༢༠༠༨ ལོའི་པེ་ཅིང་གི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཟེར་བ་འཚོགས་པའི་སྐད་ཆ་བཀྲམས་འདུག པར་རིས་ལ་གཅིག་བལྟས་པ་ཡིན། གངས་ཅན་བླ་མ་ཟེར་བ་དེ་འདྲ་བོ་ཞིག་འདུག ཁོ་ཤི་ཚར་པ་མ་རེད་དམ།
གནས་ཚུལ་ཞིབ་གསལ་གཤམ་གྱི་འབྲེལ་ཐག་ན་འདུག
http://tb.tibet.cn/news/xz_news/tpxw/200810/t20081015_432610.htm
གངས་ཅན་བླ་མ་ཤི་མིན་འདུག ཁོ་ད་ལྟ་ལམ་འགྲོ་རྒྱུག་བཞིན་པའི་སྒང་རེད། ཤི་མཁན་དེ་བལ་ཡུལ་ལ་ཡོད་པའི་ཤུགས་ལྡན་ཝ་ལ་བླ་མ་དེ་རེད། མིང་མི་དྲན།
གངས་ཅན་བླ་མ་ཟེར་མཁན་དེ་ཤུགས་ལྡན་སྟེན་པ་དང་། རྒྱའི་པན་ཆེན་ངོས་འཛིན་བྱས་ཡོད། དེར་རྟེན་ཁོ་པ་བོད་མིའི་སྤྱི་ཚོགས་ནས་འཐོན་པ་དྲ་བོ་འདུག
ཡིན་ནའི་ཁོ་ལ་ཁྱད་ཆོས་འགའ་ཡོད་པ་དང་དེས་ཁོ་པ་བསྐྱབས་ཡོད། དཔེར་ན། ཁོ་པས་རྒྱའི་རླུང་སྒོམ་དང་བོད་ཀྱི་གསང་སྔགས་སྦྱོར་བ་བྱས་ནས། མི་རྩ་ལ་སྐྱོན་ཤོར་ནས་འགུལ་སྐྱོད་གཏོང་མི་ཐུབ་མཁན་ཁ་ཤས་བདེ་ཐང་ཅན་དུ་འགྱུར་ཐུབ་ཡོད། དེར་རྟེན། ཁོ་པའི་མིང་གྲགས་དེ་ཡོ་རོབ་ནང་ཆེ་ཙམ་ཡོད། ཁོས་ད་དུང་དགེ་ལུགས་པའི་ལྐོག་ཆོས་ཡིན་ཟེར་ནས་མི་ཁ་ཤས་ཀྱི་ནད་བཅོས་འདུག ད་ཆ་ཁོ་པ་བླ་མ་དང་སྨན་པ་མཉམ་འབྲེལ་བྱས་ནས་སྒོར་མོ་བཟོ་བཞིན་ཡོད་འདུག་ལ་གོ་ཐོས་ལ་ཨ་སྒོར་ས་ཡ་འགའ་ཤས་ཀྱི་བདག་པོ་རེད་ཟེར།
ཁོས་རྟག་ཏུ་པེ་ཅིན་ལ་ཕྱིན་ནས་རྒྱ་ལ་སྤྲེལ་ལད་བཤད་ནས་བོད་ནང་ཤུགས་ལྡན་སྟེན་མཁན་དེ་ཚོར་དཔལ་འབྱོར་གྱི་སྦྱིན་བདག་བྱེད་ཀྱི་འདུག་ཟེར།
པར་དེ་གཤམ་གསལ་འདི་ན་འདུག མ་རབས་ཁོ་་་་
http://eng.tibet.cn/index/photo/200810/W020081015405133552563.jpg
ཁྱིར་རྐུན་གངས་ཅན་ཁོ་མིན་ན་ད། ད་རུང་ཞི་མོ་མེ་ཏོག་འདྲ་བ་ཟིག་འཁྲིད་ཡོད་གི མི་ངན་པ་གྲངས་རེམ་མ་ཤི་ནས་མ་རེད། ད་དེ་བགེགས་སེ་འགྱོ་བར་ཤོག
༼དོལ་རྒྱལ་གྱི་བྱུང་རིམ་དང་རྙོག་གླེང་ལ་དཔྱད་པ་གཡའ་སེལ་མེ་ལོང༽ཞེས་པའི་ནང་གངས་ཅན་བླ་མའི་སྐོར་བཀོད་འདུག་པ་ནི་གཤམ་གསལ།
གངས་ཅན་བླ་མའམ། གངས་ཅན་སྤྲུལ་སྐུ་འཕྲིན་ལས་ཡར་འཕེལ་དུ་འབོད་པ་ནི། རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ཕྱི་ལོ་༡༩༤༡ལོར་གཞིས་ཀ་རྩེའི་སྲད་ཅེས་པར་སྐྱེས་ཤིང༌། རང་ལོ་ལྔའི་ཐོག་བླ་མ་སྨན་པ་ཞིག་གི་ཡང་སྲིད་དུ་ངོས་འཛིན་གྱིས་གངས་ཅན་ཆོས་འཕེལ་གླིང་དུ་ཁྲི་འདོན་བྱས། ཆུང་དུས་སེ་ར་དང་བཀྲ་ཤིས་ལྷུན་པོར་སློབ་གཉེར་བྱས་ཚུལ་འདུག་ལ། རྒྱ་གར་དུ་འབྱོར་རྗེས་སྨན་པ་ཡིན་ཁུལ་གྱིས་བོད་གཞུང་སྨན་རྩིས་ཁང་སོགས་ནས་བཟོ་སྐྲུན་གནང་བའི་སྨན་ཁག་ཅིག་ལ་ཐུམ་གསར་པ་གཡོགས་ཏེ་ བྱབྱགངས་ཅན་རིལ་བུ་བྱབྱཞེས་མིང་བཏགས་ནས་ནུབ་ཕྱོགས་པ་མང་པོར་མགོ་སྐོར་བཏང་ཡོད།
གངས་ཅན་བླ་མ་ནི་སེར་སྨད་གཙང་པ་ཁམས་ཚན་གྱི་གྲྭ་པ་ཡིན་པ་དང༌། ཆུ་ཡོས་ཕྱི་ལོ་༡༩༦༣ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་རྗེས་ཝ་རཱ་ཎཱ་སའི་གཙུག་ལག་སློབ་གཉེར་ཁང་དུ་ལོ་ངོ་བདུན་རིང་སློབ་གཉེར་གྱི་གོ་སྐབས་ཐོབ་འདུག་པ་དང༌། ལྕགས་བྱ་ཕྱི་ལོ་༡༩༨༡ལོར་ཨི་ཊ་ལིར་གནས་སྤོས་བྱས་པ་ནས་བཟུང་ནང་པའི་བླ་ཆེན་དང༌། ཆོས་གསར་གཏོད་མཁན། དགེ་བཤེས། སྨན་པ་སོགས་ཀྱི་མིང་འཁུར་ནས་ཡོ་རོབ་དང་ལྷོ་བྱང་ཨ་མི་རི་ཀས་གཙོས་པའི་ནང་པའི་ཆོས་ལ་ཆ་རྒྱུས་དེ་ཙམ་མེད་པའི་ཤར་ནུབ་ཡུལ་གྲུ་གང་སར་འགྲིམས་ཏེ། ནང་ཆོས་ཀྱི་གོ་དོན་དང་གནས་ལུགས་གསལ་རྟོགས་མེད་པའི་ཕྱི་གླིང་པ་ཚོའི་མདུན་དུ་འཛམ་གླིང་ཞི་བདེར་སྨན་པའི་བྱ་བ་སྒྲུབ་མཁན་ཞིག་ཡིན་ཚུལ་ཀྱི་རྣམ་འགྱུར་སྟོན་པ་སོགས་མགོ་སྐོར་དང༌། གཡོ་རྫུན། ཚུལ་འཆོས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དངུལ་དངོས་འཚོལ་སྒྲུབ་དང༌། ཆོས་ཚོགས་རྒྱ་བསྐྱེད་གཏོང་ཐབས་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་ལས་ལ་བྱང་ཆུབ་པ་ཞིག་ཡིན་འདུག།
རབ་བྱུང་བཅུ་བདུན་པའི་མེ་བྱི་ཕྱི་ལོ་༡༩༩༦ལོའི་ཟླ ༡༡ ཚེས་༢༢ ཉིན་རྒྱ་ནག་ཏུ་ཕྱིན་ཏེ་རྒྱ་གཞུང་གི་དཔོན་རིགས་ཁག་ལ་ཐུག་འཕྲད་དང༌། རྒྱ་གཞུང་གིས་སྲིད་དོན་དགོས་མཁོའི་ཆེད་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྫུན་མ་དེར་ཐུག་འཕྲད་བྱས་འདུག་པ་དེ་ཕྱི་རྒྱལ་དུ་ཡོད་པའི་བོད་ཀྱི་བླ་སྤྲུལ་ཚོའི་ནང་ནས་རྒྱ་ནག་གཞུང་གི་ངོས་འཛིན་བྱས་པའི་པཎ་ཆེན་ལ་ཐུག་འཕྲད་དང་ངོས་ལེན་བྱེད་མཁན་ཐོག་མ་དེ་ཆགས་ཡོད་ལ། དེ་ནས་བཟུང་རྒྱ་གཞུང་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་མཁན་ཞིག་ཏུ་གྱུར་ཏེ། བོད་རང་སྐྱོང་ལྗོངས་ཟེར་བའི་ཆོས་དོན་ལས་ཁུངས་ཀྱིས་ཆོག་མཆན་འོག་ལྷ་ས་གྲོང་ཁྱེར་ནང་དོལ་རྒྱལ་གྱི་རྟེན་ཁང་ཞིག་ཀྱང་གསར་རྒྱག་བྱེད་དུ་བཅུག་ཡོད།
མེ་གླང་ཕྱི་ལོ་༡༩༩༧ལོའི་ཟླ་༧ པའི་༢༩ ཉིན། གངས་ཅན་བླ་མ་སླར་ཡང་པེ་ཅིང་དུ་བསྐྱོད་དེ་རྒྱ་གཞུང་ནས་མི་དམངས་ཤོག་སྒོར་ས་ཡ་གཉིས་ཙམ་བླངས་འདུག་ལ། སྐབས་དེར་ལྷ་སར་སོང་སྟེ་ཕོ་བྲང་པོ་ཏ་ལར་མཆོད་མཇལ་དུ་བསྐྱོད་སྐབས་གྲྭ་པ་འགའ་ཤས་ཀྱིས་གངས་ཅན་བླ་མ་ཡིན་པ་ངོ་ཤེས་ཏེ་རུབ་བརྒྱབ་ནས་ཉེས་རྡུང་བཏང་བའི་གནས་ཚུལ་ཡང་ལྷག་ཡོད་འདུག
ས་སྟག་ཕྱི་ལོ་༡༩༩༨ཟླ་༤ ཚེས་༡ ཉིན་གངས་ཅན་བླ་མ་དང་གཞིས་རྩེ་བ་ཚེ་བརྟན་འགྱུར་མེད་གཉིས་བལ་ཡུལ་དུ་བཅའ་སྡོད་རྒྱ་མིའི་གཞུང་ཚབ་ཁང་གི་སྐུ་ཞབས་ཝང་ཞེས་པ་དང་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བསམ་ཚུལ་བརྗེ་རེས་བྱས་པ་དང༌། ལོ་དེའི་ཟླ་༡༢ ཚེས་༢༩ ཉིན་ཐེ་ཝན་དུ་ཕྱིན་ཏེ། བོད་སོག་ལས་ཁུངས་ཟེར་བ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་མཛད་སྒོའི་སྐུ་མགྲོན་དུ་བཅར་ཡོད།
ས་ཡོས་ཕྱི་ལོ་༡༩༩༩ཟླ་༡ ཚེས་༢༨ ཉིན་པེ་ཅིང་དུ་ཕྱིན་ཏེ། རྒྱ་གཞུང་གིས་བཀོད་སྒྲིག་བྱས་པའི་ བྱབྱཔན་ཆེན་སྐུ་གོང་མ་དགོངས་པ་རྫོགས་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་ཀྱི་མཛད་སྒོ་བྱབྱ ཟེར་བའི་ཁོངས་སུ་འཛུལ་ཞུགས་བྱས་པ་དང༌། རྒྱ་ནག་ནས་ཕྱིར་འཁོར་སྐབས་བལ་ཡུལ་གྱི་དོལ་རྒྱལ་པ་རྣམས་བསྡུ་སྐོང་གིས་ཛ་དྲག་ཚོགས་འདུ་ཞིག་ཀྱང་འཚོགས་འདུག །
ལྕགས་སྦྲུལ་ཕྱི་ལོ་༢༠༠༡ཟླ་༦ པའི་ནང་སླར་ཡང་རྒྱ་ནག་པེ་ཅིན་དང༌། བོད་ཀྱི་གཞིས་ཀ་རྩེ་སོགས་སུ་བསྐྱོད་དེ་རྒྱ་མིས་ངོས་འཛིན་བྱས་པའི་པཎ་ཆེན་རྫུན་མ་ལ་ཐུག་འཕྲད་བྱས་པ་དང༌། གཞིས་ཀ་རྩེའི་ཉེ་འགྲམ་དུ་ཁོ་པས་དགོན་པ་ཞིག་རྒྱག་རྒྱུའི་འཆར་གཞིར་རྒྱ་གཞུང་གིས་ཆོག་མཆན་ཀྱང་སྤྲད། ལོ་དེའི་སྤྱི་ཟླ་༧ པར་དཀོན་མཆོག་རྒྱལ་མཚན་དང༌། ང་བླ་མ། རྣམ་རྒྱལ་བླ་མ་སོགས་དོལ་རྒྱལ་རྗེས་འབྲང་བའི་འགོ་གཙོ་རྣམས་དང་མཉམ་པེ་ཅིན་དང༌། ཧྲང་ཧེ། ཁྲིན་ཏུ་སོགས་སུ་བལྟ་སྐོར་དུ་བསྐྱོད་ཡོད་པར་མ་ཟད། ས་ཁུལ་དེ་དག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་དཔོན་རིགས་ཁག་ལ་ཐུག་འཕྲད་བྱས་འདུག།
དེ་རྗེས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་བསྐྱོད་དེ་ཀན་སུའུ་ནང་བསྟན་སློབ་གླིང་ལ་རོགས་དངུལ་སྤྲོད་རྩིས་བྱས་འདུག་ཀྱང༌། གྲྭ་པ་དམངས་ཀྱིས་དགོན་པའི་ནང་ངོ་རྒོལ་གྱི་ཡི་གེ་སྦྱར་བ་དང་ཁོ་པ་སླེབས་སྐབས་ངོ་རྒོལ་བྱ་རྩིས་བྱས་པར་བརྟེན་འཆར་གཞི་དེ་ཕྱིར་འཐེན་བྱེད་དགོས་བྱུང་འདུག་པ་དང༌། ཡང་དེ་རྗེས་ཕ་རན་སིར་གནས་སྡོད་མདོ་སྨད་པ་ཡོན་ཏན་རྒྱ་མཚོའི་དྲན་རྟེན་མཆོད་རྟེན་ཞིག་ཡོན་ཏན་རྒྱ་མཚོའི་སྐྱེས་ཡུལ་གཅན་ཚ་ས་ཁུལ་དུ་བཞེངས་རྒྱུ་དང༌། མཆོད་རྟེན་དེ་བཞེངས་གྲུབ་མཚམས་ཁོ་པ་རབ་གནས་ཆེད་གཅན་ཚ་ཁུལ་དུ་བསྐྱོད་རྩིས་བྱས་པའི་སྐབས། གཅན་ཚ་ཁུལ་གྱི་བསམ་ཡོད་མི་སྣ་ཁག་ཅིག་གིས་ཤེས་རྟོགས་བྱུང་སྟེ་མཆོད་རྟེན་བཞེངས་རྒྱུ་དང༌། གངས་ཅན་བླ་མ་ཡོང་རྒྱུར་ངོ་རྒོལ་ཤུགས་ཆེ་བྱས་པར་བརྟེན་ཁོ་པའི་བསམ་པ་དོན་ཐོག་ཏུ་འཁེལ་ཐུབ་མེད།
ཆུ་ལུག་ཕྱི་ལོ་༢༠༠༣ཟླ༣ པའི་ནང་གངས་ཅན་བླ་མས་རང་གི་རྗེས་འཇུག་ནུབ་ཕྱོགས་པ་ཁ་ཤས་མཉམ་འཁྲིད་ཀྱིས་བོད་དང་རྒྱ་ནག་ཏུ་བསྐྱོད་དེ་རྒྱ་མིས་ངོས་འཛིན་བྱས་པའི་པཎ་ཆེན་དང༌། གཞིས་ཀ་རྩེའི་འགོ་འཛིན་ཟུར་པ་བསམ་གྲུབ་སོགས་ལ་ཐུག་འཕྲད་བྱས་པ་དང༌། དེ་རྗེས་ཐེ་ཝན་དུ་ཕྱིན་ཏེ་གཞིས་ཀ་རྩེའི་ཉེ་འགྲམ་དུ་ཡོད་པའི་རང་གི་སྐྱེས་ཡུལ་དུ་དགོན་པ་གསར་རྒྱག་གི་ལས་གཞིའི་ཆེད་དུ་ཡིན་ཚུལ་གྱིས་ཞལ་འདེབས་བསྡུ་སློང་བྱས་ཡོད་པ་རེད།
མདོ་དོན་གངས་ཅན་བླ་མ་ནི་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་མཛད་ཕྱོགས་ལ་རྒྱབ་འགལ་དང༌། དོལ་རྒྱལ་ཁ་འཁྱེར་གྱིས་བོད་སྤྱི་པའི་རྩ་དོན་ལ་འགལ་རྐྱེན་བཟོ་མཁན་རང་རིགས་ལོག་སྨོན་ཅན་རེ་ཟུང་ཡོད་པ་དེ་ཚོར་དཔལ་འབྱོར་གྱི་འགྲོ་གྲོན་བཏང་སྟེ། བོད་མི་རིགས་ཀྱི་གོང་བུའི་ནུས་པ་གཏོར་བཤིག་གཏོང་རྒྱུས་མཚོན་དགྲ་བོའི་མངོན་འདོད་སྒྲུབ་མཁན་གྱི་རྒྱལ་འཚོང་པ་གཏེ་བོ་ཞིག་ཡིན་པ་རྒྱ་གར་དབུས་གསང་བའི་ལས་ཁུངས་ནས་ཀྱང་ཤེས་རྟོགས་བྱུང་ཡོད་སྟབས། ཐོངས་མཆན་འདྲ་མིན་འཁྱེར་ནས་ཐེངས་གཉིས་ལ་རྒྱ་གར་ནང་འཛུལ་ཐབས་བྱས་འདུག་མོད། གནམ་ཐང་ནས་འཛིན་བཟུང་བྱས་ཏེ་ཕྱིར་སློག་བཏང་ཡོད་པ་རེད།
གངས་ཅན་བླ་མ་མ་རེད་གངས་ཅན་དགྲ་བོ་བརྗོད་ན་ལེན་པོ་འདུག ཕོ་འདྲེ་དེ་དངོས་གནས་ཡག་པོ་མི་འདུག་
ཐང་གཅིག་ང་ཁོ་རང་ལ་ཕྱི་རྒྱལ་ཀྱི་གནམ་ཐང་ཞིག་ནས་ཐུག་སོང་། དེ་སྔོན་ངོས་ཀྱི་ཞབས་འདྲེན་ཁོས་འདྲ་དཔར་མང་ཙམ་མཐོང་མྱོང་བས་ལམ་སང་ངོས་ཟིན་སོང་། ཡིན་ནའང་དང་པོ་ངས་ཁོ་མི་ཤེས་ཁུལ་བྱས་པ་ཡིན་པས་ཁྱེད་ཀྱིས་མིང་ལ་ག་རེ་ཟེར་བ་ཡིན་ལབ་པ་ཡིན། ཁོས་ཐེ་ཚོམ་མེད་པར་ང་གངས་ཅན་བླ་མ་ཡིན་ལབ་སོང་། དེའི་སྐབས་སུ་ངའི་གཟའ་ཟླའི་མོ་རང་གི་ཁོ་ངོ་ཤེས་མེད་པས་མོས་སྐད་ཆེན་པོས་སྒོ་ནས་ང་ལ་དཔེ་བསགས་སོང་ཡག་པོ་མ་རེད་ད་འགྲོ་ལབ་སོང་། ཞབས་འདྲེན་ཁོས་གདོང་པ་དམར་པོ་རུ་གྱུར་སོང་ནས་ཅི་གང་ཡང་ལབ་ཐུབ་མ་སོང་། དེས་སྐབས་ངའི་ཁོ་ལ་བླ་བཙོང་ཁྱོད་ཀྱི་ཕ་རོ་དེ་གཅིག་ཟོ་བརྗོད་པ་ཡིན། ཁོས་ལན་གང་ཡང་ཀློག་མི་ཐུབ་པའི་ངང་ནས་མ་སྐྱིད་པ་ཆེན་པོ་བྱས་སོང་། ཁོ་དང་ལྷན་དུ་རྒྱ་ནག་ནས་ཡིན་པ་འདྲ་བོ་གང་ལྟར་ཤར་ཕྱོགས་པ་ཁ་ཤས་ཞིག་འདུག་པའི་ཁོང་ཚོས་ངའི་བོད་སྐད་གོ་གི་མེད་པ་འདྲ་འདུག་ཀྱང་དོག་པ་ཆེན་པོ་ཟ་ནས་ཨེས་ཏ་ལེན་གྱི་སྐད་འདྲ་བོ་ཞིག་གི་རྒྱག་བཞིན་ད་འགྲོ་ལབ་པ་འདྲ་ཞིག་ཟེར་འདུག་
དེས་སྐབས་ངའི་སྐད་ཤུགས་ཆེ་རུ་གཏང་ནས་དབྱིན་སྐད་ཐོག་ཁོ་ལ་ཆོས་ལོག་མཁན་དང་ཁོ་རང་ནང་པ་མ་རེད་སོགས་སྤྱིར་ན་ཁོ་རང་རྒྱལ་བཙོང་མི་ངན་བོད་མི་ཡོངས་ཀྱི་སྐང་འདྲེན་ཡིན་པ་སོགས་སེམས་ཀྱི་གང་དྲན་བརྗོད་པའི་གོ་སྐབས་བྱུང་། དེ་ནི་འཇར་མི་ནེ་ཡི་གནམ་ཐང་ཞིག་༢༠༠༨ལོ་རེད་ང་རང་སེམས་པ་སྐྱིད་པོ་བྱུང་། དེའི་སྐབས་ཁོས་ང་ལ་དེ་འདྲ་མ་ཟེར་ང་ཚོ་བོད་པ་ཡིན་པ་གཅིག་རེད་ཟེར་འདུག ངས་ཁོ་ལ་དེ་རེད་ང་རང་གཉིས་ཀ་བོད་པ་རེད་ཡིན་ནའང་ཁྱོད་བོད་པ་ཡོངས་ཀྱིས་ཞབས་འདྲེན་རེད། ང་ཚོ་བོད་མི་ས་ཡ་དྲུག་གི་ཁྱོད་ཀྱི་གྲིབ་ནག་ཡང་མཐོང་འདོད་མེད་བརྗོད་པ་ཡིན། དེ་ནས་ཁོས་ང་ལ་གང་ཡང་ལབ་གི་མི་འདུག་དང་ངོ་ཚ་དང་ང་རྒྱལ་ནི་ཚད་ལས་འདས་པ་ཞིག་སྐྱེ་འདུག་པས་བྱ་ཐབས་བྲལ་སོང་།
ཨ་རོ་ད་ག་རེ་བྱེད་རྒྱུ་ཡིན་བཀྲ་ཤིས།