རིག་པའི་རལ་གྲི
———————-
བློ་ཡོན་དང་རྔ་བ་རྒྱལ་ཁམས་པ་གཉིས་བགྲོ་གླེང་ཡག་པོ་མཛད་ཀྱི་འདུག་ཡིད་རང་ཞུ་བཞིན་ཡིན། འོན་ཀྱང་མཁས་པ་དགེ་འདུན་ཆོས་འཕེལ་ལ་ཚད་ལས་བརྒལ་བའི་བསྟོད་སྨད་མཛད་པ་ནི་གནས་ལུགས་དང་མཐུན་པ་ཞིག་མ་མཐོང་། ཀུན་གྱིས་མཁྱེན་གསལ་ལྟར་ཁོང་རྒྱལ་རབ་དང་རིགས་གནས་ནང་ཆོས་སོགས་ལ་མཁས་པ་རེད། འོན་ཀྱང་བོད་དུ་བྱུང་མྱོང་མེད་པའི་མ་ཧ་པཎྜི་ཏ་དང་། སྔར་མེད་གསར་གཏོད་ཀྱིས་བོད་ཀྱི་རིག་གཞུང་དང་ཆོས་ལུགས་ལ་བྱས་རྗེས་བླ་ན་མེད་པ་མཛད་མཁན་ཞིག་རེད་ཟེར་བ་ནི་འཚམ་པོར་མཐོང་གི་མེད།
རྒྱུ་མཚན་ཡང་། དཔེར་ན་ཀླུ་སྒྲུབ་དགོངས་རྒྱན་ལས། རང་ཅག་གིས་ཡིན་མིན་ཐག་བཅད་པ་ཐམས་ཅད་ཀྱང་། རང་སེམས་ལ་ཇི་ལྟར་ཤར་བ་བཞིན་ཐག་བཅད་པ་ཙམ་ལས་རྩ་བ་གཞན་ཅི་ཡང་མེད། འདིའི་རྒྱུ་མཚན་ནི། འདི་ཡོད་དམ་མེད་ཅེས་དྲི་བ་ན། ཕ་རོལ་པོས་ཡོད་ཅེས་ལན་བཏབ་པ་ཡང་དོན་ལ་ཁྱོད་ཀྱི་སེམས་ལ་འདི་ཡོད་མེད་གང་དུ་ཤར་ཞེས་དྲི་བ་ཡིན་ལ། ལན་བཏབ་པ་ཡང་། ངའི་སེམས་ལ་ཡོད་པ་ཡིན་པ་ཤར་ཞེས་སྨོས་པ་ཙམ་ཡིན། དེ་བཞིན་དུ་ལེགས་ཉེས་བཟང་ངན་མཛེས་མི་མཛེས་སོགས་ཅི་དང་ཅི་དྲིས་པ་ཐམས་ཅད་ཀྱང་། དོན་ལ་ཕ་རོལ་པོའི་བསམ་ཚུལ་གོ་བའི་ཆེད་དུ་དྲིས་པ་ཤ་སྟག་ཡིན་ལ། ཕ་རོལ་པོས་དེ་ལ་ཐག་བཅད་ནས་ལན་བཏབ་པ་ཡང་། དོན་ལ་ཁོ་རང་གི་སེམས་ལ་འཆར་ཚུལ་ལྟར་ཐག་བཅད་པ་ཙམ་ཡིན་གྱི་རྒྱུ་མཚན་གཞན་ནི་ཅི་ཡང་མེད། ཅེས་བྲིས་པ་དང་།
ཡང་གཞན་ལས་ཁོང་གི་ཞལ་སྔ་ནས། སྔོན་ཕྱི་གླིང་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་བཞིན་འཇིག་རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས། རིལ་མོ་ཡིན་ཞེས་སྨ་མཁན་གཅིག་ཀྱང་མེད། ཡུལ་སོ་སོའི་ཆོས་ལུགས་རྙིང་པ་ཐམས་ཅད་ན་ཡང་། འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས་རིལ་རིལ་ཡིན་བྱ་བ་ཡེ་མེད། དེའི་ཕྱིར་དང་པོར་རིག་པ་ཅན་འགའ་ཞིག་གིས་རིལ་རིལ་ཡིན་སྨྲས་ཚེ། གསོན་པོར་མེ་ལ་བསྲེགཔ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ཁོ་ན་བྱས། འོན་ཀྱང་མཐར་རིགས་པ་བདེན་པའི་གཟི་བརྗིད་མ་བཟོད་པར་ཐམས་ཅད་ཀྱིས་རིལ་རིལ་དུ་ཡིད་ཆེས་པ་འདི་བྱུང་ཞེས་སྨྲས་འདུག གུས་པའི་བློ་གྲོས་ཁབ་ལས་དོག་ན་ཡང་། དཔྱད་ཞིབ་ཁབ་རྩེ་ལས་རྣོ་ཙམ་ཞིག་བྱས་ན།
འཇིག་རྟེན་ལེབ་ལེབ་དུ་སྨྲ་བ་དང་། རིལ་རིལ་དུ་སྨྲ་བ་གཉིས་སྨྲ་མཁན་རང་རང་གི་བློ་ལ་གང་ཤར་བ་ལས་རྩ་བ་གཞན་ཅི་ཡང་མེད་ན། དེ་གཉིས་ལ་བདེན་མི་བདེན་ཁྱད་པར་གཏན་མེད་དུ་འགྱུར་ཞིང་། སྨྲ་མཁན་རང་གི་བློ་ལ་དེ་ལྟར་བདེན་གྲུབ་ཚུག་ཐུག་ཏུ་ཤར་བ་ལ་ཁྱད་པར་མེད་པའི་ཕྱིར། འཇིག་རྟེན་ལེབ་ལེབ་དང་རིལ་རིལ་དུ་སྒྲུབ་བྱེད་ཀྱི་རིགས་པར་བདེན་པའི་གཟི་བརྗིད་ཡོད་མེད་ཁྱད་པར་མེད་པར་འགྱུར་ཞིང་། དེ་ཡང་འདོད་ན། མཐར་རིགས་པ་བདེན་པའི་གཟི་བརྗིད་མ་བཟོད་པར་ཐམས་ཅད་ཀྱིས་རིལ་རིལ་དུ་ཡིད་ཆེས་པ་བྱུང་ཞེས་པ་དང་དངོས་སུ་འགལ།
ཕྱི་གླིང་ཡོ་རོབ་ཀྱི་ཡུལ་ན་ཡང་ཞེས་པའི་། ཡང་སྒྲས་བསྡུས་པའི་དོན་དང་། ཡུལ་སོ་སོའི་ཆོས་ལུགས་རྙིང་པ་ཐམས་ཅད་ན་ཡང་། འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས་རིལ་རིལ་ཡིན་བྱ་བ་ཡེ་མེད། ཅེས་པའི་དོན་ལ་གཞིག་ན། ནང་པ་སངས་རྒྱས་པའི་ཆོས་ལས་ཀྱང་འཇིག་རྟེན་རིལ་པོར་སྨྲས་པ་ཞིག་མེད་པར་གསུངས་པ་སྣང་ན་ཡང་། དུས་འཁོར་ལས་འཇིག་རྟེན་རིལ་པོ་གསུངས་པ་དེ་མ་གཟིགས་པ་ཨི་ཡིན་ན། ཡང་ན་རྒྱུད་ཀྱི་རྒྱལ་པོ་དུས་འཁོར་ལས་གསུངས་པ་རྣམས་ཆོས་ལུགས་རྙིང་པའི་ཁོངས་སུ་བགྲང་གི་མེད་པར་འདྲ།
རྔ་བ་རྒྱལ་ཁམས་པས། ཁོང་ལྟ་བུ་ཞིག་དུས་རབས་ཉི་ཤུ་པའི་ནང་ཕེབས་པ་ང་ཚོ་བོད་ཀྱི་བསོད་ནམས་རེད། ཁོང་གི་མཛད་སྤྱོད་ལ་བརྟེན་ནས། ང་ཚོ་བོད་པའི་སྤྱི་ཚོགས་ལ་ཐོད་བརྒལ་རང་བཞིན་གྱི་སྒུལ་སྐྱོད་ཆེན་པོ་ཞིག་བཏང་ཡོད། དེབ་ཐེར་དཀར་པོ་ལས་བཤད་པའི་བོད་ཀྱི་ལོ་རྒྱུས་ཀྱི་གནད་གཅུན་སྟངས། ཀླུ་སྒྲུབ་དགོངས་རྒྱན་ལས་བཤད་པའི་འགྲོ་བ་མིའི་རྣམ་དཔྱོད་ཀྱི་སྒོ་འབྱེད་ཚུལ། ཆོས་ཀྱི་ཚིགས་སུ་བཅད་པ་ལས་བྱུང་བའི་གནའ་བོའི་ལོ་ཙཱ་བ་ཆེ་དགུར་ཅོ་འདོན་ལུགས། འདོད་པའི་བསྟན་བཅོས་ལས་གསུངས་པའི་རང་བྱུང་གི་དགའ་བ་ཉམས་སུ་མྱོང་ཚུལ་སོགས་ནི་སྔར་བོད་ཡུལ་དུ་མ་གྲགས་པའི་རླབས་ཆེན་གྱི་འཆང་སྐྱོད་ཆེན་པོ་ཞིག་ཡིན་ཞེས་སྨྲའོ་ཞེས་བྲིས་འདུག
ཁོང་གིས་མཛད་པའི་དཔྱད་གཞིའི་ཡིག་ཆ་ཁ་ཤས་ཡོད་པ་འདི་བོད་ཀྱི་བསོད་ནམས་ཀྱིས་ཐོབ་པར་ངོས་ལེན་ཞུ་རྒྱུ་ཡིན། འོན་ཀྱང་ཁོང་གི་མཛད་སྤྱོད་ལ་རྟེན་ནས་བོད་ཀྱི་སྤྱི་ཚོགས་ལ་ཐོད་བརྒལ་རང་བཞིན་གྱི་འགུལ་བསྐྱོད་ཆེན་པོ་ཞིག་བཏང་ཡོད་ཟེར་བ་འདི་ནི། སྙན་ངག་གིས་བསྟོད་པ་ཡིན་ན་ཐང་། གཞན་དུ་ན་སྒྲོ་འདོགས་ཁོ་ནར་འདོད། དགེ་འདུན་ཆོས་འཕེལ་གྱི་མཛད་སྤྱོད་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་ལ་ཐོད་བརྒལ་གྱི་ཡར་རྒྱས་དང་གོང་འཕེལ། ཆབ་དཔལ་རིགས་གསུམ་གང་གི་ཐོག་ནས་འདི་ལྟར་སོང་ཡོད་ཞེས་པ་ཞིག་གཟུར་བོའི་བློས་མཐོང་གི་མེད།
ཀླུ་སྒྲུབ་དགོངས་རྒྱན་ལས་འགྲོ་བ་མིའི་བློ་གྲོས་ཀྱི་རྣམ་དཔྱོད་སྒོ་འབྱེད་ཚུལ་ཟེར་བའི་དོན་གང་། མཐར་ཐུག་ན་སོ་སོའི་བློ་ངོར་གང་ཆར་བ་ལས་བདེན་མི་བདེན་གྱི་རྩ་བ་དང་རྒྱུ་མཚན་གཞན་ཡོད་མ་རེད་གསུངས་པ་དེ་ལ་ཟེར་བ་ཡིན་ན། གོང་དུ་ནང་འགལ་བསྟན་པས་ཀྱང་ཤེས་པར་ནུས། གཞན་མགོ་འཇུག་མེད་པར་ཞིབ་ཏུ་་ལྟོས་དང་། སྔོན་གོ་ཤག་སྟག་གསུམ་ལ་སོགས་པའི་མཁས་པ་དུ་མས་དཔྱད་པ་བཏང་ཟིན་གྱི་རིགས་པ་རྣམས་མ་ཡིན་པའི་རིག་པ་གསར་བ་གཅིག་ཀྱང་བརྙེད་ཀྱི་མི་འདུག
ཆོས་ཀྱི་ཚིགས་སུ་བཅད་པ་ལས་བྱུང་བའི་གནའ་བོའི་ལོ་ཙཱ་བ་ཆེ་དགུར་ཅོ་འདོན་ལུགས་ཟེར་བའི་དོན་གང་། སྔོན་གྱི་ལོ་ཙ་བས་བསྒྱུར་མ་མཁྱེན་པ་ཞིག་ཁོང་གིས་བསྒྱུར་ནས་ལོ་ཆེན་རྣམས་ལ་སྐྱེང་དགོས་པ་བཟོས་འདུག་ཟེར་བ་ཡིན་ནམ ཆོས་ཀྱི་ཚིགས་སུ་བཅད་པའི་ཚིགས་བཅད་ཁ་ཤས་བསྒྱུར་ནས་སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་དང་མགྲན་ནུས་པ་ཆགས་འདུག་ཟེར་བ་ཡིན། དང་པོ་ལྟར་ན། ཉིད་ལ་སྔོན་གྱི་ལོ་ཙ་བ་ཆེན་པོ་རྣམས་དང་། དགེ་ཆོས་ཀྱི་བར་གྱི་བསྒྱུར་བའི་ཁྱད་པར་གཟིགས་པའི། སྒྲ་མཁྱེན་པའི་སྤྱན་དང་ལྡན་མིན་བརྟག་དཔྱད་མཛོད།
ཚིགས་སུ་བཅད་པའི་ཚིག་བཅད་ཁ་ཤས་བསྒྱུར་བས་སྔོན་གྱི་ལོ་ཙཱ་བ་རྣམས་སྐྱེང་དགོས་པ་བཟོས་ཡོད་ཟེར་བ་ནི་ཁྲོན་པའི་སྦལ་བའི་རྣམ་ཐར་རོ།
འདོད་པའི་བསྟན་བཅོས་ལས་གསུངས་པའི་རང་བྱུང་གི་དགའ་བ་ཉམས་སུ་མྱོང་ཚུལ་ཟེར་བའི་དོན། གསང་སྔགས་ཀྱི་ནང་ནས་གསུངས་པ་རྣམས་ཁྲོམ་སྒྲགས་ཆེན་པོ་བྱེད་མཁན་ཁོང་དང་པོར་ཆགས་པར་འདོད། འོན་ཀྱང་བོད་ལ་མ་གྲགས་པ་ཞིག་སྨྲས་ཡོད་པར་དྲན་ན། དེ་ཡང་ཁྲོན་པའི་སྦལ་བའི་རྣམ་ཐར་རོ།
དེ་ལྟར་གཟུ་བོའི་བློས་དཔྱོད་དང་། བོད་ལ་རླབས་ཆེན་གྱི་མཛད་རྗེས་བཞག་འདུག་དང་མི་འདུག་ཤེས་པར་འགྱུར་རོ།
ཀླད་རྙིང་དྲི་ངེད་ཐུལ་བའི་རིག་རལ་འདིས། མཁས་པའི་དབང་པོ་དགེ་ཆོས་ལ་དཔྱད་པ་ཨམ་ཞིག་བྱེད་པའི་ཁུལ་བྱེད་པ་ནི། གད་མོ་གཏིང་ནས་ཤོར་རོ། དང་པོ་རང་རེ་གཉིས་ཀྱིས་སུམ་རྟགས་དག་གསུམ་ཡག་ཐག་ཆོད་གཅིག་སྦྱོང་དེ་ནས་དཔྱད་པ་བྱེད་ན་འཚམ་ཤོས་རེད། ཡིག་ཕྱེད་གད་སྙིགས་ཅན་ཁྱོད་ལྟ་བུས་མཁས་དབང་དགེ་ཆོས་ལ་བརྟག་པ་དེ་ནི་དེ་ལས་ཀྱང་མ་འཚམས་སོ།
ཧ་ཧ་ཧ། དགེ་ཆོས་རྩོད་པ་འདི་གྲྭ་པ་ལས་མེད་ཆོས་ལུགས་གྲུབ་མཐའི་ཆགས་སྡང་ཙམ་ཞིག་ཁ་ལ་འཁྱེར་ནས་མི་ཚོགས་ཀྱི་དཀྱིལ་དུ་ཤེས་རྒྱ་ཆེ་མདོག་གི་མགོ་བོ་དཀྲུག་མཁན་དེ་ཚོའི་ནམ་ཉི་མ་སྐྱེལ་བྱེད་ཙམ་དུ་གྱུར་འདུག རྒྱ་མིས་བོད་ལ་དམག་གཏོང་ཉེ་བའི་སྐབས་སུ་དགེ་ཆོས་ཀྱིས་ཕྱི་ནང་གནས་ཚུལ་བསྡུར་བ་བྱས་ནས་བོད་ལ་ཕན་པའི་རྩོམ་ཡིག་རྐང་གཅིག་བྲིས་མེད་པ་བཞིན་ད་ལྟའི་ཨ་ལགས་འདི་ཚོས་ཀྱང་རྒྱ་མིས་བོད་པའི་རིག་གཞུང་མེད་པ་བཟོ་བཞིན་པའི་ཉེན་ཁ་ཆེ་བའི་དེ་རིང་གི་དུས་འདིར་དགེ་ཆོས་གླེང་ནས་སྡོད་པ་འདི་གལ་ཆེ་བ་གཡོལ་ནས་ཆུང་བ་འཇུ་མཁན་དག་གི་བྱེད་སྟངས་དང་གཅིག་པ་རེད། སྔོན་མ་དགེ་ཆོས་ཀྱིས་མཁས་མདོག་ཅིག་གིས་འཛམ་བུ་གླིང་གི་མཚན་ཉིད་སྨྲ་བ་བརྒྱའི་ཡ་གྱལ་ཀླུ་སྒྲུབ་ཀྱི་དགོངས་པ་ལ་འགྲེལ་བ་བྱེད་ཁུལ་འདི་དང་། དེང་གི་དུས་སུ་བོད་མི་མང་པོ་ཞིག་གིས་མཁས་མདོག་ཅིག་གིས་དགེ་ཆོས་གླེང་ཁུལ་བྱེད་པ་འདི་དག་བོད་པ་འུ་ཐུག་པའི་བྱེད་སྟངས་འགའ་དང་ཁྱད་པར་མི་འདུག གལ་ཏེ་གཞུང་བཀའ་པོད་ལྔ་མཐར་ཕྱིན་ནས་རིག་པ་མེ་སྟག་མཆེད་པ་འདྲ་བའི་རྩོམ་ཡིག་འདྲ་སྤེལ་ཐུབ་ན་ནི་རིན་ཐང་ཡོད་ངེས་མོད། རིག་པ་སྣ་གཅིག་དང་སྒྲུབ་བྱེད་ཚིག་གཅིག ཐ་ན་རྩོམ་ཡིག་གི་མགོ་མཇུག་ཡང་ཡག་པོ་བསྡུ་མི་ཤེས་པ་དང་གསར་འགྱུར་དང་སྒྲུང་རྩོམ་ཙམ་གྱི་ཁྱད་པར་ཡང་དབྱེ་མི་ཤེས་པར་ད་དུང་སྤྱི་ཚོགས་ནང་དུ་མཁས་མདོག་བྱེད་པ་འདི་སྐྱུག་བྲོ་བ་མ་ལགས་སམ། དགེ་ཆོས་ཡང་མཚན་ཉིད་སྨྲ་བའི་གྲལ་དུ་ཚུད་མི་ཐུབ་ལ་དགེ་ཆོས་ཀྱི་རིག་པ་ཡང་ཁྱེད་ཅག་རྣམས་ལས་རྣོ་ཙམ་ཞིག་རེད། གལ་ཏེ་དགེ་ཆོས་ཀྱི་རྣམ་རིག་དེ་ཀླུ་སྒྲུབ་ལྟ་བུའི་ཚད་དུ་སླེབས་ཡོད་ན་ད་ལྟ་དགེ་ཆོས་ཡང་འཛམ་གླིང་མཚན་ཉིད་སྨྲ་བའི་གྲས་སུ་ཚུད་དགོས་པ་ཡིན་མོད་དོན་ངོ་མ་དགེ་ཆོས་ཧ་གོ་མཁན་ཇི་ཙམ་འདུག་བསམ་བློ་ལྷོད་ཀྱིས་བཏང་ན་ཤེས། ང་ཚོ་བོད་པ་རྣམས་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་ནི་གྲུབ་མཐའི་དག་སྣང་གི་ཉི་འོད་སེར་དྲག་པའི་རྐྱེན་གྱིས་རྣམ་དཔྱོད་ཀྱི་མིག་ཟུང་ཡང་ཀུན་ནས་ལྡོང་འགྲོ་བ་རེད། ད་དུང་མཁས་མདོག་ལ་དགའ། བརྩོན་འགྲུས་ཆུང་བས་ཡིན་མ་ཡིན་གྱི་རྩོད་པ་བྱིས་པ་ལོ་བརྒྱད་མགོ་སྐོར་བྱེད་ཙམ་ལས་རིན་ཐང་ཡོད་པའི་རྩོམ་ཡིག་སྣ་གཅིག་འབྲི་མི་ཤེས། ཁྱར་རེ་ཁྱོར་རེ་ཤེས་པ་དེ་ཡང་སྙན་རྩོམ་ཡིན་པས་བོད་ཀྱི་རྩོམ་ཡིན་ན་སྙན་རྩོམ་ཡིན་པས་ཁྱབ་བརྗོད་ཀྱང་ཁྱབ་པ་ཁས་ལེན་དགོས་པ་ལྟར་དུ་གྱུར་ཡོད། མི་རིགས་གཞན་གྱི་རྩོམ་རིག་ནང་དུ་རྩོམ་ལུས་འདྲ་མི་འདྲ་ཤིན་ཏུ་མང་མོད་ཨ་ལགས་རྣམས་ཀྱིས་སྙན་ངག་ཁྱར་ཁྱོར་རེ་ལས་འབྲི་མི་ཤེས། རྒྱུ་མཚན་ནི་དག་སྣང་དང་ལད་ཟློས། མཁས་མདོག་ཁོ་ན་བྱེད་དགའ་བའི་རྐྱེན་གྱིས་རེད་འདུག ལར་ང་ལྟ་བུ་གྲྭ་ས་འགྲིམ་མ་མྱོང་མོད་ཆུང་ནས་བོད་ཡིག་མཐོང་ཚད་བཀླགས་པས་དཔེ་ཆ་གང་ལ་ཡང་རང་གི་གོ་བ་རེ་ལེན་རྒྱུ་འདུག དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་ལས་ཀྱང་། ཆོས་ཀྱི་གནས་ལུགས་མཐར་ཐུག་དེ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་རྗེས་རྟོགས་སྲིད་པ་ཙམ་ལས། ལྷ་ས་འགྲོ་མྱོང་མེད་པའི་མི་ཞིག་གིས་ལྷ་ས་གླེང་བ་དང་ཁྱད་མེད་པར་བསྟན་པའི་སྒོ་ནས་ཐུབ་བསྟན་ལ་མོས་པ་བྱས་པ་ཙམ་རེད། དེར་བརྟེན་དགེ་ཆོས་གླེང་མ་མང་། དེ་ལས་ཁོམ་པ་འདྲ་བྱུང་ན་བོད་ཀྱི་ད་ལྟའི་གནས་བབ་ལ་སོམས། བོད་ཀྱི་དོན་ལ་ཐབས་ཇུས་རེ་བཀོད། དོན་གྲུབ་དབང་ཆེན་དང་། གངས་ཉི། བསྟན་འཛིན་དགེ་ལེགས། བློ་བཟང་བསྟན་འཛིན། བཀྲ་ཤིས་དོན་གྲུབ་སོགས་གླེང་། རབ་བྱུང་ན་དེ་དག་གི་ཆེད་དུ་རྩོམ་ཡིག་རེ་གཉིས་བྲིས། རང་དབང་ལུང་པའི་ནང་ནས་ཕ་ཡུལ་གྱི་མི་རྣམས་ལ་ཤེས་བྱ་གསར་པ་རེ་དང་། གཏམ་གསར་པ་རེ་སྐྱེལ་ཨེ་ཐུབ་ལྟོས། བོད་ལ་ཕན་ན་ལས་ཀ་དེ་དག་གིས་ཕན་པ་རེད། དགེ་ཆོས་ལོ་བརྒྱ་ལ་རྩོད་ཀྱང་འབྲས་བུ་ཞིག་འབྱུང་མི་སྲིད་པས་ཕྱི་རབས་པ་རྣམས་ཀྱིས་ཁོང་གི་རྩོམ་ཡིག་བཀླགས་ན་དེ་ཙམ་གྱིས་འགྲིག་པ་རེད།
དགེ་ཆོས་གླེང་ཁུལ་རེ་བྱས་ནས།
མཁས་མདོག་མགོ་བོ་རེ་དཀྲུག་པའི།
ཨ་ལགས་ཁྲོན་སྦལ་ཚོའི་སྤྱན་དུ།
རྒྱ་མཚོའི་རླབས་སྒྲ་འདི་འབུལ་ལོ།
“རྒྱ་མིས་བོད་ལ་དམག་གཏོང་ཉེ་བའི་སྐབས་སུ་དགེ་ཆོས་ཀྱིས་ཕྱི་ནང་གནས་ཚུལ་བསྡུར་བ་བྱས་ནས་བོད་ལ་ཕན་པའི་རྩོམ་ཡིག་རྐང་གཅིག་བྲིས་མེད་པ་བཞིན་” lala ལགས། སྐབས་དེར་དགེ་ཆོས་ཀྱི་གནས་སྟངས་ག་འདྲ་རེད། དགེ་ཆོས་མཆོག་༡༩༤༦ནས་༡༩༤༩བར་ཁྲི་བྱང་དང་ཀ་ཤོད་སོགས་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་གྱི་སྙིང་ནད་རྩོད་ཆེད་ཁྲིམས་རར་བཅུག་པ་རེད། ༡༩༤༩ལོར་བཙོན་གྲོལ་ཐོབ་ཀྱང་། བཙོན་ཁང་ནས་ཁོང་ལ་ཡང་ར་སྒྲེང་རིན་པོ་ཆེ་ལ་ཕུལ་བའི་སྨན་དེ་འདྲ་སྤྲད་རྐྱེན་ཁོང་རིག་ཚོ་མི་ཟིན་པ་དང་མཛད་སྤྱོད་སྨྱོན་པ་ལྟ་བུ་ཆགས་ཟིན་པ་རེད། ༡༩༥༡ལོར་རྒྱ་ནག་བོད་དུ་འཛུལ་བའི་མགོ་བཙུགས་སྐབས་ཁོང་སྐུ་གྲོངས་པ་རེད། ད་ཕྱི་ནང་གི་གནས་ཚུལ་བསྡུར་བའི་རྩོམ་ལྷོད་པོ་དེ་ག་དུས་འབྲི་དགོས་སམ། དེ་མིན་དགེ་ཆོས་མཆོག་ནི་སེ་འབྲས་དགའ་གསུམ་གྱི་བླ་མ་རྡོ་སྦིས་དགེ་བཤེས་ལྟ་བུ་གུང་ཁྲན་ཏང་གི་སྐྱག་ཕྱིས་ཟོས་ནས་ཤ་རྒྱ་མ་ཉིས་བརྒྱ་སུམ་བརྒྱ་རེ་ཇེ་ཚོ་རུ་བཏང་ནས་བསྡད་པ་མ་རེད་དོ།།
ཆོས་འཕེལ་ལགས་ཀྱི་དཔྱད་རྩོམ་དངོས་གཞིའི་ནང་དུ་དོན་ལ་མི་གནས་པའི་སྐད་ཆ་འགའ་ཞིག་འདུག་ཀྱང་། ཁ་བྱང་གི་ནང་དོན་དེ་ཧ་ཅང་བདེན་པ་རེད། དེ་ལ་མོས་འཐད་ཡོད།
༡༩༤༦གོང་ལ་དགེ་ཆོས་ག་རེ་བྱས་ནས་བསྡད་པ་རེད། འདོད་པའི་བསྟན་ཅོས་རྩོམ་པར་བྲེལ་ནས་བོད་ཀྱི་ཉེན་ཁ་མ་མཐོང་བ་རེད་དམ་ཡང་ན་མཐོང་ཀྱང་སྲིད་ལ་ཐུགས་མི་སྤྲོ་བས་ཐུགས་ལ་མ་བཞག་པ་རེད།
མཁས་པ་དགེ་འདུན་ཆོས་འཕེལ་ལ།།
ཚད་བརྒལ་བསྟོད་སྨད་འཚམ་པོ་མེད།།
བརྡ་དག་ལའང་རྨོང་བའི་མིས།།
བརྟག་དཔྱད་བྱེད་པ་དེ་ལས་མི་འཚམ།།
༡༩༤༦གོང་ལ་དགེ་ཆོས་བོད་དུ་སླེབས་ནས་ཅུང་སྡོད་སྐབས། དེབ་དཀར་རྩོམ་པའི་དབུ་བཙུགས་པ་རེད། ཁོང་ལ་དེང་སྐབས་ཀྱི་གཞུང་གི་མཐུན་རྐྱེན་སྦྱར་བའི་དཀྲུགས་ཤིང་གི་རྩོམ་པ་པོ་ཚོ་དང་འདྲ་བའི་ཡིག་ཆ་དང་། གནམ་གྲུ། མོ་ཊ་རི་ལི། ངལ་གསོ་སའི་གཞང་ཁང་སོགས་ཡོད་པ་མ་རེད། རྡོ་རིང་རེ་རེའི་ཡི་གེ་ཀློག་ཏུ་ཟླ་བ་རེ་ལ་དཀའ་ལས་བརྒྱབ་ནས་རྐང་ཐང་མར་ཕྱིན་པ་རེད། དུས་སྐབས་དེ་འདྲ་ཤིག་ལ་གྲྭ་ཆས་གྱོན་པའི་སྤྱང་ཀི་དང་། རྐུབ་སྟེགས་མཐོ་བའི་འབུ་སྡོམ་ཚོའི་ཁ་ནང་དུ་ཞོར་བ་རེད། ངས་དངོས་གནས་བཤད་པ་ཡིན།
ཆོས་འཕེལ་ལགས་ཀྱི་གོང་གི་ཤོ་ལོ་ཀ་གཅིག་པོ་དེའི་རྐང་པ་རིང་ཐུང་ཤོར་འདུག་པས། ཇི་ལྟར་ཞུས་དག་བྱེད་དགོས།
མྱིག་མཛོད་ལགས་ཀྱི་ལན་ཡག་པོ་འདུག བུ་ཁྱོད་དགེ་ཆོས་ལ་རྒྱུས་ཅུང་ཙམ་ཡོད་ས་རེད།
བརྟག་དཔྱད་དེ་ལས་མི་འཚམས་སོ།
ད་འདུག་གིན་མ་བཞག་ཐ།མཁས་དབང་དགེ་ཆོས་ལ་འདི་འདྲ་བྱས་ནས་བརྙས་བཅོས་བཏང་ནས་ཅི་བྱ་རྒྱུ་ཡིན་།ཁོས་ཁྱེད་ཚང་ཟོག་དེད་པ་ཡིན་ནམ།ལུག་བཤས་བ་ཡིན།མི་བུ་ཚོ་མདང་རྒྱག་ཡག་བྱོས།
བོད་ལ་རྒྱལ་ཁབ་གཞན་རྣམས་དང་མ་འདྲ་བར་དམིགས་བསལ་ལྷ་འདྲེའི་རིགས་མང་བའང་མྱི་ལྷ་རུ་གཏོང་མཁན། ལྷ་འདྲེ་རུ་གཏོང་མཁན་བློ་ཡོན་ལྟ་བུ་མང་པོ་རྫ་ཁུག་ལུང་ཁུག་ལ་འབུ་རྒྱབ་པ་བཞིན་ཁེངས་བསྡད་ཡོད་པས་ལོས་ཡིན་འདོད།
ཡང་མིན་ན་བསྟོད་པ་དེ་མིན་ན་སྨད་པ། ཡང་ན་ཡག་པོ་དེ་མིན་ན་ངན་པ་ཡིན་དགོས་པ་རེད། བཟང་ངན་དགེ་སྐྱོན་ཡག་ཞན་ཐམས་ཅད་འདྲེས་ཡོད་པའི་སྤྱིར་བཏང་གི་མི་ཞིག་སྤྱིར་བཏང་གི་ཁ་ཞིག་ནས་ཐོན་ཐུབ་རྒྱུ་དཀའ་སེ་འདུག་པ་འདི་ཅི་ཡིན་ན།
དགེ་ཆོས་ལ་བསྟོད་པ་བྱེད་མཁན་འདི་ཚོས་དགེ་ཆོས་ཀྱི་གསུང་བའི་དགོངས་དོན་ཁྱོན་ནས་ཤེས་ཀྱི་མེད་པར་འཕགས་འཚགས་གློད་ཀྱི་འདུག འཛམ་གླིང་ཟླུམ་པོ་ཡིན་ཟེར་མཁན་དང་ལེབ་ལེབ་ཡིན་ཟེར་མཁན་གཉིས་ཀ་རྫུན་པ་ཡིན་པར་ཐལ། གཉིས་ཀ་ཚད་མ་མ་ཡིན་པའི་ཕྱིར། གཉིས་ཀའི་ས་ནས་རང་རང་གི་བློ་གཏད་སའི་ལུང་རིགས་ལུང་པ་བཀང་བཙལ་ནས་བཀོད་པ་མ་གཏོགས། དེ་ཚང་མ་ཚད་མ་ཡིན་པ་དང་མི་བསླུ་བ་ཡིན་པ་བཙལ་ནས་སོང་ན་རང་རང་གི་བློ་འདི་ལ་ཐུག་འགྲོ་བ་དང་། རང་རང་གི་བློ་འདིས་ནི་ཁ་སང་ཐག་བཅད་པ་དེ་རིང་འགྱུར་འགྲོ་བ། སྔ་དྲོ་ཐག་བཅད་པ་ཕྱི་དྲོ་འགྱུར་འགྲོ་བ་དེ་འདྲ་ཡིན་པའི་ཕྱིར་བསླུ་བ་ཁོ་ན་ཡིན་པའི་ཕྱིར། དེ་ན་ཁོ་མ་རེད་དང་ང་བདེན་ཟེར་བ་གཏན་ནས་མི་འཐད་པར་ཐལ། དེ་ལྟར་ཐག་བཅད་པ་ཡང་རྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར།
ད་འཇིག་རྟེན་ཟླུམ་པོར་སྒྲུབ་པའི་ལུང་སྟོང་ཕྲག་ལྷག་ཙམ་བཙལ་ན་ཡང་བཙན་དུ་འགྲོ་རྒྱུ་གང་ཡང་མེད་པར་ཐལ། འཁྲུལ་བའི་སྟེང་དུ་འཁྲུལ་བ་བརྩེགས་པ་ཙམ་ཡིན་པའི་ཕྱིར། སངས་རྒྱས་ནས་བཟུང་དངོས་བརྒྱུད་ཀྱི་རྩ་བའི་བླ་མ་བར་དུ་ཚང་མ་ག་ཚོད་བརྩེགས་ན་ཡང་འཁྲུལ་བའི་སྟེང་དུ་འཁྲུལ་བ་བརྩེགས་པ་ཙམ་མཐར་རང་ཉིད་ཀྱི་འཁྲུལ་བའི་བློ་འདི་ལ་ཐུག་འགྲོ་བ་ཡིན་པའི་ཕྱིར།
ཟླ་མེད་ལགས། ངས་དེ་རིང་ཁྱེད་ལ་བཏབས་པའི་མཆན་འདི་འོག་ལ་ཤོར་འདུག་པས་ཁྱེད་ཀྱིས་གཟིགས་ཡོད་ས་མ་རེད། དེ་བས་འདིར་བསྐྱར་འགོད་བྱས་པ་ཡིན།
༨༽ མྱིག་རྫོད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༩ གི་ཆུ་ཚོད་ ༡༥ སྐར་མ་ ༢༩
ལོ་ན་ལྔ་བཅུར་སླེབ་ལ་ཉེ་བའི་གཞོན་ནུ་ཟླ་མེད་ལགས། མྱིག་རྫོབ་ཀྱི་ཁ་ནང་ལ་མདོ་ཚིག་སྐྱོར་ཡ་ཡོད་མེད་ཀྱི་གནད་དོན་མ་རེད། ངས་ཁྱོད་ཐེངས་མ་མཛོ་རྒན་འདྲ་ཞིག་གི་ཐེངས་མ་གསུམ་ལ་ཕམ་པར་རྒྱག་ཚར་བ་རེད། དང་པོ་དགེ་ལུགས་དང་དོལ་རྒྱལ་གྱི་སྐོར། གཉིས་པ་ཁ་རྩོག་ལས་འཕྲོས་པའི་འདུལ་ལུང་སྡེ་བཞིའི་སྐོར། གསུམ་པ་དེ་རིང་གོང་གི་རྒྱ་ཆེར་རོལ་བའི་མདོ་ཚིག་གི་སྐོར་བཅས་རེད། ངས་ཁྱོད་དང་མོའོ་ཕྲུག་གཉིས་ཕམ་པར་རྒྱག་རྒྱུ་ཅུང་མང་སོང་ཡང་ཁྱོད་གཉིས་ཉོ་རུ་ཡོང་བ་རེད། ད་དུང་ཐེངས་མ་གཅིག་ལ་ཕམ་ན་དེ་ནས་ངས་ཁྱོད་ཀྱི་ཁ་ནང་དུ་འབི་ལི་བཅུག་ནས་ཁུ་བ་མ་ཐོན་བར་དུ་དཀྲུག་གི་ཡིན་དོ།། དེའི་རྗེས་སུ་ཁྱོད་ཀྱི་མིང་ལ་གཞོན་ནུ་ཟླ་མེད་ལས་ལོག་སྟེ། རྒན་པོ་ཁུ་འཐུང་ཟེར་གྱི་རེད།
༩༽ མྱིག་རྫོད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༩ གི་ཆུ་ཚོད་ ༡༥ སྐར་མ་ ༣༥
གཞོན་ནུ་ཟླ་མེད། སེམས་ལ་ནན་མོར་ཟུངས། ད་ཁྱོད་ཡང་བསྐྱར་ངའི་ལག་ནས་ཐེངས་གཅིག་ལ་ཡང་ཕམ་ཆོག་གི་མ་རེད་དོ། རྒན་པོ་ཁུ་འཐུང་ཟེར་བའི་མིང་འདི་ཐོགས་རྒྱུ་ལ་གཤིས་གི་དོགས་ཟོན་བྱོས།
ད་ངས་ཚིག་འགྲོས་བཞིན་བཀོད་ན། འཛམ་གླིང་ཟླུམ་པོ་ཡིན་པར་སུས་ཤེས། དེང་སང་གི་ཚན་རིག་པས། དེང་སང་གི་ཚན་རིག་པས་བཤད་པ་མི་བསླུ་བ་ཡིན་པར་སུས་ཤེས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། མཁས་དབང་ཁོང་མི་བསླུ་བར་སུས་ཤེས། མཁས་དབང་ཟླ་བཟང་གིས། ཟླ་བཟང་མི་བསླུ་བར་སུས་ཤེས། ངའི་དགེ་རྒན་བཀའ་དྲིན་ཅན་དེས། ཁྱོད་ཀྱི་དགེ་རྒན་བཀའ་དྲིན་ཅན་དེ་མི་བསླུ་བར་སུས་ཤེས། མཐར་ཐུག་ན་རང་གི་བློ་ལ་ཐུག་འགྲོ རང་ཉིད་ཀྱི་བློ་ན་གཏད་སོ་མེད་པ་མཐར་ཐུག་གི་ས་འབུ་ནག་རིང་དེ་ཡིན་པའི་ཕྱིར།
དེ་ན་མྱིག་རྫོབ་ཁྱོད་ལ་འདི་རེད་འདི་མ་རེད་ཟེར་བ་ཅིག་ལྷག་ཡོད་དམ།།
ཟླ་མེད། ད་མོག་མོག་ཚོས་སོང་། ཆུ་ཚོད་གཅིག་གི་རྗེས་ནས་ཐུག་ཡོང་། ངས་ཁྱོད་ཀྱིས་ཁ་ནང་དུ་འབི་ལི་མ་བཅུག་གོང་ལ་ཁྲུས་ཡག་པོ་ཞིག་རྒྱག་ཡོང་གོ དེ་མིན་ངའི་འབི་ལིའི་ངོ་ན་གཞང་ཚོང་མ་ལྔ་བརྒྱའི་གཉའ་ཁུ་འགོས་ཡོད་ནི་རེད། ཨ་ལགས་ཁྱེད་མནོལ་འགྲོ་ན་ཐང་ཡ། བཛྲ་ས་ཏྭ་ཧཱུྂ།
མྱིག་རྫོབ་འདི་རྙིང་རྗེ། འདི་ཁོ་རང་ལ་རྒྱལ་ཁ་ཐོབ་ཡོད་རབ་ཟེར་ན་ཅིག་བཤད་ཀྱི་བསྡད་འདུག ཁ་གཙོག་བཤད་དགོས་ན་ངས་ཨ་ཡེ་ལ་རྒྱོ་དང་ཁྱོད་གཉིས་ལ་རྒྱལ་ཁ་མ་སྤྲད་རང་སྤྲད་རེད། དེ་མིན་ཁྱོད་ལ་རྒྱལ་ཁ་ཟེར་བ་ཅིག་ཅི་ལྟར་ཐོབ། ཁྱོད་ལ་རང་ལུགས་མེད། གཏད་སོ་མེད། བླ་མ་མེད། དཀོན་མཆོག་གསུམ་མེད། ལས་རྒྱུ་འབྲས་མེད།
བཙོག་རབས་འཛེག་རབས་བཤད་ན་མང་ན་ཡང་།།
ལག་དུ་བཞག་ན་ཤ་མགོ་དམར་ལུ་མ།།
མི་རིགས་གཞན་གྱི་འཁྲུག་སྤྱོད་དོ་ཟླ་ཞིག།
ད་དུང་ཡོང་རབས་མི་འདུག་དངོས་ཡོད་རེད།།
དེ་ལས་བདེན་པའི་གཏམ་དང་གནས་ལུགས་སོགས།།
རང་གི་རིགས་ལ་དཔྱད་རྒྱུའི་འགོ་བརྩམས་ནས།།
རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བོད་པ་ཡིས།།
གཞིས་ལུས་མི་རྣམས་བསམ་ཞོར་ཤུ་རེ་བྱོས།།
གནའ་ཤི་ད་ཤི་གླེང་ནས་མི་ཕན་ནོ།།
དེ་ལས་རང་གི་རིགས་ཀྱི་དར་རྒུད་འདི།།
གང་ནས་སྤྱོར་ན་འོས་མིན་ཞིབ་འཇུག་གིས།།
རྒུད་པའི་དོང་ལས་སྐྱོབས་ལ་ཐབས་རེ་འཚོལ།།
མྱིག་རྫོབ་ཁྱོད་ཀྱིས་ང་ལ་ཀླུ་སྒྲུབ་དགོངས་རྒྱན་ཡིན་ན་ཅིག་བསྐུར་གི་ཡིན་ཟེར་བ་མ་རེད་དམ། ང་སློབ་འབྲིང་ལ་འགྲོ་བའི་སྐབས་སུ་ཀླུ་དགོངས་བློ་ལ་ཤར་མར་འགྲོ་གི་ཡོད། ངའི་དགེ་རྒན་གྱིས་དེའི་སྐབས་སུ་དགེ་ཆོས་ལས་རབ་གསལ་ལ་སློབ་སྦྱོང་བྱེད་དགོས་ཟེར། རབ་གསལ་འདིས་དེའི་སྐབས་སུ་རོང་བོ་ནང་ན་འགྲེལ་བ་དོན་གསལ་བློ་ལ་བཟུང་ཟིན་ནས་དྲང་ངེས་ལེགས་བཤད་སྙིང་བོ་ཡིན་ན་ཅིག་བློ་འཛིན་བྱས་ཀྱི་ཡོད་རབ་ཁོང་གི་དགེ་རྒན་དེས་ངའི་དགེ་རྒན་ལ་ལབ་འདུག དེས་རྐྱེན་གྱིས་ངའི་དགེ་རྒན་དེས་ང་ལ་ཡང་རང་གསལ་ལ་སློབ་སྦྱོང་བྱེད་དགོས་པ་ལས་དགེ་ཆོས་ལ་སློབ་སྦྱོང་བྱེད་མི་དགོས་ཟེར། དེ་ཡང་གལ་དེ་དགེ་ཆོས་ལ་སློབ་སྦྱོང་བྱེད་དགོས་ན་དབུ་མ་འཛིན་གྲྭ་མཐར་ཕྱིན་ན་རྗེས་ནས་ཡིན་ཟེར། ཁྱོད་ཀྱིས་བསམ་ན་ངས་དགེ་ཆོས་ཀྱི་ཡི་གེ་གང་ཡང་མཐོང་ཡོད་པ་མ་རེད་བསམ་གྱི་འདུག་གམ། །
ཨ་ཁུ་སྤྱང་གུས་འདུར་རྒྱུགས་ཁྲོད་ནས་རྙེད་པའི་ཤ།
ཕོ་རོག་ནག་ཆུང་སྔོན་ལ་རྒྱུགས་ནས་ངོམ་སོ་ཁྱེར།།
སྡེ་མི་ཁ་ཤས་ལ་བཏུས་ལུང་བཏུས་བྱས་པའི་རྩོམ།།
མྱིག་རྫོབ་རྐུབ་ཀྱོག་སྔོན་ལ་རྒྱུགས་ནས་ངོ་དགའ་བྱེད།།
སྔོན་ནས་བསུས་དེ་རྔ་མ་གཡུག་པའི་དུད་འགྲོ་དེར།།
འཇིག་རྟེན་འདི་ན་ནོར་སྲུང་ཅེས་སུ་མི་རྣམས་འབོད།།
རྔ་མ་མེད་ཀྱང་སྔོན་ལ་རྒྱུགས་པའི་རྐང་གཉིས་པ།།
རྒྱུགས་ཁྱི་ཞེས་སུ་བོས་ན་འེ་འཚམ་མཆེད་གྲོགས་དག།
ལ་ལའི་ཁ་ནས་ཚིག་བཙོག་ཤོར་གོ་གི །
ལ་ལས་བར་འདུམ་ཧུར་ཐག་གནང་གོ་གི །
ལ་ལས་ཟུར་ནས་ལྟད་མོར་ལྟ་གོ་གི །
ལ་ལ་ཞིག་ལ་དགོད་ཁ་ཤོར་གོ་གི །
ཨ་ཧ་ཧ། གཞོན་ནུ་ཟླ་མེད་ཀྱིས་ཡང་ཞབས་འདྲེན་ཞུས་འདུག་ཡ། ཁར་ཉིན་དགེ་ལུགས་མ་ལུགས་ཀྱི་སྐད་ཆ་ཤོད་སྐབས། ཁྱོད་ཀྱིས་དགེ་ལུགས་ཡག་པོ་རེད། གང་ཡིན་ཟེར་ན་རྒྱལ་ཚབ་རྗེ་དང་དགེ་འདུན་གྲུབ་པའི་དུས་ནས་དམ་སེལ་ཡོད་པ་རེད་ཟེར། དགེ་ལུགས་ཀྱི་ཡིག་ཆ་མང་པོ་བསྟན་སོང་། དེ་རིང་ཡང་ཁོའི་དགེ་རྒན་གྱིས་ཀླུ་དགོངས་ལ་མ་བལྟ་ཟེར་ཟེར། ཁྱོད་ཚོ་དགེ་ཆོས་ལ་དགྲ་ལྟར་བལྟ་བ་དེ་ཀླུ་དགོངས་ཀྱི་ཞེ་ནད་མ་ཁྱོག་པ་རེད་ཟེར་ནས་ངས་བཤད་ཚར་སོང་ང་། རྒྱ་ནག་གིས་༧རྒྱལ་བ་རིན་པོ་ཆེའི་སྐོར་ཀྱི་གསར་འགྱུར་བཀག་སྡོམ་བྱེད་པ་དང་གཅིག་པ་རེད། སྙིང་རྗེ།
དགེ་ཆོས་ཀྱིས་ཡོད་ཚད་རང་གིས་ཐག་གཅོད་ཀྱི་ཐོག་ལ་འབབ་ཚུལ་བཤད་པ་དེ་བདེན་པ་མིན་ན། ༧རྒྱལ་བ་སྐུ་དྲིན་ཅན་གྱིས་རྒྱུ་མཚན་དང་བཅས་ཏེ་དོལ་རྒྱལ་ཅི་ཙམ་བཀག་རུང་ཁྱོད་ཚོ་ཡིད་མི་ཆེས་པར་མུ་མཐུད་དུ་འདི་ཕྱིའི་སྐྱབས་གནས་སུ་བརྟེན་དོན་ཅི་རེད། དེ་ཡོད་ཚད་རང་གིས་ཐག་གཅོད་བྱེད་ཀྱི་ཡོད་པའི་བདེན་དཔང་རེད་ཡ།
ངས་ཁྱོད་ལ་ཀླུ་དགོངས་བསྐུར་ཡོང་ཞེས་བཤད་མེད། སྐུ་དགོངས་ག་ས་ག་བ་ལ་ཡོད་པས་ངས་ཁྱོད་ལ་སྐུར་དོན་མེད། ངས་ཟེར་ན་ཁྱོད་ཀྱིས་ཀླུ་དགོངས་ལ་གདེངས་འཇོག་བྱེད་མཁན་མེད་རབས་ཟེར་བས། ངས་ཁྱོད་ལ་དེང་སང་གངས་ལྗོངས་སྨྲ་བའི་ཁྱུ་མཆོག་ཚོས་གདེངས་འཇོག་ཅི་ཙམ་བྱེད་ཀྱི་ཡོད་མེད་ཀྱི་འོད་སྡེར་སྐུར་ཡོང་ཞེས་བཤད་པ་ཡིན། འོན་ཀྱང་ཁྱོད་ལ་བ་ཚྭའི་ཁྲོན་པ་བརྐོ་བ་ལས་ཆུ་བོ་ཡན་ལག་བརྒྱད་ལྡན་འཐུང་བའི་ལས་ག་ལ་ཡོད།
མཛེས་མར་སྤྱོད་པའི་ལས་སྐལ་མེད།།
ལོ་དགུ་བརླ་རྒྱག་ནང་དུ་ཟད།།
གཞུང་བཟང་སློབ་པའི་བསོད་ནམས་མེད།།
མི་ཚེ་མེད་དགག་ནང་ནས་རྒས།།
བླ་རྒན། ད་གཅིག་གིས་གཅིག་གི་མྱིག་ནང་ང་ས་འདེད་རྒྱུ་མཚམས་འཇོག་བྱོས། དེ་ནས་སྒོར་རྡོག་ཆ་རེ་གསོག་ཨེ་ཐུབ་ལྟོས་ར། ཉི་མ་གཅིག་སྒྲེ་སེ་རུ་མཛེས་མ་དང་མཉམ་དུ་ཨ་ལུ་སྒོག་ཆུ་ཟ་གི་སོང་ར་དེས་ཧྲ་གི་པ། བོད་ཀྱི་མཛེས་མ་དང་མཛངས་མ་སུ་ཡིན་ན་ར་ལག་ན་སྒོར་རྡོག་ཆ་རེ་མེད་ན་ཁ་ཡ་མི་ཡེད་ཐག་ཆོད་རེད། གསར་བུ་འདི་ཚོའི་ནང་ན་ཡོན་ཏན་འགྲིགས་བསྡད་ཡོད་པ་སྐོར་ཟིག་ཡོད་ནོ་ཤེས་ཀ འདི་ཚོའི་ཁ་ཡ་རྩ་མོ་ཡས་ཡོང་ནི་མ་རེད། ཨུམ་དུམ་པ་ཁྱོས་དེ་མོ་དེ་ཟིག་ཡེད་ཀི་མ་འདུག ངས་ཁྱོ་ཞོ་ཟིག་ཡས་ནས།
བསྟོད་པ་གནས་ལུགས་མའི་འགྲེལ་བ་བཞུགས་སོ།།
ང་ལ་ཁས་ལེན་པས་རང་ལུགས་མེད་པ་བདེན།།
རང་ལུགས་མེད་པ་དེ་ཀ་ང་ཡི་རང་ལུགས་ཡིན།།
བདེན་པར་གྲུབ་པ་མེད་པས་ང་ལ་གཏད་སོ་མེད།།
གཏད་སོ་མེད་པས་གཏད་མེད་ངང་དུ་ཆོས་ཀུན་རྫོགས།།
རང་སེམས་བླ་མར་རྟོགས་པས་བླ་མ་ལོགས་སུ་མེད།།
ཐུགས་ཡིད་དབྱིངས་སུ་འདྲེས་པས་བླ་མ་རང་ལ་རྫོགས།།
སྐུ་གསུམ་རང་ངོ་འཕྲོད་པས་མཆོག་གསུམ་གཞན་མི་འཚོལ།།
མཆོག་གསུམ་ཕྱི་ན་མེད་པ་འབྲས་བུའི་མཆོག་གསུམ་ཡིན།།
དཀར་ནག་ལས་འབྲས་ཟད་པས་རྒྱུ་འབྲས་མེད་པ་བདེན།།
དབྱིངས་ལ་ལས་འབྲས་ཡོད་ན་དབྱིངས་ཉིད་འདུས་བྱས་འགྱུར།།
གཞོན་ནུ་ཕྱི་ཐག་ཅན་དེས་འདི་ལྟར་བསྟོད་པ་ཡིས།།
བསོད་ནམས་གང་དེས་གནས་ལུགས་རང་ཞལ་མཇལ་བར་ཤོག།
གཞོན་ནུ་ཟླ་མེད་ཀྱིས་མྱིག་རྫོད་ལ་བསྟོད་པ་གནས་ལུགས་མའི་དོན་འགྲེལ་ལོ།།
ང་ཚོ་དགེ་ལུགས་པའི་གཏིང་ཟབ་ལ་རྒྱ་ཆེ་བའི་གཞུང་ལུགས་དེ་ཚོར་འཆད་ཉན་ཁྲིད་གསུམ་གྱི་རྒྱུན་ཡོད་པ། དགེ་རྒན་དེ་ཚོ་ཡང་བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ་ཟེར་བ་ལྟར་གྱི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ལྡན་པ་དེ་འདྲ་དགོས།
ཁྱོད་ཚོའི་བཤེས་གཉེན་ནི། བཤེས་གཉེན་དུ་འཐེན་ཆང་འཐུང་ར་བཟི་བ།། བཤང་ཁང་ཆང་ཁང་བཙོན་ཁང་འགྲིམ་ལ་མཁས།། བྱིས་འཛགས་རྒན་འཛགས་ཀུན་ལ་མི་ཐོགས་པ།། དེ་ནི་ཀླུ་སྒྲུབ་དགོངས་པའི་དགེ་བའི་བཤེས།ཁྱོད་ཀྱི་ཆུ་བོ་ཡན་ལག་བརྒྱད་ལྡན་ལ་རྒྱུན་ཡོད་དམ་མེད། ལན་ཅིག་ཐོབ་དང་། །
བཤེས་གཉེན་དུ་འཐེན་ཆང་འཐུང་ར་བཟི་བ།། བཤང་ཁང་ཆང་ཁང་བཙོན་ཁང་འགྲིམ་ལ་མཁས།། བྱིས་འཛགས་རྒན་འཛགས་ཀུན་ལ་མི་ཐོགས་པ།། དེ་ནི་ཀླུ་སྒྲུབ་དགོངས་པའི་དགེ་བའི་བཤེས།།
མྱི་གསོད་མེ་རྒྱག་འདྲེ་མཆོད་བརླ་རྒྱག་དང་།། མདའ་གྲི་མདུང་དང་དུག་ནག་རུམ་དུ་ཉར།། ཤི་ན་མཇེ་ལངས་གསོན་ན་རྒྱལ་ཁབ་བཙོང་།། དེ་ནི་ཟླ་མེད་རྒན་པོའི་དགེ་བའི་བཤེས།།
ཧ་ཧ་ཧ་ཧ་ཧ་ཧ་ཧ། སྤོ་མ་ལངས་ཨ།
འོ་འ་ལགས་ཚང་། ད་གཅིག་བྱས་ནས་སང་ཉིན་གནང་ཉིན་ཟིག་ནས་ཀ་ན་ཀྲའི་ས་མཚམས་ཟིག་ག་འདྲེ་འདུལ་ཀི་འགྲོ་དགོས་གི དེ་ཟིག་ན་འདྲེ་རྒོད་ཅང་གི་བླག་མི་འཁེལ་བ་ཟིག་ཡོད་ཀི་ཟེར། འདྲེ་འདུལ་ལ་སོང་ན་སྒོར་མོ་ཞེ་གི་ཧྲ་ནི་རེད། སྒོར་མོ་ཕྱོགས་ལ་སེམས་ཁྲལ་མ་བྱེད། འདི་ནས་ཡོན་ཏན་པ་བྱས་ནས་འདུག་མི་ཉན། ཁ་ཤས་ཟིག་གིས་མིང་ལ་རེ་བ་བརྒྱབ་ནས་སློབ་གྲྭ་འདྲ་ཟིག་གི་དགེ་རྒན་གྱི་མིང་འདྲ་འེ་འཐོབ་ལ་འཚང་ཀ་རྒྱག་གི་ཡོད་ནོ་བྱ་ཟིག་མིན། འོན་ཀྱང་དེ་ན་ཤ་ཚོན་པོ་ཟ་རྒྱུ་ཡོད་ནི་མ་རེད། ཤིང་བཟོ་ལ་སོང་ན་ཞེ་གི་སྒོར་མོ་ཧྲ་ནི་རེད།
དེ་མིན་ངས་འདི་ནས་བགྲོ་གླེང་གཅིག་རེ་གཉིས་རེ་བྱས་ནོ་འདི་ནི་ནང་ལ་སླེབས་རྗེས་ཆུ་ཚོད་སྐྱལ་བའི་རྣམ་གྲངས་ཙམ་ཡིན། ངོ་ནས་བཤད་ན་དཔལ་གསང་བ་འདུས་པ་བཏོན་ནས་གཉིད་ཁུགས་ན་ཡག་ཤོས་ཡིན་ན་ཡང་། ཁ་ཕྱོགས་འགྲིག་མེད་ལ་ཅིག་རྩད་ཟིག་རྒྱག་གི་འདུག་དགོས་ཀི
ཨ་རོ། ཟླ་མེད། ད་ལན་མེད་ན་ངས་ཁྱོད་ལ་རྒན་པོ་ཁུ་འཐུང་གི་མཚན་གསོལ་རན་པ་རེད་ད།
ཁ་སྐད་འབྲི་ན་ར་དེར་འབྲི་སྟངས་ཤིག་ཡོད་པ་རེད་འདོད། ངས་ཁྱོད་ཞོ་ཟིག་བྱེད་ཟེར་ན་སུས་ཤེས། ངས་ཁྱེད་ལ་ཞུ་བ་ཞིག་བྱེད་ཟེར་ན་གོ་བདེ། དེ་མིན་ནའང་ཞུ་ཟིག་བྱེད་ཟེར་ནའང་ཨུ་ཐུག་རེད།
མྱིག་རྫོབ། ཁྱོད་རང་གིས་ང་ལ་མིང་འདོག་རྒྱུར་ཅི་གང་ཡང་མ་རེད། ཁྱོད་རང་གིས་དགེ་འདུན་གྱི་སྡེ། བླ་མ་སྐྱེས་ཆེན་དམ་པ་ཡོངས་སུ་རྫོགས་པར་མིང་བཏགས་འགྲོ་གི་ཡོད་པ་རེད། ཁྱོད་རང་གིས་རྗེ་རིན་པོ་ཆེ་ལ་ག་རེ་ཟེར་ཡོད་མེད་ངའི་སེམས་ན་ཁྲིག་ཁྲིག་ཡིན་ནི་རེད། ཁྱོད་ཀྱིས་ང་མིང་ངན་རྣ་དགུ་ག་ཚོད་བཏགས་ན་ཡང་ཁྱད་པར་གང་ཡང་ཡོད་པ་མ་རེད། ཡིན་ན་ཡང་ངའི་གྲོགས་པོ་ཡིན་མ་ཟེར་དཀོན་མཆོག་གསུམ རྗེ་རིན་པོ་ཆེར་ལོག་པར་ལྟ་བ་ཅིག་གི་ནང་ན་ང་ལ་གྲོགས་པོ་ཅིག་དུས་ནམ་ཡང་མེད། སྐྱབས་འགྲོའི་བསླབ་བྱ་དང་འགལ་འགྲོ་གི་རེད། ཁྱོད་ལ་གྲོགས་པ་བྱས་ན། ཤེས་སོང་ངམ།།
ཨ་ལགས་ཚང་དེ་རིང་ཁ་ན་ཀྲ་ལ་ཀྲི་ཀ་ཀྲི་ཅིག་ཉོས་པ་ཡིན་གློག་ཀླག་ནང་ནས། འགྲིག་ཡོད་མེད་མི་ཤེས་ཀི སང་ཉིན་ནེའུ་ཡོག་ལ་སོང་ནས་དེ་ནས་ལེན་དགོས་གི གཅིག་བྱས་ན་ངས་ནེའུ་ཡོག་ནས་ཁ་པར་བཏང་ཡོང་འགོ དཀོན་མཆོག་གསུམ་ངས་འདྲེ་དེ་བླགས་མ་འཁེལ་ན་ཨ་ལགས་ཚང་གིས་ལ་རོགས་དྲག་སྔགས་ཆ་རེ་འདོན་རོགས་བྱས་དང་། འབུལ་བ་ཧྲ་ན་ཅུང་ཟད་ཟིག་བསྐུར་ཡོང་། ཡིན་ན་ཡང་འདྲེ་རྒོད་དེ་ངས་བླག་འཁེལ་གི་འདུག་ན་ཁྱོད་རང་གིས་དྲག་སྔགས་འདོན་མི་དགོས།
ཨོ་ཧོ་ཧོ། གཞོན་ཟླ་མེད་ཁོ་མྱིག་རྫོད་ཀྱིས་ཕམ་པར་བརྒྱབས་འདུག་ཀ སྤྱིར་ན་ཕམ་རྒྱལ་ཟེར་བ་ཞིག་ཡོད་ཕྱིན་ཆད་འདི་ལས་ལྷག་ཅིག་ཕམ་རྒྱུ་ཡོད་ནི་མ་རེད། ལྷག་པར་ཁོའི་མིང་ལ་རྒད་པོ་ཁུ་འཐུང་ཞེས་བཏག་ན་ཏག་ཏག་རེད། འདི་ཚོས་རྒྱུན་དུ་གྲྭ་ཕྲུག་ཚོའི་ཁུ་བ་འཐུང་གི་ཡོད་རེད་ལ། ཁོ་རང་ཁོའི་ཁུ་བ་བཙོག་པ་དེ་གྲ་ཕྲུག་མེ་ཏོག་འདྲ་བ་ཚོར་བཙན་གྱིས་བླུད་ཀྱི་ཡོད་པ་རེད། དེར་བརྟེན་ཁོ་ཚོའི་མིང་ལ་རྒད་པོ་ཁུ་འཐུང་དང་། ཁུ་བླུད་བཏག་ན་ཏག་ཏག་རེད། རྒྱབ་སྐྱོར་ཡོད།
བོད་ཡུལ་ནས་འདྲེ་འདུལ་དུས་མཛུབ་མོ་བསྡམས་ན་སུ་ཡིན་བཤད་ཀི་རེད། ཡིན་ན་ཡང་ནུབ་ཕྱོགས་ཀྱི་འདྲེ་དེ་རིགས་ལ་ཁ་ཧྥེ་ནག་ཀྲིག་ཀྲིག་རེ་བླུད་དང་ཁ་དྲོས་ནས་སུ་ཡིན་བཤད་ཀི་འདུག འདི་ནི་ངས་ནུབ་འདྲེ་བཏུལ་བའི་ཉམས་མྱོང་དམར་པོ་ཞིག་ཡིན། གཞན་ལ་མ་བཤད་མ་གཏོགས་འུ་གཉིས་ཀྱི་ཡོང་སྒོར་གནོད་ནི་རེད་ཀོ
ཡང་ཁང་སྟོང་ནང་ན་འདྲེ་འདུག་ཟེར་བ་དེ་ཚོའི་ནང་དུ་ཉི་མ་ཆ་རེ་སྡོད་ལ་སྨྱུང་གནས་རེ་སྲུངས་དང་ཅིག་ག་བུད་འགྱོ་གི ཡིན་ན་ཡང་མཚན་ནག་ནང་ང་ཟ་མ་མ་བཟའ་མ་གཏོགས་འདྲེ་ངན་དེ་ཚོས་འཆོར་གི་མི་འཇུག་གི འདི་ཡང་གཞན་ལ་བཤད་མི་ཉན།
ཁྱོ་རྒྱགས་པ་ཡིན་ནོའུ་ཁུའུ་གི་འདྲེ་རེ་འདུལ་བའི་ཞོར་ར་ཚོ་རེ་ར་བྱང་ན་ཧྲ་ག བུ་རྒོད་པོ་མདའ་གཅིག་གིས་ཤྭ་བོ་གཉིས་རེ་ཨེ་སོད་ལྟོས་ར།
“རྗེ་རིན་པོ་ཆེར་ལོག་པར་ལྟ་བ་ཚོའི་ནང་ལ་གྲོགས་པོ་མེད་”
ངས་སྔར་ཁྱོད་ལ་བཤད་ཚད་ད་དོན་ཐོག་ལ་འབབ་ཀི་འདུག་འ། ངས་ཁྱོད་ཚོ་དགེ་ཆོས་ལ་རྒྱ་མི་ལས་ཀྱང་སྡང་བ་དེ་ཀླུ་དགོངས་ཀྱི་ཞེ་ནད་རེད་ཅེས་བཤད་ཚར་ཡིན་པ། དགེ་ཆོས་ཀྱིས་བོད་ལ་བཞག་པའི་སྐུ་དྲིན་ཡོངས་རྫོགས་ལ་ངོ་སོ་གཅིག་ཀྱང་མེད་པར་ཀླུ་དགོངས་ནང་དུ་རྗེ་ལ་ཅིག་ལབ་ཡོད་པ་དེས་དགེ་ཆོས་དགྲ་དགྲ་ནག་ཏུ་གྱུར་བ་ངོ་མ་ཡ་མཚན། འདི་ཚོ་སྔར་ཁྱོད་ཚོའི་བླ་ཆེན་ཚོས་གདན་ས་གསུམ་གྱི་ཁ་རྗེ་ཐོབ་ཐང་ཇེ་མཐོ་ལ་འགྲོ་ཆེད་སོག་དམག་བོད་དུ་བོས་ནས་ཤ་ཁྲག་གཅིག་པའི་བོད་མི་སྟོང་ཕྲག་མང་པོ་དམར་གསོད་བྱས་པའི་གདམས་ངག་གི་བརྒྱུད་པ་རེད། ངོ་མ་ཡིན་ཁྱོད་ལྟ་བུ་སེམས་ཀྱི་གསང་བ་ཡོངས་རྫོགས་སྐུང་ཞོར་བུད་ཞོར་བྱེད་མཁན་གྱི་བགྲོ་གླེང་བ་ཞིག་ད་བར་རིག་མ་མྱོང་། ངས་རྗེ་རིན་པོ་ཆེ་ལ་མིང་ངན་བཏགས་མ་མྱོང་མོད། གལ་ཏེ་མྱོང་ན་ཡང་དེ་ལ་ཧང་སངས་རྒྱུ་ཡོད་ནི་མ་རེད། ང་ནི་འཇུག་འགྲེལ་ལྟ་བ་ངན་སེལ་ལ་ལམ་གྱི་སྙིང་པོ་བྱེད་མཁན་ཞིག་ཡིན་པས་རེད། ཁྱོད་ཚོ་ལ་འབུམ་དམག་ལྔ་བཅུ་ལས་ཀྱང་འཇུག་འགྲེལ་ལྟ་བ་ངན་སེལ་ཐུ་བའི་ལོ་རྒྱུས་ཡོད་པ་ལྟར་རེད། ཁྱོད་ཀྱིས་ང་གྲོགས་པོར་མ་བརྩིས་ཀྱང་ངས་ཁྱོད་གྲོགས་པོ་ལ་བརྩི་གི་ཡིན། གང་ཡིན་ཟེར་ན། ང་ལ་ཚེ་ཐོག་འདིར་རྒད་པོ་ཞིག་ལ་ཁུ་བ་བླུད་ཆོག་ས་ཁྱོད་གཅིག་པོ་ལས་མེད་པས་ཡིན། སྙིང་ཨི་ན་གི སྤོ་མ་ལངས་ཨ། ངའི་གཅེས་གྲོགས་རྒན་པོ་ཁུ་འཐུང་ལགས། ཨུ་གཉིས་ཀྱི་རྒྱལ་ཕམ་གོང་དུ་མི་གཞན་གྱིས་ཕྱེས་འདུག་ག
ཧ་ཧ། ད་ངའི་ཁུ་བ་འཐུང་ཡ།
ཨོ། གཞོན་ནུ་ཟླ་མེད། ཁྱོད་འདྲེ་འདུལ་གི་འགྲོ་འདོད་ཡོད་ན། རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པར་སོང་དང་འཇིག་རྟེན་ཐོག་གི་འདྲེ་ཚང་ཆེ་ཤོས་དེ་དེ་ན་ཡོད་ནི་རེད། ད་དུང་དེ་ན་འདྲེ་བླ་དང་འདྲེ་དགེ། འདྲེ་གྲྭ འདྲེ་མཁན་སོགས་མང་པོ་ཡོད་ནི་རེད། ད་དུང་འདྲེ་ཕྲག་སྙིང་རྗེ་བོ་ཡོད་ཚོད་འདུག་པས། འདུལ་ཞོར་དང་འཛགས་ཞོར། འཐུང་ཞོར་དང་བླུད་ཞོར་བྱས་ན་ཆོག་ནི་རེད། ངོ་མ་འདི་ཚང་ཅིག་བཙོག་གི་ཡ།
ངོ་མ་མི་ཟེར་ནོ་འདུག་ཡ་མཚན་རེད། རང་ཉིད་ཀྱི་གནས་བབས་ངོས་མི་ཟིན་པར་ད་དུང་མཁས་དབང་བརྩམས་ཆོས་ལ་དཔྱད་བརྗོད་བྱེད་ཁུལ་བྱས་ནོ་འདུག་དོན་ལ་མི་མཛེས་པ་ཆེན་པོ་ཞིག་རེད། མ་རིག་པའི་རལ་གྲི་ལགས། མཁས་པ་མཁས་པའི་གཙུག་ན་མཛེས།། བླུན་པོའི་ཁྲོད་ན་མཁས་མི་མཛེས།། ཞེས་པའི་དོན་གོ་བར་གྱིས།
སྤྱིར་མཁས་པ་མཁས་པས་ཤེས་པ་ལས་བླུན་པོས་མཁས་པ་ཤེས་པར་མི་ནུས་པ་གནས་ལུགས་ཡིན་པས་ཡིད་ལ་སྒོམས་ཤིག
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། དཀོན་མཆོག་གསུམ། ད་ཡང་ཟླ་མེད་ངུརུ་བཅུག་སོང་ཡ། ཨ་ཧ་བོ་ན་ཧ་བོ། ཟླ་མེད་ད་ཁྱོད་ངུ་བསྡད་ན་ཏག་ཏག་རེད།
ས་སྐྱ་ལེགས་བཤད་ཀྱི་ཚིག་ངོ་མ། མཁས་པ་མཁས་པའི་ནང་ན་མཛེས།། བླུན་པོས་མཁས་པ་ཇི་ལྟར་གོ། ཙནྡན་གསེར་ལས་རིན་ཆེ་བ།། བླུན་པོས་སོལ་བར་བྱས་ལ་ལྟོས།། ཟེར་བ་རེད། མྱིག་རྫོད་མདོ་རྒྱུད་རིག་གཞུང་རྒྱ་མཚོ་ནས།
ཤུ་རེ་ཁོ། འདི་ཚོའི་སྨྱུག་ཁ་རྣོན་པོ་འདི་དག་རྒྱ་ཚང་གི་ཕྱོགས་ཟིག་ག་ཅིག་སྐོར་ཐུབ་རྒྱུ་ན་རེ། ཤུ་རེ་ཁོ། མ་པུའུ་ཧྥང་གིས་བཤད་ནོ་བདེན་ག བོད་ཀླུའུ་རྒན་ཚོར་སྐྲག་དགོས་ནི་མ་རེད། བུ་དགའ་རེའི་མགོ་འབུར་དུས་ཁོ་རང་ཚོའི་ནང་ནས་ཅིག་གིས་གསོད་ཨེ་ཐུབ་ལྟ་ནི་རེད། ཅེས་བཤད་རབས་འདུག
འདི་ཚོ་མཁས་དབང་དགེ་ཆོས་ལ་མི་དགའ་དོན། མཁས་པ་ཡིན་མིན་གྱི་སྐད་ཆ་ཞིག་མ་རེད། དགེ་ཆོས་ཀྱིས་ཀླུ་དགོངས་སུ་ཙོང་ཁ་པར་ཟུར་ཟ་གནང་ཡོད་པས་རྐྱེན་གྱིས་རེད།
འདི་ཚོ་དེ་འདྲ་ཞིག་ཡིན་ནི་རེད། དཔེར་ན་སྟོན་པ་སངས་རྒྱས་ལ་རྐྱོན་བརྗོད་བྱས་ན་མ་མཐོང་ཁུལ་བྱས་ནས་འདུག་གི་རེད། དགེ་ལུགས་པར་ཅིག་བཤད་ན་ངར་ལངས་ནས་སྐོར་རྒྱུགས་བྱེད་ཀྱི་རེད། ཙོང་ཁ་བ་ལ་ཅིག་བཤད་ན་གྲི་བཟུང་ནས་གསོད་དུ་ཡོང་གི་རེད།
བློ་གཏད་འདྲེ་གདོན་ལ་བཅོལ་ཡང་སྐྱབས་འགྲོ་གཏོང་གི་ཟེར་ནི་མ་རེད། ཙོང་ཁ་པ་ལ་ཅིག་བཤད་ན་སྐྱབས་འགྲོ་གཏོང་གི་རེད་ཅེས་འུད་སྒྲོག་བྱེད་ནི་རེད། མི་བསོད་ཁྲག་སྦྱོར་དང་། རྐུ་འཕྲོག་བཅོམ་གསུམ། བརླ་རྒྱག་སྐུབ་རྒྱག་ག་ཚོད་བྱས་ན་ཡང་སོར་སྡོམ་ཤོར་གྱི་མ་རེད། སོར་སྡོམ་ཉམས་བྱེད་ཀྱི་རྒྱུ་བུད་མེད་ཀྱི་སྟུ་ཁོ་ནར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ད་མང་ནི་རེད། བཤད་ཚོད་མེད་ཀི གཡུགས་ཞོག
ཀླུ་མྱོན། མ་པུའུ་ཧྥང་བདེན་ནི་རེད། དཔེར་ན་དགེ་ཆོས་ལྟ་བུ་རེད། བསད་པས་མི་ཚད་ད་དུང་རོ་ལ་འཐབ་རྩོད་བྱེད་ཀི་ཡོད་ནི་རེད། ཨ་ཧ་བོ། མཁས་དབང་དམ་པ་ཁོང་གིས་ཀླུ་དགོངས་མ་བརྩམས་ན་བསད་ཡོད་ནི་མ་རེད་ལ། རོ་ལ་ཡང་འཐབ་རྩོད་བྱེད་ཀྱི་མ་རེད། ཀླུ་དགོངས་འདིས་ངོ་མ་གནོད་ཅིག་བསྐྱལ་ཐལ།
ཀླུ་སྨྱོན་ལགས། ང་ཚོས་སྨྱུག་ཁ་རྒྱ་ལ་བསྐོར་རུང་རྒྱ་ཡིས་བལྟ་ནི་མ་རེད། བལྟ་རུ་འཇུག་གི་མ་རེད། ཅིག་བྲིས་ནས་པར་སྐྲུན་ཞིག་བྱས་པ་ཙམ་རེད། རྒྱ་ཡིས་ཅིས་ཀྱང་བལྟ་བ་དང་། བལྟ་རུ་འཇུག་པའི་ཐབས་ལམ་ཞིག་ཚོལ་ལ་ཁྱོད་ཀྱིས་མགོ་ཁྲིད་གྱིས་དང་། ང་ཚོས་ཤོག་ལྷེ་སྟོང་ཕྲག་གཅིག་འབྲི་དགོས་རུང་དཀོན་མཆོག་གསུམ་ཉི་མ་ཁ་ཤས་ཡིན་ཡ།
ཨ་ཧཧཧ་་་་་་་་་་་ ད་དྲ་ཐོག་འདི་དམག་ས་ཞིག་ཡིན་ན་དམག་རྒྱག་མཁན་ཚོའི་ལག་ཏུ་གོ་མཚོན་ཨང་དང་པོ་ལྷ་དང་འདྲེ།
གཉིས་པ་མཇེ་དང་སྟུ་བརླ་སོགས་བྱེད་ཀྱི་འདུག ལྷ་འདྲེ་རྩོད་ནས་མི་ལོ་སྟོང་རིང་བོད་པ་འཚོ་ནི་རེད་དེ་ད་དུང་རྒྱུན་འཛིན་བྱེད་ཐུབ་ན་བཟང་གི་གང་ལྟར་བོད་ཀྱི་སྲོལ་རྒྱུན་རེད། རྩོད་སྟངས་ཡང་ངའི་ལྷ་དེ་ཁྱོད་ཀྱི་འདྲེ་ཁྱོད་ཀྱི་ལྷ་ང་ཡི་འདྲེ་ཟེར་བ་དེ་བོད་མི་རྒན་དར་གཞོན་གསུམ་ཤེས་ཡོན་ཡོད་མེད་ཀུན་ཀྱིས་སེམས་ཁུངས་སུ་གཏིང་ཟད་མོར་གནས་པའི་སྲོལ་རྒྱུན་རིག་གནས་ཤིག་རེད། རིག་གནས་དེ་བརྒྱུད་ནས་བོད་མི་རིགས་ཁ་འཐོར་དང་ཆིག་བསྒྲིལ་མེད་པ་བཟོ་བ་གནའ་ནས་ད་བར་ཉུང་ཉུང་མིན་ད་དུང་ད་གྲོགས་རྒྱུན་འཛིན་བྱེད་ཐུབ་ཡག་པོ་རེད། དེ་མ་ཉམས་པར་དུ་བོད་མི་ཆིག་བསྒྲིལ་ཡོང་ཐུབ་ཀྱི་མ་རེད། དེའི་ཕྱིར་མ་མཐུད་ནས་རེམས།
གཉིས་པ་དམག་རྒྱག་སྟངས་གསར་བ་རེད་མཇེ་སྟུ་བརླ་ད་དུང་གང་ཡོད་པ་དེ་ང་ཚོར་དབང་བ་ཞིག་རེད་དེར་བརྟེན་དེ་ཡང་མུ་མཐུད་ནས་གླེང་དགོས་ནི་རེད་དེ་མིན་བརྗེད་སོང་ཡང་འགྲིག་ནི་མ་རེད་་་་་་་་་་་
ད་དུང་
མྱི་རྫོད་ལགས་གོང་དུ་བཀོད་པ་ཚིག་དེ་ས་སྐྱའི་ལེགས་བཤད་ཀྱི་ཚིག་མ་རེད།
དགེ་ལྡན་ལེགས་བཤད་ཀྱི་ཚིག་རེད། ཕལ་ཆེར་དེ་ལྟར་ཡིན་བསམ་སོང
རྔ་བ་ལགས། འཇིགས་རྟེན་ལེབ་ལེབ་དང་རིལ་རིལ་ཡིན་མིན་མང་ཉུང་སྡུར་ནས་ཐག་གཅོད་དགོས་པ་ཞིག་མ་རེད། ཁྱེད་ཀྱིས་སྔོན་མ་ཡོ་རོབ་པས་འཇིགས་རྟེན་ལེབ་ལེབ་ཤ་སྟག་ཡིན་པར་འདོད་པ་དང་རིལ་རིལ་ལབ་ན་གསོན་པོ་མེ་བསྲེགས་པའི་ཁུངས་འདྲ་སྟོན་ཐུབ་མི་འདུག རྩོད་པ་གཙོ་བོ་དགེ་ཆོས་ཀྱིས་བོད་པས་འཇིགས་རྟེན་རིལ་རིལ་ཡིན་པར་བཤད་པའི་གཞུང་ལུགས་དཔེ་ཆ་མང་དག་ཅིག་ཡོད་པ་མ་ཤེས་བ་དེ་རེད། སྤྱིར་དགེ་ཆོས་ཀྱིས་བོད་ཀྱི་སྐར་རྩིས་སམ་གནམ་རིག་གི་གཞུང་གཅིག་ཀྱང་མཐོང་མ་མྱོང་བ་འདྲ། མཐའ་ན་ཁོས་བླ་བྲང་གི་འཇིགས་རྟེན་རིལ་རིལ་གྱི་ས་ཁྲ་དང་ཐང་ཀ་མཐོང་མྱོང་མེད་ས་རེད།དགེ་ཆོས་ཁོ་བོས་གནམ་རིག་ཕར་ཟད་ལོ་རྒྱུས་ཀྱི་ལོ་ཚགས་ཡག་པོ་ཞིག་སྒྲིག་མི་ཤེས་བ་་ནི་སྐར་རྩིས་མ་ཤེས་བའི་སྐྱོན་རེད། དགེ་ཆོས་ཀྱིས་བོད་པའི་མཁས་པ་ཚོར་འཇིགས་རྟེན་ལེབ་ལེབ་ཤ་སྟག་འདོད་གི་འདུག་ཅེས་སྐུར་བ་བཏབ་པ་རེད། དགེ་ཆོས་ལ་ཆི་ཁག ཁོའི་རྗེས་ཀྱི་ལོ་ལྔ་བཅུ་སོང་ནས་དུས་རབས་ཉེར་གཅིག་པའི་ནང་ལ་འང་བོད་པའི་ཤེས་ཡོན་པ་ཡིན་ཟེར་མཁན་ཚོས་ད་དུང་བོད་པས་འཇིགས་རྟེན་རིལ་རིལ་འདོད་པ་ཤེས་ཡོད་པ་མ་རེད། བོད་པའི་འཇིགས་རྟེན་རིལ་རིལ་འདོད་པའི་དཔེ་ཆ་ཤེས་འདོད་ཡོད་ན་ངས་མ་མཐའ་ཡང་དཔེ་ཆ་བཅུའི་མིང་འདི་ནས་མཁོ་སྤྲོད་བྱེད་ཐུབ།
ཡང་རིག་རལ་དང་བོད་པ་ཁྱེད་གཉིས་ཀྱིས་གཞུང་ལུགས་ལ་ངེས་ཆ་ཆེན་ཡོད་མདོག་གིས་བོད་ཡིག་ནང་དགེ་ཆོས་མ་བྱུང་གི་སྔོན་དུ་ས་གཞི་རིལ་རིལ་ཡིན་པའི་གཞུང་ལུགས་མང་བོ་ཡོད་ཚུལ་བཤད་པ་དང་དེ་མཁས་པ་ཁོང་གིས་མ་མཐོང་ཚུལ་དང་མ་ཤེས་ཚུལ་སོགས་རང་མཚང་སྟོན་པ་མང་བོ་ཞིག་བྲིས་འདུག་པའི་ནང་ནས་ཁྱེད་གཉིས་ཀྱིས་དཔེ་མཚོན་དུ་བཀོད་པ་སྐར་རྩིས་དང་དཔལ་དུས་ཀྱི་འཁོར་ལོ་གཞུང་ལུགས་རྣམས་བགྲང་འདུག་པས།
དུས་འཁོར་དུ་འཇིག་རྟེན་ཆགས་ལུགས་བཤད་སྐབས་དཔལ་དུས་ཀྱི་འཁོར་ལོའི་ལུས་ཀྱི་ཆགས་རིམ་ལྟར་འཆད་ཀྱི་ཡོད་པས་ཁྱེད་གཉིས་ལྟར་ན་དཔལ་དུས་འཁོར་ཡང་རིལ་རིལ་ཞིག་ཡིན་པ་འདོད་ཀྱི་ཡོད་པ་འདྲ།
བོད་དུ་ཡོད་པའི་སྐར་རྩིས་ཀྱི་གཞུང་ལུགས་གང་ཞིག་ན་འཇིག་རྟེན་རིལ་བུ་ཡིན་པ་བཤད་འདུག་ཁྱེད་ཀྱིས་སྟོན་རྒྱུ་ཡོད་ཟེར་བ་སྟོན་ཤོག ད་དུང་བོད་པས་འཇིག་རྟེན་རིལ་བུ་ཡིན་པ་སྟོན་བྱེད་ཀྱི་གཞུང་ལུགས་རྙིང་བ་བཅུ་གྲངས་ཤིག་བགྲང་དགོས་རུང་བགྲང་རྒྱུ་ཡོད་ཟེར་འདུག་པས་ཡོད་ན་བགྲང་རན་རེད་མིང་ཙམ་མ་ཡིན་པར་གཞུང་ལུགས་རེ་རེས་འཇིག་རྟེན་རིལ་བུ་སྟོན་བྱེད་ཀྱི་ཚིག་དངོས་སུ་དྲངས་རོགས།
ཁ་ཤོམ་མ་གཏོགས་སྔོན་དུས་ཀྱི་མཁས་པས་མ་མཐོང་བ་ཞིག་ཁྱེད་གཉིས་ཀྱིས་གསར་བ་རྙེད་ན་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་མིན་ཁོངས་མི་འཆོལ་བའི་ཚིག་སྟོང་དེ་ཚོ་མ་བཀྲམ་ན་སྙིང་བོ་མེད་ཀི་ཡ།
ད་དེ་ཙམ་བྱེད།
བོད་པ་ལགས་ཁྱེད་ཀྱིས་བཤད་པའི་འཇིགས་རྟེན་ཟེར་ནོ་འདི་ཅིག་བྱས་ན་ཁོང་ཚོས་བཤད་བཞིན་པའི་འཇིག་རྟེན་དང་འདྲ་ས་མ་རེད། དེ་འདྲ་ཡིན་ན་ཕལ་ཆེར་ཁྱེད་ཀྱིས་འཇིགས་རྟེན་དང་སྐྲག་རྟེན་སྟོན་པའཌྷི་གཞུང་ལུགས་མང་བོ་རེག་ཤས་ཆེ་འོན་ཀྱང་དེ་ངས་ངོས་ལེན་མེད་ཟེར་རྒྱུ་ཡིན།
དམྱིག་རྫོད་དང་ཟླ་མེད་ལགས། རྒྱ་ཡིག་ཤེས་ན་བོད་དོན་རྒྱ་ཡིག་ཏུ་ཕྲིས། པར་ཕུད་དེ་རྒྱ་ནག་གཞུང་ཚབ་ཁང་ལ་མི་དངོས་སོང་ནས་སྤྲོད། དེ་ནས་ཨ་རིའི་རྒྱ་གྲོང་དག་ཏུ་སོང་ནས་འགྲེམ་སྤེལ་བྱོས། རྒྱ་ཡིག་མི་ཤེས་ན་དྲ་ངོས་འདི་ནས་བོད་པ་ནང་ཚང་དམར་འཛིང་བྱེད་པའི་དུས་ཚོད་དེར་ལས་ཀ་རེ་ལས། དེའི་དངུལ་དེ་ཡིས་ཡིག་སྒྱུར་རེ་གླས་ནས་རང་གིས་བོད་ཡིག་ཏུ་བྲིས་པ་དེ་རྒྱ་ཡིག་ཏུ་སྒྱུར་མཁན་དག་གི་གླ་ཆར་བྱིན། དེ་ནས་ཡང་གོང་བཞིན་གྱིས།
འདི་ལྟར་བྱས་ན་འབྲས་བུ་ཆེན་པོ་རེ་མ་ཐོན་རུང་བོད་པ་ནང་ཚང་དམར་འཛིང་བྱེད་པ་ལས་ལྡབས་སྟོང་ཕྲག་གིས་དགའ་གི་མ་རེད་དམ།
ཨ་ཁུས་གསུངས་སྟངས་ངོ་མ་རེད། དམར་འཛིང་དེ་ཡང་ལག་མ་རེད་ཁ་འཛིང་རེད་བོད་ལ་མཚོན་ན་དེ་ཡང་འཛིང་རེས་བྱེད་སྟངས་མཐའ་མ་དེ་རེད། འཛིང་རེས་བྱས་དུས་ད་ལག་འཛིང་བྱེད་དགོས་ནི་རེད། དེ་མིན་ཁ་འཛིང་ན་ཅང་མེད་ཀི
སྐྱེས་སར་ཀླུ་སྒྲུབ་ཀྱི་་་་་་་དཔེ་རྙིང་མཚམས་སྦྱོར་གྱི་གཏམ།ཟེར་བ་ འདིས་ཡང་དགེ་ཆོས་ཀྱི་རྫུན་རྐུབ་བསྟན་མི་འདུག་གམ། དགེ་ཆོས་ཀྱི་སློབ་མ་མཁས་པ་ཚོ་ངོ་ཚ་ནས་མ་ཤེས་ཁུལ་བྱས་ཏེ་བསྡད་ཀ དགེ་ཆོས་ལ་རྩོམ་ཡིག་ཁུངས་དག་གཅིག་ཀྱང་ཡོད་ས་མ་རེད། ཁུངས་དག་རེ་ཡོད་ན་སྟོན་པའི་དུས་ལ་བབ་འདུག དེ་མེད་ན་བོད་པ་འགའ་ཤས་ཀྱི་དགེ་ཆོས་མཁས་པ་ཡིན་པར་འཛིན་པའི་རྨོངས་འཆར་དེ་ལས་སད་རན་རེད།
ངས་གནམ་རིག་གི་དཔེ་ཆ་དེ་ཚོ་བསྟན་ན་ཁྱེད་ཚོས་ཤེས་ནི་མ་རེད། ཨེ་ཤེས་གི་ཡང་བལྟ་ནི་མ་རེད། ངོ་མ་བལྟ་གི་ཡིན་ནམ།
ཡ་་་་་ད་ཡར་བཤད་མར་བཤད་དུས་དགེ་ཆོས་ཁ་དཀྲི་ས་ལས་ཚང་མ་གྲུབ་མཐའི་ཆགས་སྡང་རྩོད་མཁན་རྐྱང་རྐྱང་རེད་ལ།
རང་མཚང་རང་གིས་བརྡོལ་ན་སྐྱིད་པོ་རེད། ཤོད། མུ་མཐུད་དུ་ཤོད།
མྱིག་རྫོད་ཟེར་བ་ཁ་བཙོག་པ་ལབ་རྒྱུ་ལ་གཟབ་ཙམ་བྱེད་དགོས་འདུག ཁ་བཙོག་པ་ལབ་ས་དེ་ཁོར་ཡུག་ལ་བསམ་མནོ་གཏོང་དགོས་པ་རེད། གལ་ཏེ་ཁྱེད་ལ་ཆེས་སྤྱིར་བཏང་གི་དེང་རབས་ཀྱི་མི་ཞིག་གི་ཡོན་ཏན་ཆུ་ཚད་དེ་ཡོད་ན་ཡུལ་དུས་ལ་མི་བལྟ་བར་ཁ་བཙོག་པ་དེ་དག་མ་བཤོད། ཁ་བརྡའི་ནང་དུ་སྐད་ཆ་བརྡར་བ་འདི་ཡང་གྲྭ་ཤག་ནང་དུ་བུད་མེད་གླེང་བ་དང་འདྲ་བསམ་ན་ནི་རྦད་དེ་ནོར། ཐུན་མོང་གི་ཁོར་ཡུག་འདི་ལྟ་བུ་ནི་མྱིག་རྫོད་མི་གཅིག་པུའི་མི་གཙང་བ་དོར་སའི་གསང་སྤྱོད་མ་རེད། སོ་སོའི་གསང་སྤྱོད་ནང་དུ་ཅི་ཞིག་བྱེད་པ་རང་ལ་རང་དབང་ཡོད་མོད་མི་རིགས་ཀྱི་རིག་གནས་སྤེལ་སའི་དོ་རྭ་འདི་ལྟ་བུ་རུ་ཆང་རྐྱལ་ལྟ་བུའི་གཏམ་མ་གླེང་ན་དགའ། ཀུན་ལ་ཕན་པར་བསམ་ནས་སྨྲས་པ་ཡིན། དོན་འདི་ཁ་བཙོག་པ་ས་མཆོད་གནམ་མཆོད་བྱེད་ཡོང་མཁན་ཀུན་ལ་སྨྲས་པ་ཡིན། ཁ་བརྡ་ཚང་དུ་མཁའ་རླུང་གཙང་ཙམ་ཡོང་ཆེད་དྲི་ངན་འབུད་པའི་ཚིག་གི་སྨན་ཆུ་འདི་དག་ཐལ་ལོ།
འོ་ཡ། དེས་ན་ཕྱིན་ཆད་ཁ་རྩོག་མི་བཤད་རྒྱུ་བྱེད། ང་འདི་རྡ་ཟ་ས་ཆང་ཁང་། ཉལ་ས་གཞང་ཁང་། འགྲོ་ས་བཤས་ཁང་ཡིན་པའི་མི་འཇིགས་སུ་རུང་བ་ཞིག་ཡིན་ནི་རེད། དུས་རབས་ཉེར་གཅིག་པའི་ཁྲིམས་མཐུན་གྱི་སྐྱལ་སྟོང་ཨང་དང་པོ་ཡིན་ནི་རེད་ཀོ མི་ལ་ལས་ང་ལ་སྐྱལ་སྟོང་པཎ་ཊི་ཏ་ཟེར་ནི་རེད། ལ་ལས་གྲུབ་ཐོབ་སང་ཟེར་ནི་རེད། ལ་ལས་བསྟན་བཤིག་ཟེར་ནི་རེད། ང་རང་གི་བསམ་ན་སྐྱལ་སྟོང་པཎ་ཊི་ཏ་སོ་མི་ཆོག་རྒྱུ་མེད་ཀི་བསམ་ཀི་ཡོད། གཞོན་ནུ་ཟླ་མེད་དང་རིགས་པའི་རལ་གྲི་འདྲ་འདྲའི་དགེ་བཤེས་ང་ཡིན་ཁོ་ཡིན་ཟེར་མཁན་ཚོ་ལ་བལྟས་ན་ང་པཎ་ཆེན་ཡིན་ནི་རེད། འོན་ཀྱང་སྐྱལ་སྟོང་ཡིན་པས་ཁ་རྩོག་བཤད་ཤོར་འགྱོ་གི་ཡ། དེ་རིང་ཡང་ཆང་འཐུང་བས་བཟི་རྒྱུ་མང་ནས་ཡི་གེ་ཡང་ཡག་པོ་ཞིག་རིག་གི་མི་འདུག ད་དེ་ཡིན། lala ཁྱེད་ཀྱིས་ང་ལ་སྒོར་རྡོག་ཆ་ཆིག་བསྐྱུར་རྒྱུ་བྱས་ནི་བོ་ནམ་བསྐུར་རྒྱུ་ཡིན།
ཁོ་རེ་བསྟན་འཛིན་བློ་གསལ།
དགེ་ལུགས་པ་གཅིག་པུ་མ་རེད། ཆོས་ལུགས་ཀྱི་འགོ་ཁྲིད་སུ་ལ་འགྲིག་གི་མིན་འདུག་ལབ་ན་ཆོས་པ་ཚོས་ངར་ཡོང་གི་རེད། ཆོས་པ་ཚོ་རིའི་སྟེང་དང་ནགས་ཀྱི་དཀྱིལ་ལ་སྒོམ་སྒྲུབ་བྱས་ནས་བསྡད་ན་འགྲིག་མོད། ཁོང་ཚོ་ངེས་པར་དུ་གྲོང་ཁྱེར་འདུ་རྫིང་ཆེ་ཤོས། བུ་མོ་མང་ཤོས། དངུལ་མང་ཤོས་ཀྱི་ས་ཆ་དེ་ཚོ་ལ་ཆོས་ཚོགས་བཙུགས་དགོས་ནི་རེད།
ཁ་སང་རྙིང་མའི་བླ་མ་ཡིན་ཟེར་མཁན་ཞིག་གིས་ཆོས་པ་ངོ་མ་ཞིག་གི་ཚད་ལ་སླེབས་དུས་མི་ཤ་ཟོ་ཟེར་ན་སྐྱུག་མན་མི་ལངས་མཁན་ཞིག་ཡིན་དགོས་ཅེས་ཤོད་ཀྱི་འདུག
རིག་པའི་རལ་གྲི་འདི་ཉིད་གཞུང་ལུགས་ལ་བལྟ་མཐོང་རྒྱ་ཆེ་བའི་དཔྱོད་ལྡན་གྱི་མཁས་པ་ཞིག་ཡིན་ས་རེད་སྙམ་མོད་དེ་རིང་གི་བཤད་སྟངས་འདི་ལ་བལྟས་ཚེ་མྱི་རྫོད་བཞིན་གཞན་སྐྱོན་དང་མཇེ་སྟུ་ལས་གླེང་རྒྱུ་མེད་པའི་ཀླད་མེད་གྱབ་ཆུང་ཞིག་ཡིན་པར་ངེས། དགེ་འདུན་ཆོས་འཕེལ་སྐྱོན་ཟད་ཡོན་ཏན་ཀུན་བྲལ་ཞིག་མིན་ཡང་བོད་པའི་སྤྱི་ཚོགས་ནང་དུ་ཁོང་ལ་འཛིན་པའི་བརྩི་མཐོང་དང་བསྔགས་བརྗོད་ཁོང་རང་ཉིད་ཀྱི་གནས་སྟངས་དང་བསྡུར་ན་ཧ་ཅང་ཆུང་དྲག་པའི་རང་བཞིན་དུ་ཆགས་ཡོད་པ་ལས་ཚད་བརྒལ་གྱི་ཆེ་བསྟོད་གཅིག་གང་ན་ཆགས་ཡོད། ས་པན་གྱི་མཁས་ཚུལ། བློ་གྲགས་ཀྱི་བཙུན་ཚུགས། མི་ལའི་བཟང་ཡོན་སོགས་ལྟ་བུ་སྔོན་བོད་ལ་བྱུང་མ་མྱོང་ཞེས་བཤད་ཆོག་ན་དགེ་ཆོས་ལྟ་བུའི་བློ་འབྱེད་ཀྱི་བསམ་བློ་བ་ཆེན་པོ་སྔོན་བོད་ལ་བྱུང་མ་མྱོང་ཞེས་བཤད་ལོས་ཆོག། ཀླུ་དགོངས་ནས་བཤད་པའི་དབུ་མའི་ལྟ་འགྲོས་ཀྱི་དཔྱོད་ཤེས་རིགས་པ་དེས་འཇིག་རྟེན་དངོས་ཁམས་སྨྲ་བའི་རིགས་པ་དང་འགལ་འདུའི་དགག་སྒྲུབ་བྱེད་པ་འདི་ནི་སྔར་གདན་ས་གསུམ་དུ་༧གོང་ས་མཆོག་གིས་མཁས་དབང་བ་ཞི་སུམ་རྟགས་ཁྲིད་ཆེད་བཏང་བ་ན་དཔེ་ཆ་བ་དག་གིས་སུམ་རྟགས་ཀྱི་རིགས་འགྲོས་དུས་གསུམ་འཇོག་ཚུལ་ལ་དབུ་མ་རྩ་ཤེར་གྱི་དུས་གསུམ་དཔྱད་པའི་རིགས་པ། བགོམ་ལ་འགྲོ་བ་ཡོད་གྱུར་ན།། འགྲོ་བ་གཉིས་སུ་ཐལ་གྱུར་ཏེ།། ཞེས་སུན་འབྱིན་བྱས་ཏེ་སུམ་རྟགས་མ་ལོབ་པའི་ལོ་རྒྱུས་དང་ཡོངས་སུ་མཚུངས།
དོན་མེད་གཏམ་ཚོགས་ཀྱི་ཁ་བརྡ་འདི་ཁེངས་དུས་ངས་རྒྱུ་མཚན་མོད་པའི་སྒོམ་སྡེ་ལྷ་རམས་པ་ལྷང་ངེར་དྲན་བྱུང་།
སྒོམ་སྡེ་ལྷ་རམས་པའམ་སྒོམ་ཆེན་འཕྱི་བ་ལགས།
ཀོ་ཀི་དབྱངས་ཀྱི་གྲེ་འགྱུར་གཉེན་མོས་དཔྱིད་ཀྱི་རྒྱལ་མོའི་དཔལ་ཡོན་བསུས།།
རང་བྱུང་དྲོད་ཀྱིས་ནོར་འཛིན་བོ་མོ་བསིལ་ལྡན་ཁ་བའི་མངལ་ལས་ཕྱུངས།།
དྭངས་གཙང་ཆར་གྱིས་ཇི་སྙེད་སྐྱེ་དངོས་ལང་ཚོ་རྒྱས་པའི་ཚེ་སྲོག་བསྩལ།།
དབྱར་མགོ་ཚེས་ཀྱང་སྒོམ་ཆེན་འཕྱི་བ་ད་དུང་ཁུང་དུ་ཡིབ་དོན་ཅི།།
ཚུལ་ལྡན་མིན་པའི་ཚུལ་མཐར་རང་གི་ཉེས་ཚུལ་དྲན་ནས་མི་མངོན་དབྱིངས་སུ་བཞུད།།
གངས་གཡག་སྣ་ལོས་གངས་ལྗོངས་དཀྲུག་པའི་གནག་སེམས་འཆང་ཡང་གད་པའི་གཡང་ལས་ལྷུང་།།
ཁྲོ་ཐུང་སྡར་མས་དཔལ་གཏམ་བཤད་ཀྱང་རང་ཚུགས་འཆོལ་ནས་སྨྱོན་པའི་རྟུལ་ཞུགས་བདག་གིས་བཞེས།།
མྱི་བརྫད་ཚོགས་དག་མྱི་རིགས་འདི་ནས་གཏན་ཕུད་ཟིན་པས་སྒོམ་སྡེ་ལྷ་རམས་དལ་གྱིས་ཁ་བརྡར་ཕེབས།།
སྒོམ་སྡེ་དྲན་རྒྱུ་ཡོད་ནི་མ་རེད། ཡང་དུས་བབ་ནང་དུ་སོང་སྟེ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གྲྭལ་དུ་དགེ་ལུགས་པའི་མིང་མི་་འདུག་ཟེར་ནས་ཁ་ཤ་དར་ཐག་འཐེན་འཐེན། བྲང་ཁོག་རྔ་ཆེན་བརྡུང་བརྡུང་། འོ་དོད་ཤ་བོ་ངུ་ངུ་། མིག་ཆུ་ཆར་བ་བབས་བབས་བྱེད་ཀྱི་འདུག ངས་རྒྱུ་མཚན་ཞིག་བཤད་བསམ་ཡང་། སྙིང་ཚལ་བར་འགྲོ་ཚར་བའི་མི་ལ་རྒྱུ་མཚན་བཤད་ས་མེད་སྟབས་གང་ཡང་བཤད་མེད། སྙིང་རྗེ། ད་ཁྱོད་ཚོ་གཟེ་རེ་ཆེ་རེ་ཉིག་ཀས་ཚེ་འདི་ཕྱི་གཉིས་ལ་ཅིག་དཀའ་རྒྱུ་རེད་ཡ། ངས་ངོ་མ་བཤད་ནི་ཡིན། ཁྱོད་ཚོ་ལ་བཤད་རྒྱུ་ཤིག་ཡོད་ན། དགེ་ལུགས་ལ་ཅིག་བྱས་མ་སོང་། དགེ་ལུགས་ལ་སྐལ་བ་ཞིག་ཆད་སོང་། དགེ་ལུགས་པས་གྱོང་རག་འདུག དགེ་ལུགས་པས་་་་་་་ དགེ་ལུགས་པས་་་་་ དགེ་ལུགས་པས་་་་་ དགེ་ལུགས་པས་་་་་ དགེ་ལུགས་པས་་་་་ཟེར་མ་སྡོད་པར་བོད་སྤྱི་པའི་སྐོར་ལ་ཚིག་གཅིག་གཉིས་རེ་ཨེ་ཐོན་ལྟོས་དང་།
ཨ་ཡ་་་་མྱི་བརྫད་ཁ་ཛོབ་འདིས་ད་ངོ་མ་ང་བསྡོད་མི་བཅུག་ཀི།
ངས་སྔོན་གྱི་མཆན་བུ་ནང་རྣམ་གྲོལ་མཁན་པོ་ཟེར་བ་ནི་རྣམ་གྲོལ་གླིང་ནས་ཐོན་པའི་མཁན་པོ་སྐད་ངག་སྙན་པོ་ཅན་ཕ་ཡུལ་ནུབ་རི་ནས་ཡིན་པ་དེ་རེད། དེའི་དོན་ཁྱེད་ཀྱི་བརྩད་དཔྱད་བྱེད་དགོས་ཚེ་ཧ་ཅང་ལས་སླ་བོ་རེད་གང་ཡིན་ཟེར་ན་ཐེ་ཝན་གྱི་གསར་འགྱུར་རྒྱུད་ལམ་ཕལ་ཆེ་བའི་ནང་དུ་ཡོད་རེད་ད་དུང་ངའི་ཁ་པར་ཨང་གྲངས་དགོས་ཚེ་འདི་ཡིན་ལགས༡་༥༡༠༤༤༩༢༨༤༩
མྱི་རྫོད་ཁྱོད་ཀྱིས་ང་ཆོས་ལུགས་གང་ཞིག་ཡིན་པ་དང་མི་ཁུངས་གང་ལས་ཆེད་པ་གསལ་པོ་ཤེས་ཡོད་ཚོད་རེད། མ་ཤེས་ན་ཁྱོད་དུད་འགྲོ་ལྟ་བུའི་དྲིན་བཟོ་མི་ཤེས་པ་ཞིག་ཡིན་རྒྱུ་རེད་མ་གཏོགས་ངས་ཁྱོད་ལ་རོགས་པ་ག་ཚོད་མང་པོ་བྱས་ཡོད་ད་དེ་ཚོ་མི་བཤད་ཁྱོུད་རང་ཕག་པ་བཤར་བར་རྒྱུགས
མི་ཤེས་ཡ། ལོ་ལྔ་དྲུག་ཅིག་གི་སྔོན་རྒྱ་གར་ལྷོ་ཕྱོགས་ནས་གྲྭ་བ་ཞིག་གིས་སྟག་གཟིག་སྤགས་པས་ནག་ཚོང་བརྒྱབ་པས་རྒྱ་གར་གྱི་ཁྲིམས་ལ་ཐོག་སོང་ང་། གྲ་བ་དེས་ད་དུང་གྷོ་བ་སོགས་ནས་རྒྱ་གར་ཕོ་གསར་ལ་གཞིས་ཆགས་ཀྱི་གཞང་ཚོང་མ་གཏུགས། གཞིས་ཆགས་ཞི་ལི་རྒྱ་གར་གྱི་གསང་བའི་གཞང་ཚོང་མ་གཏུགས་པའི་གནས་ཚུལ་ཀྱང་ལྷང་ལ་བུད། སྐབས་དེར་གྲྭ་བ་དེས་ཉེན་རྟོག་པ་ལ་ང་རྣམ་གྲོལ་གླིང་ནས་ཡིན་ཞེས་བརྗོད་རྐྱེན་རྣམ་གྲོལ་གླིང་གི་རྒྱུན་ལས་རྣམས་བྲེལ་སྟབས་ཀྱིས་རྒྱུགས་པ་དང་། ང་ཚོས་ཀྱང་རྣམ་གྲོལ་གླིང་ལ་ཁ་བརྡུང་ཤེས་ཚད་ཅིག་བཏང་བ་ཡིན། འོན་ཀྱང་ཕྱིས་སུ་གྲ་བ་དེ་རྣམ་གྲོལ་གླིང་ནས་མ་ཡིན་པར་སེ་ར་ཕྱེས་ནས་ཡིན་པ་དང་། གྲ་ཚང་གི་ངོས་ནས་རྣམ་གྲོལ་གླིང་ལ་དགོངས་དག་ཞུས་ཤིང་ཚགས་པར་སྟེང་དུ་ཁྱབ་བསྒྲགས་བྱས་པ་ཁྱོས་བརྗེད་ཆེ་ཡོད། ད་དུང་གྷ་ཡའི་གཞང་ཁང་ནས་དགེ་ལུགས་པའི་གྲ་བ་ཞིག་འཇུས་པ་དེས་ཀྱང་ང་རྙིང་མ་ཡིན་ཞེས་བརྗོད་པས་པུ་ལི་སུ་ཡིས་རྙིང་མའི་སྨོན་ལམ་གྱི་དགེ་སྐོས་ཚོའི་སར་ཁྲིད་ཡོང་བ་དང་། དེ་ནས་ཞིབ་དཔྱད་བྱས་དུས་ཡང་སེ་ར་དགོན་པའི་སྤྲུལ་སྐུའི་མིང་ཡོད་པ། གྲྭ་ཚང་ནས་ཕུད་པ་ཞིག་ཡིན་པར་ར་འཕྲོད་པ་ཡང་ཁྱོས་གོ་ཡོད་རྒྱུ་རེད། ཁྱེད་ཚོས་འདི་ལྟར་རང་ཉེས་གཞན་འགེལ་འབའ་ཞིག་བྱེད་ཀྱི་ཡོད་སྟབས། རྣམ་གྲོལ་གླིང་ནས་ཐོན་པའི་མཁན་པོ་སྐད་ངག་སྙན་པོ་ཅན་ཕ་ཡུལ་ནུབ་རི་ནས་ཡིན་པ་ཟེར་བ་ཙམ་གྱི་ཆོིག་ནི་མ་རེད། ཁོའི་ཕ་ཡུལ་དང་སྐད་སྙན་མི་སྙན་ཚུན་ཆད་ཤེས་ན་མིང་ཡང་ལོས་ཤེས། དེས་ན་མིང་ཤོད་དང་དེ་ནས་ང་ཚོས་འབྲེལ་བ་བྱས་ཏེ་ཁྱོད་གཉིས་གཏུགས་ཡོང་། སྐད་ཆ་བཤད་ན་འགན་ཁུར་དགོས་ནི་རེད།
གནའ་དེང་གིས་གྲུབ་མཐའ་རྒྱུད་འཛིན་པའི་སྡེ་དག་གིས་རྩོད་སྟངས་མི་འདྲ་བ་བྱུང་འདུག
གནའ་རབས་བོད་ཀྱི་ཆོས་བརྒྱུད་ཁག་གིས་མཁས་པ་རྣམས་ཀྱིས་རྩོད་པ་ལྟ་བའི་དཀའ་གནད་ཀྱི་ཐོག་ནས་རྒྱག་གི་ཡོད་པ་ལས་གང་ཟག་བྱེ་བྲག་པ་ཞིག་ལ་མཛུབ་མོ་བཙུགས་ནས་ཁྱོད་ཀྱི་ཁ་ངའི་སྣ་རྩོད་ཀྱི་མེད།
གལ་ཏེ་སྐབས་འགར་ཚིག་གཅིག་གཉིས་རེ་ཡོད་པས་དབང་དུ་བཏང་རུང་དེ་ནི་ཟུར་འཕྲོས་ཙམ་ལས་ཡིན་མི་སྲིད། དེང་སྐབས་གྲུབ་མཐའ་དེ་དག་གི་རྒྱུད་འཛིན་པར་རློམ་མཁན་དག་གིས་ཉེ་རིང་ཆགས་སྡང་གིས་དབང་ཁོ་ནར་སོང་སྟེ་གྲུབ་མཐའ་དང་ཆོས་རྒྱུད་གང་དུ་གཏོགས་པ་དེའི་ཞབས་ཕྱི་བསྒྲུབ་རྒྱུ་ཕར་ཞོག་བོད་རིགས་ནང་ཁུལ་དུ་མཐུན་སྒྲིལ་གཏོར་བརླག་རྐྱང་རྐྱང་མཁན་དྲ་ཐོག་འདི་ཇི་མང་ཇི་མང་ཡོང་གི་འདུག་པས་གཟབ་རྒྱུ་གལ་ཆེ། བཤད་པ་དེའི་རིགས་ཀྱིས་ཤོག་བུ་སྣུམ་གྱིས་ཟིན་པར་ལྟར་ཡུན་གྱི་སྤྱི་ཚོགས་ལ་ནང་ཁུལ་གྱི་བརྟན་ལྷིང་གནོད་སྐྱོན་ཐེབས་སྲིད་པས་མངོན་སུམ་ཡིན་པས་ཐུགས་གཟབ་བྱེད་དགོས། སྤྱིར་ཁྱེད་དྲ་ཐོག་ཏུ་ཞུགས་མཁན་དེང་རབས་ཀྱིས་ལྟ་བས་བརྒྱུད་བརླན་པ་ཞིག་ཡིན་ན་དེ་ཙམ་གྱིས་ཁྱད་པར་མེད་མོད་འོན་ཀྱང་ད་ལྟའི་ང་ཚོའི་གནས་སྟངས་ལ་བསམ་གཞིགས་བྱས་ཏེ་ཕྱོགས་ཡོངས་ནས་གང་ལེགས་དང་ཇི་ལེགས་བྱེད་རྒྱུ་ང་ཚོས་ལས་འགན་ཡིན་པར་སོམས་ཤིག
དགྲ་བོའི་ཁ་གཏད་ལེན་བྱེད་དུ་ང་ཚོར་ཡོད་ན་མེད་ན་དེ་མཐུན་འབྲེལ་ཡིན་པ་ཤེས་ནས་དེ་དོན་ལ་གནོད་པའི་རིགས་རྩ་འགོག་བྱེད་ཅི་ཐུབ་ལྟ་རྒྱུ་འོས་འགན་དུ་ལེན་པར་བཀྲ་དྲིན་ཞུ
གནའ་དེང་གི་གྲུབ་མཐའི་རྒྱུད་འཛིན་སྡེ་ཁག་དག་གི་རྩོད་སྟངས་མི་འདྲ་བ་བྱུང་འདུག
གནའ་རབས་བོད་ཀྱི་ཆོས་བརྒྱུད་ཁག་གི་མཁས་པ་རྣམས་ཀྱིས་རྩོད་པ་ལྟ་བའི་དཀའ་གནད་ཀྱི་ཐོག་ནས་རྒྱག་གི་ཡོད་པ་ལས་གང་ཟག་བྱེ་བྲག་པ་ཞིག་ལ་མཛུབ་མོ་བཙུགས་ནས་ཁྱོད་ཀྱི་ཁ་ངའི་སྣ་རྩོད་ཀྱི་མེད།
གལ་ཏེ་སྐབས་འགར་ཚིག་གཅིག་གཉིས་རེ་ཡོད་པས་དབང་དུ་བཏང་རུང་དེ་ནི་ཟུར་འཕྲོས་ཙམ་ལས་ཡིན་མི་སྲིད། དེང་སྐབས་གྲུབ་མཐའ་དེ་དག་གི་རྒྱུད་འཛིན་པར་རློམ་མཁན་དག་གིས་ཉེ་རིང་ཆགས་སྡང་གི་དབང་ཁོ་ནར་སོང་སྟེ་གྲུབ་མཐའ་དང་ཆོས་རྒྱུད་གང་དུ་གཏོགས་པ་དེའི་ཞབས་ཕྱི་བསྒྲུབ་རྒྱུ་ཕར་ཞོག་བོད་རིགས་ནང་ཁུལ་དུ་མཐུན་སྒྲིལ་གཏོར་བརླག་རྐྱང་རྐྱང་མཁན་དྲ་ཐོག་འདི་ཇི་མང་ཇི་མང་ཡོང་གི་འདུག་པས་གཟབ་རྒྱུ་གལ་ཆེ། བཤད་པ་དེའི་རིགས་ཀྱིས་ཤོག་བུ་སྣུམ་གྱིས་ཟིན་པར་ལྟར་ཡུན་གྱི་སྤྱི་ཚོགས་ལ་ནང་ཁུལ་གྱི་བརྟན་ལྷིང་གནོད་སྐྱོན་ཐེབས་སྲིད་པ་མངོན་སུམ་ཡིན་པས་ཐུགས་གཟབ་བྱེད་དགོས། སྤྱིར་ཁྱེད་དྲ་ཐོག་ཏུ་ཞུགས་མཁན་དག་ལ་དེང་རབས་ཀྱི་ལྟ་བས་བརྒྱུད་བརླན་པ་ཞིག་ཡིན་ན་དེ་ཙམ་གྱིས་ཁྱད་པར་མེད་མོད་འོན་ཀྱང་ད་ལྟའི་ང་ཚོའི་གནས་སྟངས་ལ་བསམ་གཞིགས་བྱས་ཏེ་ཕྱོགས་ཡོངས་ནས་གང་ལེགས་དང་ཇི་ལེགས་བྱེད་རྒྱུ་ང་ཚོས་ལས་འགན་ཡིན་པར་སོམས་ཤིག
དགྲ་བོའི་ཁ་གཏད་ལེན་བྱེད་དུ་ང་ཚོར་ཡོད་ན་མེད་ན་དེ་མཐུན་འབྲེལ་ཡིན་པ་ཤེས་ནས་དེ་དོན་ལ་གནོད་པའི་རིགས་རྩ་འགོག་བྱེད་ཅི་ཐུབ་ལྟ་རྒྱུ་འོས་འགན་དུ་ལེན་པར་བཀྲ་དྲིན་ཞུ
ཡ་ད་མྱིག་རྫོད་དང་གཞོན་ནུ་ཟླ་མེད་གཉིས་ཀྱིས་རྩོད་ཀྱི་རྩོད་ཀྱི་ཇེ་རྩོག་ར་ཇེ་རྩོག་རེད། བྱ་འདི་ངེས་ངེས་རྩོག་གི་ཡ། དཀོན་མཆོག་མཁྱེན།
དགེ་འདུན་ཆོས་འཕེལ་ཁོ་རང་གིས་དུག་ཆུ་བཏུངས་ནས་མི་ལ་མགོ་སྐོར་གཏོང་བའི་བྱ་བ་བྱས་འདུག
དགེ་འདུན་ཆོས་འཕེལ་གྱི་ཀླུ་སྒྲུབ་དགོངས་རྒྱན་དེ་ཕྲུ་གུ་ལ་བླུ་ཁྲིད་བྱེད་པའི་འཚོར་བ་སྤྲོད་ཀྱི་འདུག སྔོན་མ་བོད་གླེན་རྟགས་དང་རྣམ་རྟོགས་ལ་བརྟེན་པའི་དུས་ཀླུའི་དགོངས་རྒྱན་དེ་ཡ་མཚན་པོ་དང་རིག་པ་རྣོན་པོར་མཐོང་ཡང་། ད་ལྟ་ཚན་རིག་དང་། ཤེས་ཡོན། གཟུར་གནས་དང་། ཆ་འཕྲིན་གྱི་དུས་རབས་ནང་འཚར་ལོངས་བྱུང་བའི་མི་ཚོ་ལ། “རང་ཅག་གིས་ཡིན་མིན་ཐག་བཅད་པ་ཐམས་ཅད་ཀྱང་། རང་སེམས་ལ་ཇི་ལྟར་ཤར་བ་བཞིན་ཐག་བཅད་པ་ཙམ་ལས་རྩ་བ་གཞན་ཅི་ཡང་མེད། “ཟེར་ན་ལྐུགས་པའི་སྐད་ཆ་ཁོ་ནར་འགྲོ།
ངས་དཔེ་བཞག་ནས་གོང་གི་བསམ་ཚུལ་འདི་མ་ཡིན་པ་བསྟན་ཆོག ཁྱེད་ཚོས་བརྟག་དཔྱད་བྱེད་རོགས།
དཔེར་ན། སྐད་གཅིག་ཉིད་ལ་སྲོག་འཕྲོག་པར་བྱེད་པའི་དུག་ཆུ་མིག་མཐོང་ལག་ཟིན་ཡོད་པ་ཞིག་མདུན་དུ་བཞག་ནས། འདིའི་ནང་ལ་དུག་ཡོད་དམ་མེད་ཟེར་ན། མི་གཅིག་གི་ཡོད་ཟེར། མི་གཞན་ཞིག་གིས་མེད་ཟེར། གཉིས་ཀས་དུག་དེ་བཏུང་ན། གཉིས་ཀ་ཤི་བར་འགྱུར་རོ། དེ་ལ་དུག་ཡོད་ཟེར་མཁན་དང་དུག་མེད་ཟེར་མཁན་གཉིས་ལ་ཁྱད་པར་ཨེ་འདུག ཐམས་བཅད་སེམས་ཀྱིས་བཟོས་ན། ཕྱིའི་དངོས་པོའི་ནུས་པ་ལ་ཁྱད་པར་མེད་པའི་གོ་བ་སྤྲོད་པ་འདི། མི་ལ་མགོ་སྐོར་གཏོང་བ་མ་རེད་དམ། དངོས་པོའི་གཤིས་ལུགས་དེ་བློས་ཡིན་མིན་གཅིག་པུ་མ་ཡིན་པར། དངོས་པོ་རང་གི་ནུས་པ་དང་ཁྱད་ཆོས་ལ་བལྟ་དགོས། དེ་ལ་དངོས་ཡོད་འཚོལ་བ་ཟེར། ཁྱོད་བློས་བཏགས་པ་རེད་ཅེས་ཟེར་ནས་དངོས་པོའི་ཁྱད་ཆོས་ཁས་མི་ལེན་མཁན་གྱི་མི་གླེན་པ་ཞིག་ལ། མཁས་དབང་དང་རྣམ་དཔྱོད་རིག་པ་ཟེར་ན་ངོ་མི་ཚའམ།
ཕྱིའི་དངོས་པོའི་ནུས་པ་དང་ཁྱད་ཆོས་ལ་སྣང་ཆུང་བཏང་ནས། ཐམས་བཅད་བློས་བཏགས་པ་རེད་ཟེར་བའི་རིག་གཞུང་དེ་རྒྱ་གར་གྱི་ལུས་དམར་ཧྲེང་བར་དུག་འཐེན་མཁན་དེ་ཚོའི་གཞུང་ལུགས་རེད།
ང་ཚོ་མིའི་སྤྱི་ཚོགས་ལ་བརྩེ་བ་དང་། འགན་ཁྲི། ལ་རྒྱ། དགེ་སྐྱོན་ཟེར་བ་འདི་ཚོ་སྤྱི་ཚོགས་ལ་མཁོ་ཆེ་བ་ཡིན་ལ། དེ་ཚོ་བློ་གཅིག་པུས་བཏགས་པ་མིན་པར་དེ་ལ་རིན་ཐང་དང་ལྗིད་ཚད་ངེས་གཏན་ཡོད། དགེ་ཆོས་ཀྱིས་རྒྱ་གར་ལ་དུག་སྤྱོད་མཁན་གྱི་ལྡོམ་པོ་བ་དེ་ཚོའི་འཚོ་བ་ལ་བཞུགས། བོད་མི་ལ་ཐམས་བཅད་བློས་བཏགས་པ་རེད་ཅེས་མགོ་བོ་སྐོར་བའི་འཚོར་སྣང་སླེབས།
གངས་དཀར་ལྷ་མོ་ལགས། ཧཧཧཧ་ཁྱོད་ཀྱི་ཕུལ་ཏུ་བྱུང་བའི་རྣམ་དཔྱོད་དེ་མཁས་དབང་དགེ་འདུན་ཆོས་འཕེལ་ལས་ལྷག་ཅིག་ཡིན་ནོ་སེམས་ལྡན་ཀུན་ཀྱིས་མཐོང་སླའོ། ངོ་མ་དཔེ་དོན་སྦྱར་ནས་མཁས་དབང་ཁོང་གི་རིགས་པ་འགྲོ་ས་མེད་ནི་ཞིག་བཟོ་ཡོད་ཀི།
ངས་ཐེ་ཚོམ་མེད་པར་སྨྲ་ཐུབ་པ་ནི་ཉིད་ཀྱི་རྩོམ་ཐུང་དེ་བཀླགས་རྗེས་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་སུན་འབྱིན་དགོས་ན་སྐུ་ཉིད་ཀྱི་རྣམ་དཔྱོད་ལས་ལྷག་པ་ཞིག་ས་སྟེང་འདི་ནས་རྙེད་རྒྱུ་མ་རེད།
ངོ་མ་བྲིས་ནོ་བཟང་གི་ང་མ་ཟད་ཉིད་ཀྱིས་བྲིས་པ་དེ་རང་གིས་འགྲེལ་བཤད་བརྒྱབ་རྒྱུ་དཀའ་རྒྱུ་རེད་རྩོམ་བྲིས་ན་དེ་ལྟར་བྲིས་དགོས་ནི་རེད།
ཨ་ཨ་ཨ། གངས་དཀར་ལྷ་མོ་ལགས་ཀྱིས་དཔྱད་རྩོམ་རྣོན་པོ་བྲིས་ཡོད་ཀི་ཡ། རིགས་པ་རྣོན་པོ་དང་རྩོམ་སྙན་མོ་འདི་འདྲ་རེས་དགེ་ཆོས་ཕམ་པར་བརྒྱབ་མི་ཐུབ་ཟེར་ན་ད་ནི་གླེན་པའི་ཨུ་ཚུགས་ཁོ་ན་མ་གཏོགས་ཅི་ཞིག་ཡོད། ངོ་མ་ཡིན། དགེ་ཆོས་འདི་ཅི་འདྲའི་མི་ལས་ངན་ཞིག་རེད། མཁས་པ་འདི་འདྲ་རེས་ཀྱང་ཀླུ་དགོངས་དགག་གི་འདུག ད་ཡིན་ན་ཀླུ་དགོངས་ཀྱི་རིན་ཐང་ཅི་འདྲ་ཞིག་ཡིན་དང་། ཀླུ་དགོངས་དགག་མཁན་ཚོའི་རིན་ཐང་ཇི་འདྲ་ཞིག་ཡིན་པ་ཤེས་སོང་། ངས་ཐེ་ཚོམ་མེད་པར་བཤད་ཐུབ་པ་ཞིག་ནི། གལ་སྲིད་དགག་ཡིག་འདི་དགེ་ཆོས་རང་གི་ཕྱག་ཏུ་འཕྲོད་ཀྱི་ཡོད་སྲིད་ན། དགེ་ཆོས་ཀྱིས་ལན་ཅི་ཡང་རྒྱག་རྒྱུ་མེད་པར་དར་ཅིག་ལ་སྤྱན་ཟུམ་ནས་བཞུགས་འདུག་ས་རེད།
མཁས་དབང་དགེ་ཆོས་ཡིན་ན་ཅིག་ཟེར་ཁུལ་བྱས་དུང་ཞེན་དང་གླེན་རྟགས་སྟོན་མཁན་མང་པོ་འདུག་ ག
ངས་གོ་ཚུལ་ཡིན་ན་དགེ་ཆོས་བདུད་རྒན་མའོ་ཙེ་ཏུང་གི་སྤུན་ཟླ་དེའི་སྤུན་ཟླ་རེད་ཟེར།རྒྱུ་མཚན་བཤད་རྒྱུ་ཡོད་ཟེར། མི་རིང་པར་དགེ་ཆོས་ཀྱི་་ནང་མཚང་ཆེན་པོ་ཞིག་བརྟོལ་ས་རེད། སྐབས་དེ་དུས་ད་དུང་དགེ་ཆོས་ལ་རྨོངས་དད་བྱེད་མཁན་ཚོས་རྒྱུན་མཚན་མེད་པར་་ཡང་་དགེ་ཆོས་མཁས་པ་ཡིན་ནི་ཟེར་ཁུལ་བྱས་ནས་ངུ་འབོད་རེ་བྱེད་ནི་རེད། སྙིང་རྗེ།
དགེ་ཆོས་རྙིང་མ་རྗེ། གསོན་དུས་བོད་སྡེ་བ་གཞུང་གིས་སྡུག་པོ་བཏང་། ཤི་དུས་རང་མགོ་ཐོན་ལ་མ་ཐོན་མཁན་གྱི་མཁས་རློམ་རྣམས་ཀྱིས་སྡིག་པོ་བཏང་། ངོ་མ་དཀའ་མོ་རེད།
གངས་དཀར་ལྷ་མོ་ལགས་ཀྱི་རིགས་པ་འདི་ངོ་མ་རྣོན་པོ་ཞིག་རེད། དེ་ནི་ཕྱི་དངོས་པོ་དང་ནང་སེམས་ཀྱི་འབྲེལ་བ་དེ་མཐུད་ལེགས་པར་རྒྱབ་འདུག ཤིན་དུ་གལ་ཆེན་པོར་སྣང་། ནང་པས་ནང་སེམས་ཀྱི་ཐད་ལ་ཞིབ་འཇུག་དང་ཉམས་ལེན་ཟབ་པར་བྱས་མོད། ཡིན་ནའི་ཕྱི་དངོས་པོའི་གནད་ལུགས་དེ་ཡག་པོ་མ་རྟོགས་པར་བརྟེན། ད་བར་ནང་པའི་ཆོས་དར་བའི་རྒྱལ་ཁབ་མང་པོ་ཞིག་གཏོར་རླག་ཏུ་སོང་།
ང་ཚོས་སེམས་དང་ཕྱིའི་འབྲེལ་བ་ལོག་རྟོགས་དང་ལོག་བཤད་བྱེད་པའི་ལྟ་བ་དེ་ཚོ་ཡོ་སྲང་བྱེད་མ་ཐུབ་ཚེ། བོད་པ་རྣམས་འཇིག་བརྟེན་འདིར་གསོན་པོར་གནས་པར་དཀའ་ངལ་མང་པོ་འཕྲད་སྲིད།
ཐམས་བཅད་སྟོང་པར་སྨྲ་བའི་ནང་པའི་ལྟ་བ་དེ་ཚོར་ཡོ་སྲང་བྱེད་པའི་སྙིང་སྟོབས་དགོས་ཀྱི་འདུག དངོས་པོའི་གཤིས་ལུགས་དྲང་མོར་འཇལ་བའི་མིག་གསར་པ་ཤིག་ངེད་ཚོའི་རིག་གཞུང་ནང་ངོ་སྤྲོད་བྱེད་དགོས་ཀྱི་འདུག དཔེར་ན། སྔོན་མ་ལ་དྭགས་ཀྱི་གྲྭ་པ་ཞིག་གིས་རྒྱལ་བ་རིན་པོ་ཆེར། སྐུ་མཁྱེན་རྒྱལ་བ་རིན་པོ་ཆེས། བླ་མའི་ཁྲི་ལ་བཞུགས་ནས། ང་ཚོ་ལ་དྭགས་པ་རྣམས་ལ་དབང་དང་། ལུང་། དེ་བཞིན་བཀའ་སློབ་སོགས་མ་གསུངས་རོགས། ང་ཚོར་ནང་ཆོས་འདི་གནད་ལུགས་དང་། དུས་རབས་དང་འཚམས་པའི་བགྲོ་གླེང་གནང་ན། འདིར་ང་ཚོས་དྲ་མཉམ་དང་། དྭོགས་གཅོད། བསམ་ཚུལ་བརྗེ་ལེན་གྱི་ཐོག་ནས་ཉན་བཤད་བྱེད་ཀྱི་ཡིན་ཞེས་ཞུས་འདུག་པར་བརྟེན། རྒྱལ་བ་རིན་པོ་ཆེ་ཤིན་དུ་མཉེས་པོ་བྱུང་ནས། རྗེས་སུ་དགེ་བཤེས་ཚོར་ལ་དྭགས་ནང་ཆོས་བཤད་ཉན་བྱེད་སྟངས་འདི། བགྲོ་གླེང་དང་གོ་བསྡུར་གྱི་ཐོག་ནས་བྱེད་དགོས་ཅེས་བཀའ་གནང་འདུག
དེ་ན། ང་ཚོས་ནང་ཆོས་ཀྱི་ལྟ་བ་རྣམས་ལ་དྭོགས་འདྲི་དང་ཁོང་ཚོས་དངོས་ཡོད་དང་མི་མཐུན་པའི་ལྟ་བ་སྒྲོག་སྦྱང་བྱེད་པ་འདི་ལ་དྭོགས་འདྲི་དང་བགྲོ་གླེང་མང་ཙམ་བྱེད་ཐུབ་ན་ཚང་མར་ཕན།
དེ་ད་ལོས་ཡིན། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་སངས་རྒྱས་རང་ཉིད་ཀྱིས་ནང་ཆོས་ལ་སློབ་སྦྱོང་བྱེད་སྟངས་དེ་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་གསུངས་ཡོད་པ་རེད་ལ། ནང་པའི་བསྟན་པ་ཞེས་པ་དེ་དང་པོར་ཐོས་པ་བྱས། དེ་ནས་བསམ་བློ་བཏང་། མཐའ་མར་རང་གི་བློ་ཁ་དང་འཚམ་ན་ད་གཟོད་ཉམས་ལེན་བྱེད་ཆོག་གི་ཡོད་པ་རེད།
ཁ་ཆེའི་ཆོས་ལུགས་ཡིན་ན་ཨ་ལས་གསུངས་ཕྱིན་ཆད་ནམ་ཡང་དེ་ལ་དོགས་སློང་བྱེད་ཆོག་གི་མ་རེད། ནང་པ་ཚོས་སངས་རྒྱས་ཀྱིས་གསུངས་པ་ཞིག་ཡིན་ན་ཡང་དེ་ལ་བརྟག་དཔྱད་བྱས་ནས་གསུང་དེ་སྒྲ་ཇི་བཞིན་དུ་ཁས་ལེན་ཆོག་གི་འདུག་གམ་ཡང་ན་དེ་ལ་འགྲེལ་བ་མི་འདྲ་བ་རྒྱག་དགོས་ཀྱི་འདུག་བགྲོ་གླེང་དང་ཞིབ་འཇུག་བྱེད་དགོས་པ་ཞིག་ཡིན་པ་ཁས་ལེན་བྱེད་ཀི་ཡོད་ནི་རེད།
རབ་འབྱོར་གསར་པའི་གསུངས་ལ་མངོན་པར་བསྟོད་དོ།
མི་རེ་རེ་བཞིན་ནས་བདེན་པའི་ཟུར་ག་མི་འདྲ་བ་རེ་ལ་བལྟས་ཏེ་ངས་དེ་བདེན་པ་ཡིན། གཞན་དེ་ལྐུགས་པ་རེད་ཟེར་གི་འདུག ཁྱེད་ཚོ་ཚང་མ་རེ་རེ་ནས་བདེན་པ་རེད། ཁ་ཆེས་བལྟས་ན་ཁ་ཆེའི་ཆོས་ལུགས་བདེན། ནང་པས་བལྟས་ན་ནང་པའི་ཆོས་ལུགས་བདེན། ཁྱེད་ཚོས་ཚན་རིག་སོགས་གཞི་རྩར་བཞག་དེ་ཀུན་རྫོབ་སྣང་ངོའི་བདེན་པ་ཞིག་བདེན་པར་འཛིན་གྱི་འདུག དགེ་ཆོས་ཀྱིས་ཀུན་རྫོབ་སྣང་ངོ་ལས་འདས་པའི་དོན་དམ་པའི་བདེན་པ་ཞིག་ལ་དཔྱད་པ་བྱེད་སྟངས་ཀྱི་བདེན་པ་ཞིག་བརྗོད་ཀྱི་འདུག ཁྱེད་ཚོ་ཚང་མ་བདེན་པ་རེད།
མི་བདེན་པ་ནི་དགེ་ཆོས་ཀྱིས་རྟ་བཤད་ས་ན་ཁྱེད་ཚོས་བོང་ལིའི་སྐོར་བཤད་པ་དེ་རེད། དགེ་ཆོས་ཀྱིས་རྟའི་མཚན་ཉིད་བཤད་པ་ལ་མི་གཞན་ཞིག་གིས་བོང་ལིའི་མཚན་ཉིད་བཤད་ནས་དགག་པ་ན་བོང་ལི་མ་གཏོགས་མཐོང་མ་མྱོང་བ་ཚོས་བོང་ལིའི་མཚན་ཉིད་རྗོད་མཁན་ལ་རིག་པོ་རྣོ་པོ་རེད་ཟེར་ནས་འུར་བསྟོད་བྱས་པ་ཙམ་རེད། ཁྱེད་ཚོའི་མིག་ནང་གི་དུག་དེ་བདེན་པ་རེད། དེ་འཐུང་ན་འཆི་སྲིད་པ་དེའང་བདེན་པ་རེད། དེ་ཚོ་ཚན་རིག་དང་མཐུན་པའི་སྐད་ཆ་ཡིན་པའི་ཆ་འཇོག ད་དུག་དེ་ག་རེ་རེད། དུག་དེ་ངོ་བོ་ཉིད་ནས་གྲུབ་མ་གྲུབ། རྟག་མི་རྟག དཔྱད་ནས་དེད་ཕྱིན་ན་སྟོང་བར་ཐུག་འགྲོ་བ་དེའང་ཚན་རིག་དང་མཐུན་པའི་བདེན་པའི་དཔྱད་ཐབས་གཞན་ཞིག་རེད། མདའ་འབེན་ལ་མི་འཕེན་པར་ནམ་མཁའ་སྟོང་བར་འཕངས་པ་ལ་མདའ་རྩལ་མཁས་པོ་འདུག་ཟེར་ནས་བསྟོད་པ་དང་ཀུན་ནས་འདྲ། ཁྱེད་ཚོ་དགེ་ཆོས་ཀྱི་བ་སྤུ་ཕྲ་མོ་ཞིག་ལའང་འགྲན་ཐུབ་ཀྱི་མི་འདུག
གྲྭ་ས་ཁག་ནས་ཚེ་གང་བོར་གསོ་སྐྱོང་གནང་བཞག་པའི་མཁས་པ་ཡིན་ཟེར་བ་དེ་ཚོ་འདི་འདྲའི་ལྐུགས་པ་དང་། བསམ་བློ་གུ་དོག བློ་རགས་པ། ཕྱོགས་ཞེན་ཚ་བོ་རྐྱང་རྐྱང་ཡིན་པ་སུ་ཞིག་གི་བློ་ངོར་འཆར་ཐུབ།
ཁྱེད་ཚོའི་བདེན་པ་ཟེར་བ་དེ་ངས་ཤེས། རང་གི་ཆོས་བརྒྱུད་ཀྱི་དགོན་པའི་ནང་ནས། རང་གི་བླ་མས་ཁྲིད་གནང་བ་དེ་ཁོ་ན་ཁྱེད་ཚོར་མཚོན་ན་ནམ་ཡང་འགྱུར་བ་མེད་པའི་བདེན་པ་རེད། གཞན་ཆོས་བརྒྱུད་དང་ཆོས་ལུགས་ཀྱི་ལྟ་གྲུབ་ཚང་མ་རྫུན་མ་རེད། རང་གི་བླ་མ་ལས་ཐོབ་པའི་ལྟ་བ་དེ་དང་མི་མཐུན་པ་ཚང་མ་ལྟ་བ་ནོར་བ། ལྟ་བ་ལོག་པ། མུ་སྟེགས་པ། ཀླ་ཀློ་ཡིན་པ་རེད། དེ་ཁྱེད་ཚོ་ལ་མཚོན་ན་བདེན་པ་རེད།
ཁྱེད་ཚོར་ཁག་མེད། ཆུང་ཆུང་རྐུབ་ཀྱི་སྐྱག་པ་ཕྱི་མི་ཐུབ་པའི་སྐབས་ནས་བདེན་པ་གཅིག་གི་ནང་ལ་ཚུད་དེ་བདེན་པ་དེས་ལུས་ཀྱི་རྩ་ཁམས་ཡོངས་རྫོགས་དབང་སྒྱུར་བྱས་ཚར་བས་བདེན་པ་གཞན་རྣམས་ལ་ལྟ་བའི་བློ་མིག་ཕལ་ཆེར་འགྲིབས་ཚར་བ་རེད།
རྣམ་དཔྱོད་དང་ལྡན་པའི་དཔྱད་པ་ཡོད་མེད་ལ་མ་ལྟོས་པར་། མང་པོ་ཞིག་གིས་དོ་སྣང་གནང་བར་དགའ་བསུ་ཞུ་རྒྱུ་དང་། ཁ་སྔོན་གང་དུ་ཞུས་བ་བཞིན་མཁས་པ་དགེ་འདུན་ཆོས་འཕེལ་ལ་ཚད་ལས་བརྒལ་བའི་བསྟོད་སྨད་འཚམ་པོར་མེད།
མཁས་པ་དགེ་འདུན་ཆོས་འཕེལ་གྱིས་འཇིག་རྟེན་རིལ་རིལ་ཡིན་ཟེར་བཤད་པ་དེ་གྲུབ་མཐའི་ཡང་རྩེ་དབུ་མ་ཐལ་འགྱུར་པའི་ལུགས་སུ་བྱས་ན་གང་དུ་ནང་འགལ་སྟོན་པ་དེ་ལ་ལན་དོན་ཞིག་སུས་ཀྱང་མ་ཕོག་ཐལ། གལ་སྲིད་དངོས་ཁམས་རིག་པའི་ལུགས་དང་བསྟུན་ནས་སྨྲས་པ་ཡིན་ན་ར་སྤྲོད་འདྲ་བྱེད་རྒྱུ་ཡོད་ན་ལེགས། གང་ལྟར་ཁོང་གི་ཕུག་གི་དགོངས་པ་ལ་འཇིག་རྟེན་འདི་རིལ་རིལ་ཡིན་པ་དེ་བདེན་གཉིས་གང་དུ་ཡང་དག་པའི་ཚད་མས་མ་གྲུབ་་ཞལ་གྱི་བཞེས་པ་ཡིན་པའི་སྒྲུབ་བྱེད་ཡོད་ན་ཁོང་ལ་ནང་འགལ་ཡོང་དོན་མེད། གལ་སྲིད་ཐ་སྙད་དུ་འཇིག་རྟེན་རིལ་རིལ་ཡིན་པ་རིག་པ་བདེན་པའི་གཟི་བརྗིད་ཀྱིས་སྒྲུབ་ནུས་པ་ཞལ་གྱི་བཞེས་པ་ཡིན་ན། མཁས་པ་དགེ་ཆོས་ཀྱིས་གང་གི་ནང་འགལ་དེ་སྤོང་བར་མི་ནུས།
སྤྱིར་མཁས་པ་འདིས་གྲུབ་མཐའི་ཡང་རྩེ་དབུ་མ་ཐལ་འགྱུར་བའི་ལུགས་དེ་བདེན་གཉིས་གང་གི་དབང་དུ་བྱས་ན་གནས་ལུགས་དང་མཐུན་པར་བྱས་ནས་ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་འདི་ཡང་དག་པའི་ཚད་མས་མ་གྲུབ་པ་སྒྲུབ་པར་བྱེད་པ་ལ། ཐུན་མིན་གྱི་རྣམ་དཔྱོད་རྩལ་གཏོན་མཛད་ནས། སྣང་བའི་དངོས་པོ་འདི་བློ་ལ་སྣང་བའི་དབང་གིས་བཞག་པ་མ་གཏོག་ཡུལ་རང་གི་སྡོད་ལུགས་ཀྱི་དབང་ནས་གྲུབ་པ་རྡུལ་ཙམ་མ་གྲུབ་པ་དེ་གོ་བདེ་བའི་དབང་དུ་བྱས་ནས་གསལ་བཤད་ལེགས་པར་མཛད་པ་དེ་བློ་ཡུལ་དུ་མ་ཆུད་ནས།
ཆོས་ཐམས་ཅད་བདེན་པས་མ་གྲུབ་བ་ཇི་ཙམ་སྨྲས་ཀྱང་། ཐོག་མེད་ནས་བདེན་འཛིན་གོམས་པ་ཤུག་དྲག་པའི་རྐྱེན་པས། བདེན་མེད་ཀྱི་མིང་བཏགས་པའི་དོན་བདེན་མེད་གནས་ལུགས་དཔྱད་པའི་རིག་ངོར་མེད་ན་བདེན་མེད་གཏན་མེད་དུ་འགྱུར་དུ་དོགས་ནས་དེ་བརྙེད་པར་བྱས་པ་དང་།
ཀུན་རྫོབ་ཀྱི་དོན་བསླུ་ཆོས། བསླུ་ཆོས་ཀྱི་དོན་བརྫུན་མ། བརྫུན་མར་གྱུར་བའི་ཐ་སྙད་བདེན་པ་ཡང་དག་པའི་ཚད་མས་གྲུབ་པར་འདོད་པས་ཕུག་འཚང་ནས། མཁས་པ་དགེ་འདུན་ཆོས་འཕེལ་ལ་མི་དགྱེས་པའི་རྣམ་འགྱུར་སྣ་ཚོགས་སྟོན་པ་འདིའང་གཟུར་བོར་གནས་པ་ཞིག་མཐོང་གི་མེད།
དེང་གི་དུས་རབས་འདི་ནུབ་ཕྱོགས་པའི་རིག་དངོས་ཀྱིས་དབང་བསྒྱུར་བའི་དུས་རབས་ཞིག་ཡིན་པས་འཇིག་རྟེན་བཟོ་དབྱིབས་སོགས་ལ་བལྟ་ཚུལ་མི་འདྲ་བ་སྨྲ་མཁས་རྣམས་ཀྱི་ལོ་རྒྱུས་དང་། སྨྲ་དུས་སོགས་ཀྱང་དོན་མེད་མ་ཡིན་ནའང་། མི་རིང་ཤར་ཕྱོགས་པའི་རིག་དངོས་ཀྱིས་དབང་བསྒྱུར་འགྱུར་རྒྱུ་ཡིན་པར་གདོན་མི་ཟ།
ནུབ་ཕྱོགས་པའི་རིག་དངོས་ཀྱིས་དབང་བསྒྱུར་བའི་སྐབས་འདིར། གསར་སྐྱེས་སློབ་གཉེར་བ་རྣམས་ཀྱི་ཡིད་ངོར་འཇིག་རྟེན་རིལ་རིལ་དུ་འཆར་བཞིན་ཡིན་རུང་། འཇིག་རྟེན་རིལ་རིལ་གྱི་སྣང་བ་འདི་ཇི་ཙམ་མུ་འཐུད་ནས་གནས་ཐུབ་མིན་ནི་བཤད་མི་ཐུབ།
དེང་དུས་ཚན་རིག་པ་ཁ་ཤས་ཀྱིས་སྣང་བའི་དངོས་པོ་འདི་ནང་གི་དབང་པོའི་ནུས་པ་དང་གཏན་གཏན་འབྲེལ་ནས་སྡད་འདུག་ཟེར་སྨྲ་བ་འདིས་ཀྱང་གསལ་བཤད་ལེགས་པར་བྱས་ཡོད་རེད།
གང་ལྟར་ལོ་རེ་བཞིན་གསར་གཏོད་དང་གསར་བརྙེད་རེ་བྱས་པ་རྣམས་ཀྱིས་ཚན་རིག་པ་རྒན་པོ་རྣམས་ཀྱི་འདོད་ཚུལ་རྣམས་བརྫུན་མར་བྱེད་དང་བྱེད་བཞིན་པ་འདིས། མི་རིང་འཇིག་རྟེན་རིལ་རིལ་དུ་འཆར་བའི་བདེན་འཛིན་གྱི་བློ་འདི་ཡང་འདོར་བ་ངེས།
གནས་ཚུལ་འདིས་རང་རེའི་སྣང་བའི་དངོས་པོ་འདི་ཡིན་འདི་མིན་སོ་སོའི་རིགས་མཐུན་རྣམས་ཀྱིས་ཇི་ལྟར་ཐག་བཅད་པ་ལྟར་ལས་རྒྱུ་མཚན་དོན་འཐུན་ཞིག་མེད་པར་ངེས། དཔེར་ན་རྨ་བྱའི་རིགས་ཀྱིས་དུག་ལ་དུག་ཏུ་མི་སྣང་བར་མ་ཟད་སྒྲོ་མདངས་རྒྱས་པར་བྱེད་པའི་ཟས་ཀྱི་གཙོ་བོར་སྣང་བ་དང་། མི་སོགས་རིགས་མཐུན་ཁ་ཤས་ཀྱིས་གཟུགས་སྟོབས་རྒྱས་པའི་ཁ་ཟས་ཕར་ཞོག་ཚེ་སྲོག་འཕྲོག་པའི་དུག་ཏུ་སྣང་བ་གཉིས། སུ་བདེན་སུ་བརྫུན་ནི། མ་ལྟོས་པར་སུས་ཀྱང་བཤད་མི་ཐུབ། གལ་སྲིད་རྨ་བྱའི་སྣང་བ་ལ་ལྟོས་ན། མིའི་སྣང་བ་དེ་བརྫུན་མ་ཉག་གཅིག་དང་། མིའི་སྣང་བར་ལྟོས་ན་རྨ་བྱའི་སྣང་བ་དེ་བརྫུན་པ་ཉག་གཅིག་རེད།
འབྲོག་པའི་སྒོ་ཁྱི་ལྟོག་གྲིས་འཆི་ལ་ཉེ་བས་སྟུག་པ་ཚ་བོ་ཞིམ་པའི་ཟས་སུ་སྣང་ནའང་། མི་རྣམས་ཀྱིས་དྲི་ཙམ་ཡང་བྲོ་ན་སྐྱུག་མེས་ལང་ཞིང་ཟས་ཀྱང་མི་སྣང་བ་གཉིས་པོ། སུ་བདེན་སུ་བརྫུན་གཉིས་རིགས་མཐུན་སོ་སོའི་ངོར་ལྟོས་པ་ལས། གང་ཡང་ཟེར་ཚོད་མི་ཐིག དེའི་རྒྱུ་མཚན་ཡང་། སྣང་བའི་དངོས་པོ་འདི་སོ་སོའི་བློས་ཕར་བཞག་པ་མ་གཏོགས་ཡུལ་གྱི་སྟེང་ནས་བདེན་རྫུན་ཁྱད་པར་མེད་པའི་རྒྱུ་མཚན་གྱིས་སྒོ་ནས་རེད་བསམ་གྱི་ཡོད།
དཔེར་ན་བོད་ཀྱི་འབྲོག་ཁྱིམ་དུ་སྐྱེས་ཤིང་ཟོག་ཤ་དང་འབྲི་མར་སོགས་ཀྱིས་གཟུགས་སྟོབས་བསྐྱེད་ཅིང་རྒྱ་གར་དུ་གསར་དུ་ཕེབས་པ་རྣམས་ཀྱིས། རྒྱ་གར་བ་རྣམས་ཀྱིས་ཟས་ཀྱི་གཙོ་བོ་དང་། ཞིམ་པོར་སྣང་བའི་རྡ་ལི་དེ། མི་ཟས་ཀྱིས་གྲས་སུ་ཡང་མི་སྣང་བ་འདི་གཉིས། སུའི་སྣང་བ་དེ་བདེན་པ་རེད་ཟེར་བཤད་དགོས་ན་སུས་ཀྱང་དོན་དང་མཐུན་པའི་ལན་ཞིག་དཀོན།
འདི་དག་ལ་ཞིབ་ཏུ་བསམ་ན། མཁས་པ་དགེ་འདུན་ཆོས་འཕེལ་ལ་ཚད་བརྒལ་གྱི་བཀུར་འདེབས་དང་། སྨད་པ་ཟེར་བ་དེའང་རང་རྟགས་སྟོན་པར་མངོན།
རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པས་གཡག་ར་གུ་ཡངས་དང་། རས་ཆུང་གིས་གུ་དོག་སྣང་བའི་གཡག་ར་གཉིས་ནི་གཞི་གཅིག་ལ་ཡོད་མི་སྲིད་ལ། མི་གཅིག་པར་སྣང་བའི་ཐུན་མོང་གི་བལྟ་བྱ་ཞིག་ཡོད་ན་གང་རུང་ཞིག་བརྫུན་མར་འདོད་པ་ལས་འོས་མེད་ཀྱང་། སོ་སོའི་ངོར་སྣང་བ་ལྟར་བྱ་བྱེད་ཀྱང་དེ་ལྟར་སྣང་བ་འདིས་མཁས་པ་དགེ་ཆོས་ཀྱི་ཕུག་གི་དགོངས་པ་གང་ཡིན་གསལ་བཤད་ལེགས་པར་བྱས་པ་འདོད།
1. རྣམ་དཔྱོད་དང་ལྡན་པའི་དཔྱད་པ་ཡོད་མེད་ལ་མ་ལྟོས་པར་། མང་པོ་ཞིག་གིས་དོ་སྣང་གནང་བར་དགའ་བསུ་ཞུ་རྒྱུ་དང་། ཁ་སྔོན་གང་དུ་ཞུས་བ་བཞིན་མཁས་པ་དགེ་འདུན་ཆོས་འཕེལ་ལ་ཚད་ལས་བརྒལ་བའི་བསྟོད་སྨད་འཚམ་པོར་མེད།
མཁས་པ་དགེ་འདུན་ཆོས་འཕེལ་གྱིས་འཇིག་རྟེན་རིལ་རིལ་ཡིན་ཟེར་བཤད་པ་དེ་གྲུབ་མཐའི་ཡང་རྩེ་དབུ་མ་ཐལ་འགྱུར་པའི་ལུགས་སུ་བྱས་ན་གང་དུ་ནང་འགལ་སྟོན་པ་དེ་ལ་ལན་དོན་ཞིག་སུས་ཀྱང་མ་བྱུང་། གལ་སྲིད་དངོས་ཁམས་རིག་པའི་ལུགས་དང་བསྟུན་ནས་སྨྲས་པ་ཡིན་ན་ར་སྤྲོད་འདྲ་བྱེད་རྒྱུ་ཡོད་ན་ལེགས། གང་ལྟར་ཁོང་གི་ཕུག་གི་དགོངས་པ་ལ་འཇིག་རྟེན་འདི་རིལ་རིལ་ཡིན་པ་དེ་བདེན་གཉིས་གང་དུ་ཡང་དག་པའི་ཚད་མས་མ་གྲུབ་པ་ཞལ་གྱི་བཞེས་པ་ཡིན་པའི་སྒྲུབ་བྱེད་ཡོད་ན་ཁོང་ལ་ནང་འགལ་ཡོང་དོན་མེད། གལ་སྲིད་ཐ་སྙད་དུ་འཇིག་རྟེན་རིལ་རིལ་ཡིན་པ་རིག་པ་བདེན་པའི་གཟི་བརྗིད་ཀྱིས་སྒྲུབ་ནུས་པ་ཞལ་གྱི་བཞེས་པ་ཡིན་ན། མཁས་པ་དགེ་ཆོས་ཀྱིས་གོང་གི་ནང་འགལ་དེ་སྤོང་བར་མི་ནུས།
སྤྱིར་མཁས་པ་འདིས་གྲུབ་མཐའི་ཡང་རྩེ་དབུ་མ་ཐལ་འགྱུར་བའི་ལུགས་དེ་བདེན་གཉིས་གང་གི་དབང་དུ་བྱས་ན་གནས་ལུགས་དང་མཐུན་པར་བྱས་ནས་ཀླུ་སྒྲུབ་དགོངས་རྒྱན་དུ་ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་འདི་ཡང་དག་པའི་ཚད་མས་མ་གྲུབ་པ་སྒྲུབ་པར་བྱེད་པ་ལ། ཐུན་མིན་གྱི་རྣམ་དཔྱོད་རྩལ་གཏོན་མཛད་ནས། སྣང་བའི་དངོས་པོ་འདི་བློ་ལ་སྣང་བའི་དབང་གིས་བཞག་པ་མ་གཏོག་ཡུལ་རང་གི་སྡོད་ལུགས་ཀྱི་དབང་ནས་གྲུབ་པ་རྡུལ་ཙམ་མ་གྲུབ་པ་དེ་གོ་བདེ་བའི་དབང་དུ་བྱས་ནས་གསལ་བཤད་ལེགས་པར་མཛད་པ་དེ་བློ་ཡུལ་དུ་མ་ཆུད་ནས།
ཆོས་ཐམས་ཅད་བདེན་པས་མ་གྲུབ་བ་ཇི་ཙམ་སྨྲས་ཀྱང་། ཐོག་མེད་ནས་བདེན་འཛིན་གོམས་པ་ཤུག་དྲག་པའི་རྐྱེན་པས། བདེན་མེད་ཀྱི་མིང་བཏགས་པའི་དོན་བདེན་མེད་གནས་ལུགས་དཔྱད་པའི་རིག་ངོར་མེད་ན་བདེན་མེད་གཏན་མེད་དུ་འགྱུར་དུ་དོགས་ནས་དེ་བརྙེད་པར་བྱས་པ་དང་།
ཀུན་རྫོབ་ཀྱི་དོན་བསླུ་ཆོས། བསླུ་ཆོས་ཀྱི་དོན་བརྫུན་མ། བརྫུན་མར་གྱུར་བའི་ཐ་སྙད་བདེན་པ་ཡང་དག་པའི་ཚད་མས་གྲུབ་པར་འདོད་པས་ཕུག་འཚང་ནས། མཁས་པ་དགེ་འདུན་ཆོས་འཕེལ་ལ་མི་དགྱེས་པའི་རྣམ་འགྱུར་སྣ་ཚོགས་སྟོན་པ་འདིའང་གཟུར་བོར་གནས་པ་ཞིག་མཐོང་གི་མེད།
དེང་གི་དུས་རབས་འདི་ནུབ་ཕྱོགས་པའི་རིག་དངོས་ཀྱིས་དབང་བསྒྱུར་བའི་དུས་རབས་ཞིག་ཡིན་པས་འཇིག་རྟེན་བཟོ་དབྱིབས་སོགས་ལ་བལྟ་ཚུལ་མི་འདྲ་བ་སྨྲ་མཁས་རྣམས་ཀྱི་ལོ་རྒྱུས་དང་། སྨྲ་དུས་སོགས་ཀྱང་དོན་མེད་མ་ཡིན་ནའང་། མི་རིང་ཤར་ཕྱོགས་པའི་རིག་དངོས་ཀྱིས་དབང་བསྒྱུར་འགྱུར་རྒྱུ་ཡིན་པར་གདོན་མི་ཟ།
ནུབ་ཕྱོགས་པའི་རིག་དངོས་ཀྱིས་དབང་བསྒྱུར་བའི་སྐབས་འདིར། གསར་སྐྱེས་སློབ་གཉེར་བ་རྣམས་ཀྱི་ཡིད་ངོར་འཇིག་རྟེན་རིལ་རིལ་དུ་འཆར་བཞིན་ཡིན་རུང་། འཇིག་རྟེན་རིལ་རིལ་གྱི་སྣང་བ་འདི་ཇི་ཙམ་མུ་འཐུད་ནས་གནས་ཐུབ་མིན་ནི་བཤད་མི་ཐུབ།
དེང་དུས་ཚན་རིག་པ་ཁ་ཤས་ཀྱིས་སྣང་བའི་དངོས་པོ་འདི་ནང་གི་དབང་པོའི་ནུས་པ་དང་གཏན་གཏན་འབྲེལ་ནས་སྡད་འདུག་ཟེར་སྨྲ་བ་འདིས་ཀྱང་གསལ་བཤད་ལེགས་པར་བྱས་ཡོད་རེད།
གང་ལྟར་ལོ་རེ་བཞིན་གསར་གཏོད་དང་གསར་བརྙེད་རེ་བྱས་པ་རྣམས་ཀྱིས་ཚན་རིག་པ་རྒན་པོ་རྣམས་ཀྱི་འདོད་ཚུལ་རྣམས་བརྫུན་མར་བྱེད་དང་བྱེད་བཞིན་པ་འདིས། མི་རིང་འཇིག་རྟེན་རིལ་རིལ་དུ་འཆར་བའི་བདེན་འཛིན་གྱི་བློ་འདི་ཡང་འདོར་བ་ངེས།
གནས་ཚུལ་འདིས་རང་རེའི་སྣང་བའི་དངོས་པོ་འདི་ཡིན་འདི་མིན་སོ་སོའི་རིགས་མཐུན་རྣམས་ཀྱིས་ཇི་ལྟར་ཐག་བཅད་པ་ལྟར་ལས་རྒྱུ་མཚན་དོན་འཐུན་ཞིག་མེད་པར་ངེས། དཔེར་ན་རྨ་བྱའི་རིགས་ཀྱིས་དུག་ལ་དུག་ཏུ་མི་སྣང་བར་མ་ཟད་སྒྲོ་མདངས་རྒྱས་པར་བྱེད་པའི་ཟས་ཀྱི་གཙོ་བོར་སྣང་བ་དང་། མི་སོགས་རིགས་མཐུན་ཁ་ཤས་ཀྱིས་གཟུགས་སྟོབས་རྒྱས་པའི་ཁ་ཟས་ཕར་ཞོག་ཚེ་སྲོག་འཕྲོག་པའི་དུག་ཏུ་སྣང་བ་གཉིས། སུ་བདེན་སུ་བརྫུན་ནི། མ་ལྟོས་པར་སུས་ཀྱང་བཤད་མི་ཐུབ། གལ་སྲིད་རྨ་བྱའི་སྣང་བ་ལ་ལྟོས་ན། མིའི་སྣང་བ་དེ་བརྫུན་མ་ཉག་གཅིག་དང་། མིའི་སྣང་བར་ལྟོས་ན་རྨ་བྱའི་སྣང་བ་དེ་བརྫུན་པ་ཉག་གཅིག་རེད།
འབྲོག་པའི་སྒོ་ཁྱི་ལྟོག་གྲིས་འཆི་ལ་ཉེ་བས་སྟུག་པ་ཚ་བོ་ཞིམ་པའི་ཟས་སུ་སྣང་ནའང་། མི་རྣམས་ཀྱིས་དྲི་ཙམ་ཡང་བྲོ་ན་སྐྱུག་མེས་ལང་ཞིང་ཟས་ཀྱང་མི་སྣང་བ་གཉིས་པོ། སུ་བདེན་སུ་བརྫུན་གཉིས་རིགས་མཐུན་སོ་སོའི་ངོར་ལྟོས་པ་ལས། གང་ཡང་ཟེར་ཚོད་མི་ཐིག དེའི་རྒྱུ་མཚན་ཡང་། སྣང་བའི་དངོས་པོ་འདི་སོ་སོའི་བློས་ཕར་བཞག་པ་མ་གཏོགས་ཡུལ་གྱི་སྟེང་ནས་བདེན་རྫུན་ཁྱད་པར་མེད་པའི་རྒྱུ་མཚན་གྱིས་སྒོ་ནས་རེད་བསམ་གྱི་ཡོད།
དཔེར་ན་བོད་ཀྱི་འབྲོག་ཁྱིམ་དུ་སྐྱེས་ཤིང་ཟོག་ཤ་དང་འབྲི་མར་སོགས་ཀྱིས་གཟུགས་སྟོབས་བསྐྱེད་ཅིང་རྒྱ་གར་དུ་གསར་དུ་ཕེབས་པ་རྣམས་ཀྱིས། རྒྱ་གར་བ་རྣམས་ཀྱིས་ཟས་ཀྱི་གཙོ་བོ་དང་། ཞིམ་པོར་སྣང་བའི་རྡ་ལི་དེ། མི་ཟས་ཀྱིས་གྲས་སུ་ཡང་མི་སྣང་བ་འདི་གཉིས། སུའི་སྣང་བ་དེ་བདེན་པ་རེད་ཟེར་བཤད་དགོས་ན་སུས་ཀྱང་དོན་དང་མཐུན་པའི་ལན་ཞིག་དཀོན།
འདི་དག་ལ་ཞིབ་ཏུ་བསམ་ན། མཁས་པ་དགེ་འདུན་ཆོས་འཕེལ་ལ་ཚད་བརྒལ་གྱི་བཀུར་འདེབས་དང་། སྨད་པ་ཟེར་བ་དེའང་རང་རྟགས་སྟོན་པར་མངོན།
རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པས་གཡག་ར་གུ་ཡངས་དང་། རས་ཆུང་གིས་གུ་དོག་སྣང་བའི་གཡག་ར་གཉིས་ནི་གཞི་གཅིག་ལ་ཡོད་མི་སྲིད་ལ། མི་གཅིག་པར་སྣང་བའི་མཐུན་མོང་གི་བལྟ་བྱ་ཞིག་ཡོད་ན་གང་རུང་ཞིག་བརྫུན་མར་འདོད་པ་ལས་འོས་མེད་ཀྱང་། སོ་སོའི་ངོར་སྣང་བ་ལྟར་བྱ་བྱེད་ཀྱང་དེ་ལྟར་སྣང་བ་འདིས་མཁས་པ་དགེ་ཆོས་ཀྱི་ཕུག་གི་དགོངས་པ་གང་ཡིན་གསལ་བཤད་ལེགས་པར་བྱས་པ་འདོད།
ལན་དོན་འཐུན་ཞིག་སུས་ཀྱང་བཏབས་མ་བྱུང་། བཅོས
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཀླུ་སྒྲུབ་དགོངས་རྒྱན་ན་གསུངས་པ་དག་ནི་རྒྱ་ཆེ་ས་ནས་བཤད་པ་མང་ལ། དཔེར་ན་འགྲོ་བ་རིགས་དྲུག་སྤྱིའི་ཐོག་ནས་གསུངས་པ་དང་། ཡང་ན་ཆོས་ཀྱི་གནས་ལུགས་ཀྱི་དབང་དུ་བྱས་ནས་གསུངས་པ་དག་གི་དོན་མ་གོ་བར་ལན་བཏབ་འདུག་པ་མང་པོ་ཡོད་པ་འདྲ། སྐབས་སོ་སོ་ཤེས་དགོས་པ་འདི་གལ་ཆེན་པོ་རེད། དེ་མ་ཤེས་ན་ཟབ་མདོ་ལས་ལྷག་པའི་འགལ་འདུ་ཅན་ཞིག་གང་ན་ཡོད།
གངས་དཀར་ལྷ་མོ་ལགས།
ང་ཚོ་ལས་སྣང་གཅིག་པའི་གང་ཟག་གི་ངོར་དུག་གིས་གནོད་པ་ཡོད་པ་འདྲ་འདྲ་ཡིན་ཡང་། ལས་སྣང་མི་མཐུན་པ་རྨ་བྱ་སོགས་ལ་ཟས་སུ་འགྲོ་བ་དང་། ལས་སྣང་དག་པའི་འཕགས་པའི་གང་ཟག་ལ་དུག་གིས་གནོད་པ་མི་ཐུབ་པས་ན་རང་གི་རིག་པ་དེས་བསྟན་དོན་ནི། རང་གིས་གོ་བ་ལོན་མེད་པ་གསལ་བཤད་བྱས་འདུག དགེ་ཆོས་ཀྱིས་རྒྱ་ཆེ་ས་བཤད་པ་དེ་ལ། རང་གིས་རྒྱ་ཆུང་ས་ནས་དགག་རློམས་བྱུང་ཡང་། དོན་དུ། ཐེག་ཆེན་གྱི་ལྟ་བ། ཐེག་དམན་གྱི་འཁྲུལ་གཞི། ཞེས་པའི་ལུང་ཚིག་གི་མདའ་མོ་འདིའི་ཡུལ་ན་ཁྱེད་རང་འབེན་ལ་ལངས་ནས་འདུག་གོ །
རྒན་ཀརྨ་དགེ་ལེགས་མཆོག་ལ།
དམིགས་བསལ་གུས་མོའི་མཆན་ལ་ལན་གནང་བར་ཐུགས་རྗེ་ཆེ། རྒན་མཆོག་གི་གསལ་བཤད་འདི་ལ་གུས་མོས་གཤམ་གྱི་ཞུ་ལན་འབུལ་བར་བྱའོ།
ང་རང་ཚོ་ཚང་མ་མིའི་གནས་བབ་ཀྱི་ཐོག་ནས་འཇིག་བརྟེན་འདིའི་དངོས་པོར་ལྟ་བ་དང་མྱོང་བ་ལས། དེ་ལས་ལྷག་པའི་རྣམ་ཤེས་ཤིག་ངེད་ཚོར་མེད་སྟབས། མིའི་ཐོག་ནས་ཕྱི་དངོས་པོའི་གཤིས་ལུགས་ལ་ལྟ་དགོས་པ་འདི་རྩ་དོན་གལ་ཆེ་ཞིག་རེད། དེ་རྒན་རིན་པོ་ཆེ་ནས་ཁས་མི་ལེན་ན། ངེད་གཉིས་དབར་ལ་སྐད་ཆ་ཤོད་པའི་འབབ་ས་མེད། བྱས་ཙང་དགེ་འདུན་ཆོས་འཕེལ་མི་ཞིག་གིས་འགྲོ་བ་རིགས་དྲུག་སྤྱི་ཡོངས་སམ། རྒྱ་ཆེ་ས་ནས་སྐད་ཆ་བཤད་ཀྱི་ཡོད་ཟེར་ན། ང་ལ་ཐད་པ་མེད། རྒྱུ་མཚན་ནི་ཁོང་ལ་མི་ལས་ལྷག་པའི་མྱོང་འཚོར་དང་དེ་ཚོའི་སེམས་ཁམས་ཤེས་པའི་རིགས་པ་མེད་པར་སེམས།
དེ་ནས། རྨ་བྱའི་ཟས་ལ་དུག་རེད་ཟེར་བ་འདི་སྔོན་མ་རྒྱ་གར་བའི་སྲོལ་རྒྱུན་གྱི་གཏམ་རྒྱུད་ལས་བྱུང་བ་དང་། དེ་བོད་ཀྱི་བླ་མ་དང་མཁས་པར་རློམ་པ་དག་གིས་དཔྱད་པ་ཅི་ཡང་མི་མཛད་པར་བདེན་ཤག་ལ་རྩི་བས་རེད། རྨ་བྱས་དུག་འཇུ་ཐུབ་པའི་ནུས་པ་འདི་འདྲ་ཞིག་ཡོད་པ་ཚན་རིག་པས་ཁས་མི་ལེན། རྨ་བྱ་དང་། རི་བྱ། ཀྲར་ཀི། ༼Turkey༽ དེ་བཞིན་གོང་བྱའམ། ༼Pheasant༽རྣམས་ནི་རིགས་གཅིག་ལ་འདོད། དེ་ཚོའི་ཕོ་བ་ནི་བྱ་གཞན་དང་མཚུངས་པར། ཟས་བཞུར་བའི་སྐྱུར་རྫས་ཤུགས་ཆེ་ཡང་། དུག་འཇུ་ཐུབ་པའི་ནུས་པ་ཡོད་པ་ཚན་རིག་པས་ད་བར་བཤད་མྱོང་མེད། དེར་བརྟེན། དང་པོ་སྐུ་ཉིད་ནས་མིས་གང་བཤད་དེ་བདེན་པར་མི་འཛིན་པར། བརྟག་པ་བྱེད་དགོས་པ་འདི་གལ་ཆེ་ཡིན། བརྟག་དཔྱད་མི་མཛད་པར་སྐད་ཆ་ཤོད་མཁན་འདི། ཆ་འཇོག་ལྟ་ཅི། ཀུན་གྱིས་དོར་བར་བྱ་བའི་རིགས་མ་ཡིན་ནམ་རྒན།
“འཕགས་པའི་གང་ཟག་ལ་དུག་གིས་གནོད་མི་ཐུབ་པ།”ཟེར་བ་འདི་ལ། རྒན་ཁྱེད་ཀྱི་འཕགས་པའི་གང་ཟག་ཐུག་མྱོང་ངམ། ཁོང་ཚོའི་ནུས་པ་དང་རིགས་པ་ལ་དངོས་སུ་དོ་སྣང་བྱས་མྱོང་ངམ། འཕགས་པའི་གང་ཟག་ཟེར་བ་འདི་ག་པར་ཡོད་དམ། མིག་གིས་མཐོང་ཡས་ཡོད་དམ། ཁྱེད་ཀྱིས་འཕགས་པའི་གང་ཟག་མཐོང་མ་མྱོང་བར་ཅིའི་ཕྱིར་གཞན་ལ་དེ་བདེན་པར་བཟུང་ནས་རིགས་པ་གཏོང་གི་ཡོད་དམ།
མཐའ་མཇུག་ལ། བརྟག་དཔྱད་བྱེད་རྒྱུ་དེ་གལ་ཆེ་རེད། དགེ་ཆོས་ཀྱིས་བཤད་པའི་སྐད་ཆ་དེ་དག་ལ་ཁྱེད་བློ་གཟུ་བོར་གནས་ནས་བརྟག་པ་ཞིག་བགྱི་དང་། དེ་ནས་ངེད་གཉིད་སྐད་ཆ་བཤད་ན་ནང་དོན་ཟབ་པར་འོངས།
རྒན་ཁྱེད་རྙིང་མ་ཞིག་ཡིན་པའི་ཆ་ནས་དགེ་ཆོས་སྲུང་བར་བྱེད་ན་དེས་དོན་ཅི་གང་ལག་ལ་མི་འོང་། བློ་གཟུ་བོར་གནས། དག་བཤེར་ལེགས་པོ་བྱས་ན་དོན་ཆེ་བར་སེམས།
བཀྲ་ཤིས། ཁ་བྲོ།
གྲོགས་གངས་དཀར་ལྷ་མོ་ལགས།
འོ། དགེ་ཆོས་ཀྱིས་རྒྱ་ཆེ་ས་ནས་བཤད་པ་དེ་རང་གིས་མ་གོ་བར་ནོར་འཁྲུལ་དེ་བྱུང་བ་རེད། ནོར་བ་དེ་ཁུར་ནས་ཀླུ་སྒྲུབ་དགོངས་རྒྱན་སོགས་དབུ་མའི་གཞུང་ལ་ལྟ་བའི་ཆ་སྐྱེན་ཚང་མི་འདུག
སྔོན་ནས་ད་བར་ཆུ་ཀླུང་དཔེ་རུ་བཞག་ནས་འགྲོ་བ་རིགས་དྲུག་གི་མཐོང་སྣང་མི་འདྲ་བར་བཤད་དང་ཤོད་ཀྱིན་པ་ཡིན་ནའང་། རང་གི་འདོད་པ་ནི་མི་ཞིག་ཡིན་ན་མིའི་སྣང་བ་འདི་མ་གཏོགས་གཞན་གང་ཡང་བཤད་མི་ཐུབ་པར་བསམས་ཡོད་པ་འདྲ། དེ་ལྟར་བསམས་ཡོད་ན་དེ་དགེ་ཆོས་གཅིག་པོས་བཤད་པ་མ་རེད། དཔེར་ན་རྗེ་རིན་པོ་ཆེས་དེ་ཆ་ཤས་དང་ཅན་དུ་གསུངས། མཁས་གྲུབ་དགེ་ལེགས་ཀྱིས་ཞིབ་ཆ་དང་བཅས་འགྲེལ། དེ་ལ་གོ་བོ་རམ་འབྱམས་སོགས་ཀྱིས་ཆུ་ཕོར་བ་གང་གི་གོ་ས་ན་ཁྲོ་ཆུ་སོགས་ཡོད་དགོས་པའི་སྐྱོན་བརྗོད་བྱས། དེ་ལྟར་ཀུན་གྱིས་བཤད་ཆོག་པ་ཞིག་དང་། དགེ་ཆོས་ཀྱིས་བཤད་མི་ཆོག་པ་གང་ལ་ཐུག་ཡོད། བློ་ཟུ་བོར་གནས་སམ་མི་གནས།
རྨ་བྱའི་སྐོེར་རང་གིས་བཤད་པ་དེར་རྒྱུ་མཚན་འདུག འོན་ཀྱང་དེ་ཡང་སྔོན་ནས་ད་བར་མཁས་པ་མང་པོས་དཔེ་རུ་བཞག་ཡོད་པས། དེ་ལྟར་བཞག་ཀྱང་མི་རུང་ཆེར་མེད་པ་འདྲ།
ང་འཕགས་པའི་གང་ཟག་ལ་ཐུག་མ་མྱོང་ན་དེ་དཔེ་རུ་འཇོག་མི་ཆོག་པ་ཡིན་ནམ། དེ་ནི་ཁ་གཡར་ས་ཙམ་རེད། གང་ལྟར་ང་ཐུག་ཡོད་མེད་གནད་མ་རེད། དོན་གྱིས་ཡོད་མེད་གནད་ཅིག་རེད།
གཟབ་དགོས་པ་ཞིག་ནི། རང་དགེ་ལུགས་པ་ཞིག་ཡིན། དགེ་ཆོས་ངའི་དགྲ་ཡིན་བསམས་ནས་ས་བཤད་རྡོ་བཤད་བྱས་ན་མཐར་རི་བོ་དགེ་ལྡན་པ་ཡང་དགེ་ཆོས་དང་ལྷན་དུ་རང་གི་དགྲར་འདོད་དགོས་པ་ཞིག་འོང་ཉེན་ཆེ་འདུག མ་ཟད་དགེ་ཆོས་ལ་དགའ་མཁན་ཚང་མ་རྙིང་མ་རེད་བསམས་ནས་དམའ་འབེབས་བྱོས་དང་མཐར་རང་གི་རྩ་བའི་བླ་མ་ཡང་དེའི་ཁྲོད་དུ་ཡོད་ཉེན་ཆེ།
དྲྭ་གྲོགས་ཕལ་མོ་ཆེ་རྣམས་གཉིད་ཁུག་པ་འདྲ། ཡང་ན་ལན་མེད་པ་འདྲ། ཡང་ན་འཇིག་རྟེན་གྱི་བྱ་བས་བྲེལ་ནས་ཁོམས་པ་མེད་པ་འདྲ།
རྒན་ཀརྨ་དགེ་ལེགས་མཆོག
ངེད་གཉིས་བརྡར་ཤ་ཆོད་པའི་རྩོད་པ་ཞིག་མི་འོངས། ཁྱེད་ཀྱི་ངའི་རྩ་བའི་འདོད་ཚུལ་ཏེ། བརྟག་པ་བྱས་ནས་བདེན་བརྫུན་བརྡར་ཤ་གཅོད་ཟེར་བ་འདི་ཁས་མི་ལེན་སྟབས། བརྩོད་པ་འདི་ལ་འབྲས་བུ་མིན་འདུག བྱས་ཙང་ངས་ཁྱེད་ཀྱི་བདེན་པས་ཤིན་དུ་ཕོངས་བའི་ཨུ་ཚུགས་ཅན་གྱི་རྩོད་པ་འདི་ལ་ལན་རྒྱབ་རིན་མིན་འདུག
ཁྱེད་ལ་ངོ་མ་འཚོལ་ཞིབ་དང་། བརྟག་ཞིབ། ཉམས་ཞིབ་བྱེད་པའི་བློ་ཁོག་དེ་མིན་འདུག བྱས་ཙང་ང་དུས་ཚོད་འཕྲོ་བརླག་མི་གཏོང་། རྒན་ཁྱེད་མུ་མཐུད་ཨུ་ཚུགས་ཀྱིས་མུན་ནག་དེར་བཞུགས་རོགས། ང་ནི་འཐོན་འགྲོ།
རྒན་ཁྱེད་ལྟ་བ་ལ་ཨུ་ཚུགས་བརྒྱབ་ན། རིགས་པ་དང་བློ་རྩལ་ལ་གྱོང་རགས་ངེས། དེ་ནས་བུད་མེད་ཞིག་ལ་ཨུ་ཚུགས་བརྒྱབ་ན། འབྲས་བུ་འཐོབ་པར་ངེས་པ་ཆེ།
ཁ་བྲོ།
ཀརྨ་དགེ་ལེགས་ལགས།
ད་མཛེས་མ་འདི་ལ་བདེན་ཁ་བྱིན་ན་ཧྲ་ནི་རེད་ལགས།
མོའི་ཟིག་མིག་ལྟ་སྟངས་ཤིག་གིས་ཁྱོའི་ཁ་ནས་ཚིག་ཤོར་རྒྱུ་ཡིན་ནོ་ངས་ཤེས་ནི་རེད་ཀོ།
འོ་ངས་རྒན་ཁྱོད་ཀྱིས་ཡམ་རྒྱུག་དང་ཐལ་ཆ་ཤོར་གྱི་འདུག་ཟེར་སྐབས། ཡང་བསྐྱར་ཁྱེད་ཀྱིས་ང་ལ་དཔང་པོ་ཞིག་སྦྱིན་སོང་། རྒན་ཁྱེད་ཀྱིས་ང་དགེ་ལུགས་པར་ཐག་བཅད་སོང་། དེ་ཡམ་རྒྱུག་དང་ཐལ་རྒྱུག་གམ་ཡང་ན། གླེན་རྒྱུག་མ་རེད་ན་ཅི་རེད།
རྒན་ཁྱོད་ཀྱིས་ངས་དགེ་ཆོས་ལ་སྐྱོན་འཛུགས་བྱས་པ་དེས་ང་དགེ་ལུགས་པར་བཅུག ད་བློ་ལྷོད་ལ་ཕབ་ནས། ལེགས་པར་སོམས་དང་། རྒན་ཁྱེད་ཐལ་ཆ་ཤོར་གྱི་མིན་འདུག་གམ།
རྒན་ཁྱོད་ཀྱིས། དང་པོ་བསམ་ཚུལ་ལམ་རྣམ་རྟོག་ཤིག་རང་སེམས་སུ་བསྐྲུན། ད་དེ་བདེན་པར་སྒྲུབ་ཆེད། སྔོན་གྱི་གཏམ་དང་གཏམ་དཔེ། ལུང་སོགས་དྲངས་ནས། རྒན་ཁྱོད་ཀྱི་ལྟ་བ་དེ་བདེན་པར་སྒྲུབ་ཐབས་ཤིག་བྱེད་ཀྱི་འདུག ངའི་འདོད་ཚུལ་ནི། བྱ་ཐབས་འདི་ཤིན་དུ་རྗེས་ལུས་དང་། ཐབས་སྐྱོ་ཤོས་ཀྱི་ཐབས་ཤེས་ཤིག་རེད།
མཆན་འདི་ངའི་མཆན་གོང་མ་དེའི་འཕྲོས་ཡིན།
ཡ་ཨ་ནེ་གངས་དཀར་ལྷ་མོ་ལགས།
ད་རིག་པ་གང་ཡང་མེད་པར་དེའི་ཚབ་ཏུ་སྡུག་གཏམ་མང་པོ་ཞིག་བཤད་འདུག
ཁྱེད་ཀྱིས་ངའི་ཁ་ཡ་ཙམ་ཡང་མི་ཡོངས་ན་མཁས་དབང་ཆེན་པོ་དགེ་འདུན་ཆོས་འཕེལ་ལ་ངན་བཤད་བྱེད་པ་ནི་ཆེས་ཤིན་ཏུ་མི་རིགས་པ་ཤེས་པར་མཛོད་ཅིག དབུ་མའི་ལྟ་བ་མ་ཤེས་ཀྱང་ཆོག ངོ་ཚ་ཤེས་ན་འཇིག་རྟེན་དང་མཐུན་པ་ཞིག་ཡིན།
ཁྱེད་ཀྱི་རྩ་བའི་འདོད་ཚུལ་དེའི་ཐོག་ནས་ཟབ་མོ་དབུ་མའི་དོན་རྟོགས་ཐབས་ཡོད་དམ། ང་ཚོ་འཇིག་རྟེན་པས་ཡོད་མེད་གཉིས་སུ་བསྡུས་ནས་ཐག་གཅོག་པ་ཡིན་ཡང་། དབུ་མའི་སྐབས་སུ་ནི་དེ་ལྟར་མ་ཡིན་པ་དང་། ལྷག་པར་དབང་བོ་དྲུག་པོ་འདི་ཚད་མ་མིན་པ་སངས་རྒྱས་རང་གིས་གསལ་བོར་གསུངས་ཡོད་པར་མ་ཟད། ཟླ་བ་གྲགས་པས་ཀྱང་། དེ་ཉིད་སྐབས་སུ་འཇིག་རྟེན་ཚད་མ་མིན། །ཞེས་དང་། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །ཞེས་དང་། གཞན་ཡང་། འཇིག་རྟེན་ཞེས་པ་དེ་ནི་གནོད་པ་མེད་པའི་དབང་བོ་དྲུག་པོ་ལ་ངོས་བཟུང་། དེ་ཡང་རྫུན་པ་ཡིན་ཞེས་གསུངས་པ་འདི་དག་ལ་དཔྱད་པར་འཚལ།
དགེ་ཆོས་ཀྱིས་རྒྱ་ཆེ་ས་ནས་བཤད་པ་དེ་ཙམ་ཡང་ཨུ་ཚུགས་ཀྱིས་ཁས་མི་ལེན་པར་མ་ཟད་ད་དུང་གཞན་ལ་ཁྱེད་ཨུ་ཚུགས་ཅན་རེད་ཟེར་བ་དེ། བཙན་པོ་ཁ་ཅིག་དང་། རྒྱ་ནག་གཞུང་གི་ཤོད་ཚུལ་ཙམ་རེད་འདུག
ཁྱེད་ཀྱི་ལན་གོང་འོག་གཉིས་ཀ་བསྡུར་ནས་ལན་བཏབ་ན་འདེབས་རྒྱུ་འདུག་ཀྱང་དོན་མེད་པས་སྤྲོ་བ་མ་སྐྱེས།
གཞན་ཡང་། ཁྱེད་ཀྱིས་ང་རྙིང་མ་རེད་ཅེས་བཤད་པ་དང་། ངས་ཁྱེད་དགེ་ལུགས་པ་རེད་ཅེས་བཤད་པ་གཉིས་ཐག་བཅད་ཡོད་པ་འདྲ་འདྲ་རེད། གཡམ་རྒྱུག་ཡིན་པ་འདྲ་འདྲ་རེད། ང་ལ་སྐྱོན་ཡོད་ན་རང་ལའང་སྐྱོན་མེད་དོན་མི་འདུག དེ་ནི་ཁ་ཤོས་ཁ་ཤོར་འཛུབ་སྟོན་གྱི་དཔེ་མིན་ནམ།
ངོ་མ་བཤད་ན་རྙིང་མ་དང་དགེ་ལུགས་ཞེས་གླེང་དགོས་དོན་མི་འདུག ངེད་གཉིས་ལ་དེ་ཤིན་ཏུ་མི་འོས་པར་མ་ཟད་དབྱེན་དཀྲུགས་ཀྱི་རྒྱུ་ལས་མི་འདུག དེ་བས་ས་ཏྭ་རེ་བཏོན་ནས་བསྡད་ན་མི་ལེགས་སམ།
ཡ་ཀླུ་སྨྱོན། མིའུ་ཕྲུག ཟླ་གཞོན་སོགས། ཚང་མ་ཤ་འབུ་ཚིལ་ལུ་ལ་ཐུག་པ་ནང་བཞིན་དངོས་གནས་གཞུང་གི་དཀའ་གནས་ལ་དོག་དཔྱད་དང་དཔྱད་པ་བྱེད་སྐབས་ཆགས་ཀྱི་ཡོད་པ་ད་ལྟའི་སྐབས་ཀྱི་བར་ཤེས་མ་སོང་།
སྒོམ་སྡེ་ཟེར་བའི་བན་ལོག་དང་།
ཀླུ་སྨྱོན་ཟེར་བའི་གང་དྲན་སྨྲ།
མི་ཕྲུག་ཟེར་བའི་མགོ་བདེ་བོ།
ཟླ་གཞོན་ཟེར་བའི་ཞེན་རྒོག་ཅན།
ཀུན་ཀྱང་བྲོས་ནས་མི་འདུག་གོ། ཧ་ཧ་ཧ་ཧ་ཧ
རིག་པའི་རལ་གྲི ང་བྲོས་མེད། ཡིན་ན་ཡང་ཁ་སང་དེ་རིང་ངས་སྟོན་ལས་བྱེད་བཞིན་པའི་སྒང་ཡིན། དྲང་མོར་བཤད་ན་ངས་ཁྱོད་ལ་བགྲོ་གླེང་བྱས་ན་འདོད། རྒྱུ་མཚན་ཁྱོད་ཤེས་མཁན་ཅིག་རེད། དྲང་མོར་བཤད་མཁན་ཅིག་རེད། རང་རིགས་ལ་ཤ་ཞེན་ཡོད་མཁན་ཅིག་རེད། འོན་ཀྱང་ངས་བལྟས་ན་ངེད་གཉིས་ཀྱིས་དབུ་མའི་ཆོས་སྐད་དེ་ཕྱོགས་གཅིག་ལ་འཁེལ་གྱི་འདུག་པས། ཆོས་སྐད་གཅིག་པ་ཅན་ལ་ལོ་ཉེར་གཉིས་རིང་ལ་རྩད་རྒྱབ་པ་ཡིན་ནས་ད་རྩད་རྒྱབ་ན་མི་འདོད་ཀི ངས་འདི་ནང་ན་རྩད་རྒྱག་འདོད་ཡོད་པ་གཅིག་བུ་ནི་མགོན་པོ་ཟེར་བ་དེ་རེད། འོན་ཀྱང་ཁོང་གི་ཚིག་ཡོངས་རྫོགས་བསྡུས་དྲག་ནས་དང་། ཡིག་ནོར་མང་དྲག་ནས། བསླབ་བྱ་མང་དྲག་ནས། ཚོགས་གཏམ་མང་དྲག་ནས་ཡོང་གི་མི་འདུག་ཡ། ད་ང་ཕྱི་ལོག་ལ་སོང་ནས་དགོང་མོ་ཕྱིར་ཡོང་གི་ཡིན། གལ་ཏེ་ཁོམས་པ་ཡོད་ན་རྩད་ལོས་རྒྱག དེ་ཙམ་ཡིན།
ཟིན་བྲིས་ཀློག་གིན་ཀློག་གིན་དུས་ཚོད་ཡང་མང་པོ་རྫོགས་བཞག། དེ་རིང་གིས་ཉི་མ་གཉིས་ཟིན་སོང་། ཟིན་བྲིས་འདི་ལ་ལྟད་མོ་ཡང་མང་པོ་ཞིག་མཐོང་སོང་། མིག་བརྗོད་ཀྱི་མཆན་ལ་བལྟས་ན་མིག་བརྗོད་བདེན་པ་འདྲ་བུ་ཞིག་མཐོང་གི་འདུག གཞོན་ནུ་ཟླ་མེད་ལ་བལྟས་ན་བཟླ་མེད་བདེན་ཁུལ་ཞིག་མཐོང་གི་འདུག དེ་བཞིན་གངས་ལྷ་མོའི་མཆན་ལས་བལྟས་ན་གངས་ལྷ་མོ་བདེན་རྒྱུ་རེད་བསམ་གྱི་འདུག ཀརྨ་དགེ་ལེགས་ལ་བལྟས་ན་ཀརྨ་དགེ་ལེགས་བདེན་རྒྱུ་རེད་བསམ་གྱི་འདུག དེ་འདྲ་མཐོང་དགོས་དོན་བུ་ང་རང་ཡོན་ཏན་ཆུང་བས་རྐྱེན་པ་རེད།
གང་ལྟར་འདིར་རང་གིས་ཡང་མཆན་ཆུང་ཆུང་ཞིག་བཀོད་ན་འདོད། མཆན་མ་བཀོད་གོང་རང་གི་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་ན་ང་ནི་བོད་ཀྱི་གྲུབ་མཐའ་དང་རིག་གཞུང་ལ་དགའ་ཞེན་ཆེ་ཡང་དེ་ལ་སྦྱངས་པ་དེ་ཙམ་རང་མེད་པའི་མི་ཞིག་ཡིན། དེས་ན་མཆན་འདིས་དྲ་གྲོགས་ཚོར་བློ་བསྐྱེད་གསར་པ་ཞིག་གང་ཡང་སྤྲོད་མི་ཐུབ་པ་ཐག་ཆོད། ཡིན་ན་ཡང་རང་གི་རིག་པ་ཡར་བསྐྱེད་ཡོང་ཆེད་བག་ཟོན་མེད་པར་འདིར་མཆན་ཆུང་ཆུང་ཞིག་བཀོད་པ་ཡིན།
དང་པོ་རིག་པའི་རལ་གྲིས་བཤད་པ་ལྟར་ན། དགེ་ཆོས་ཀྱིས་ལོ་རྒྱུས་བཤད་ཚོད་ཚང་མ་དབུ་མ་ཀླུ་དབང་གི་རིག་པ་དང་སྦྱར་ནས་བཤད་དགོས་པ་འདྲ་ཞིག་རེད་འདུག དབུ་མ་ཀླུ་དབང་གི་རིག་པ་ནི་དབུ་མ་གཏན་ལ་དབབ་པའི་སྐབས་དང་། འཇིག་རྟེན་རིལ་རིལ་དང་ལེབ་ལེབ་ཀྱི་སྐད་ཆ་ནི་འཇིག་རྟེན་རྒྱལ་རབས་ཀྱི་ལོ་རྒྱུས་བཤད་པའི་སྐབས་ཡིན་པར་ཤེས་ན་དགེ་ཆོས་ལ་དོན་མེད་ཀྱི་བསྐུར་པ་བཏབ་དགོས་དོན་མི་ཡོང་བསམ།
མིག་བརྗོད་ནི་གཞོན་ནུ་ཟླ་མེད་དང་ཐུག་དུས་དགེ་ཆོས་ལ་རྒྱབ་སྐྱོར་བྱས་བྱས་ནས་མཐར་གངས་ལྷ་མོ་དང་ཐུག་དུས་གངས་ལྷ་མོས་བཤད་པ་དེ་བདེན་པ་རེད་ཟེར་བརྗོད་པ་ལ་བལྟས་ན་ཁོང་ཡང་བློ་གཟུ་བོར་གནས་པ་ཞིག་ཡིན་ས་མ་རེད་བསམ་གྱི་འདུག
གངས་ལྷ་མོས་ནི་ཚན་རིག་མ་གཏོགས་གཞན་དག་རྣམས་ལ་ཡིད་ཆེས་མེད་ཟེར། དེ་འདྲ་ཟེརན་མཁན་དེ་མི་གཞན་ཞིག་ཡིན་ན་ཡང་ཆོག་གི བོད་མི་ཞིག་གིས་བོད་པའི་རིག་གཞུང་ལ་རྡོག་བརྫི་བསྣུན་མཐོང་དུས་ཤིན་ཏུ་ཡིད་ཕམ་བྱུང་། དེ་འདྲའི་བུད་མེད་དེ་བོད་ཀྱི་སྤྱི་ཚོགས་ནས་བོད་མི་དམངས་ཀྱིས་སྤུད་དགོས་པ་ཞིག་རེད། ལྷག་པར་དུ་ཀརྨ་དགེ་ལེགས་ལ་འཕགས་པའི་གང་ཟག་མ་མཐོང་བར་འཕགས་པའི་གང་ཟག་གི་སྐོར་མ་ཤོད་ཟེར། འོ་ན་ངས་ཀྱང་གངས་ལྷ་མོ་ཁྱོད་མ་མཐོང་བས་ངས་ཁྱོད་ཀྱི་སྐོར་ཤོད་མི་ཆོག་པ་ཨེ་རེད། ངས་ཨ་རི་མ་མཐོང་བས་ཨ་རིའི་སྐོར་བཤད་མི་ཆོག་པ་ཨེ་རེད། དེ་བཞིན་དྲ་ཚིགས་འདིར་མཆན་བཏབ་མཁན་ཚང་མས་དགེ་ཆོས་མ་མཐོང་བཞིན་དུ་དགེ་ཆོས་ཀྱི་སྐོར་བཤད་ཞིན་པ་དེ་ཚང་མ་མི་ཆོག་པ་ཨེ་ཡིན།
ཡང་རྨ་བྱའི་བགྲོད་པ་ལ་དུག་བཞུ་བའི་ནུས་པ་མེད་པ་ཁྱེད་ཀྱིས་མཐོང་མྱོང་ངམ། མ་མཐོང་ན་རྨ་བྱ་ལ་དུག་བཞུ་བའི་ནུས་པ་མེད་པ་ཁྱེད་ཀྱིས་ཇི་ལྟར་ཤེས། ཚན་རིག་གིས་དཔྱད་པས་གྲུབ་ཟེར་ན་དཔྱད་པ་ཁྱེད་ཀྱིས་བྱས་པ་ཡིན་ནམ། མིན་ན་རང་གིས་མ་མཐོང་བར་གཞན་གྱི་རྗེས་སུ་འབྲངས་མི་ཉན་ཟེར་ཀརྨ་དགེ་ལེགས་ལ་ཁ་ཏ་བྱེད་བཞིན་དུ་ཁྱེ་རང་ཚན་རིག་པའི་རྗེས་སུ་འབྲངས་དགོས་དོན་ཅི། དེ་རིང་དེ་ཙམ་གྱིས་ཆོག་པར་བྱོས།
སང་ཉིན་དུས་ལ་ཟད་བ་མེད།
བོད་ཁམས་ཡོད་ཚད་རྒྱ་ཡིས་གང་།
བོད་གཞོན་ཕལ་ཆེ་ཉིན་རེ་རེར།
རྒྱ་གར་རྒྱ་ནག་ཡུལ་དུ་འཁྱོམ།
ཨ་ཧོ་མཐོ་སྒང་གི་བདག་པོ་རྣམས།
རང་ས་ཤོར་ནས་མི་ཡུལ་འཁྱོམས།
ཀ་ཁ་སློབ་སྦྱོང་བྱེད་པའི་བྱིས་པ་ཚོ།
རྒྱ་སྐད་མ་གཏོགས་བཤད་མི་ཤེས།
རྒྱ་ལུགས་མ་གཏོགས་སྒྲུབ་མི་ཤེས།
ད་སྡུག་གི་ཡ།ཧ་ཧ
གྲོགས་པོ་ལགས།ཁྱེད་བོད་པ་ཨི་རེད།
ཡིན་ན་ད་ནས་ལོང་ཤོག
ཁྱེད་ཅི་བསམ་དི།
རང་དོན་ཁོ་ན་ལ་མ་བསམ་རོགས།
མྱི་རྒོད་པོ་ཡིན་ན་ཁྱིམ་དུ་མ་ཁབ།
ཞི་བའི་སྒོ་ནས་རང་ས་རང་གིས༷་བདག
ཪང་ཁྱིམ་རང་གིས་བསྐྲུན་དུ་འགྲོ
ཐུགས་རྗེ་ཆེ།