དཔྱིད་རླུང་།
—————
༢༠༠༨ ལོའི་སྤྱི་ཟླ་ ༣ ཚེས ༡༠ ཉིན་ནས་བཟུང་བོད་ཆོལ་ཁ་གསུམ་ནས་བོད་མི་རྒན་གཞོན་དང་སྐྱ་སེར་དབྱེ་བ་མེད་པར་རྒྱ་ནག་གཞུང་གིས་ལུགས་མཐུན་མིན་པའི་དབང་སྒྱུར་བྱས་པར་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་གིས་མི་ཆོས་ཀུན་སྤྱོད་དང་བྲལ་བའི་ཐོག་ནས་བོད་མི་བརྒྱ་ཕྲག་མང་པོ་མེ་མདའ་བརྒྱབ་ནས་དམར་གསོད་བྱས་ཡོད་པ་དང། སྟོང་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་བྱས་ཡོད་སྟབས། བཙན་བྱོལ་ནང་གི་ན་གཞོན་གཞས་པ་ཐེ་བོ་ལྷུན་གྲུབ་ལགས་ཀྱིས།“ བོད་མིའི་སྐྱིད་སྡུག་མཉམ་མྱོང ” ཞེས་པའི་གླུ་དབྱངས་ཀྱི་འོད་སྡེར་གསར་པ་ཞིག་འགྲེམས་སྤེལ་བྱས་ཡོད་འདུག་ལ། ཁོ་བོས་རྒྱུས་ལོན་བྱུང་བ་ལྟར་ན། ས་བྱི་ལོ་ཞི་རྒོལ་ཆེན་མོའི་རྗེས་དྲན་གླུ་དབྱངས་“ བོད་མིའི་སྐྱིད་སྡུག་མཉམ་མྱོང ” ཞེས་པའི་འོད་སྡེར་འདི་རྒྱ་གར་ལྷོ་ཕྱོགས་དང་། རྡ་རམ་ས་ལ། ལྡི་ལི། བལ་ཡུལ། ཁ་ན་ཌ། ཨ་མེ་རི་ཁ། བྷེལ་ལྗམ། ཨོ་སི་ཁྲི་ལི་ཡ། ཆེག་ཁུ་བཅས་བོད་མི་ཡོད་སའི་རྒྱལ་ཁབ་དང་ས་ཁུལ་ཁག་ལ་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད་འདུགའདིར་རྣམ་པ་ཚོས་ཐུགས་སྣང་ཆེད་གཞས་ཚིག་འགའ་བཀོད་ཡོད།
ཁ་བ་ཅན།
ཚིག ཐེ་བོ་ཤེས་རབ་རྒྱ་མཚོ། དབྱངས། ཚེ་ལོ།
ཧི་མ་ལ་ཡའི་ཕ་རོལ། །ང་ཚོ་བོད་རིགས་སྤུན་ཟླ། །དམར་ཆུང་སེམས་པའི་སྡུག་བསྔལ། །
བསམ་ན་མིག་ཆུ་འཐོར་བ། །ཁ་བ་ཅན་་་་་་སོ་ཡ་ལ། ཞུམ་པ་མེད་པའི་སྙིང་སྟོབས་སྐྱེད། འགྱུར་བ་མེད་པའི་མཐུན་སྒྲིལ་བྱོས། ང་ཚོས་གངས་ལྗོངས་གསར་པ་མྱུར་དུ་བསུ། ཧི་མ་ལ་ཡའི་ཚུལ་རོལ། །ང་ཚོ་བོད་རིགས་སྤུན་ཟླ། །བདེན་པའི་ལམ་ལ་ཞུགས་པ། །
ནམ་ཡང་མཚམས་འཇོག་མི་གནང་། །ཁ་བ་ཅན་་་་་་སོ་ལ་ཡ། གཞན་ཡུལ་སྐྱིད་ཀྱང་ཕ་ཡུལ་མིན། །
རང་དབང་ཡོད་ཀྱང་རང་ཡུལ་མིན། །ང་ཚོ་མཉམ་དུ་ལོག་འགྲོ་ཁ་བ་ཅན། འཛམ་གླིང་ཡོངས་ལ་གནས་པའི། །ང་ཚོ་བོད་རིགས་སྤུན་ཟླ། །བོད་དོན་བདེན་མཐའ་གསལ་
བར། །རྡོག་རྩ་གཅིག་སྒྲིལ་གནང་རོགས། །ཁ་བ་ཅན་་་་་་སོ་ཡ་ལ། དམར་པོ་ཁྲག་གིས་ལོ་རྒྱུས་ཕྲིས། །
ལ་རྒྱའི་དར་ཆ་དགུང་དུ་སྒྲེངས། །ང་ཚོས་གངས་ལྗོངས་གསར་པ་འཛུགས་སྐྲུན་བྱ།
བོད་མིའི་སྐྱིད་སྡུག་མཉམ་མྱོང་།
ཚིག རྔ་བ་བསོད་དེ། གདངས་ཀུན་གསལ།
རང་བཙན། རང་དབང་། རང་དབང་། རང་བཙན། ལོ་རྒྱུས་ཁྲག་གིས་བྲིས་བའི། །
གཞིས་ལུས་བོད་མིའི་སྙིང་སྟོབས། །ཡིད་ལ་བསམ་ཐེངས་རེ་རེར། །མིག་ནས་
མཆི་མ་འཐོར་ཡོང་། །བདེན་པའི་འཐབ་རྩོད་ཆེད་དུ། །རང་སྲོག་དགྲ་ལ་ཕུལ་བའི། ། གཞིས་ལུས་བོད་རིགས་སྤུན་ཟླ། །ནམ་ཡང་ཡིད་ལ་དྲན་ཡོད། །ཨོ་ཧོ། བོད་མིའི། ཨོ་ཧོ། སྐྱིད་སྡུག ང་ཚོ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གཅིག་པ་ཡིན།
རང་བཙན། རང་དབང་། རང་དབང་། རང་བཙན། ཆོལ་གསུམ་བོད་རིགས་སྤུན་ཟླ། །
ཁྱིམ་ཚང་གཅིག་ལས་མཆེད་ཡོད། །སྐྱིད་སྡུག་མཉམ་མྱོང་གླེང་དུས། །
གཅིག་འཕྲོར་གཉིས་རྗེས་ལོངས་ཤོག །རྒྱ་དམར་མེ་མདའི་ཁ་ལ། །
ཚེ་སྲོག་ཕྲེང་ལ་བསྒྲིགས་པའི། །གཞིས་ལུས་སྤུན་ཟླ་རྣམས་ལ། །
གདུང་སེམས་མཉམ་སྐྱེད་བྱེད་རོགས། །ཨོ་ཧོ། བོད་མིའི། ཨོ་ཧོ། སྐྱིད་སྡུག ང་ཚོ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གཅིག་པ་ཡིན།
ཁུ་བྱུག་ལགས་འཕུར་དང་།
ཚིག ཚྭ་རུ་མའི་ཐབས་མཁས། དབྱངས་ཐེ་བོ་ལྷུན་གྲུབ།
ཀན་རྒྱ་རྫོང་ནགས་ཀི་རྩེ་མོ་ན། །བྱ་ཁུ་བྱུག་སྔོན་མོས་སྐད་སྙན་སྒྲོགས།།
ཁྱེད་བོད་པ་དགའ་སའི་བྱ་ཞིག་རེད། །ཁྱེད་བོད་ལ་འཕུར་ན་དགའ་བ་ལ།།
བོད་ཁ་བ་ཅན་གྱི་ས་ཕྱོགས་ན། །ཁྱེད་འབོད་པའི་འབྲུག་སྒྲ་ལྷང་ལྷང་གྲགས།།
ཁྱེད་བསུ་བའི་སྤྲིན་དཀར་ལང་ལོང་གཡོ། །ཁྱེད་མགྱོགས་པོ་འཕུར་དང་ཁུ་བྱུག་ལགས།།
སྐྲ་དཀར་པོ་ཅན་གྱི་རྒན་རྒོན་རྣམས། །ཁྱེད་བསམ་ཞིང་བསྒུགས་ནས་ཡུན་རིང་བགོར།།
ཆུང་གཉོམ་ལག་རྒྱས་པའི་གཞོན་ནུ་རྣམས། །ཁྱེད་དྲན་པའི་འབོད་སྒྲ་ཇེ་ཆེ་རེད།།
ཁྱེད་དྲན་པའི་འབོད་སྒྲ་ཇེ་ཆེ་རེད། །ཁྱེད་མ་བཞུགས་མ་བཞུགས་བོད་ལ་འཕུར།།
བོད་ཁ་བ་ཅན་གྱི་རྒྱལ་ཁམས་ན། །ཁྱེད་གནས་སའི་ཕ་གཞིས་སྨུག་པོ་ཡོད།།
ཁྱེད་བཞུགས་སའི་ཕོ་བྲང་དཀར་པོ་ཡོད།།
ཡུལ་འཛམ་གླིང་མཐོ་སྒང་གངས་རིའི་འདབས། ཕ་སྤྲེལ་རྒན་གཅིག་གི་རྒྱུད་རྩ་རུ། ཁམས་ཨ་མདོ་དབུས་གཙང་སྟོད་པ་སོགས། གསོན་འདི་གང་སྐྱིད་སྡུག་ལས་དབང་གཅིག ཡུལ་སྟོད་སྨད་དབྱེ་བ་མི་ཕྱེ་བར། སེམས་བརྩེ་བས་གཅིག་ཕན་གཅིག་རོགས་མཛོད། ཆོས་གྲུབ་མཐའི་ཕྱོགས་རིས་རྩོད་པ་སྤོངས། བོད་མཐུན་སྒྲིལ་བྱས་ནས་མདུན་དུ་འགྲོ། ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་རེད།
ཁྲི་མཐོན་པོའི་སྟེང་གི་བླ་མ་དང་། ཐོབ་གོ་ས་ཆེ་བའི་དཔོན་ཆེན་ཚོ། རང་སྐྱིད་འདོད་ཁྲི་ལ་མ་རྔམ་པར། འབངས་བདེ་སྐྱིད་བསྐྲུན་དང་ཀུན་གྱིས་བཀུར། ལོ་ཆུང་ཆུང་ཕ་མའི་གཅེས་ཕྲུག་ཚོ། བློ་རིག་པ་གསལ་དུས་ཤེས་བྱ་སྦྱོངས། དྲིན་ཕ་མས་རེ་ལྟོས་བཅོལ་ས་དེ། བུ་ཁྱེད་ཚོ་ཡིན་ནོ་སྙིང་ལ་ཟུངས། ང་ཚོ་ཚང་མ་བོད་རིགས་སྤུན་རེད། ང་ཚོ་ཚང་མ་བོད་རིགས་སྤུན་རེད།
མིག་ཁྲ་ཆུང་མཆི་མ་འཕྱི་ཞོར་དུ།
སེམས་བསམ་པ་གངས་རིའི་ལྗོངས་སུ་འཕུར།
ལུས་རང་དབང་བྲལ་བའི་བོད་མི་ཚོ།
རྒྱ་ནག་པོའི་གཞུང་གིས་མནར་གཅོད་བཏང་།
ཁྲིམས་ལྕི་མོའི་འོག་ན་ཚེ་སྲོག་ཡང་།
འཚོ་འདོད་ཀྱང་རང་དབང་རང་བདག་མིན།
དེ་བསམ་བཞིན་བསམ་བཞིན་ཡུལ་གྱར་ངས།
རང་རང་དང་འདྲ་བའི་ཡུལ་གྱར་ཚོ།
ཤ་རུས་པའི་གསེང་གི་སྐུལ་འབོད་གཅིག
གདངས་འདི་དང་འགྲོག་ནས་བསྐུར་འདོད་བྱུང་།
ཚིག་འདི་དང་བསྲེས་ནས་བཤད་འདོད་བྱུང་།
ལུས་གཞན་ཡུལ་འཚོ་ཡང་འཚོ་གོས་ཙམ།
མགོ་རྨོངས་ནས་མ་འདུག་བོད་མི་ཚོ།
སྐྱེ་ད་རེབ་བོད་ལ་སྐྱེ་ནི་རེད།
ལུས་ད་དུང་བོད་ལུས་བླངས་པ་རེད།
རང་ཤ་ཁྲག་གཅིག་པའི་བོད་པ་ཚོ།
སྐྱིད་ཡོད་ན་སྐྱིད་པོ་མཉམ་དུ་དགོས།
སྡུག་བྱུང་དུས་སྡུག་པོ་ལྷན་མྱོང་དགོས།
དོན་དེ་ཕྱིར་བོད་ནང་སྤུན་ཟླའི་ཆེད།
ལུས་རྐ་ལག་གང་ཡིན་རང་རང་གི
གང་ནུས་པ་ཡོད་པ་འདོན་རན་རེད།