༡༩༣༨ལོར་འཇར་མན་གྱི་རྟོག་དཔྱོད་ཚོགས་ཆུང་ཞིག་བོད་ལ་བསྐྱོད་ནས་བླངས་པའི་འདྲ་སྐོར་ཞིག Posted on 2012-05-172012-05-17 By ཁ་བརྡ་ 14 Comments on ༡༩༣༨ལོར་འཇར་མན་གྱི་རྟོག་དཔྱོད་ཚོགས་ཆུང་ཞིག་བོད་ལ་བསྐྱོད་ནས་བླངས་པའི་འདྲ་སྐོར་ཞིག པར།
སྔ་རབས་བོད་ཀྱི་ཡུལ་མི་ཕལ་མོ་ཆེའི་གྱོན་གོས་རྣམས་སོ་སོའི་ལུང་པའི་ལག་ཤེས་ལས་བྱུང་བ་ཤ་སྟགས་ཡིན་ས་རེད། རྒྱ་དཀར་ནག་སོགས་ནས་དྲངས་ཡོང་བའི་སྐུ་དྲག་དང་དགོན་པ་ཆེ་ཁག་གིས་རྫིག་རྫིག་སྟོན་བྱེད་གོས་ཆེན་ཟེར་བ་དེ་ཚོ་ཅང་མཐོང་རྒྱུ་་མི་འདུག། །
འཚོ་ཐབས་དང་གྱོན་གོས་ལེགས་ཉེས་ལ་མ་ལྟོས་པར་། ངོ་གདོང་ལ་ལྟས་ཚེ་དེ་དུས་མི་རྣམས་ལ་བདེ་སྐྱིད་དང་རང་དབང་གི་རྣམ་པ་གསལ་པོ་མངོན་བཞིན་འདུག དེ་ནི་མིའི་བདེ་སྐྱིད་ཟེར་བ་ནི་ཕྱི་དངོས་པོའི་ཡར་རྒྱས་གཅིག་པོས་མིན་པར་གཙོ་ཆེ་རང་དབང་གི་འཚོ་བ་ཡིན་པ་གསལ་པོ་རེད།
1938 ལོ། ཨ་ལེ་་་ ལོ་དེར་ཡུ་རོབ་གླིང་ན་དམག་ཆེན་གཉིས་པ་ལངས་གྲབས་བྱེད་བཞིན་པ འི་སྐབས་ཡིན་ལ། འཇར་མན་རྒྱལ་ཁབ་ཀྱི་ནྭ་ཟེ་ཤོག་ཁག་གིས་དམག་འཁྲུག་གི་སྟ་གོན་ཨང་སར་བྱེད་བཞིན་པའི་དུས་ཏག་ཏག་ལ་འཁེལ་ཡོད་པ་དང་། རྒྱ་ནག་ནང་གོ་གུང་མཉམ་ལོག་བྱས་ནས་འཇའ་པན་དམག་དང་འཐབ་འཁྲུག་བྱེད་བཞིན་པའི་སྒང་ཡིན། ཡིན་ན་ཡང་། བོད་ཀྱི་རྒྱལ་ས་ལྷ་ས་ན་སྐུ་དྲག་དཔོན་རིགས་ཚོས་ཤོ་དང་མྭ་ཆང་གི་རྩེད་མོ་ལ་རོལ་པའི་སྐབས་ཡིན།
སྐུ་དྲག་ཚོ་དེ་དུས་རྒྱལ་ཁབ་ཀྱི་ཕྱི་སྲིད་ལ་གཉིད་ལོག་པའི་དུས་དང་བོད་ནང་ཁུལ་་ཧོར་ཕྱོགས་ལ་དྲགས་སྣོན་ད་ལྟའི་རྒྱ་དམར་གིས་བྱེད་སྟོངས་བཞིན་གནངས་ཡོད།
སྐབས་དེའི་དུས་བཙན་བྱོལ་བོད་པ་ཚོས་རྒྱ་གཞུང་ལ་བོད་རང་སྲིད་རང་སྐྱོང་སྤྲོད་དགོས་ཟེར་ནས་ཉི་མ་ཕྱིན་སོང་བ་རེད་ཟེར་མི་རབས་རྗེས་མ་དེ་སྙིང་རྗེ།
ལོ་ངོ་བརྒྱད་ཅུ་ལྷག་གི་ཡར་སྔོན་གྱི་སྐུ་པར་འདི་དག་མཐོང་དུས་ང་ཡིད་སྨོན་ཞིག་སྐྱེས་བྱུང།་་་་དེང་གི་ན་ཆུང་ཚོས་ང་ལ་འཕྱ་དམོད་བྱེད་སྲིད།་་་་ཡིན་ནས་དར་གོས་འཇམ་པོ་མེད་ཀྱང་སྣམ་པུ་དང་སློག་པ་གྱོན་ནས།་་ཀུན་གྱི་མཛའ་བརྩེ་དང་བག་བྲོ་བའི་འཛུམ་མདངས་དེ་མཐོང་དུས་ང་ཡིད་སྨོན་ཤོར།་་་་དེ་རིང་ངས་ང་དེ་ལྟ་བུའི་དུས་རབས་ཤིག་ལ་འཕྲད་ན་བསམ།་་་་་ཕལ་ཆེར་ང་ལྟ་བུ་པར་འདི་གཟིགས་ཡོད་མཁན་ཀུན་ལ་ཀུན་སློང་འདི་འདྲ་སྐྱེས་ཡོད་སྲིད།་་་་འུ་ཚོས་དུས་རབས་འདི་འདྲ་ཞིག་བསུ་པའི་ཆེད་དུ་འབད་པ་བྱ་ཡ་གྲོགས་པོ་ཚོ།་་་དེ་རིང་ནས་བཟུང་མ་བརྗེད་པ་གནང་རོགས།།
༼འདོད་ཆུང་ཆོག་ཤེས་པ་མ་རེད་༽ འདོད་ཀྱང་མེད་པ། མེད་ཀྱང་ཆོག་པ། མི་ལ་མིར་མི་བརྩི་བ་སོགས་སྐབས་དེ་དུས་ཀྱི་བྲན་གཡོག་ལམ་ལུགས་ ཀྱི་སྤྱི་ཚོགས་ཞིག་རེད། འདི་ཚང་མ་སྐུ་དྲག་ཚོས་བཟོས་པ་རེད།
རྒྱ་མིས་ག་དུས་ཀྱང་བོད་ཀྱི་སྤྱི་ཚོགས་རྙིང་པ་དེར་ལོག་འགྲེལ་དང་། བོད་ཀྱི་སྐུ་དྲག་རྣམས་ལ་བརྙས་སྨོད་ག་ཚོད་བྱས་ཀྱང་། ང་ལ་ནི་ལྟ་ཚུལ་འདི་ནམ་ཡང་མེད། དེ་ཡང་རྒྱུ་མཚན་གྱི་ཐོག་ནས་ངས་ར་སྤྲོད་བྱེད་ཐུབ་ཀྱི་འདུག མ་ཟད་གོང་གི་མཆན་བུ་འགའ་ཞིག་མཐོང་དུས་སུ་ཡང་། རྒྱ་མིས་ག་དུས་ཀྱང་ལབ་བསྡད་པའི་སྐད་ཆ་རྙིང་པ་འགའ་རོ་ལངས་རྒྱབ་པ་ཞིག་ཏུ་ཚོར་འོང་གི་འདུག
སྤྱི་ཚོགས་རྙིང་པ་དེར་འགྲེལ་ཡག་པོ་ཞིག་རྒྱབ་དང་། སྐུ་དྲག་ཚོ་རོ་ལངས་མ་རྒྱབ་ན་འགྲིག་འདུག བོད་རྒྱལ་ཁབ་ཆེན་མོ་ཡང་འདི་འདྲ་བྱས་ནས་ཤོར་བ་རེད། སྐབས་དེ་དུས་ཀྱི་ བོད་ཀྱི་བྲན་གཡོག་སྤྱི་ཚོགས་ཡར་རྒྱས་མེད་པ་ རྒྱ་གོན་ཁྲེན་ལ་ངན་ཁག་འགེལ་བ་ཨེ་ཡོད་ན།
བོད་འབྲོག་ཁུལ་གྱི་འཚོ་བ་དངོས་མཚོན་པའི་པར་རིན་ཐང་ཅན་མང་བོ་ཞིག་འདིར་འདྲེན་བཀོད་བྱས་པ་ལེགས།
སྔ་རབས་བོད་ཀྱི་ཡུལ་མི་ཕལ་མོ་ཆེའི་གྱོན་གོས་རྣམས་སོ་སོའི་ལུང་པའི་ལག་ཤེས་ལས་བྱུང་བ་ཤ་སྟགས་ཡིན་ས་རེད། རྒྱ་དཀར་ནག་སོགས་ནས་དྲངས་ཡོང་བའི་སྐུ་དྲག་དང་དགོན་པ་ཆེ་ཁག་གིས་རྫིག་རྫིག་སྟོན་བྱེད་གོས་ཆེན་ཟེར་བ་དེ་ཚོ་ཅང་མཐོང་རྒྱུ་་མི་འདུག། །
འཚོ་ཐབས་དང་གྱོན་གོས་ལེགས་ཉེས་ལ་མ་ལྟོས་པར་། ངོ་གདོང་ལ་ལྟས་ཚེ་དེ་དུས་མི་རྣམས་ལ་བདེ་སྐྱིད་དང་རང་དབང་གི་རྣམ་པ་གསལ་པོ་མངོན་བཞིན་འདུག དེ་ནི་མིའི་བདེ་སྐྱིད་ཟེར་བ་ནི་ཕྱི་དངོས་པོའི་ཡར་རྒྱས་གཅིག་པོས་མིན་པར་གཙོ་ཆེ་རང་དབང་གི་འཚོ་བ་ཡིན་པ་གསལ་པོ་རེད།
དེ་དུས་ནས་གཉིད་གསད་ཡོད་ན།
1938 ལོ། ཨ་ལེ་་་ ལོ་དེར་ཡུ་རོབ་གླིང་ན་དམག་ཆེན་གཉིས་པ་ལངས་གྲབས་བྱེད་བཞིན་པ འི་སྐབས་ཡིན་ལ། འཇར་མན་རྒྱལ་ཁབ་ཀྱི་ནྭ་ཟེ་ཤོག་ཁག་གིས་དམག་འཁྲུག་གི་སྟ་གོན་ཨང་སར་བྱེད་བཞིན་པའི་དུས་ཏག་ཏག་ལ་འཁེལ་ཡོད་པ་དང་། རྒྱ་ནག་ནང་གོ་གུང་མཉམ་ལོག་བྱས་ནས་འཇའ་པན་དམག་དང་འཐབ་འཁྲུག་བྱེད་བཞིན་པའི་སྒང་ཡིན། ཡིན་ན་ཡང་། བོད་ཀྱི་རྒྱལ་ས་ལྷ་ས་ན་སྐུ་དྲག་དཔོན་རིགས་ཚོས་ཤོ་དང་མྭ་ཆང་གི་རྩེད་མོ་ལ་རོལ་པའི་སྐབས་ཡིན།
སྐུ་དྲག་ཚོ་དེ་དུས་རྒྱལ་ཁབ་ཀྱི་ཕྱི་སྲིད་ལ་གཉིད་ལོག་པའི་དུས་དང་བོད་ནང་ཁུལ་་ཧོར་ཕྱོགས་ལ་དྲགས་སྣོན་ད་ལྟའི་རྒྱ་དམར་གིས་བྱེད་སྟོངས་བཞིན་གནངས་ཡོད།
སྐབས་དེའི་དུས་བཙན་བྱོལ་བོད་པ་ཚོས་རྒྱ་གཞུང་ལ་བོད་རང་སྲིད་རང་སྐྱོང་སྤྲོད་དགོས་ཟེར་ནས་ཉི་མ་ཕྱིན་སོང་བ་རེད་ཟེར་མི་རབས་རྗེས་མ་དེ་སྙིང་རྗེ།
ལོ་ངོ་བརྒྱད་ཅུ་ལྷག་གི་ཡར་སྔོན་གྱི་སྐུ་པར་འདི་དག་མཐོང་དུས་ང་ཡིད་སྨོན་ཞིག་སྐྱེས་བྱུང།་་་་དེང་གི་ན་ཆུང་ཚོས་ང་ལ་འཕྱ་དམོད་བྱེད་སྲིད།་་་་ཡིན་ནས་དར་གོས་འཇམ་པོ་མེད་ཀྱང་སྣམ་པུ་དང་སློག་པ་གྱོན་ནས།་་ཀུན་གྱི་མཛའ་བརྩེ་དང་བག་བྲོ་བའི་འཛུམ་མདངས་དེ་མཐོང་དུས་ང་ཡིད་སྨོན་ཤོར།་་་་དེ་རིང་ངས་ང་དེ་ལྟ་བུའི་དུས་རབས་ཤིག་ལ་འཕྲད་ན་བསམ།་་་་་ཕལ་ཆེར་ང་ལྟ་བུ་པར་འདི་གཟིགས་ཡོད་མཁན་ཀུན་ལ་ཀུན་སློང་འདི་འདྲ་སྐྱེས་ཡོད་སྲིད།་་་་འུ་ཚོས་དུས་རབས་འདི་འདྲ་ཞིག་བསུ་པའི་ཆེད་དུ་འབད་པ་བྱ་ཡ་གྲོགས་པོ་ཚོ།་་་དེ་རིང་ནས་བཟུང་མ་བརྗེད་པ་གནང་རོགས།།
པར་དེ་དག་ལ་བལྟ་ཡོང་དུས་གདོད་མའི་བོད་ཀྱི་སྤྱི་ཚོགས་འདི་འདོད་ཆུང་ཆོག་ཤེས་ཞིག་ཡིན་པ་གཞི་ནས་ཤེས་ཡོང་།
༼འདོད་ཆུང་ཆོག་ཤེས་པ་མ་རེད་༽
འདོད་ཀྱང་མེད་པ། མེད་ཀྱང་ཆོག་པ། མི་ལ་མིར་མི་བརྩི་བ་སོགས་སྐབས་དེ་དུས་ཀྱི་བྲན་གཡོག་ལམ་ལུགས་
ཀྱི་སྤྱི་ཚོགས་ཞིག་རེད།
འདི་ཚང་མ་སྐུ་དྲག་ཚོས་བཟོས་པ་རེད།
ངས་ནམ་ཡིན་ཡང་་་་་་གནའ་བོའི་བོད་ཀྱི་སྤྱི་ཚོགས་ཀྱི་སྣང་བརྙན་མཐོང་དུས།
ངའི་སེམས་ལ་ན་ཟུག་བཏང་ཡོང་གི་འདུག
རྒྱ་མིས་ག་དུས་ཀྱང་བོད་ཀྱི་སྤྱི་ཚོགས་རྙིང་པ་དེར་ལོག་འགྲེལ་དང་། བོད་ཀྱི་སྐུ་དྲག་རྣམས་ལ་བརྙས་སྨོད་ག་ཚོད་བྱས་ཀྱང་། ང་ལ་ནི་ལྟ་ཚུལ་འདི་ནམ་ཡང་མེད། དེ་ཡང་རྒྱུ་མཚན་གྱི་ཐོག་ནས་ངས་ར་སྤྲོད་བྱེད་ཐུབ་ཀྱི་འདུག མ་ཟད་གོང་གི་མཆན་བུ་འགའ་ཞིག་མཐོང་དུས་སུ་ཡང་། རྒྱ་མིས་ག་དུས་ཀྱང་ལབ་བསྡད་པའི་སྐད་ཆ་རྙིང་པ་འགའ་རོ་ལངས་རྒྱབ་པ་ཞིག་ཏུ་ཚོར་འོང་གི་འདུག
སྤྱི་ཚོགས་རྙིང་པ་དེར་འགྲེལ་ཡག་པོ་ཞིག་རྒྱབ་དང་།
སྐུ་དྲག་ཚོ་རོ་ལངས་མ་རྒྱབ་ན་འགྲིག་འདུག
བོད་རྒྱལ་ཁབ་ཆེན་མོ་ཡང་འདི་འདྲ་བྱས་ནས་ཤོར་བ་རེད།
སྐབས་དེ་དུས་ཀྱི་
བོད་ཀྱི་བྲན་གཡོག་སྤྱི་ཚོགས་ཡར་རྒྱས་མེད་པ་
རྒྱ་གོན་ཁྲེན་ལ་ངན་ཁག་འགེལ་བ་ཨེ་ཡོད་ན།
འདིར་བསམ་ཚུལ་སྐོད་པར་དཀའ་དྲིན་ཞུ་