་ནང་གི་ཁ་གསལ་གོ་བདེ་དང་ངེས་དོན་དང་མཐུན་ཤས་ཀྱི་ཞྭ་སྐབ་པའི་སྲིད་རྒྱལ་རབས་རྫུན་མ་རེད་ཟེར་དེས། ཁྱོད་མྱིག་རྫོད་ངོ་ནས་རེད། ལྟོས་དང་ཁྱོད་ཀྱིས་ཡིག་ཕྲེང་ཁ་ཤས་བྲིས་ན་ཡིག་ནོར་ག་ཚད་འདུག
ཧ་ཧ། ཚེ་རིང་བཀྲ་ཤིས། དེ་འདྲ་ཞིག་རེད་དམ། འོ་ན་ཁྱོད་ཀྱི་ཡིག་ཕྲེང་ཕྱེད་གསུམ་པོ་དེའི་ནང་། ལ་རྒྱུས་ཟེར་བ་དང་། ཞྭ་སྐབ། སྲིད་རྒྱལ་རབས། ཟེར་དེས། ཟེར་བ་བཅས་ཡིག་ནོར་མྱི་རོ་འདྲ་ཞིག་གི་བཞི་ཡོད་པ་དེ་ཅི་རེད། སྲིད་དོན་རྒྱལ་རབས་མ་དག་པ་ཡིན་ཚུལ་༧གོང་ས་མཆོག་གིས་ཀྱང་གསུངས་སོང་ང་། ད་དུང་སྲིད་དོན་རྒྱལ་རབས་ཀྱི་ནང་དུ་གལ་ཆེན་གྱི་ཡིག་ཆ་བརྒྱ་ཕྲག་ལ་ཉེ་བ་བཟོ་བཅོས་དང་འཕྲི་སྣོན་རང་འདོད་ལྟར་བྱས་འདུག་པ། བོད་ནང་ནས་ཡིག་ཆ་ངོ་མ་ངོ་སྤྲོད་ཀྱིས་ཐེར་འདོན་ཅི་ཞིག་བྱས་ཡོད་པ་མཐོང་ཨེ་མྱོང་། གལ་ཏེ་མ་མྱོང་ན་དེར་གཅིག་ལྟོས་ལ་ལན་རེ་ཨེ་ཕོག་ལྟོས་དང་། ཁྱོད་ཀྱིས་དེ་ཙམ་ཡང་གོ་མེད་ལུགས་ལ་བལྟས་ན་སྲིད་དོན་རྒྱལ་རབས་ཀྱི་ཐོག་ལ་སྐད་ཆ་བཤད་རྒྱུའི་འོས་བབས་ཡོད་མེད་ཤེས་ཀྱི་འདུག་ལོ། ཞེ་སྡང་བསགས་མ་སྡོད་པར་མ་ཎི་རེ་བགྲང་ནས་བསྡད་ན་དེ་ཡག་ས་རེད། ད་ཁྱོད་ལོ་ཡང་དེ་འདྲ་ཞིག་གཞོན་རྒྱུ་མེད་རྡ་ཟེ། ཕྱི་མིའི་ལམ་གྲོ་རེ་གྲ་སྒྲིག་བྱོས་ལོ།
མིའུ་ཕྲུག་དེ་དེ་བཞིན་ནོ།
ང་ལ་མེད་པའི་འཁྱོག་བརྗོད་ཀྱི་བསྟོད་པའི་སྒྱུ་རྩལ་དེས། སེམས་པ་ཆུང་ཆུང་འདིའི་དཀྱིལ་དུ། དགའ་བའི་བྱེ་མ་ལེབ་དེ་འཕུར་ལྡིང་ཅུང་ཟད་བྱས་ནས། རིག་རལ་ལ་ཕྱི་མིག་ཞིག་བལྟས་པས། ཁོང་ནི་ད་དུང་མུན་ཁུང་ཆུང་ཆུང་ཞིག་ཏུ། སྒྲོན་མེ་གསལ་ལ་མི་གསལ་ལ་བསྟེན་ནས་གཡེང་། ཧེ་ཧེ་ཧེ
སྲིད་དོན་རྒྱལ་རབ་ནི་སྲིད་དོན་གྱི་སྐོར་བཤད་ཀྱིན་ཡོད་རེད། རིག་པའི་རལ་གྲིས་ར་སྒྲེང་རྡོ་རྗེ་འཆང་ཞེས་ཞེ་སའི་ཚིག་དང་བཅས་གོང་ས་མཆོག་གི་དགེ་རྒན་བྱེད་མྱོང་པ་མ་ཟད་བཀའ་དྲིན་ཆེན་པོ་ཞིག་བསྟན་འདུག་པ་གཉིས་ལ་འགལ་བ་མེད་མོད། བོད་ཀྱི་ལུགས་ལ་བླ་མ་ཞིག་ཡིན་ནས་སྐྱོན་རྣམས་ཞི་མིས་རང་རྟུག་སྦས་པ་བཞིན་སྦས་གང་ཐུབ་དང་། ཡོན་ཏན་མེད་བཞིན་བརྒྱ་འགྱུར་ཞིག་བསྣན་ནས་རྣམ་ཐར་དང་ལོ་རྒྱུས་བྲིས་པའི་རྒྱུ་མཚན་གྱིས། ལོ་རྒྱུས་ཕལ་ཆེ་བར་དངོས་དོན་དང་མཐུན་དང་མི་མཐུན་གང་ཡིན་སྙམས་པའི་ཐེ་ཚོམ་གྱི་དྲ་རྒྱར་ཚུད་ནས། དག་སྣང་ཟེར་བའི་སྒྲོ་སྟོང་དེར་མ་འཛུལ་རང་འཛུལ་ཆགས།
བོད་ཀྱི་གཅེས་ནོར་འདི་འཛམ་གླིང་ཤེས་རིག་གི་དྭང་མའི་དྭང་མར་གཏན་ཚིག་བཟང་པོའི་དཔང་རྟགས་དང་བཅས་བློ་ཆེན་གྱི་རི་མགོ་གང་མཐོར་འགྲིམ་པའི་ངང་ཚུལ་མ་བཟོད་པའི་སྲིན་བྱ་ཁ་ཤས་ཀུ་ཅོ་སྒྲོག་བཞིན། དུས་རབ་ཀྱི་འགྲོས་ཀྱི་བར་ལམ་དུ་ལུས་པའི་བྲག་ཕུག་ཞིག་ཏུ་ཉལ།
ཞི་བདེའི་ཕུན་རོན་དཀར་པོ་བག་ཡངས་སུ་རྒྱུ་བ་ལ་ལྕགས་དྲྭའི་ནང་དུ་ཚུད་པའི་སྨྲ་མཁན་གྱི་ནེ་ཙོ་རྣམས་ཀྱིས་མི་སྐད་དག་ལ་མ་དག་ཞིག་གིས་རེ་བའི་ཚིག་ཆག་བཙན་བསྒྲིགས་དེ་ཐན་བྱ་ཁ་ཏ་ནག་པོ་ཁ་ཤས་ཀྱིས་ངོམ་རིམ་ཆོག་པའི་སྒྱུ་རྩལ་དུ་གོ་ནས། དྲི་ངན་དང་བཅས་པའི་མི་གཙང་བ་ཟོས་པའི་མཆུ་སྡེར་དེ་ཡངས་ཤིང་གཙང་བའི་ས་ཆུ་གང་སར་བསྒོས་པའི་ཉེས་པ་ནི་གནམ་སར་ཁེངས།
སྲིད་དོན་རྒྱལ་རབས་ནང་རྭ་སྒྲེང་རིན་པོ་སྐྱེ་འཆི་ལ་རང་དབང་ཐོབ་པའི་སྐྱེས་བུ་དམ་པ་ཞིག་ཡིན་པར་བཤད་ཡོད། མ་གཞི་ནས་རྒྱལ་བ་བཅུ་བཞི་པ་ཆེན་པོའི་ཕྲིན་ལས་དང་ངོ་མཚར་བའི་མཛད་པ་འདིས་ཀྱང་རྭ་སྒྲེང་འདི་མངོན་མཁྱེན་ལ་ཆགས་ཐོགས་མེད་པའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་པ་དཔོག་ཐུབ་ཅིང་རྭ་སྒྲེང་གིས་ངོ་འཛིན་མཛད་པའི་སྤྲུལ་སྐུ་འདི་འདྲ་བ་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ཡང་རྭ་སྒྲེང་གི་བཟི་བརྗིད་རེད།
གསེར་ཆོས་ལགས་ལ་མོས་མཐུན་ཞིག་མ་ཞུས་རང་ཞུས་ཆགས་སོང་
རིག་པའི་རལ་གྲིས་རུལ་དྲི་བྲོ་ཐལ།།
མིའུ་ཕྲུག་ཁ་བདེས་ཁ་བདེ་ངོམས་ཐལ།།
གསེར་ཆོས་བསམ་མེད་མོས་མཐུན་བྱས་ཐལ།།
ཆོས་འཕེལ་ཆོས་མེད་ཆོ་མེད་བཤད་ཐལ།།
ཁ་བརྡ་ཕྱུག་པོ་རྨི་ལམ་ཨི་རེད།།
སྒོམ་སྡེ་སྒོམ་མེད་བྲོས་ནས་ཕྱིན་ཐལ།།
ཀླུ་སྨྱོན་ཀླུ་བདུད་གླུད་འདྲ་བཟོས་ཐལ།།
གངས་གཡག་སྤུ་མེད་གར་སོང་མེད་ཐལ།།
ཆོས་འཕེལ་ཆོས་མེད་ཆོ་མེད་བཤད་ཐལ།།
ཁ་བརྡ་ཕྱུག་པོ་རྨི་ལམ་ཨི་རེད།།
གཞོན་ནུ་ཟླ་མེད་མདོ་མེད་རེད་ཐལ།།
ཚུལ་ཁྲིམས་མཐར་ཕྱིན་མཐར་མ་ཕྱིན་ཐལ།།
མེ་སྒྱོག་རྒྱ་མཚོ་རྒྱོ་རུ་ཕྱིན་ཐལ།།
ཆོས་འཕེལ་ཆོས་མེད་ཆོ་མེད་བཤད་ཐལ།།
ཁ་བརྡ་ཕྱུག་པོ་རྨི་ལམ་ཨེ་རེད།།
པད་འབྱུང་སྒྱུ་མ་མཁན་རེད་ཟེར་ཐལ།།
དགེ་ལུགས་འདྲེ་ལུགས་ཡིན་པར་སྒྲོག་ཐལ།།
གཡོ་སྒྱུའི་གར་སྟེགས་འཁྲུགས་པོ་བཟོས་ཐལ།།
ཆོས་འཕེལ་ཆོས་མེད་ཆོ་མེད་བཤད་ཐལ།།
ཁ་བརྡ་ཕྱུག་པོ་རྨི་ལམ་ཨི་རེད།།
༧་གོང་ས་གོང་ལ་སུ་མེད་ཟེར་ཐལ།།
ཁོང་འདྲ་རྗེས་སུ་མི་འབྱུང་ལབ་ཐལ།།
དངོས་དོན་བརྒལ་བའི་རྫུན་མ་བཤད་ཐལ།།
ཆོས་འཕེལ་ཆོས་མེད་ཆོ་མེད་བཤད་ཐལ།།
ཁ་བརྡ་ཕྱུག་པོ་རྨི་ལམ་ཨི་རེད།།
རྭ་སྒྲེང་ཟེར་བ་དེ་གུ་རུའི་སྤྲུལ་པ་བོད་ཆོས་སྲིད་གཉིས་ཀ་ལ་ཕན་ཐོག་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་ཚད་ལྡན་གྱི་ལོ་རྒྱུས་རྣམས་ཀྱིས་དཔང་པོ་བྱས་ཡོད་ཅེས་གསུང་གི་འདུག
སྤྲེལ་རྒན་བརྒྱུད་པར་གྲགས་པའི་ལོ་རྒྱུས་ཀྱི།།
དངར་སྐྱུར་སྣ་ཚོགས་ལྡན་པའི་བྱུང་རབ་ནང་།།
ཁྱེད་ལས་ལྷག་པར་སྔར་ཡང་མ་བྱོན་ཅིང་།།
ཕྱིས་ཀྱང་མི་འབྱུང་གངས་ཅན་མགོན་པོར་འདུད།།
མཚན་མཆོག་གསུམ་ལྡན་མ་དྲོས་མཚོ་མོ་ནས།།
ལུད་པའི་སྐྱེས་མཆོག་འཛམ་གླིང་ཀླུང་གྲངས་ལས།།
སྐྱེ་འགྲོའི་ཞིང་སར་ཕན་བདེའི་གཉེན་གྱི་མཆོག།།
ངག་དབང་ཀུན་དགའི་མཚན་ཅན་སྐྱབས་ཀྱི་གཙོ།།
སྙིང་དུས་སྐྱབས་ཀྱི་མཆོག་གྱུར་མཚོ་སྐྱེས་རྗེ།།
རྒན་པོའི་གཟུགས་འཛིན་དོན་གྱི་རྡོ་རྗེ་འཆང་།།
སྔ་འགྱུར་བསྟན་འཛིན་ཀུན་གྱི་གཙུག་གི་ནོར།།
སངས་རྒྱས་རྡོ་རྗེའི་མཚན་ཅན་བསྔགས་པའི་ཡུལ།།
འཇིག་རྟེན་འདི་རུ་རྫོགས་པའི་སངས་རྒྱས་ཀྱི།།
སྤྲུལ་བའི་སྐུ་གཅིག་མཚན་གྱི་ཅོད་པན་འཆང་།།
སྣ་ཚོགས་ཟློས་གར་བསྒྱུར་བའི་དབང་དང་ལྡན།།
སྐྱེ་རྒུའི་མིག་འབྱེད་ཀརྨ་པ་ཡང་བསྔགས།།
ཆོས་ལྡན་རིགས་སུ་སྐྱེས་ཀྱང་ཆོས་སྐལ་བྲལ།།
ཆོས་འཕེལ་མིའུ་ཕྲུག་ལས་སོགས་རིགས་མཐུན་རྣམས།།
ཆོས་དང་འཕྲད་ཅིང་ཆོས་དོན་རྟོགས་གྱུར་ནས།།
ཆོས་སྐུའི་གོ་འཕང་མི་རིང་ཐོབ་པར་ཤོག།།
༧ རྒྱལ་བའི་འཁྲུངས་ཚེས་ནོར་ནས་བྲིས་ཞག་
གལ་ཏེ་རིག་པའི་རལ་གྲིས་ ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་བརྩམས་བྱ་འདིའི་མི་སྣ་དེ་ཡིན་ན་ གངས་ཅན་མགོན་པོ་མཆོག་
1935. 7. 6
༡༩༣༥, ༧, ༦ ཉིན་སྐུ་བལྟམས་པ་རེད་ གཞན་མང་པོ་བཤད་མི་འདོད་
yes ! It is.
ཐུགས་རྗེ་ཆེ་ཞུ་ནོར་བཅོས་བྱས་པ་ལ། གཞན་བཤད་མི་འདོད་པའི་རྒྱུ་མཚན་གང་ཡིན་ནམ། སྐྱོན་འདོགས་བྱ་རྒྱུ་མ་རྙེད་པ་རེད་དམ། སྐྱོན་འདོགས་བྱ་རིན་མེད་པ་རེད།
རིག་པའི་རལ་གྲི་མཆོག་
གཞན་བཤད་མི་འདོད་ཟེན་ན་ རྒྱུ་མཚན་སྐྱོན་བྱ་རྒྱུ་ཁོ་ན་ཡིན་མི་སྲིད་ བསྔགས་བརྗོད་བྱ་རྒྱུ་ཡང་ཡིན་སྲིད་ ཡང་ན་ཁ་བསྣོན་བྱ་ཡག་ཡང་ཡོད་སྲིད་
དེ་ཙམ་ཡིན་
ཉིད་ཀྱིས་༧གོང་ས་མཆོག་ལ་བསྔགས་བརྗོད་བྱ་འདོད་མེད་པའི་རྒྱུ་མཚན་དེ་ཤེས་འདོད་ཆེ་ལ། ༧སྐྱབས་མགོན་རིན་པོ་ཆེའི་རྣམ་ཐར་ནི་ཕྱོགས་ཙམ་ཤེས་ཀྱང་ཁ་བསྣོན་བྱ་འདོད་མེད་པའི་རྒྱུ་མཚན་དེ་ཡང་ཤེས་འདོད་ཆེ། སྐུ་རྩེད་ཞུས་ཡིན་རྡ། ཉིད་ཀྱི་མཆན་གྱི་དངོས་བསྟན་གྱི་གོ་བ་ལ་དེ་འདྲ་ཞིག་འདུག་ལ། ཁྱེད་རང་གིས་ཕུག་གི་བསམ་གནོ་དེ། བཤད་རྒྱུ་ཞིག་ཡིན་ནས་སྐྱོན་ཁོ་ན་ཡིན་མི་སྲིད་ཟེར་བ་ཧ་གོ་བྱུང་།
དྲྭ་གྲོགས་ཕལ་ཆེར་གྲ་ལོག།།
ཕྱི་རྒྱལ་སྡད་མཁན་རེད་འདུག།།
ཕྱི་རྒྱལ་ལུང་པའི་ནང་གི།།
སྐྱི་སྡུག་སྐད་ཆ་ཤོད་དང་།།
གྲྭ་བ་ལོག་དང་མ་ལོག་གང་ཡིན་ཡང་།།
བོད་ཀྱི་རིག་གཞུང་འཛིན་པའི་སྲོག་ཤིང་ཡིན།།
ཆོས་འཕེལ་ཆོས་མེད་དགའ་ཡང་མ་དགའ་རུང་།།
ཆོས་ལྡན་བུ་ཆུང་ཆེན་པོའི་རྒྱལ་ཁམས་འགྲིམ།།
ངས་བསམ་པར་རིག་པའི་རལ་གྲི་འདི་གྲྭ་བ་ཞིག་ཡིན་ན་བསམ་བྱུང་ཀྱང་། འདི་ཡང་གྲྭ་ལོག་ཞིག་ཡིན་པ་འདྲ། གང་ལྟར་ངས་ཁྱོད་རང་མགོ་ཡར་འཕག་མི་བཅུག་ངོ་མ་ཡིན། ཧ་ཧ་ཧ་ཧ
ང་གཅིག་པུ་མ་རེད། མིའུ་ཕྲུག་ངེད་གཉིས་ཉིད་ཀྱི་ལྟག་པའི་བདུད་དེ་ཡིན་ནོ
བོང་བུའི་རྣ་བར་གསེར་དང་བྱེ་མ་གཉིས།།
གང་བླུགས་ཁྲོབ་སྒྲ་ཙམ་ལས་ཁྱད་མེད་ལྟར།།
མིའུ་ཕྲུག་ཆོས་འཕེལ་གཉིས་ཀྱི་རྣ་བ་རུ།།
ལེགས་བཤད་ཉེས་བཤད་ཁྱད་པར་མེད་པར་གོ།
རི་བོང་རྭ་ཡི་ཁྲི་འཕང་མཐོན་པོ་རུ།།
མོ་ཤམ་བུ་ཡིས་རུས་སྦལ་སྤུ་ཡི་གོས།།
གྱོན་པའི་དུས་དེར་མིའུ་ཕྲུག་ཆོས་འཕེལ་གཉིས།།
རིག་པའི་རལ་གྲིའི་ལྟག་བདུད་འགྱུར་ཤས་ཆེ།།
གྲྭ་བ་ཡིན་དང་མ་ཡིན་རང་ཉིད་དང་།།
མངོན་ཤེས་སྤྱན་ལྡན་གཉིས་ལས་ཕ་ཆེར་ལ།།
ལྐོག་ཏུ་གྱུར་པས་ཡིན་མིན་གང་རུང་དུ།།
ཁས་ལེན་བྱེད་ལ་དགོས་པ་མ་མཐོང་ངོ་།།
ལྷ་ཡུལ་བློས་བཟོས་མི་བཟོད་ཕྲག་དོགས་པའི།།
ཡར་རྒྱས་རྒྱལ་ཁམས་ཕྱོགས་ཙམ་བཤད་གྱུར་ན།།
རིག་པའི་རལ་གྲིའི་རུལ་དྲི་རིང་དོར་ནས།།
ཡོད་ཚད་ཡིག་ཆར་བསྐྱལ་ནས་རྒྱུ་བར་ངེས།།
གསར་རྙིང་ཤེས་རིག་ནོར་གྱིས་མི་འཕོང་ཞིང་།།
ཆོས་ཀྱིས་ཕྱུག་ཅིང་ཆོས་འཕེལ་ངང་པའི་རྒྱལ།།
ལེགས་ཉེས་ཆུ་དང་འོ་མ་འབྱེད་པའི་གཙོ།།
མིའུ་ཕྲུག་ཕལ་བའི་གྲས་སུ་ཚུད་དོགས་མེད།།
རང་སེམས་རྨུ་རྒོད་རྟ་པོ་མ་ཐུལ་ན།།
རང་ལུས་བཙོན་དུ་བཟུང་བའི་རབ་བྱུང་ལས།།
རང་ལས་གཞན་ལ་གནོད་སེམས་ཆེར་མེད་པའི།།
རང་འདྲའི་ཁྱིམ་པ་འདི་དག་མི་བཟང་ངམ།།
ད་རྨི་ལམ་མ་ངན་རྨི་ལམ་བཟང༌།།
རི་དཀར་པོ་ཉི་མས་བསྐོར་བའི་དབུས།།
སེང་དཀར་མོ་གཉིས་ཀྱིས་ངར་སྒྲ་སྒྲོགས།།
ས་ཆོལ་ཁ་གསུམ་ལ་གང་བ་རྨིས།།
བོད་དབུ་ནག་བདེ་སྐྱིད་འབྱུངས་རྟགས་རེད།།
ད་རྨི་ལམ་མ་ངན་རྨི་ལམ་བཟང༌།།
ཆུ་ཆེན་པོ་གཙང་པོ་རྣམ་གསུམ་དུ།།
དགྲ་ལྕགས་ཀྱུའི་ངར་ལ་མ་ལྟོས་པར།།
ཉ་གསེར་མིག་འཕར་ལྡིང་བྱེད་པ་རྨིས།།
བོད་དབུ་ནག་བདེ་སྐྱིད་འབྱུང་རྟགས་རེད།།
ད་རྨི་ལམ་མ་ངན་རྨི་ལམ་བཟང༌།།
བརྗིད་ཆེ་བའི་ཕོ་བྲང་པོ་ཏ་ལ།།
དབུ་གསེར་ཏོག་ཨ་སྔོན་དགུང་ལ་ཟུག།
ཕྱོགས་མཐའ་བཞིའི་མི་ཡིས་བསྐོར་བ་རྨིས།།
བོད་དབུ་ནག་བདེ་སྐྱིད་འབྱུང་རྟགས་རེད།།
ཉལ་འགྲོ་ཙོང་ཆུས་མེ་ཏོག་འཐུ་བའི་སར།།
ལྟེ་བའི་ཁྲག་གིས་ཐིག་ལེ་བཀོད་པའི་ཚེ།།
ས་ཆེན་འདི་ལ་འོད་སྣང་འཕྲོས་སོ་ཞེས།།
དཀར་ཕྱོགས་ལྷ་རྣམས་དགའ་བའི་ཅ་ཅོ་བསྒྲགས།།
ཆེ་དགུས་བརྟག་ལུང་ཆོ་ག་རྩོམ་པ་ན།།
གངས་ཀྱི་རི་ལ་གནས་པའི་དམ་ཅན་ཚོགས།།
དྭངས་པའི་མཚོ་ལ་ཨ་ཀ་མ་ཞེས་པའི།།
ལུང་བསྟན་ཚིག་གི་རི་མོ་འབྲི་ལ་བྲེལ།།
བདུད་ཀྱི་རུ་མཚོན་གངས་ཅན་བསྟན་སྲིད་ལ།།
གནོད་པའི་གཤེད་མ་མེ་ལྟར་མཆེད་པའི་ཚེ།།
རང་གི་འབངས་དང་ཆོས་རིག་སྤེལ་བའི་སླད།།
འཕགས་པའི་ཡུལ་དུ་གཙན་པའི་རྫོང་འདི་བྱས།།
བསྟན་པའི་གདུང་དཀར་འཛམ་གླིང་ཡངས་པའི་ཁྱོན།།
སྙིང་རྗེའི་ཐུགས་བསྐྱེད་དཔུང་བས་ཡར་བཏགས་ཚེ།།
ཉམ་ངའི་ཚ་གདུང་འོག་གི་སྐྱེ་འགྲོ་དག།
ཆོས་ཀྱི་གྲིབ་བསིལ་བདེ་དགའི་དཔལ་དུ་ཐོབ།།
ཞབས་ཀྱི་པདྨ་གོ་ལའི་ཁྱོན་ལ་བསྒྱུར།།
ཆོས་ཀྱི་བྱིན་རླབས་གདུལ་བྱའི་རྒྱུད་ལ་སིམ།།
འཛམ་གླིང་འདི་ན་ཆོས་ཀྱི་རྒྱལ་བོ་ཞེས།།
སྐྱེ་དགུ་ཡོངས་ཀྱི་ལག་སོར་སྙིང་གར་ཟིམ།།
རིག་པའི་རལ་གྲི་ནི་ཡིན་སྐད།།
ཡར་རྒྱས་སྲོག་རྩ་དེ་གཅོད་པའི།།
ཅོལ་ཆུང་བྱིས་པ་ཡི་གཏམ་ལ།།
ཉན་འདོད་བསམ་བློ་དེ་མ་སྐྱེས།།
འཁྱོག་བརྗོད་ཚིག་ཚོགས་ཀྱི་ཕུང་པོས།།
དོན་དངོས་བྱ་བ་དེ་སྟོང་པའི།།
སྲིད་དོན་ལྐོག་གཡོ་ཡི་སྦུག་ནས།།
འཛུམ་པའི་སོ་དཀར་ཞིག་ངོམ་འདུག།
དོན་དངོས་བྱུང་རིམ་གི་ཁྲོད་ནས།།
འཁྲུངས་པའི་ལོ་ཟླ་ཡང་ནོར་བཞིན།།
རྒྱུས་མེད་ཨུ་ཚུགས་ཀྱིས་བསྟོད་པའི།།
ངོ་བསྟོད་བཅོས་མ་འདིས་ཅི་བྱ།།
ཡར་ཁོག་དམར་ཆུང་གི་དབུས་སུ།།
ཞེན་ཁོག་རུལ་དྲི་དེ་ཐུལ་ཀྱང་།།
སོར་མཛུབ་འཁྱོག་འགྲོས་དེ་སྐྱེན་པའི།།
བསྟོད་པའི་བརྫུན་ཚིག་གཅིག་མཆེད་བྱུང་།།
གཅེར་ནོར་ལོ་ཏོག་གི་གེགས་ཆེན།།
ལྡམ་ལྡུམ་བྲེག་པ་ཡི་རལ་གྲིར།།
མིའུ་ཕྲུག་རྒན་པོ་ཡི་ཆུང་མ།།
དམ་ཆོས་དབྱངས་འཛོམས་ཉིད་གསོན་ཅིག།
ཕྱི་ནང་ནད་ངན་གྱིས་མནར་ཞིང་།།
སྲོག་ཉེས་ཆེ་བ་ཡི་བོད་པར།།
སླད་མེད་དུང་སེམས་ཀྱི་འཁྲུལ་སྣང་།།
འགོག་མེད་ཚིག་བར་ནས་ཤོར་ཐལ།།
ཟླ་མེད་གངས་ཅན་གྱི་མགོན་པོའི།།
རྫུན་མེད་རང་བཞིན་དེ་བརྗོད་སྐབས།།
སྣང་མེད་འཁྲུངས་ཚིག་དེ་ནོར་ཡང་།།
ཤེས་མེད་བཀུར་འདེབས་དང་མི་འདྲ།།
ཚད་མེད་ཡིད་ཆེས་ཀྱི་དྭང་བ།།
རྐང་ཁོག་རུས་གཏིང་ནས་སྐྱེས་པས།།
བསྔགས་བརྗོད་སྙན་ཚིག་གི་བདུད་བརྩི།།
སྐལ་བཟང་རིགས་མཐུན་ལ་བྱིན་པས།།
ཁྱབ་འཇུག་སེམས་ཁོང་ལ་ཞུགས་པའི།།
ལྟོ་འགྲོའི་དུག་འཕེལ་དུ་སོང་ཡང་།།
བདེན་དོན་མི་འཇིགས་པར་སྒྲོག་པའི།།
རིག་པའི་རལ་གྲི་ལ་འགན་མེད།།
དེང་རབ་སྒྱུ་རྩལ་རྒྱལ་པོ་མིའུ་ཕྲུག།
སྲོལ་རྒྱུན་ཤེས་ལྡན་རིག་པའི་རལ་གྲི་ལ།།
ཞེད་ནས་ཁ་བརྡ་དོར་ནས་མ་བྲོས་ཤིག།
ཆོས་འཕེལ་བུ་ཆུང་ཁྱོད་ཀྱི་རྒྱབ་ཏུ་ཡོད།།
རྙིང་ཞེན་མུན་ནག་འཐུག་པོའི་ཅོང་རོང་དུ།།
ཐར་མེད་ཐིམ་པའི་རིག་པའི་རལ་གྲིའི་ཆེད།།
དུས་རབ་གསར་བའི་སྐྱ་རེང་འདྲེན་པའི་དཔལ།།
ཆོས་འཕེལ་ཆོས་ཀྱི་ཉི་མ་དེང་འདིར་ཤར་།།
འདི་སྣང་སྒྱུ་མའི་འཁྲུལ་འཁོར་ཡ་མ་བརླ།།
ཡང་དག་ཚད་མས་གཞལ་བའི་ཀུན་རྫོབ་ཆོས།།
རྒྱུ་འབྲས་ཐེག་པའི་རྣམ་བཞག་བདེན་རྫུན་ཀུན།།
བློ་ཡི་རི་མོའི་སྒྱུ་རྩལ་རྙིང་པ་གྱུར།།
རང་སྣང་ཚད་མར་སྨྲ་བའི་དུས་རབ་ཀྱི།།
འོད་སྣང་ཟེར་གྱིས་མ་ཁྱབ་མེད་གྱུར་ཀྱང་།།
རིག་པའི་རལ་གྲི་ལ་སོགས་ཀླད་ལྗངས་རྣམས།།
བྱང་བལྟས་ཁུང་བུ་བཞིན་དུ་གྱུར་ལ་ལྟོས།།
ཆོས་ལུགས་འཐེན་འཁྱེར་གྱི་དྲྭ་སྒོ་རྒྱབ་པ་དེ་ལ་དགའ་བསུ་ཞུ།
ད་ཡང་བསྐྱར་དྲྭ་གྲོགས་དཔྱོད་ལྡན་རྣམས་དྲྭ་ཐོག་ཏུ་མཇལ་བའི་རེ་བ་ཡོད།
ཆོས་ལུགས་འཐེན་འཁྱེར་ཆོས་སྤང་ལས་བསགས་པའི།
།ཆོས་སྐད་ཉ་ཉོག་སྤེལ་བའི་ཞབས་འདྲེན་མཁན།
།སྨྲ་འདོད་ཁ་ལ་རིགས་སྔགས་རྒྱས་བཏབས་ཏེ།
།དམིགས་མེད་ཆོས་ཀྱི་དབྱིངས་སུ་བསྒྲལ་བ་མཚར།
རྒྱུས་མེད་ནོ་ཆོས་འཕེལ་ཀན་གིས།།
དོན་མེད་ལ་ཚིག་ཅིག་འཕེན་གི།
ཁྱོད་རིག་རལ་ཡིན་ནོ་མིན་ནས།།
ང་ཡིན་ན་ལན་ཞིག་ཡོད་ཁུ།།
བཟློག་མེད་འཆི་བདག་ནག་པོས།།
ཆོས་མེད་ཆོས་འཕེལ་སོད་དང་།།
ཟླ་མེད་རིག་པའི་རལ་གྲི།།
འགོག་མེད་གད་མོ་ཤོར་འགྲོ།།
ཟླ་མེད་ཀྱི་རིག་པའི་རལ་གྲི།
དོན་མེད་ལ་མཚམས་འཇོག་བྱེད་ནོ།།
ཆོས་འཕེལ་ལ་སྐྲག་ནི་མིན་ན།།
འོས་འཚམས་ཀྱི་ལན་ཅིག་ལོས་འདེབས།།
ཟླ་མེད་ནོ་བདེན་པ་ཡིན་ན།།
ཁྱེད་ཁེགས་གི་འདུག་ནོ་ཅི་རེད།།
ཁྱོས་ཆོས་འཕེལ་ཁས་ལེན་བྱོས་ར།།
དེར་དབོག་པའི་ལན་ཞིག་ངས་བརྒྱག།
རིག་པའི་རལ་གྲི་ལགས། དངོས་གནས་བྱས་ན། ངས་ཁྱོད་ལ་གུས་འདུད་ཞུ་དགོས་ཐུག་སོང་།
བཀྲ་ཤིས་བདེ་ལེགས་མིའུ་ཕྲུག་ལགས
༡༤༥༽ མིའུ་ཕྲུག་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༤ གི་ཆུ་ཚོད་ ༢༠ སྐར་མ་ ༢༣
སྐད་ཆ་བདེན་པ་བཤད་ན་དམ་ཆོས་དབྱངས་འཛོམས་ཟེར་བ་དེ་ཉིད་ང་ཡིན་++++++++++++ +++++++++++++ +++++++++++++
ཧ་ཧ།
དམ་ཆོས་དབྱངས་འཛོམ་ནི་ངའི་དགའ་རོག་རེད། མོ་ནི་ང་མིན། ང་ནི་མོ་མིན། གད་མོ་ག་རེ་བྱེད་ནས་ཤོར་བ་ཡིན།
ཡ་མིའུ་ཕྲུག ཁྱེད་ཁ་བརྡ་དང་ཁ་གྱེས་ནས་འགྲོ་ཡིན་ལག་སོང་། ཡང་བསྐྱར་ཕེབས་པ་དགའ་བསུ་ཞུ། ང་ལ་སྤྲེལ་ལེད་བཤད་མི་དགོས།
རྣམ་ཀུན་སྒྲིབ་པའི་སྦྲུལ་གྱི་ཤུན་པ་དོར་།།
ཆོས་ཀུན་མཁྱེན་པའི་ཡེ་ཤེས་འོད་སྟོང་འབར།།
འགྲོ་ཀུན་སྙོམས་པའི་བརྩེ་བའི་རྒྱ་མཚོ་ཟབ།།
རྒྱལ་ཀུན་མཁྱེན་རབ་རིག་པའི་རལ་གྲི་རྒྱལ།།
ལུང་རིག་འདོད་དགུའི་རིན་ཆེན་འབྱུང་བའི་གཏེར།།
དོན་གཉིས་ནོར་བུའི་ཕུང་པོ་གཅིག་བསྡུས་པའི།།
རིག་པའི་རལ་གྲིས་གཟི་ཟིལ་འཕྲོས་པའི་མོད།།
ཆོས་འཕེལ་སྲིན་བུ་མེ་ཁྱེར་མོག་མོག་བྱས།།
ཉེས་ཚོགས་བག་ཆགས་སད་པའི་འཁྲུལ་སྣང་དུ།།
སྒྱུ་མའི་ཐོན་རྫས་སྨིག་སྒྱུས་རབ་བསླུས་པའི།།
བློ་གྲོས་ན་མ་སྨིན་པའི་རི་དྭགས་ཚོགས།།
རྐམ་པས་རྒྱུ་བའི་ངལ་བས་དུབ་ལ་ལྟོས།།
ཕ་མེས་བཟང་པོས་བཞག་པའི་རྩ་ཆེན་རྒྱུར།།
ཇི་བཞིན་སྤྱོད་པའི་སྐལ་བས་རབ་དབེན་ནས།།
སྣ་ཚོགས་སྡུག་བསྔལ་ཕུང་པོ་བསགས་པའི་ཁུར་།།
མི་འདོད་བཞིན་དུ་ཁྱེར་བའི་ཆོས་འཕེལ་ཁྱོད།།
བདེ་སྡུག་རྩ་བ་འབྱེད་པའི་བླང་དོར་མིག།
བར་མ་དོ་དུ་ལྷུང་པའི་ལིང་ཏོག་གིས།།
ཡོངས་སུ་སྒྲིབ་ཅིང་གསལ་བའི་གཟུགས་རྣམས་ལ།།
མི་འདོད་འཁུ་བའི་རྣམ་འགྱུར་སྟོན་ལ་བྲེལ།།
བར་མ་དོ་རུ་ལྷུང་བའི་ལིང་ཏོག་གིས ནོར་བཅོས
རིག་པའི་རལ་གྲི་ལགས། ཁྱེད་ཀྱི་ྋགོང་ས་མཆོག་ལ་བསྟོད་པ་དེ་ལ་ལེགས་སོ་ཡོད། འོན་ཀྱང་ཁྱེད་ཀྱིས་མ་འོངས་པར་ཡང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ལྟ་བུ་འབྱུང་མི་སྲིད་ཅེས་བཀོད་འདུག་པས། ད་ལྟའི་ྋགོང་ས་མཆོག་གི་མཛད་འཕྲིན་ལ་བལྟས་ན། སྐུ་ཕྲེང་རྗེས་མ་དེ་འདི་ལས་མཛད་འཕྲིན་རྒྱས་པ་ཞིག་ཡོང་མི་སྲིད་པ་གཏན་ནས་མིན། དེར་རྟེན་མ་འོངས་པའི་ྋགོང་ས་མཆོག་གི་མཛད་འཕྲིན་ལ་ད་ལྟ་ནས་ཚད་བཀག་གིས་བསྡོམས་ཚིག་བཀོད་པ་དེར་ཅུང་ལེན་པོ་མེད་པ་ལྟ་བུ་ཞིག་མངོན།
རིག་པའི་རལ་གྲི་ལགས།
ལྷ་བཅས་འགྲོ་བའི་འདྲེན་མཆོག་༧ གོང་ས་སྐྱབས་རྒྱལ་བའི་དབང་པོ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག ངེས་པ་དོན་གྱི་དབང་དུ་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པད་མོ་དང་གཉིས་སུ་མེད་པས། རིང་ནས་མངོན་པར་རྫོགས་པར་སངས་རྒྱས་ཟིན་ནའང༌། དུས་ངན་གཉན་འཕྲང་ཅན་གྱི་སྐབས་འདིར། རང་གི་གདུལ་བྱའི་ཚོགས་རྣམས་བརྩེ་ཆེན་ཡེ་ཤེས་ཀློང་ནས་སྐད་ཅིག་ཙམ་ཡང་ཡར་བ་མི་འདོར་བའི་གཡར་དམ་བརྟན་པོས། ༡༩༣༨།༦།༧ ལ་བོད་ཆོས་ལྡན་གྱི་ཞིང་མདོ་སྨད་སྟག་རྩེ་ལ། རྒྱལ་ཡབ་ཆོས་སྐྱོང་ཚེ་རིང་དང༌། རྒྱལ་ཡུམ་བསོད་ནམས་མཚོ་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་སྐུ་བལྟམས།
ཁྱེད་ཀྱིསྋགོང་ས་བཅུ་བཞི་པ་ཆེན་པོ་ཕྱི་ལོ་༡༩༣༨ ཟླ་བ་༠༧ ཚེས་༠༦ ལ་སྐུ་འཁྲུངས་ཞེས་གོང་གསལ་ལྟར་བཀོད་འདུག་པས། རང་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་སོགས་འབྲེལ་ཡོད་ཡིག་ཆ་ཁག་གི་ནང་ཕྱི་ལོ་༡༩༣༥།༠༧།༠༦ལ་སྐུ་འཁྲུངས་ཚུལ་གསལ་འཁོད་ཡིན་པས། ཁྱེད་ཀྱིས་༡༩༣༨ལོར་སྐུ་འཁྲུངས་ཚུལ་གསུངས་པ་དེ་ཇི་ལྟར་ཡིན་མིན་གྱི་གསལ་བཤད་ཅིག་གནང་ཐུབ་ན་ཡག་པོ་འདུག
ངས་ཀྱང་རེ་བ་རྒྱག་གིན་ཡོད། འོན་ཀྱང་། དེང་སང་གི་བུ་སྟོན་སྤྲུལ་སྐུ་དང་། ཀུན་མཁྱེན་མཚོ་སྣ་བའི་སྤྲུལ་སྐུ་སོགས་ལ་ལྟོས་དང་། སྤྱི་མཐུན་གྱི་བསོད་ནམས་དམན་པས། སྐྱེ་འཕྲེང་རྣམས་ཚེས་ཀྱི་ཟླ་བའི་རྗེས་སུ་མ་སོང་ནས། དེའི་བཟློགས་ཕྱོགས་ཕྱིན་པ་འདི་རྣམས་ཀྱིས་གསལ་བཤད་བྱས་མི་འདུག་པས།
རིག་རལ་གྱིས་ཡག་པོ་བྲིས་འདུག།
མིའུ་ཕྲག་གིས་གུས་འདུད་བྱས་འདུག།
འཇིགས་མེད་ཀྱིས་བསམ་ཚད་བརྗོད་འདུག།
ཆོས་འཕེལ་ཁྱེད་གར་སོང་མི་འདུག།
རིག་པའི་རལ་གྲི་ལགས། རྒྱུ་མཚན་དེ་ཙམ་རང་ཡིན་ནམ།
མགོན་པོ་ཀླུ་སྒྲུབ་ཀླུ་ཡི་ཡུལ་དུ་བྱོན།
མི་ཙམ་མ་ཟད་ཀླུ་ལའང་ཆོས་འཁོར་སྐོར།
འཕགས་པ་ཐོགས་མེད་སྟེང་ཕྱོགས་ལྷ་ཡུལ་ཕེབས།
ལྷ་ཡི་ཡུལ་ནས་བྱམས་ཆོས་སྡེ་ལྔ་གསན།
འོན་ཀྱང་བར་ཁམས་མི་ཡི་ཡུལ་འདི་ན།
དུས་བསྟུན་བདེན་བཞིའི་བླང་དོར་སྟོན་མཛད་པ།
པད་དཀར་འཆང་ལྟར་བྱོན་པ་ངས་མ་མཇལ།
སླད་ཀྱི་མཛད་འཕྲིན་ཚོད་དཔག་ཀྱང་ངས་མི་ཕོད།
སླད་ཀྱི་མཛད་འཕྲིན་ཚོད་དཔག་ངས་མི་ཕོད།–ཅེས་བཅོས་རོགས་གནང༌།
སོང་ཉིན་ཕན་ཆོད་ཅི་ཡོང་ཚོད་དཔག་ཉིད་ཀྱིས་གསལ་པོར་མི་ཐུབ་ཀྱང་། མི་ཕོད་ན་རང་ལ་བློ་སྤོབས་མེད་པའི་རྟགས་མཚན་རེད། ཧ་ཧ་ཧ་ཧ་
ཁ་བ་ཅན་གྱི་དྲ་གྲོགས་གཞོན་སྐྱེས་རྣམ་པ།
གུས་པ་དེ་རིང་འདིར་ཐེང་དང་པོར་ཡོངས་བ་ཡིན་པས་ལེགས་པའི་ལམ་སྟོན་བཀའ་སློབ་རེ་ཡོད་པར་ཞུ།
རི་དམ་ལུང་གི་བུ་ལ
རྩོམ་པ་པོ་ཞིག་ཡིན་ན་རང་ལུགས་དགོས།
གྲོགས་པོ་འཆི་བདག་ནག་པོ་ལགས། རང་ལུགས་ཞེས་གང་ལ་ངོས་འཛིན་དགོས་གང་འདྲ་ཞིག་དགོས།
རུ་དམ་ལུང་གི་བུ་ལགས།
བླུན་པོ་ཆུར་སྣ་གར་འཁྲིད་མ་ཡིན་པར་
རང་ལ་གང་ཡོད་པའི་ཤེས་ཡོན་ཏེ་གཞིར་བཞག་ཐོག
དཔྱད་བྱའི་དོན་ལ་དཔོགས་ཚད་ཀྱིས་གཞི་དེར་འབྲེལ་བའི་རྩོམ་ཡིག་རེ་སྤེལ་ན།
དེ་ལ་༼རྩོམ་གྱི་རང་ལུགས་༽ཟེར།།