མིང༌། སྤེན་པ་ཚེ་རིང༌།
ཕ་ཡུལ། མདོ་སྨད་སྣང་ར།
ད་ལྟའི་ལས་གནས། བོད་མི་མང་སྤྱི་འཐུས་ཚོགས་གཙོ།
ད་ལྟའི་སྡོད་གནས། དྷ་རམ་ས་ལ།
ཉམས་མྱོང༌།
* འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་སྦེལ་ ཀོབ་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གི་ལས་འགན་ཁུར།
* མ་རྡ་ར་སི་མཐོ་སློབ་ཏུ་དཔལ་འབྱོར་རིག་ པའི་སློབ་སྦྱོང་བྱེད་པའི་རིང༌། ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང༌། བོད་དང་ནི་ཇི་རི་ཡའི་སློབ་ཕྲུག་མཐུན་ཚོགས་ཀྱི་དྲུང་ཆེ་སོགས་ཀྱི་འགན་ཁུར།
* བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ལོ་༡༤ །
* བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ ཞིབ་ཁང་གི་ངེས་སྟོན་པ་ལོ་༧ །
* རྒྱ་གར་དང་བལ་ཡུལ་གྱི་བཙན་བྱོལ་བོད་ མིའི་འདུ་གནས་ཕལ་ཆེ་བར་ངོ་བསྐྱོད་ཀྱིས། གཞི་རིམ་གནས་སྟངས་ལ་རྒྱུས་མངའ་ཡོད།
* ཡོ་རོབ་དང་ཨ་རིའི་བོད་རིགས་ཚོར་རྒྱ་ ཁྱབ་ཏུ་ཐུག་འཕྲད་ཀྱིས། དེ་དག་གི་གནས་སྟངས་ལ་རྒྱུས་མངའ་ཡོད།
* རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་ རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་དང༌། གནད་ཡོད་དཔོན་རིགས་ལ་འབྲེལ་གཏུགས་བྱས་པའི་ཉམས་མྱོང་གང་ལེགས་ཡོད།
* རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ པའི་ཚོགས་ཆེན་ཐེངས་གཉིས་གོ་སྒྲིག་ཏུ་མཉམ་ཞུགས་བྱས་མྱོང༌།
* རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་ དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་གོ་སྒྲིག་བྱས་མྱོང༌།
* རྒྱལ་སྤྱིའི་ནང་ཚོགས་ཆེན་སྣ་མང་གོ་ སྒྲིག་དང་མཉམ་ཞུགས། གཏམ་བཤད་བྱས་མྱོང༌།
* རྒྱ་བལ་ནང་ཟབ་སྦྱོང་དང་སྦྱོང་བརྡར། བགྲོ་གླེང་སྣ་མང་གོ་སྒྲིག་དང་མཉམ་ཞུགས། གཏམ་བཤད་བྱས་མྱོང༌།
* རྒྱ་ནག་གི་ཁྲིམས་སྒྲིག་དང༌། རྒྱལ་སྤྱིའི་རང་སྐྱོང་གནས་བབ་སོགས་ཀྱི་ཐོག་ཟབ་སྦྱོང་དང་བགྲོ་གླེང་ཚོགས་འདུ་ མང་དག་གོ་སྒྲིག་ཞུས་མྱོང༌།
* དབུ་མའི་ལམ་གྱི་སྲིད་ཇུས་དང༌། བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ཆ་ཚང་ལ་རྒྱུས་ཡོད།
ཁྱད་ཆོས།
* སྐྱ་སེར་དང་མཐོ་དམའ་རྒན་གཞོན་གྱི་དབྱེ་ བ་མེད་པར་འདྲིས་གཤིབ་བདེ།
* བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་དང་ འགྲོ་སྟངས། བྱེད་སྒོ་རྣམ་གཞག་ལ་ཤེས་རྟོགས་ལེགས།
* བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་ བཅས་པར་མྱོང་རྒྱུས་ཟབ།
* བཙན་བྱོལ་བོད་གཞུང་གི་སྲི་ཞུ་བའི་ལས་ བྱེད་དང་འབྲེལ་འདྲིས་བཟང༌།
* བོད་དང་རྒྱ་ནག རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ལ་དོ་སྣང་ཆེ།
* བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་རང་ སྐྱ་འཕེར།
དམིགས་འདུན།
* ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་ གཞི་ཁག་ལག་བསྟར་ཆེད། ནུས་པ་རྩེ་གཅིག་ཏུ་འདོན་རྒྱུ།
* གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་པའི་ནུས་པ་གང་ཡོད་འདོན་རྒྱུ་དང༌། ཆབ་སྲིད་ཀྱི་གནད་དོན་གལ་ཆེའི་ཐད་ཉམས་མྱོང་དང་ཤེས་ཡོན་ཅན་ལ་སྐབས་འཕྲལ་སོ་ སོར་གོ་བསྡུར་བྱ་རྒྱུ།
* བཀའ་ཤག་ཏུ་བུད་མེད་གསུམ་བསྐོ་གཞག་དང༌། བཀའ་བློན་མཉམ་འདུས་ཀྱི་འགན་ཁུར་ཁུར་གོང་མཐོར་སྤེལ་ཐོག སྤྱི་འཐུས་ལྷན་ཚོགས་དང་ནུས་པ་མཉམ་སྤུངས་བྱ་རྒྱུ།
* ལས་བྱེད་ཀྱི་ཕོགས་ཐོབ་དང་མཐུན་རྐྱེན་ ཇེ་ལེགས་སུ་བཏང་ཐོག རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་གཞི་རིམ་སྒྲིག་ འཛུགས་དང་ཚོགས་པ་ཁག་སྲ་བརྟན་དང༌། མང་གཙོ་འཕེལ་རྒྱས་ལ་སྒོ་ཀུན་ནས་ཤུགས་རྒྱག་རྒྱུ།
* བོད་ནང་ཆོས་རིག་དང་ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་གཞི་གང་མང་སྤེལ་བའི་ཐབས་ལམ་འཚོལ་རྒྱུ།
* གཞིས་བྱེས་བོད་མིའི་འབྲེལ་ལམ་གོང་མཐོར་ སྤེལ་ཐབས་སུ། འཕྲལ་ཕུགས་ཀྱི་འཆར་གཞི་སྣེ་མང་འདིང་རྒྱུ།
* ཁྲིམས་ཡིག་གཏན་འབེབས་ལྟར་ཆོས་དོན་ལྷན་ ཚོགས་འཛུགས་ཐབས་བྱ་རྒྱུ།
* གཞིས་ཆགས་ཡར་རྒྱས་གཏོང་ཐབས་སུ། ནང་སྲིད་ལས་ཁུངས་ཀྱིས་རྒྱ་ཁྱབ་ཞིབ་འཇུག་བྱེད་བཞིན་པ་དེའི་གྲུབ་དོན་གཞིར་ བཟུང༌། ཞིབ་ཕྲའི་ལས་འཆར་བང་བསྒྲིག་རྒྱུ། སྲོལ་རྒྱུན་སོ་ནམ་ལ་ཤུགས་སྣོན་དང་ཁྲོམ་ར་ཐབས་འཚོལ། ས་ཁང་སྒྲིག་གཞི་ལག་བསྟར་མི་ཐུབ་པའི་རིགས་བསྐྱར་བཅོས་བྱ་རྒྱུ།
* གཞིས་རིམ་ཤེས་ཡོན་སྲིད་ཇུས་རྒྱུན་ འཁྱོངས་དང་འབྲེལ། རྒྱ་ཁྱབ་ལག་བསྟར་ཡོང་ཐབས། བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚམས་པའི་མཐོ་རིམ་ཤེས་ཡོན་སྲིད་ཇུས་གང་མྱུར་ གཏན་འབེབས་དང༌། རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་རོགས་རམ་མང་དུ་གཏོང་ཐབས།
* དཔལ་འབྱོར་འདུ་འགོད་ཀྱི་ལས་གཞིར་བསྐྱར་ ཞིབ་ཐོག བོད་མི་རང་ངོས་ནས་དང་ཕྱི་རྒྱལ་ནས་མཐུན་འགྱུར་ཤུགས་ཆེ་ཡོང་ཐབས་བྱ་རྒྱུ། མི་མང་གི་དཔལ་འབྱོར་ཡར་རྒྱས་གཏོང་ཆེད། མཉམ་འབྲེལ་དང་བལ་གོས་འཚོང་མཁན་ལ་གཞུང་ངོས་ནས་མཐུན་རྐྱེན་གང་ཐུབ་སྦྱར་རྒྱུ་ དང༌། ལུགས་མཐུན་ཕྱི་རྒྱལ་དུ་གཏོང་ཐབས་བྱ་རྒྱུ།
* བོད་དོན་རྒྱབ་སྐྱོར་གྱི་ནུས་པ་མཐོར་ འདེགས་སླད། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་དང་ཚོགས་སྡེ་ ཁག་ལ་འབྲེལ་གཏུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
* རྒྱ་ནག་སྐམ་ས་ཆེན་མོ་དང་ཕྱི་རྒྱ་ཡུལ་ ཁག་ཏུ་གནས་འཁོད་རྒྱ་མིའི་ཚོགས་སྒེར་ལ་བོད་དོན་དཀའ་གནད་ངོ་སྤྲོད་དང་མཐུན་ འབྲེལ་འཛུགས་ཐབས་བྱ་རྒྱུ།
* ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོའི་གཞི་ རིམ་གྱི་དཀའ་ངལ་ཁག་སེལ་ཐབས་དང༌། བོད་མིའི་ཆོས་རིག་དང་སྐད་ཡིག་སྲུང་འཛིན་ལ་མཐུན་འགྱུར་བྱ་རྒྱུ།
* བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་དཀའ་ ངལ་སེལ་ཐབས་གང་ཡོང་བྱ་རྒྱུ།
* ལུང་ཁུག་གཞིས་ཁག་ཏུ་ནད་པ་དབོར་འདྲེན་གྱི་སྣུམ་འཁོར་མཐུན་རྐྱེན་སྦྱར་རྒྱུ།
ཚོགས་གཙོ་འདི་འཁྲིས་ཀྱི་བླ་རྒན་འདིའི་རྐུབ་སྟེགས་སྟེང་ལ་སླེབས་ཀྱི་ཨེ་རེད། ཉམས་མྱོང་དང་འཆར་གཞི། དམིགས་ཡུལ་བཅས་ལ་བལྟས་ན། རྐུབ་སྟེགས་འདིའི་སྟེང་ལ་ལོས་སླེབས་སྙམ་པ་འདྲ་ཞིག་འདུག བཤད་ནས་མི་འདི་གླགས་མི་འཁེལ། སྒྲུབ་ནས་ཀྱང་ཁོའི་ན་ཚོད་ཀྱི་ནང་ན་གླགས་འཁེལ་མཁན་ཧ་ལམ་མེད། གཞོན་སྐྱེས་ཟེར་བ་འདི་འདྲ་ཞིག་ལ་ཟེར་གྱི་རེད། ཤེས་འཇོན་ལྡན་པ་ལབ་ནའང་འདི་འདྲ་ཞིག་ལ་ཟེར་གྱི་རེད། དེ་ངའི་བསམ་ཚུལ་ཡིན། དེ་ངའི་ལྟ་སྟངས་ཡིན། ཡིན་ནའང་། མི་སུམ་ཅུར་བསམ་པ་ཅུམ་ཅུའི་དཔེ་རེད། བཤད་ཚོད་ཐིག་གི་མ་རེད།
ཚོགས་གཙོ་སྤཌྷེན་པ་ཚེ་རིང་ལ་བོད་གཞུང་གི་ཆབ་སྲིད་དང་ལངས་ཕྱོགས་ལ་མཉམ་མྱོང་ཕུན་སུམ་པ་ཞིག་ཡོད་པ་ཕལ་ཆེར་ཚང་མས་ཁས་ལེན་གྱི་རེད།ཡིན་ནའང་ཁོང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་བློ་བཟང་སེངྒེ་ནང་བཞིན་མཁྱེན་གྱི་མེད་པ་དང་ཁོས་མིའི་ཁར་ཉན་ནས་བྱ་བ་སྒྲུབ་མཁན་ཞིག་སོང་ཙང་འབྱུང་འགྱུར་གྱི་བཀའ་ཁྲིར་སླེབས་པར་ཁག་པོ་བྱས་པ།།
བོད་མི་རྣམས་བསོད་ནམས་ཟད་པའི་རྐྱེན་ལས་བྱུང་བའི་ཆོལ་ཁ་དང་ལུང་ཚན་ཕྱོགས་རིས་ཀྱི་ནད་གཞི་དེ་ཅུང་དྲག་ཏུ་ཕྱིན་ཡོད་ཚེ། འཁྲིས་ཀྱི་བླ་རྒན་དེའི་རྐུབ་སྟེགས་སྒང་ལ་ཁོ་རང་ལས་རན་པ་དང་འཇོན་པ་ད་སྔ་ཕལ་ཆེར་མཐོང་མ་སོང་། ཚོགས་གཙོ་མཆོག་ལ་མཐའ་མའི་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཡོད་ལ། ང་དང་ངའི་ནང་མི་ལུང་ཚན་ཚང་མའི་འོས་ཤོག་གི་རྒྱབ་སྐྱོར་གྲ་སྒྲིག་ཨང་གསར་ཡོད་དོ།།
ཚོགས་གཙོ་ཚོགས་གཞོན་གཉིས་ཆ་ལང་འདུག ཚོགས་གཙོས་མདོ་སྨད་དང་ཚོགས་གཞོན་གྱིས་མདོ་སྟོད་ཀྱི་འོས་ཁ་གཏོར་ཏེ་བློང་བཟང་སེང་གེ་ལ་ཁ་གཏད་པ་རེད།
བློ་བཟང་སེང་གེ་ནི་མི་ཡིན་པ་ལས་སེང་གེ་ག་ལ་ཡིན་མི་ག་འདྲ་ཞིག་ཡིན་ཀྱང་ལས་དོན་ཅི་འདྲ་ཞིག་གཉེར་ཀྱང་སྐྲས་པ་ཡར་འཛེགས་འཕེབས་ཡིན་ན་བཟང་མེད་བཀན་སྩེགས་མ་འཛེགས་པར་སྒེ་ཁུངས་ནས་མྱངས་མྱངས་བྱས་པ་ཡིན་ན་བདེ་པོ་ཞིག་རྩ་་ནས་མེད།
ངས་ནི་སྤེན་པ་ཚེ་རིང་ལ་འོས་མི་བླུགས་ཐག་ཆོད་ཡིན། རྒྱུ་མཚན་ནི། ན་ནིང་སྤྱི་མཐུས་གྲོས་ཚོགས་འཐོར་སྐབས་སྤྱི་མཐུས་མང་པོས་རྩོད་གཞི་དེ་ཚོགས་ཐེངས་རྗེས་མའི་བར་ཕྱིར་འཐེན་དགོས་པའི་རེ་བསྐུལ་མང་པོ་ཞུས་སོང་ཡང་། ཁོས་ཕྱིར་འཐེན་མ་བྱས་པར་བརྟེན་རྒྱ་དགའ་བོད་སྡུག་གི་གནས་ཚུལ་དེ་བྱུང་བར་བརྙན་འཕྲིན་ལམ་ནས་ང་རང་གིས་དངོས་སུ་མཐོང་བས་སོ།།
ད་བལྟས་དུས་འདི་འདྲ་རེད་བཞག བོད་ཆོལ་ཁ་གསུམ་ཐུན་མོང་གིས་གུས་བརྩི་དང་ཡིད་ཆེས་ཡོད་ས་དེ་བློ་བཟང་སེང་གེ་རེད་འདུག བྱས་ཙང་ཁོང་ཚོ་གྲོས་སུ་བསྡུར་ཏེ་བཀྲ་མཐོང་དབུས་གཙང་ཡིན་པས་མི་མང་ཤོས་ཀྱི་བཀྲས་མཐོང་ལ་འོས་བླུགས་ཤག་བྱས། རྒྱ་རི་སྒྲོལ་མ་ལང་ནས་མདོ་སྟོད་མིང་མང་གི་འོས་ཁ་གཏོར་ཐབས་དང་། སྤེན་པ་ཚེ་རིང་ལང་ནས་མདོ་སྨད་མི་མང་གི་འོས་གཏོར། དེ་ནས་བློ་བཟང་སེང་གེའི་འོས་གྲངས་ཉུང་དུ་སོང་ནས་བཀྲས་མཐོང་ལ་འོས་ཐོབ་ཤག་བྱས། བཀྲས་མཐོང་བཀའ་ཁྲི་ཐོབ་ན་ཚོགས་གཙོ་ཚོགས་གཞོན་གཉིས་ལ་ཁེ་བཟང་སྤྲོད་འཆར་བྱས་པ་རེད། ཨོ་རེད་ཆབ་སྲིད་ཟེར་བ་དེ་འདི་འདྲ་ཞིག་ཡིན་གྱི་རེད་ཡ།
ཡུན་རིང་ཁུ་སིམ་པོ་བཞག་པ་ཡིན། དེ་རིང་གླེང་ཙམ་བྱེད་རྒྱུར། ཕྲན་ཡང་སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ཡང་། འདིར་དགའ་བསུ་བྱེད་མི་ཐུབ་པའི་བཤད་སྟངས་ཞིག་འབྱུང་བཞིན་པ་ནི། བློ་བཟང་སེང་གེར་རྒྱབ་སྐྱོར་བྱེད་མཁན་ཚོས། རྒྱ་རི་སྒྲོལ་མ་བཀའ་ཁྲིའི་འོས་གཞིར་ལངས་ནས་བློ་བཟང་སེང་གེར་གནོད་བསྐྱལ་སོང་ཟེར་བ་དང་། ཡང་ན་རྒྱ་རི་སྒྲོལ་མ་འོས་གཞིར་ལངས་ནས་བློ་བཟང་སེང་གེར་གྱོང་རག་སོང་ཟེར་བ་ལ་དགའ་བསུ་མེད། བློ་བཟང་སེང་གེ་བཀའ་ཁྲིའི་འོས་གཞིར་ལངས་རྒྱུའི་ཐོབ་ཐང་ཡོད་པ་ནང་བཞིན་རྒྱལ་རི་སྒྲོལ་མར་ཡང་ཐོབ་ཐང་གཅིག་མཚུངས་ཡོད་རེད། འོས་གཞི་སུ་ལ་རང་གི་འོས་ཤོག་གཅིག་པོ་བླུགས་མིན་མི་སྒེར་སོ་སོས་ཐག་གཅོད་རྒྱུའི་རང་དབང་ཡོད་པ་ལས། མི་འདི་དང་འདི་འོས་གཞིར་ལངས་ཆོག་དང་། མི་འདི་དང་འདི་འོས་གཞིར་ལངས་མི་ཆོག་ཟེར་རྒྱུའི་ཐོབ་ཐང་ང་ཚོར་ཡོད་པ་མ་རེད། དེ་འདྲ་བཤད་ན་བློ་བཟང་སེང་གེ་འོས་གཞིར་ལངས་པ་དེས་ཀྱང་བསྟན་འཛིན་རྣམ་རྒྱལ་དང་རྒྱ་རི་སྒྲོལ་མར་གཉིས་ལ་གནོད་ཆེན་པོ་བསྐྱལ་ཡོད་པ་རེད་ལབ་ཆོག་གི་རེད། བློ་བཟང་སེང་གེར་སུ་གཅིག་ཀྱང་འགྲན་ཟླ་བྲལ་བའི་ཐོག་ནས་ཐོབ་དགོས་པ་ལས། ཁོས་གནོད་བསྐྱལ་སོང་དང་མོས་བར་ཆད་བཟི་གི་འདུག་ཅེས་སྐད་ངན་ཤོར་ས་ཡོད་པ་མ་རེད། མོ་མ་ལངས་ན་ང་ལ་ཐོབ་ས་ཡོད་ན་གད་མོ་ཤོར་ཡ་དང་འུ་ཐུག་གི་སྐད་ཆ་རེད། དེ་འདྲ་བཤད་རྒྱུ་ཡོད་པ་མ་རེད། ང་ཡིན་ཁོ་ཡིན་ཚང་མ་ལངས་བཅུག བཤད་མཁན་འཁྲབ་མཁན་ཚང་མ་ཡོང་བཅུག་ནས། དེ་ཚོ་ཚང་མའི་ནང་ནས་སུ་གཅིག་གིས་ཀྱང་གནོད་མི་ཐུབ་པ་དང་འགྲན་ཟླ་མི་ཡོང་བའི་བཀའ་ཁྲི་རིན་ཐང་ཆེ་ཤོས་ཤིག་སླེབས་ཐུབ་པའི་རེ་བ་ཡོད། དེ་མིན་འགྲན་ཡ་མེད་པའི་བཀའ་ཁྲི་གོང་ཁེ་བོ་ཞིག་ལ་རེ་བ་བརྒྱག་གི་རེད། དེ་ཕྱིར་ཁོ་ལངས་ན་ང་ལ་གནོད་གྱི་འདུག མོ་ལངས་ན་ང་ལ་ཐོབ་ས་མ་རེད་ཟེར་བ་ནི་གདེང་ཚོད་མེད་པ་དང་འོས་ཤོག་ཐོབ་ཐབས་ཀྱི་ཐབས་ལམ་འུ་ཐུག་ཅིག་རེད། དེ་འདྲ་ཡིན་ན་སྔོན་མ་འགྲན་ཡ་མེད་པའི་བོད་ཀྱི་མཛེས་མའི་དབུ་རྒྱན་ཐོབ་པ་ནང་བཞིན་སྙིང་པོ་ཡོད་པ་མ་རེད།
གང་སྤྱིའི་ཐད་ནས ཕྱོགས་ཐམས་ཅད་ནས་ སྒོ་ཀུན་ནས་ གཞིས་བྱེས་བོད་མིའི་བདེན་དོན་ཐབས་རྩོད་ལ་ནུས་ཤུགས་དང་ཕན་ཐོག་ཆེ་ཤོས་བྱེད་ཐུབ་ལེ་གི་འགོ་འཁྲིད་རེ་བ་ཆེ་ཤོས་དེ་མཁས་དབང་བློ་བཟང་སེངྒེ་ཁོ་རང་ཉིད་རེད་བདའ་ ཁོང་ངོ་མ་ཕྱི་ནང་གཉིས་སུ་ངོམ་སུ་མཆོག་པ་དང་ཉི་མ་བཞིན་འཆར་བཞིན་པའི་བོད་རིགས་གཞོན་སྐྱེས་དབུ་ཁྲིད་གསར་པ་ཞིག་ཡིན་ལ་ ཁོང་ནི་བོད་མི་མ་ཟད་ ཨེ་ཤི་ཡ་གླིང་ཕྲན་ནང་གལ་ཆེའི་ན་གཞོན་འགོ་ཁྲིད་ཞིག་ཡིན་པའང་དེ་སྔོན་འཛམ་གླིང་ནང་ཨེ་ཤི་ཡའི་དུས་དེབ་ཁག་ནང་ཐོན་ཡོད་ ཁོང་གི་བོད་དོན་ལས་མགུལ་ཆེད་དེབ་དང་བརྩོམ་ཡིག་ ཉམས་ཞིབ་ སློབ་བསྟོན་ ཟབ་སྦྱོང་ གཏམ་བཤད་ ཨ་རིའི་གཙུག་ལག་སློབ་གྲ་ཁག་ནང་བོད་རྒྱ་མི་རིགས་དང་སློབ་མའི་དབར་བོད་དོན་ཐོག་བགྲོ་གླེང་བཀོང་ཚོགས་གནང་བ་སོགས་གྲངས་ལས་འདས་ཡོད་ དེ་བཞིན་རྒྱལ་སྤྱིའི་ནང་སྣེ་ཡོད་མི་སྣ་མང་པོར་འབྲེལ་ལམ་རྒྱུས་མངའ་ཡོད་པ་མ་ཚད་ རྒྱལ་གསྤྱིའི་ཁྲིམས་ལུགས་དང་ བོད་དང་རྒྱ་ནག་གི་ཁྲིམས་ལུགས་གཙོ་བོར་གྱུར་བའི་འཛམ་གྱིང་ནང་སྲིད་དོན་འགྱུར་འགྲོས་ལ་བརྟེན་ནས་བོད་དོན་ལ་ཕན་གནོད་ཇི་འགྲོ་སོགས་རྒྱུན་དུ་ནས་ཉམས་ཞིབ་གནང་ཁན་གྱི་མཁས་དབང་མི་སྣ་འོས་ཤིང་མཚམས་པ་འདི་འདྲར་བཀའ་ཁྲིར་བཀོ་མ་ཐུབ་ན་བོད་དོན་ཐབས་བརྩོད་ཀྱི་བར་ཆད་ཆགས་ལེ་རེད་ ༧རྒྱལ་བ་རིན་པོ་ཆེ་དགུང་ལོ་ཕེབས་ལེ་དང་ བོད་མི་རིགས་ལ་དངངས་སྐྲགས་ཆེ་བའི་དུས་འདིར་ ང་ཚོས་མ་འོང་པའི་རང་གི་འགོ་ཁྲིད་དེ་གདམས་ནོར་མི་ཉེན་ཐུགས་རྠེ་གཟིགས་ཁྱེད་རྣམས་པས་བསམ་ལོ་ཡག་མོ་བཏང་རོགས་ ཆོལ་ཁ་དང་ཆོས་ལུགས་ ལུང་ཚན་གྱི་གཞན་ཡོང་ལེ་རེད་དེ་ རྒྱལ་ཁབ་དང་ རང་མི་རིགས་ རིག་གཞུང་སོགས་ བོད་སྤྱིའི་རྩ་དོན་གྱི་གཞན་དེ་གཞན་གལ་ཆེ་ཤོས་དེ་བསམ་དགོས་ལེ་རེད་བདའ་ དེ་ཐུགས་འཇགས་གནང་རོགས་ ད་སྐུ་ཚེ་རིང་ཡ་།
སྤེན་པ་ཚེ་རིང་བཀའ་ཁྲིར་བཀོད་ན་བཙན་བྱོལ་ནང་མི་རྫོགས་པའི་རྟགས་རེད།
ད་རང་གིས་གང་འདོད་དུ་སྡོམ་ཚིག་འདྲ་རེ་རྒྱག་ཁུལ་བྱེད་པ་ལས་དོན་དངོས་ལ་བབས་པའི་སྐད་ཆ་ཚིག་གཅིག་གཉིས་རེ་ཤོད་དང་། དེ་ནས་སུ་འོས་དང་སུ་འཇོན་ལྷང་ལ་བུད་ཡོང་རེད།
ཟུར་མཁར་བ་ཞེས་པའི་མི་འདིར་ན་ཚ་སྡུག་ཅག་ཡོད་ཅིག་ཡོད་ས་རེད་།