༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་སྐོར་གྱི་གློག་བརྙན། Posted on 2014-05-032014-05-04 By རེབ་གོང་བཀྲ་ཤིས། 9 Comments on ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་སྐོར་གྱི་གློག་བརྙན། གློག་བརྙན་།
གློག་བརྙན་འདི་བཟོས་དགོས་བའི་དམིགས་ཡུལ་ནི་བོད་མི་རྣམས་ཀྱིས་རྡུང་གཅོད་འཕྲོག་གསུམ་མ་བྱས་ཚུལ་སྒྲུབ་ཁུལ་བྱས་འདུག་ཀྱང་། བདེན་པ་མ་རེད། དེ་འདྲའི་གནས་སྟངས་ཁག་ཅིག་བྱུང་ཡོད་བ་རེད། ཡིན་ཡང་། དེ་ནི་སྡུག་པོ་ཅི་ཡང་མ་རེད། རྒྱ་ནག་གིས་བོད་ས་འཕྲོག་ཆོག་ཅིང་། མཚོན་ཆ་ཅི་ཡང་མེད་པའི་བོད་མིའི་ཐོག་ཏུ་དྲག་མཚོན་སྤྱོད་ཆོག་ན། བོད་པ་ཚོས་ཁང་པ་ཁག་ཅིག་མེ་སྲེགས་བཏང་མ་ཆོག་པའི་རྒྱུ་མཚན་ཅི་རེད། གློག་བརྙན་སྒྲིག་མཁན་ལགས། ལོག་བཤད་བྱས་ནས་བོད་མི་རྣམས་ལོག་ལམ་དུ་མ་ཁྲིད། ད་ཁྲིད་ཡ་མང་དྲགས་ཀི་འདུག ཞི་བ་ཁོ་ནས་ཅི་ལྟར་བོད་ཀྱི་གནད་དོན་སེལ་ཐུབ་བམ། གལ་སྲིད་སེལ་ཐུབ་ན། བོད་ཚོའི་ལག་ཏུ་མེ་མདའ་བཟུང་ནས་ཡོ་ཁི་རན་དང་གསེ་རི་ཡ། ལིས་བྷ་ཡ་དང་ཤ་རྒན་ལྟར་མེ་མདའ་ལ་ལག་པ་འཆང་ནས་ལོ་སོར་བཅུ་ལྷག་འགྲོ་ཡང་། ནུས་བ་ཅི་ཡང་ཐོན་མེད། བརྙན་འཕྲིན་འདི་རྒྱུད་ནས་སྦྱིན་བདག་འཚོལ་སྙམ་ན་གནས་ཚུལ་ཐ་དད་རེད། ད་ལྟའི་འཛམ་གླིང་གི་སྲིད་གཞུང་ཁག་གིས་ཞི་བ་ལས་དྲག་པོར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པས། སྲིད་གཞུང་ཞིག་གིས་རྒྱབ་སྐྱོར་ཐོབ་ཆེད་ཡིན་ན། སྟོང་བསམ་རེད། འོན་ཀྱང་། འདི་རྒྱུད་ནས་སྒེར་གྱི་ཚོགས་པ་དང་མི་སྣ་ཁ་ཅིག་གིས་སྦྱིན་བདག་རེག་པར་ཕན་སྲིད། ལས་དོན་གང་ཞིག་སྒྲུབ་ཀྱང་སྦྱིན་བདག་འཚོལ་ཡ་གཙོ་བོ་དམིགས་པ་འདི་ཕྱི་སྡོད་བོད་པ་ཚོའི་ཞན་ཆ་ཡོད་ན་མེད་ན་དེ་རེད།
ལོ་རྒྱུས་ངོ་སྤྲོད་བྱས་བའི་གནད་དོན་ཕྱོགས་ནི་ལེགས་ཕྱོགས་ཀྱི་ཆ་ཡིན་པས་ཐུགས་རྗེ་ལེགས་པ་ཡོད། དེ་ནི་འདོད་པ་ཡོད་པའི་ཕྱོགས་ཡིན། འདོད་པ་མེད་ས་ནི་གོང་དུ་བཀོད་པ་བཞིན་ཡིན།
༢༠༠༨་ཀྱི་ཞི་རྒོལ་སྐབས་ལ། བོད་མིས་བཤད་ཡ་ལ། བོད་རིགས་༡༠༠ནས་༡༣༠ཙམ་བཀྲོངས་པ་ཤོད་བཞིན་པ་དང་། རྒྱ་གཞུང་གིས། བོད་མི་མི་གྲངས་༡༨ལས་འདས་གྲོངས་ཕྱིན་མེད་རེད་ཅེས་ཤོད་བཞིན་གཉིས་པོ། སུ་བདེན་པ་ཡོད་རེད། ལགས།
རྒྱ་དར་ཕབས་ནས། བོད་དར་བཙུགས་ཐུབ་པ་འདི་ནི། དཔའ་རྟགས་ཆེན་པོ་བསྟན་པ་ཙམ་མ་ཟད། རྟེན་འབྲེལ་ཡང་བཟང་པོ་ཅིག བྱུང་བ་རེད། ཡིན་ན་ཡང་། གསར་འབྱོར་བ་ཤར་ཁུག་ལ་སོགས་པ་འགའ་ཞིག་ལ་བློ་ཕམ་ག་ཚོད་ཙམ་བྱུང་ཡོད་དམ། ལགས།
མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ཡོད་རེད། དང་། ཡང་ས་ཆ་ཅིག་ཅིག་ལ། དམར་གསོད་བཏང་འདུག་སོགས་གསུང་བགྱིད་འདུག་པ་ཐོས་རྒྱུ་འདུག དྲྭ་གྲོགས་ཚང་མས་ངེས་པར་དུ་གཟིགས་ནས། བོད་པའི་སྤྱི་དོན་ལ་བསམ་ཤེས་མ་བྱས་རང་བྱས་རེད་སྙམ་ལགས།
བོད་ཀྱི་ཞི་རྒོལ་ཀུན་གྱི་ཁྲོད་ནས་རྒྱལ་སྤྱིའི་ཁྱོན་ལ་ ༢༠༠༨ ལོའི་བོད་ཀྱི་ཞི་རྒོལ་གྱི་དྲིལ་བསྒྲགས་ལྟ་བུ་ཡོངས་ཁྱབ་ཅིག་ལོ་རྒྱུས་ཐོག་བྱུང་མྱོང་མེད་ཅེས་བརྗོད་ན་ཆོག དེའི་སྐབས་ཀྱི་བོད་ཀྱི་ཞི་རྒོལ་གྱི་ཚ་རླབས་ནི་དངོས་གནས་བསམ་བརྗོད་ལས་འདས་པ་ཞིག་ཡིན། དེ་ཡང་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཕལ་མོ་ཆེའི་ནང་དགྱ་གཞུང་ལ་ཞི་རྒོལ་གྱི་མེ་ལྕེ་དྲག་ཏུ་མཆེད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཧང་སངས་དགོས་པ་ཆགས་ཐུབ་ཡོད་ཅིང་། དགྱ་གཞུང་ངོ་ཚ་ཁ་སྐྱེངས་བཟོས་ཏེ་རྫུན་རྐུབ་མང་པོ་བརྟོལ་ཐུབ་ཡོད། ཡིན་ན་ཡང་། ཁྱད་མཚར་བ་ཞིག་ལ། དེ་ལྟའི་བོད་མིའི་ཞི་རྒོལ་གྱི་ལས་འགུལ་ཉིན་བཞིན་ཤུགས་ཆེར་འགྲོ་བཞིན་པའི་སྐབས་སུ། སྟེས་དབང་ཤིག་གིས་ངང་ངམ་དྲག་ཏུ་འཕྱུར་བའི་བོད་ཀྱི་ཞི་རྒོལ་གྱི་ཚ་རླབས་དེ་བོད་རང་ཕྱོགས་ནས་མགོ་གནོན་བྱས་ཡོད།
གུང་བྲན་པ་ལི་ནིན་གྱིས། མི་རིགས་མཉའ་མནོན་གྱི་སྲིད་བྱུས་ནི། མི་རིགས་ཁ་བྲལ་གྱི་སྲིད་བྱུས་རེད། མི་རིགས་ཁ་བྲལ་རིང་ལུགས་ནི། མི་རིགས་གཉའ་མནོན་ལས་བྱུང་བའི་འབྲས་བུ་ཅིག་རེད་ཅེས། བཤད་ཡོད་པ་དང་། རྒྱ་ནག་དམར་གཞུང་གི་འདས་པོ་མའོ་ཙེ་ཏུང་གིས་ཀྱང་། གང་དུ་གཉའ་མནོན་ཡོད་ན། དེར་ངོ་རྒོལ་ཡོད་ཅེས། བཤད་ཡོད་རེད། འོནད་ཀྱང་། ད་ལྟའི་རྒྱ་གཞུང་གིས་ཀྱང་་་་་་
གློག་བརྙན་འདི་བཟོས་དགོས་བའི་དམིགས་ཡུལ་ནི་བོད་མི་རྣམས་ཀྱིས་རྡུང་གཅོད་འཕྲོག་གསུམ་མ་བྱས་ཚུལ་སྒྲུབ་ཁུལ་བྱས་འདུག་ཀྱང་། བདེན་པ་མ་རེད། དེ་འདྲའི་གནས་སྟངས་ཁག་ཅིག་བྱུང་ཡོད་བ་རེད། ཡིན་ཡང་། དེ་ནི་སྡུག་པོ་ཅི་ཡང་མ་རེད། རྒྱ་ནག་གིས་བོད་ས་འཕྲོག་ཆོག་ཅིང་། མཚོན་ཆ་ཅི་ཡང་མེད་པའི་བོད་མིའི་ཐོག་ཏུ་དྲག་མཚོན་སྤྱོད་ཆོག་ན། བོད་པ་ཚོས་ཁང་པ་ཁག་ཅིག་མེ་སྲེགས་བཏང་མ་ཆོག་པའི་རྒྱུ་མཚན་ཅི་རེད། གློག་བརྙན་སྒྲིག་མཁན་ལགས། ལོག་བཤད་བྱས་ནས་བོད་མི་རྣམས་ལོག་ལམ་དུ་མ་ཁྲིད། ད་ཁྲིད་ཡ་མང་དྲགས་ཀི་འདུག ཞི་བ་ཁོ་ནས་ཅི་ལྟར་བོད་ཀྱི་གནད་དོན་སེལ་ཐུབ་བམ། གལ་སྲིད་སེལ་ཐུབ་ན། བོད་ཚོའི་ལག་ཏུ་མེ་མདའ་བཟུང་ནས་ཡོ་ཁི་རན་དང་གསེ་རི་ཡ། ལིས་བྷ་ཡ་དང་ཤ་རྒན་ལྟར་མེ་མདའ་ལ་ལག་པ་འཆང་ནས་ལོ་སོར་བཅུ་ལྷག་འགྲོ་ཡང་། ནུས་བ་ཅི་ཡང་ཐོན་མེད། བརྙན་འཕྲིན་འདི་རྒྱུད་ནས་སྦྱིན་བདག་འཚོལ་སྙམ་ན་གནས་ཚུལ་ཐ་དད་རེད། ད་ལྟའི་འཛམ་གླིང་གི་སྲིད་གཞུང་ཁག་གིས་ཞི་བ་ལས་དྲག་པོར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པས། སྲིད་གཞུང་ཞིག་གིས་རྒྱབ་སྐྱོར་ཐོབ་ཆེད་ཡིན་ན། སྟོང་བསམ་རེད། འོན་ཀྱང་། འདི་རྒྱུད་ནས་སྒེར་གྱི་ཚོགས་པ་དང་མི་སྣ་ཁ་ཅིག་གིས་སྦྱིན་བདག་རེག་པར་ཕན་སྲིད། ལས་དོན་གང་ཞིག་སྒྲུབ་ཀྱང་སྦྱིན་བདག་འཚོལ་ཡ་གཙོ་བོ་དམིགས་པ་འདི་ཕྱི་སྡོད་བོད་པ་ཚོའི་ཞན་ཆ་ཡོད་ན་མེད་ན་དེ་རེད།
ལོ་རྒྱུས་ངོ་སྤྲོད་བྱས་བའི་གནད་དོན་ཕྱོགས་ནི་ལེགས་ཕྱོགས་ཀྱི་ཆ་ཡིན་པས་ཐུགས་རྗེ་ལེགས་པ་ཡོད། དེ་ནི་འདོད་པ་ཡོད་པའི་ཕྱོགས་ཡིན། འདོད་པ་མེད་ས་ནི་གོང་དུ་བཀོད་པ་བཞིན་ཡིན།
བྱམས་པ་འཕྲིན་ལས། ཟེར་མཁན་དེ། སུ་རེད་དམ། ལགས།
༢༠༠༨་ཀྱི་ཞི་རྒོལ་སྐབས་ལ། བོད་མིས་བཤད་ཡ་ལ། བོད་རིགས་༡༠༠ནས་༡༣༠ཙམ་བཀྲོངས་པ་ཤོད་བཞིན་པ་དང་། རྒྱ་གཞུང་གིས། བོད་མི་མི་གྲངས་༡༨ལས་འདས་གྲོངས་ཕྱིན་མེད་རེད་ཅེས་ཤོད་བཞིན་གཉིས་པོ། སུ་བདེན་པ་ཡོད་རེད། ལགས།
རྒྱ་དར་ཕབས་ནས། བོད་དར་བཙུགས་ཐུབ་པ་འདི་ནི། དཔའ་རྟགས་ཆེན་པོ་བསྟན་པ་ཙམ་མ་ཟད། རྟེན་འབྲེལ་ཡང་བཟང་པོ་ཅིག བྱུང་བ་རེད། ཡིན་ན་ཡང་། གསར་འབྱོར་བ་ཤར་ཁུག་ལ་སོགས་པ་འགའ་ཞིག་ལ་བློ་ཕམ་ག་ཚོད་ཙམ་བྱུང་ཡོད་དམ། ལགས།
མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ཡོད་རེད། དང་། ཡང་ས་ཆ་ཅིག་ཅིག་ལ། དམར་གསོད་བཏང་འདུག་སོགས་གསུང་བགྱིད་འདུག་པ་ཐོས་རྒྱུ་འདུག དྲྭ་གྲོགས་ཚང་མས་ངེས་པར་དུ་གཟིགས་ནས། བོད་པའི་སྤྱི་དོན་ལ་བསམ་ཤེས་མ་བྱས་རང་བྱས་རེད་སྙམ་ལགས།
བོད་ཀྱི་ཞི་རྒོལ་ཀུན་གྱི་ཁྲོད་ནས་རྒྱལ་སྤྱིའི་ཁྱོན་ལ་ ༢༠༠༨ ལོའི་བོད་ཀྱི་ཞི་རྒོལ་གྱི་དྲིལ་བསྒྲགས་ལྟ་བུ་ཡོངས་ཁྱབ་ཅིག་ལོ་རྒྱུས་ཐོག་བྱུང་མྱོང་མེད་ཅེས་བརྗོད་ན་ཆོག དེའི་སྐབས་ཀྱི་བོད་ཀྱི་ཞི་རྒོལ་གྱི་ཚ་རླབས་ནི་དངོས་གནས་བསམ་བརྗོད་ལས་འདས་པ་ཞིག་ཡིན། དེ་ཡང་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཕལ་མོ་ཆེའི་ནང་དགྱ་གཞུང་ལ་ཞི་རྒོལ་གྱི་མེ་ལྕེ་དྲག་ཏུ་མཆེད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཧང་སངས་དགོས་པ་ཆགས་ཐུབ་ཡོད་ཅིང་། དགྱ་གཞུང་ངོ་ཚ་ཁ་སྐྱེངས་བཟོས་ཏེ་རྫུན་རྐུབ་མང་པོ་བརྟོལ་ཐུབ་ཡོད།
ཡིན་ན་ཡང་། ཁྱད་མཚར་བ་ཞིག་ལ། དེ་ལྟའི་བོད་མིའི་ཞི་རྒོལ་གྱི་ལས་འགུལ་ཉིན་བཞིན་ཤུགས་ཆེར་འགྲོ་བཞིན་པའི་སྐབས་སུ། སྟེས་དབང་ཤིག་གིས་ངང་ངམ་དྲག་ཏུ་འཕྱུར་བའི་བོད་ཀྱི་ཞི་རྒོལ་གྱི་ཚ་རླབས་དེ་བོད་རང་ཕྱོགས་ནས་མགོ་གནོན་བྱས་ཡོད།
གུང་བྲན་པ་ལི་ནིན་གྱིས།
མི་རིགས་མཉའ་མནོན་གྱི་སྲིད་བྱུས་ནི། མི་རིགས་ཁ་བྲལ་གྱི་སྲིད་བྱུས་རེད། མི་རིགས་ཁ་བྲལ་རིང་ལུགས་ནི། མི་རིགས་གཉའ་མནོན་ལས་བྱུང་བའི་འབྲས་བུ་ཅིག་རེད་ཅེས། བཤད་ཡོད་པ་དང་།
རྒྱ་ནག་དམར་གཞུང་གི་འདས་པོ་མའོ་ཙེ་ཏུང་གིས་ཀྱང་།
གང་དུ་གཉའ་མནོན་ཡོད་ན། དེར་ངོ་རྒོལ་ཡོད་ཅེས། བཤད་ཡོད་རེད།
འོནད་ཀྱང་། ད་ལྟའི་རྒྱ་གཞུང་གིས་ཀྱང་་་་་་
མི་སྤྱོད་ལས་འདས་པའི་གློག་བརྙན་དེ་དག་གི་རིགས་ངེས་པར་ཏུ་ང་ཚོས་རྒྱལ་སྤྱིའི་མིག་མདུན་དུ་བལྟན་དགོས་རེད།